རིག་འབྱུང་དོན་གྲུབ་བཀྲ་ཤིས། ཨ་རི།
ཨ་ཀྱཱ་རིན་པོ་ཆེ་ལགས་བཙན་བྱོལ་དུ་ཕེབས་རྗེས། རང་གི་མི་ཚེའི་བྱུང་བ་བརྗོད་པའི་དངོས་བྲིས་མཛད་རྣམ་དེ་འབྲི་འགོ་ཚུགས།
ཁོང་གི་དངོས་བྲིས་མཛད་རྣམ་( Surviving the Dragon) ཟེར་བ་དེ་སོག་ཡིག་ཏུ་ཕྱི་ལོ་༢༠༠༩ལོར་དཔར་བསྐྲུན་བཏབས། དབྱིན་ཡིག་ཏུ་སྤྱི་ལོ་༢༠༡༠ལོར་དཔར་བསྐྲུན་ཟིན། བོད་ཡིག་ཏུ་ཡང་དེབ་ཀྱི་ལེའུ་དང་པོ་དེ་བསྒྱུར་ཚར་ནས་འདུག་ལ་། ལོ་རྗེས་མར་དེབ་ཀྱི་ངོ་བོར་དཔར་བསྐྲུན་བྱེད་ཀྱི་རེད་ཟེར། དེབ་དེའི་ལེའུ་དང་པོ། བྱིས་དུས་ཀྱི་ལོ་ཟླའི་ས་བཅད་དང་པོ་སྟེ་”སྤྲུལ་སྐུ་འཚོལ་བའི་སྐོར་”གྱི་ནང་དུ། ཁོང་གིས་འདི་ལྟར་་གསུངས་འདུག “ལོ་རབས་བཞི་བཅུ་བའི་མཇུག་མཐའ་དེར་སྐུ་འབུམ་དགོན་པའི་དགོན་བདག་ཨ་ཀྱཱ་བསྟན་པའི་རྒྱལ་མཚན་མཆོག་རེ་ཞིག་དགོངས་པ་གཞན་དོན་དུ་རྗོགས་ཤིང་། ང་རང་ནི་ཁོང་གི་ཡང་སྲིད་སྐུ་ཕྲེང་བརྒྱད་པར་ངོས་འཛིན་བྱས་བ་རེད། དེ་ཡང་། སྤྲུལ་སྐུའི་ཡང་སྲིད་ཅིག་འཚོལ་བར་ཕྱག་ལས་ཞེ་དྲགས་མང་པོ་ཡོད་ལ་ཐོག་མར་སྤྲུལ་སྐུའི་མིང་ཐོ་བསྡུ་བར་ས་ཆའང་མང་པོར་འགྲོ་དགོས་བ་རེད། དེར་བརྟེན། ང་ཚོའི་ལུང་བ་ཆུང་ཆུང་འདིའི་ནང་དུའང་འོས་ཐོ་ཁ་ཤས་ཤིག་བསྡུས་ཡོད་པར་བཤད་ལ། ངའི་སྡེ་བར་མཚོན་ན་འོས་ཐོ་གཉིས་བསྡུས་འདུག དེས་རྒྱུ་མཚན་གྱིས་། འོས་བསྡུ་ཕུལ་ཟིན་པའི་ཁྱིམ་ཚང་དེ་གཉིས་ཀྱིས་ཀྱང་སོ་སོའི་སེམས་ཁོངས་སུ་རེ་བ་ཡོད་སྟབས་། མངོན་གསལ་དོད་པོ་མེད་པའི་སྒོ་ནས་གྲ་སྒྲིག་གང་འཚམས་ཤིག་བྱས་ཡོད་ཚོད་འདུག་མོད། དེ་གསང་བ་ལྟ་བུ་བྱས་འདུག གང་ཡིན་ཟེར་ན། གལ་ཏེ་འོས་ཐོ་དེ་སོ་སོའི་བུ་ལ་མ་འཐོབ་པ་ཞིག་ཡིན་ན། དེ་བས་ཀྱང་ངོ་ཚ་བོ་དང་ང་སྐྱེངས་པོརའདུག་དགོས་པའི་ཉེན་ཁ་ཡོད་པས་གསང་བའི་སྒོ་ནས་གྲ་སྒྲིག་རེ་བྱས་ནས་སུ་ཚང་ལ་ཡོང་གི་ཡོད་པ་ཡིན་ནམ་སྙམ་ནས་སྒུག་བསྡད་ཡོད་པ་འདྲ། རྗེས་སུ་ངའི་ཕ་མ་གཉིས་ཀྱིས་དེའི་སྐོར་གྱི་སྐད་ཆ་རྣམས་ཀུ་རེའི་ཚུལ་གྱིས་གསུངས་པར་གཞིགས་ན་། གུར་གྱི་ནང་ནས་ཕར་བལྟ་དུས་གྲ་ཆོས་གྱོན་པའི་རྟ་བ་དེ་ཚོ་ང་ཚོའི་ཕྱོགས་སུ་འོང་གི་ཡོད་པ་མཐོང་འདུག སྤྱིར་བཏང་ཡིན་ན་། དབྱར་ཁའི་རྩ་ཐང་ཐོག་ཞབས་བརྟན་རིམ་གྲོ་སོགས་སྒྲུབ་མཁན་གྱི་ཨ་མཆོད་སོགས་ཡོང་མཁན་ཡོད་ཀྱང་། མིའི་མང་ཉུང་དང་ཕྱི་ཚུལ་གྱི་རྣམ་པའི་ཐོག་ནས་བལྟ་དུས་། དེ་ནི་ཐུན་མོང་མ་ཡིན་པའི་འགན་ཁུར་ཆེན་པོ་ཞིག་གི་ཆེད་དུ་ཡིན་པ་གསལ་ཡང་ལམ་སང་སྒོའི་ཕྱི་ལོགས་སུ་འབུད་མ་ནུས་པར་ནང་དུ་ཁ་ཟས་རིགས་གྲ་སྒྲིག་བྱས་ནས་སྒུག་བསྡད་པ་ཡིན་ཟེར་གྱི་འདུག ”
“འབྲུག་སྐད་ཞི་བའི་ཁ་བ་”ཟེར་བའི་ཁོང་གི་དངོས་བྲིས་མཛད་རྣམ་འདིར། ཁྱོན་བསྡོམས་ལེའུ་ལྔ་འདུག་ཅིང་། དེ་ཡང་། ལེའུ་དང་པོ། བྱིས་དུས་ཀྱི་ལོ་ཟླ། ལེའུ་གཉིས་པ། ཡིད་སྐྱོ་བའི་ལོ་ཟླ། (༡༩༦༣ནས་༡༩༧༨ལོའི་བར།) ལེའུ་གསུམ་པ། ཆབ་སྲིད་ཀྱི་གར་སྟེགས། (༡༩༧༨ནས་༡༩༨༩ལོའི་བར།)
ལེའུ་བཞི་པ། བཙན་གནོན་ལ་གཞོལ་བ། (༡༩༨༩ནས་༡༩༩༨ལོའི་བར། ) ལེའུ་ལྔ་བ། ནུབ་ཕྱོགས་ཀྱི་འཇིག་རྟེན། (༡༩༩༨ལོ་ནས། )
ལེའུ་དང་པོ་སྟེ་བྱིས་དུས་ཀྱི་ལོ་ཟླ་དེར་ཁྱོན་བསྡོམས་ས་བཅད་བཅུ་གཉིས་འདུག དེ་ཡང་། ས་བཅད་དང་པོ། སྤྲུལ་སྐུ་འཚོལ་བའི་སྐོར། ས་བཅད་གཉིས་པ།
ཏོ་ལོན་ནོའུར་རྩ་ཐང་གི་འཚོ་བ། ས་བཅད་གསུམ་པ། རབ་ཏུ་བྱུང་ཚུལ། ས་བཅད་བཞི་པ། ཐོག་མའི་སློབ་དཔོན་བསྟེན་ཚུལ། ས་བཅད་ལྔ་བ། དགོན་པའི་གླིང་གི་འཚོ་བ། ས་བཅད་དྲུག་པ། ཕྱིར་ཕ་ཡུལ་དུ་གཟིགས་སྐོར་ཐེངས་གཅིག ས་བཅད་བདུན་པ། ༡༩༥༨ལོར་རྒྱ་ནག་གིས་ཆོས་ལུགས་བཀག་བསྡོམས་བྱས་བའི་སྐོར། ས་བཅད་བརྒྱད་པ། ངའི་བཀའ་དྲིན་ཆེ་བའི་སྦྱིན་བདག་གི་སྐོར། ས་བཅད་དགུ་པ། མཆོང་བསྐྱོད་ཆེན་མོ། ས་བཅད་བཅུ་བ། མུ་གེའི་ལོ་ཟླ། ས་བཅད་བཅུ་གཅིག་པ། དགེ་བཤེས་ལྷ་རམས་པ་ཤེས་རབ་རྒྱ་ཆོ། ས་བཅད་བཅུ་གཉིས་པ། ༧པཎ་ཆེན་རིན་པོ་ཆེ་མཆོག་གི་གཟིགས་སྐོར་ཡིག་འབྲུ་ཁྲི་བདུན་མའི་སྐོར།
ད་དུང་། ལེའུ་གཉིས་པ་”ཡིད་སྐྱོ་བའི་ལོ་ཟླར་”བཅད་ཁག་བཅུ་གསུམ། ལེའུ་གསུམ་པ་”ཆབ་སྲིད་ཀྱི་གར་སྟེགས་”ལ་ས་བཅད་ཁག་བཅོ་ལྔ་། ལེའུ་བཞི་བ་”བཙན་གནོན་ལ་གཞོལ་བར་”ས་བཅད་ཁག་བཅུ་བཞི། ལེའུ་ལྔ་བ་”ནུབ་ཕྱོགས་ཀྱི་འཇིག་རྟེན་”ལ་ས་བཅད་ཁག་དྲུག་བཅས་དངོས་བྲིས་མཛད་རྣམ་འབྲུག་སྐད་ཞི་བའི་ཁ་བའི་བདག་ཉིད་ཅན་དེ་རེ་ཞིག་མཇུག་རྫོགས་འདུག
དེ་རིང་སང་ཉིན། ཨ་ཀྱཱ་རིན་པོ་ཆེ་མཆོག་ཨ་རིའི་ནང་གི་གཙུག་ལག་སློབ་ཁང་ཆེ་ཁག་སོགས་སུ་ཕེབས་ཏེ་དངོས་སུ་( Surviving the Dragon) ཀྱི་སྐོར་ངོ་སྤྲོད་དང་གླེང་མོལ། བགྲོ་གླེང་སོགས་གནང་གི་འདུག་ལ། ཡོང་རྒྱུར་བསྡད་པའི་གླེང་མོལ་གྱི་ཆུ་ཚོད་རེའུ་མིག་ནི་གཤམ་གསལ།
New Jersey
Saturday, March 13: Mongol American Cultural Association (MACA): 1:00 p.m.
New York City
Sunday, March 14: Bridge Conference – 9:30 to 4 :00 p.m.
Monday, March 15: Villanova University: 4 p.m.
Shambala Buddhist Center 7 pm
Tuesday, March 16: LaSalle University: 12:30 to 2:30 p.m.
Charlottesville, VA
Thursday, March 18: University of Virginia: 4 p.m.
Richmond, Virginia
Saturday, March 20: Yoga Source – 6:30 p.m.
Sunday, March 21: ChopSueyBooks – 1 to 4 p.m.
Raleigh, North Carolina
March 22: North Carolina State University:
Talley Student Center, No. Gallery: 11:45‐1:15
Auditorium 4:30 p.m.
Atlanta (and Decatur), Georgia
Tuesday, March 23: Agnes Scott College: 3:30 to 5:30 p.m.
Tuesday, March 23: Drepung Loseling Center: 7:30 p.m.
Wednesday, March 24: Emory University: 2 p.m.
Wednesday, March 24: Oglethorpe Museum: 7:30 p.m.
Knoxville, TN
Host: Gail & Jerry Anderson, 1632 Tree Top Ridge, Knoxville TN
865‐588‐2235
Friday, March 26
Lexington, KY
Saturday, March 27: Tibetan Buddhist Community of Lexington: 10:30‐12:30 Teaching
ཁ་སང་ཀུན་གླེང་ཚང་ནས་གླེང་མོལ་བྱས་པ་དེ་ལ་ཚར་གཅིག་བལྟས་པ་ཡིན། དངོས་གནས་བདེན་པ་དང་དྲང་པོ་གསུང་གི་འདུག་ལ་སེམས་འགུལ་ཐེབས་པ་ཞིག་ཀྱང་རེད། ཨ་ཀྱཱ་རིན་པོ་ཆེ་ལ་ཐུགས་རྗེ་ཆེ་ཞེས་ཞུ་བ་ཡིན།
སྤྱིར་ཨ་ཀྱཱ་རིན་པོ་ཆེས་བོད་ཡིག་ནང་དུ་དེབ་ཅིག་འབྲི་ཡི་ཡོད་ཅེས་ཁ་སྔོན་ཀུན་གླེང་སྐབས་གསུངས་སོང་། ཡིན་ནའང་ལོ་ཙཱ་བ་ཚོས་དཔེ་དེབ་འདི་ཡང་མི་འགྱངས་པར་བོད་བསྒྱུར་གནང་བར་ང་ཐེས་པའི་བོད་ཡིག་གི་ལམ་ནས་ཀློག་མཁན་རྣམས་ཀྱིས་རེ་ཞིང་སྒུག་ནས་ཡོད། གང་ཡིན་ཟེར་ན། དེབ་འདིའི་ནང་དུ་པཎ་ཆེན་སྐུ་གོང་མའི་སྐོར་གྱི་གསང་བའམ་མ་གོ་བ་མང་པོ་ཡོད་པ་དང་། པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པའི་ཡང་སྲིད་སྐོར་ནས་ཀྱང་རྒྱས་གསང་བའི་ལྐོག་གཡོ་རྫུན་བཟོས་གང་ཡོད་སྐོར། ད་དུང་ང་བརྒྱད་ལོའི་སྐབས་ཀྱི་བོད་མདོ་སྨད་ཁུལ་གྱི་མཐོང་ཐོས་ཅི་བྱུང་སོགས་གལ་ཆེ་ལ་དོན་སྙིང་ལྡན་པའི་གསུང་སྒྲོས་མང་དག་ཅིག་འདུག་ན། གང་མགྱོགས་བོད་བསྒྱུར་གནང་བར་སྙིང་ནས་གསོལ་བ་འདེབས་སོ།།
ཨོ་རེད། རིག་འབྱུང་བས་དཔེ་དེབ་ངོ་སྤྲོད་དང་འབྲེལ་བའི་རྩོམ་ཡིག་སྤེལ་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ།
དགོངས་དག ངས་ཨ་ཀྱཱ་ལ་བསྟོད་པ་བྱེད་འདོད་མེད། གང་ཡིན་ཟེར་ན་བོད་དུ་ཡོད་དུས་ཀྱི་བག་ཆགས་ཀྱི་དབང་གིས་ཡིན། སྨད་པ་ཡང་བྱེད་འདོད་མེད། དེ་རིང་ཁ་སང་སྐྱབས་མགོན་རིན་པོ་ཆེ་ལ་བརྩི་འཇོག་དང་རྒྱ་ནག་གཞུང་ལ་སྐྱོན་བརྗོད་བྱེད་ཀྱི་ཡོད་པ་རེད་ཟེར། གང་ལྟར་སྐུ་ཞབས་རིག་འབྱུང་བ་ལ་འདྲི་རྒྱུར། འབྲུག་སྐད་ཞི་བའི་ཁ་བ་ཟེར་བའི་དོན་ཅི་རེད། གོ་དོན་ཞིག་ཡོད་ངེས་ཡིན་ཡང་ངས་ཚིག་འགྲེལ་ཞིག་དགོས་རུང་རྒྱུ་མཚན་ཅན་ཞིག་འགྲེལ་ཤེས་ཀྱི་མི་འདུག
ཤེ་རབ་སེངྒེ་ལགས བོད་དུ་ཡོད་དུས་བག་ཆགས་དེ་གསལ་བོ་ཞིག་གསུངས་རོགས་གནང་་་་་་་་་
ཤེས་རབ་སེང་གེ་ལགས། ཁྱེད་ཀྱིས་ཚུལ་ཁྲིམས་མཐར་ཕྱིན་སོགས་ཀྱི་མིང་སྤྱད་ནས་བོད་ཡིག་གི་དྲ་རྒྱ་ཁག་ནང་གང་བྱུང་འབྲི་ཡོད་པ་ཡག་པོ་མ་རེད།
ངས་ཀུན་གླེང་ནང་ནས་གླེང་མོལ་དེ་ཉན་སྐབས་སུ། ཐོག་མར་དེབ་དེ་བོད་ཡིག་སྟེང་ལ་བྲིས་མེད་པ་གོ་མ་ཐག དངོས་ནས་སེམས་པ་འཕང་པོ་ཞིག་བྱུང་སོང་། དེང་སང་རྒྱུ་དངོས་གང་ཡང་བསམ་གྱི་མེད་པ་བདེན་དུ་འཆི་ཡང་། བོད་མིའི་སྐྱིད་སྡུག་དངོས་ནས་དེ་ཤེས་དགོས་མཁན་ནི་བོད་མི་རང་ཉིད་ཆགས་ཡོད་པ་ཡིན་དུས། བོད་མི་རང་ཉིད་ཀྱིས་ཤེས་དགོས་པ་ཡིན་པ་བོད་མི་མང་ཤོས་ཀྱི་བོད་ཡིག་ལས་དབྱིན་ཡིག་དང་སྐད་ཡིག་གཞན་དག་མི་ཤེས་པ་རེད། དེ་ཡིན་དུས་བོད་ལ་བསམ་པ་ཡིན་ན་བོད་མི་ཆེས་མཐོའི་མི་སྣ་བླ་དཔོན་སུ་ཞིག་ཡིན་ཡང་མགོ་ནས་བཟུང་དེ་བོད་ཡིག་ལ་གཅེས་སྤྲས་བྱེད་ལུགས་ཀྱི་ལམ་སྲོལ་ཞིག་བྱུང་ན་ཅི་མ་རུང་སྙམ་སོང་། འདི་ནི་ང་རང་སྒེར་གྱི་ལྟ་ཚུལ་ཡིན། ཨཀྱ་རིན་པོ་ཆེ་ཚང་ལ་ལྟ་ཚུལ་བཟང་ངན་གང་ཡང་མེད། རྒྱུ་མཚན་ནི་སྔ་མོ་ནས་གོ་མྱོང་བ་ཞིག་ལ་དྲ་ཐོག་གི་གནས་ཚུལ་ལས་རྒྱུས་མངའ་གང་ཡང་མེད།
མིང་ཚུར་སྒྱུར་བྱེད་སྟངས་ཀྱི་ཐད་ནས་འབྲུག་སྐད་ཞི་བའི་ཁ་བ་ཟེར་བ་ལས་ཞི་བའི་འབྲུག་སྐད་ཅེས་བཏགས་ན་སྙན་མོ་དང་གོ་རྒྱུ་ཡང་ཅུང་ཡོད་པ་ལྟ་བུ་ཞིག་འདུག དེ་མིན་ང་ནི་ཤེས་རྟོགས་ཧ་ཅང་སྐྱོ་བའི་མི་ཤེས་ཀི ཤེས་ཚུལ་ཞིག་ཞུས་ཡོད།
རིག་འབྱུང་བས་དེབ་དེ་ངོ་སྤྲོད་གནང་བར་ཐུགས་རྗེ་ཆེ། ཨ་ཀྱཱ་རིན་པོ་ཆེས་མཁས་ཚུལ་བཞེས་པའི་ངག་རྒྱུན་ལོ་རྒྱུས་མང་བོ་ཐོས་མྱོང་བ་ལས་དེ་འདྲའི་རིན་ཐང་གཞལ་དུ་མེད་པའི་རང་རྣམ་ལོ་རྒྱུས་ཤིག་འབྲི་བཞིན་ཡོད་པ་ད་བར་དུ་གོ་མ་མྱོང། ཡང་གཅིག་བཤད་ན་ཨ་ཀྱཱ་རིན་པོ་ཆེས་ཁོང་གི་རང་རྣམ་འདི་དབྱིན་ཡིག་གི་ནང་དུ་བྲིས་པ་ཡིན་ནམ་སོག་ཡིག་ཏུ་བྲིས་པ་རེད། འདི་བོད་བསྒྱུར་བྱེད་མཁན་སུ་ཡིན་ནམ།
ཁ་བའི་འཁྲོད་ཀྱི་ཞི་བའི་འབྲུག་སྐད་དམ། ཁ་བ་པ་ཡི་ཞི་བའི་འབྲུག་སྐད་གཉིས་སུ་ངེས་དགོས་སྙམ།
ཨིན་སྐད་དུ་ནི་འཚོ་བཞིན་པའི་འབྲུག་ཅེས་བྲིས་འདུག གངས་སེང་དང་འབྲུག་ཅེས་པའི་གཉིས་ནི་སྤྱིར་ད་ལྟ་མཐོང་རྒྱུ་མེད་པའི་སྲོག་ཆགས་གཉིས་སུ་མཚུངས་ན་ཡང་། གངས་སེང་ནི་བོད་དང་ཉེ་བ་དང་འབྲུག་ནི་རྒྱ་ནག་དང་ཉེ་བས་བརྗོད་བྱ་དང་རྗོད་བྱེད་དེབ་ཀྱི་མིང་གཉིས་ཀྱི་འབྲེལ་བ་དེ་ཤེས་ཡག་པོ་རང་ཤེས་མ་སོང་།
རྩོམ་ཡིག་གི་ཁ་བྱང་འདོགས་སྟངས་ལ་ཐུགས་བསམ་མང་པོ་བཞེས་ཡོད་པ་དན་དན་རེད། ཁ་བྱང་འདིས་ང་ལ་ཚོར་སྣང་སྤྲད་པ་ནི་འདི་ལྟར་རེད། ༼འབྲུག་༽དེ་རྒྱ་ནག་མཚོན་པ་ཡིན་པར་ཆ་བཞག ༼སྐད་༽ ནི་རྒྱ་ནག་གིས་བོད་ཕྱོགས་ལ་འཁྱོགས་བཤད་ཀྱི་གསལ་བསྒྲགས་འདྲ་མིན་བྱེད་བཞིན་པ་དེ་ལོས་ཡིན་སྙམ། དེ་༼ཞི་བའི་ཁ་བ༽ནི་ཁ་བ་བབས་པ་ན་འབྲུག་སྐད་ཞི་བ་སྟེ་མེད་འགྲོ་བ་དེ་འབྱུང་བའི་རང་བཞིན་ཞིག་ཡིན་པ་དང་། ཡང་ཁ་བ་དེ་བོད་མཚོན། བོད་ཀྱི་དོན་དངོས་དེ་རྗེན་པར་བསྟན་ནས་རྒྱ་ནག་གིས་རྫུན་ཕུག་བརྟོལ་བ་ཞེས་བ་ཡིན་ས་རེད་དྲན། ད་དུང་ཞི་བའི་སྒོ་ནས་ཁ་བའི་མདངས་ལྟར་རབ་ཏུ་དཀར་བའི་གསལ་བྱེད་བྱས་ནས་འབྲུག་གི་དྲག་སྐད་ཞི་བར་བྱེད་པ་ལྟ་བུར་གོ་གི་འདུག།
དེ་མིན་རྣམ་ཐར་ཟེར་བ་ལས་ལོ་རྒྱུས་ཅེས་བཏགས་ན་གོ་རྒྱུ་ཡོད་ས་རེད་དྲན། འདི་དེབ་ཀྱི་བརྗོད་བྱའི་ངོས་ནས་གླེང་གི་ཡོད་མ་གཏོགས་གང་ཟག་གི་ངོས་ནས་གླེང་གི་མེད། འོན་ཀྱང་རྩོམ་པ་པོའི་ངོས་ནས་རྣམ་ཐར་ཅེས་བཏགས་ཡོད་མེད་མི་ཤེས། འོན་ཀྱང་ཁ་སང་ཝེ་ཨོ་ཨད་གསར་ཁང་དང་དེ་རིང་འདིར་ཡིག་བསྒྱུར་ནས་ཀྱང་རྣམ་ཐར་ཅེས་གསལ་བཤད་གནང་གི་ཡོད་པ་ལ་རྟེན་ནས་བསམ་ཚུལ་ཅིག་ཞུ་བ་ཡིན།།
ངེད་ཀྱིས་ཚིག་འགའ་ཞུ་གི་ཡིན།
དང་པོ། ཤེས་རབ་སེང་གེར་ཞུ་རྒྱུར། བོད་ཡིག་ཏུ་བསྒྱུར་བཞིན་པའི་དེབ་ཀྱི་མིང་ལ་འབྲུག་སྐད་ཞི་བའི་ཁ་བ་ཞེས་འདོགས་དོན་ཅི་ཡིན་། ངེད་ཀྱིས་མི་ཤེས།
ངེད་ཀྱི་ལག་ལ་རག་པའི་བོད་ཡིག་གི་ཚན་པ་བོད་བསྒྱུར་ཟིན་པ་དེའི་སྒང་ན་དེ་ལྟར་བཏགས་འདུག དཔེ་དེབ་ཀྱི་མདུན་ཤོག་གི་འདྲ་པར་སྒང་ན་བཞག་ཡོད་པ་དེ་ཡིན།
དེའི་ངོས་སུ་དེ་ལྟར་བཀོད་འདུག དེ་གཅིག་ཡིན།
གཉིས། གནམ་ལྕགས་ལ་ཞུ་རྒྱུར། ཨ་ཀྱཱ་རིན་པོ་ཆེའི་དངོས་བྲིས་མཛད་རྣམ་འདི་སོག་ཡིག་དང་དབྱིིན་ཡིག་ཏུ་དཔར་བསྐྲུན་བཏབས་ཚར་འདུག
སོག་ཡིག་ཏུ་ཕྱི་ལོ་༢༠༠༩ལོ་དང་དབྱིན་ཡིག་ཏུ་སྤྱི་ལོ་༢༠༡༠ལོར་དཔར་བསྐྲུན་ཟིན་འདུག དེ་གོང་གི་ངོ་སྤྲོད་ཁོངས་སུ་ཡང་བྲིས་ཡོད།
དེ་ཙམ་ཡིན།
དགོངས་དག གཅིག་ཆད་འདུག
གོང་དུ་ལོ་རྒྱུས་ཟེར་དགོས་མིན་དང་རྣམ་ཐར་འཚམ་མིན་སོགས་ཀྱི་བསམ་ཚུལ་ཅིག་བྱུང་འདུག དེ་ལ་། ངེད་རང་སྒེར་ངོས་ནས་བསམ་ཚུལ་མེད། ངེད་ཀྱིས་དངོས་བྲིས་མཛད་རྣམ་ཟེར་དོན་ནི།ངེད་ཀྱི་ལག་སོན་བྱུང་བའི་འགྱུར་དེའི་ངོས་སུ་། དངོས་བྲིས་མཛད་རྣམ་ཞེས་བྲིས་འདུག
རིག་འབྱུང་ལགས། དེས་ན་ཁོང་གི་ལོ་རྒྱུས་དེ་དག་ངེས་སུ་ཤེས་དགོས་མཁན་དེ་ནི་བོད་མི་རིགས་ཡིན་ནམ། ཡིན་ན་ནི། ཐོག་མར་བོད་ཡིག་ཐོག་དུ་རྩོམ་ཡིག་མི་སྤེལ་དོན་ཅི་རེད་དམ། དེ་མིན་ན་བོད་མིའི་སྐྱིད་སྡུག་ཤེས་དགོས་མཁན་དེ་ནི་འགོ་སེར་ཚོ་དང་སོག་པོ་ཚོ་ཡིན་ན་ནི་འགྲིག་གི་འདུག འདི་ནི་ང་རང་གི་ལྟ་ཚུལ་ཐད་ཀར་བཤད་པ་ཡིན། འགྲིག་མེད་པ་འདྲ་ཡིན་ན་ང་རང་སྒེར་གྱི་ནོར་འཁྲུལ་དུ་ངེས་འཛིན་བྱས་ན་འགྲིག་གི་ཡོད།
ལྷ་ཀླུ་གཉན་གསུམ་།་
རྒྱུ་མཚན་མི་ཤེས་ན་སྐད་ཆེན་པོ་མ་རྒྱག་།ཁྱད་པར་ག་རེ་འདུག་།བོད་ཡིག་ཐོག་ནས་བྲིས་བ་དང་རྒྱ་ཡིག་ཐོག་ནས་བྲིས་བ་།དེ་བཞིན་དབྱིན་ཇིའི་ཐོག་ནས་བྲིས་བ་ཁྱད་པར་ག་རེ་འདུག་།རིན་པོ་ཆེས་བོད་ཡིག་ཐོག་ནས་འབྲི་གིན་མེད་ཟེར་གྱིན་མི་འདུག་།རྒྱལ་བ་རིན་པོ་ཆེས་ཀྱང་རྣམ་ཐར་ཕྱི་མ་བཙན་བྱོལ་་ནང་གི་རང་དབང་དབྱིན་ཇིའི་ཐོག་ནས་བྲིས་བ་མ་རེད་དམ་།དེ་བཞིན་ཞ་སྒབ་པས་ཀྱང་སྲིད་དོན་རྒྱལ་རབས་ཐོག་མར་དབྱིན་ཇིའི་ཐོག་ནས་བྲིས་།དེ་ནས་བོད་ཡིག་ཏུ་པར་བརྒྱབ་པ་མ་རེད་དམ་།དེ་བཞིན་རིན་པོ་ཆེས་ཀྱང་བོད་ཡིག་ཐོག་ནས་དབྱིན་ཇིའི་ལས་ཀྱང་རྒྱས་བ་།ཁ་གསལ་བ་ཤིག་བྲི་གིན་ཡིན་གསུང་གིན་ཡོད་པ་མ་རེད་དམ།
སྐབས་རེ་ང་དངོས་གནས་བོད་ཀྱི་སྨྱུག་ཐོགས་པ་ཚོ་ཡ་མཚར་གྱིན་འདུག་།ཁ་ནས་ས་གཞི་ལ་མི་ཤོངས་བའི་སྐད་ཆེན་པོ་རེ་བཤད།དོན་གྱིས་ལག་ཏུ་སྤུ་ཙམ་ཡང་མེད་པས་།སྐད་ཆ་འགན་མི་ཁུར་བ་དང་བཤད་ནས་ག་རེ་ཕན་ཐོགས་ཀྱིན་འདུག་།
རིན་པོ་ཆེའི་རང་རྣམ་ཆ་ཚང་ཀློག་པ་ཡིན་།་དངོས་གནས་ཡག་པོ་བྲིས་འདུག་།མདོ་སྨད་དང་།ལྷག་པར་སྐུ་འབུམ་གྱི་སྐོར་གྱི་ལོ་རྒྱུས་དང་།པན་ཆེན་རིན་པོ་ཆེའི་སྐོར་མང་པོ་ཤིག་བྲིས་འདུག་།རང་རྣམ་ནི་པན་ཆེན་རིན་པོ་ཆེའི་ཡིག་འབྲི་ཁྲི་བདུན་རྗེས་སུ་ལོ་རྒྱུས་ཀྱི་དཔང་རྟགས་ཀྱི་ཡིག་ཆ་གལ་ཆེན་པོ་རེད་སྙམ་།
ང་ཚོ་ལ་དེ་འདྲ་བའི་གསུང་གནད་སྨིན་ཅིག་སྤྲད་པ་ལ་ཐུགས་རྗེ་གཞལ་དུ་མེད་།ཇི་སྲིད་བར་ཏུ་རྗེས་སུ་བཟུང་བར་ཚལ།
རྒྱ་ནག་ཉམས་ཞིབ་པ་ལགས། ཉིད་ནས་བདག་གི་སྐྱོན་ཆ་ཐེར་འདོན་གནང་བ་དེར་སེམས་གཏིང་ནས་དགའ་གུས་ཚད་མེད་ཡོད། བདག་ནི་དངོས་ནས་ཅི་ཡང་མི་ནུས་པའི་ཅོལ་ཆུང་ཁ་རྒྱག་པ་དེ་འདྲ་ཡིན་པར་ཁས་ལེན་བྱེད་ཆོག རེད་དེ། སྐུ་ཉིད་ནས་ཞོར་དུ་བོད་མི་གཞན་དག་ལ་དམའ་འབེབས་པ་དེ་ནི་སྐུ་ཉིད་ཀྱིས་ནོར་འཁྲུལ་ཉེག་གཅིག་རེད་སྙམ་སོང་། གང་ལྟར། ངས་ཉིད་ལ་བཀའ་འདྲི་ཞུས་མེད་ཀྱང་། ལན་འདེབས་མཁན་སྐུ་ཉིད་ནས་བཏབ་འདུག་པ་དེར་དཀའ་ངལ་འཕྲད་འདུག འོན་ཀྱང་། བོད་མིའི་སྐྱིད་སྡུག་བོད་མིས་ཤེས་དགོས་ཀྱི་ཡོད་མེད་དེ་ལ་ལན་གསལ་བོ་ཞིག་བཏབ་མི་འདུག་ལ། ལྷག་པར་དུ་ཁྱེད་ནས་༧གོང་ས་མཆོག་རྒྱབ་བརྟེན་དུ་ཁུར་ཡོང་ནས་སྐད་ཆ་ཞིག་བཤད་པ་དེར་དངོས་ནས་དེང་སང་གི་ཁ་ངན་བླངས་དུ་ཤོར་ཟིན་པའི་རིགས་ཀྱི་བྱེད་སྟངས་ཤིག་ཀྱང་མཐོང་སོང་། དེ་ནི་ཡག་པོ་མ་རེད། ང་ཚོས་འདི་ནས་གླེང་བཞིན་པའི་གནད་དོན་དེ་ནི་༧རྒྱལ་བ་རིན་པོ་ཆེ་ཚང་གི་མི་ཚེ་ཡི་སྐོར་མིན་པ་ཐུགས་སུ་འཇག་པར་འཚལ། ད་དུང་། སྲིད་དོན་རྒྱལ་རབས་དབྱིན་ཡིག་ཐོག་བྲིས་གནང་བ་རེད་ཅེས་པ་ཁྱེད་རང་གི་ངག་ནས་མ་གཏོགས་ཐོས་མ་སོང་། དེ་ཡང་ང་རང་ཅོལ་ཆུང་ཡིན་པས་མ་ཐོས་པ་ཡིན་ཤས་ཆེ།
རང་རྣམ་གྱི་ཁ་བྱང་གི་ཚིག་འགྲེལ། ཤར་ཕྱོགས་རྒྱ་ནག་གཡུ་འབྲུག་སྔོན་མོས་འཇིགས་བསྐུལ་གྱི་སྒྲ་སྐད་གཡོལ་ནས་ཞི་བའི་རང་གི་ལས་དབང་ཁ་བའི་མདངས་ཅན་གསལ་བའི་གླེགས་བམ།
སྲིད་དོན་རྒྱལ་རབས་ཀྱི་འགོ་བརྗོད་དུ། ༼ ལོ་རྒྱུས་འདི་བཞིན་བསྐྱར་དུ་པར་འདེབས་བྱེད་རྒྱུ་དང་། སྐད་ཡིག་གཞན་ཐོག་བསྒྱུར་རྒྱུ། དེ་ལ་བརྟེན་ནས་བརྙན་པར་སོགས་བཟོ་རྒྱུའི་དུས་སྐབས་ཤར་ཚེ། ངའི་བུ་ཚེ་རིང་དབང་འདུས་དང་། བུ་ཚུལ་ཁྲིམས་ཉི་མ། བུ་མོ་ཐུབ་བསྟན་ཆོས་སྐྱིད་གསུམ་ལ་དབང་ཆ་སྤྲད་ཡོད། ཡང་བུ་ཕྲུག་ཚོས་སྐད་ཡིག་གཞན་ཐོག་བསྒྱུར་མ་ཐུབ་ན་སུ་ཞིག་ནས་བསྒྱུར་རྒྱུའི་འདོད་པ་ཡོད་ན་བུ་ཕྲུག་ཚོ་ལས་དེབ་བཟོའི་སྤྱི་ཁྲིམས་དང་། མཐུན་པའི་གནང་བ་ལེན་པ་ལས་རང་བཞིན་བྲིས་བསྒྱུར་སོགས་བྱེད་རྒྱུ་མེད་པ་ཡིན་ལགས༽ ཞེས་གསུངས་འདུག་པས། ཐོག་མ་ནས་བོད་ཡིག་ཏུ་བྲིས་བ་གོ་གི་མི་འདུག་གམ།
རྒྱ་ནག་ཉམས་ཞིབ་པ་གོ་ནོར་ཐེབས་པ་རེད། བོད་ཉམས་ཞིབ་པ་མིན་པའི་སྐྱོན་ཞུགས་པ་མིན་ནམ་སྙམ། སྲིད་དོན་རྒྱལ་རབས་ཐོག་མར་བོད་ཡིག་ཏུ་བྲིས། དེའི་ནང་དོན་མདོར་བསྡུས་ནས་ Tibet: A Political History ཞེས་པ་དེ་བཏོན་འདུག ཉེ་ཆར་རྗེས་ནས་རྒྱལ་རབས་ཚང་མ་དབྱིན་ཡིག་ཏུ་བསྒྱུར་བ་ཕ་ཡུལ་དྲ་རྒྱ་ན་ཁྱབ་བསྒྲགས་བཀོད་འདུག དེབ་དེ་ལ་དབྱིན་སྐད་དུ་ One Hundred Thousand་Moons
An Advanced Political History of Tibet ཞེས་བཀོད་འདུག བསྒྱུར་མཁན་གྱི་མིང་ལ་ Derek F. Maher ཟེར་གི་འདུག གཟིགས་དང་།
ད་ནི། དེབ་དེ་ཐོག་མར་སྐད་ཡིག་གང་དུ་བྲིས་མིན་དང་གང་དུ་འབྲི་དགོས་མིན་གྱི་རྩོད་བསླངས་འདུག
ཕལ་ཆེར། རྩོད་འདི་ལ་རྫོགས་རྒྱུ་ཡོད་མ་རེད་དྲན།
ན་ནིང་ལྡི་ལི་བོད་ཁང་ནས་བཏོན་པའི་༧གོང་ས་མཆོག་གི་མཛད་རྣམ་ཕྱི་ཡུལ་གྱི་རང་དབང་ཟེར་བ་དེ་ཐོག་མར་དབྱིན་ཡིག་ནང་བྲིས་རེད།
རྒྱལ་ཡུམ་ཆེན་མོའི་མཛད་རྣམ། ངའི་བུ། ཏཱ་ལའི་བླ་མ་། ཟེར་བ་དེ་ཡང་དབྱིན་ཡིག་ནང་བྲིས་འདུག ཆོས་རྒྱལ་དྲུང་པའི་རྣམ་ཐར་དེ་ཡང་དབྱིན་ཡིག་ནང་བྲིས་འདུག
ད་དུང་། བོད་ཀྱི་ཉེ་རབས་ལོ་རྒྱུས་སྐོར་ཀྱི། ཚེ་རིང་ཤཀྱའི་གངས་ལྗོངས་ཡུལ་གྱི་འབྲུག་ཟེར་བ་དེ་ཡང་དབྱིན་ཡིག་ནང་བྲིས་འདུག ད་ང་ཚོས་སྐད་བརྒྱབ་ནས་། དབྱིན་ཡིག་ནང་འབྲི་མཁན་ཚོར་། ཁྱེད་ཚོས་ཐོག་མར་བོད་ཡིག་ནང་འབྲི་དགོས་རེད་ལབ་ནས་བརྗོད་ན། ཉན་མཁན་ཡོད་ཀྱི་རེད་དམ།
རིག་འབྱུང་ལགས། དོན་དངོས་ཐོག་ངས་ཁྱེད་རང་གིས་ག་རེ་བསམ་གྱི་ཡོད་ཅེས་པ་དྲིས་པ་དེར་མི་མང་བོ་ཞིག་འདྲོགས་བླངས་དེ་སྐད་ཆ་ཡར་གཡུགས་མར་གཡུགས་བཅོ་བརྒྱད་བྱོས་སོང་ཀྱང་། ཁྱད་པར་མི་འདུག དོན་དངོས་ཐོག་མི་རིགས་ཤིག་གི་དཀའ་སྡུག་དེ་ནི་ཤེས་དགོས་མཁན་གྱི་ཐོག་མ་དེ་ནི་མི་རིགས་དེ་ཡིན་མིན་དེ་ཡིན། དེ་ལ་ལན་ཞིག་སྤྲོད་ཤོག ཁྱེད་རང་གི་བསམ་ཚུལ་ཐད་ནས་ཡིན།
ཡ་ད་ང་རང་ཁ་སྔ་བྱས་ནས་རིགས་འབྱུང་གི་སྔོན་ལ་ལན་རྒྱབ་བཞག་ཀོ བོད་ཡིག་གི་སྒང་ནས་ཁོང་གི་དེབ་ཀློག་མཁན་ཅིག་ཡིན་ན་བོད་ཀྱི་དེའི་སྐབས་ཀྱི་ལོ་རྒྱུས་ཕལ་ཆེར་ཞིག་ཤེས་རྒྱུ་རེད། དེ་མིན་ཚོ་ཕྱི་ལོག་གི་བྱིས་པ་ཚོ་བོད་ཡིག་ལས་དབྱིན་ཡིག་ཐོག་ནས་ཀློག་རྒྱུར་དགའ་བ་བཤད་མི་དགོས་ཀི དེབ་དེའི་བརྗོད་བྱའི་ཐོག་ནས་ཀྱང་པན་ཆེན་རིན་པོ་ཆེའི་སྐོར་ལ་མ་གཏོགས། ཡང་རྒྱ་གཞུང་གི་དཔོན་པོ་ཚོའི་ནང་གི་གནང་སྟངས་ཁ་ཤས་ཅིག་མ་གཏོགས། ད་ཨ་ལགས་ཙ་ཡེ་བསྟན་འཛིན་དཔལ་འབར་གྱི་༼ངའི་ཕ་ཡུལ་གྱི་ཡ་ང་བའི་ལོ་རྒྱུས༽ དང་གཅིག་པ་ཡིན་རྒྱུ་རེད།
ད་དེ་ལས་མཆན་གྱི་ཁ་ཕྱོགས་དེ་གཞན་ཞིག་ལ་བསྒྱུར་ན་རེད། ཨ་ལགས་ཙ་ཡེ་དེབ་དེ་བརྩམས་པ་ལ་རྟེན་ནས་བཀའ་བློན་རེག་པ་རེད། ཤི་རེ་ཀོ ཨ་རྒྱ་རིན་པོ་ཆེ་ནས་ཀྱང་བོད་ཡིག་ཐོག་བཀམ་ཡོད་ཀྱི་ན།
བོད་། ལྷ་ྐླུ་གཉན་གསུམ་ལགས།
དགོངས་དག རྩོད་ཀྱི་སྨུག་ལོང་དེའི་ཁྲོད་ནས་ངས་ཁྱེད་ཀྱི་དོགས་སློང་དག་ལ་ལན་སྤྲད་མི་འདུག
ཁྱེད་ཀྱི་དྲི་བ། དོན་དངོས་ཐོག་མི་རིགས་ཤིག་གི་དཀའ་སྡུག་དེ་ཤེས་དགོས་མཁན་གྱི་ཐོག་མ་དེ་མི་རིགས་དེ་ཡིན་ནམ་མིན་ཟེར་བའི་ཐད།
ངེད་ཀྱི་བསམ་ཚུལ་ནི། དེ་གལ་ཆེན་པོ་རེད་ཟེར་འདོད་བྱུང་། གཞན། དེབ་དེ་སྐད་ཡིག་གང་གི་ནང་ཐོག་མར་དཔར་བསྐྲུན་བྱེད་མིན་ཐད། ཏན་ཏན་རྩོམ་པ་པོ་སོ་སོར་དགོས་དམིགས་ཞིག་ཡོད་ཀྱི་རེད་དྲན། ཨཀྱཱ་རིན་པོ་ཆེའི་དེབ་ཡང་དེ་བཞིན་རེད། འདི་ཚོའི་རིགས་ང་ཚོས་རྩོད་རྒྱག་པ་ལས། ཐད་ཀར་ཨཀྱཱ་རིན་པོ་ཆེར་བཀའ་འདྲི་གནང་ཐུབ་ན་ཡག་པོ་ཡོད་རེད།
ངེད་ཀྱིས་ངོ་དེབ་( Facebook)སྒང་ནས་ཨ་ཀྱཱ་རིན་པོ་ཆེའི་གློག་འཕྲིན་ཁ་བྱང་ཞིག་རྙེད། འདི་རེད།( yellowhataj@yahoo.com)
འབྲེལ་གཏུགས་ཁ་པར་ཨང་གྲངས་འདི་རེད་འདུག་
(8123366807)
ྐློག་མཁན་ཚོས་ཐད་ཀར་ཁོང་ལ་འབྲེལ་བ་གནང་ན་ཡག
རིག་འབྱུང་ལགས། སྐུ་ཉིད་ནས་གང་ཐུབ་ཅིག་ལྗག་ལན་གནང་བ་དེར་བཀའ་དྲིན་ཆེ་ལགས། ངས་སྐད་ཆ་དེ་སྐུ་ཉིད་དྲིས་པ་ཞིག་ལས་ཁོང་ལ་དྲིས་པ་མིན་ན་གོང་དུ་གསལ་བོ་ཡིན་ན་ཡང་། སྐུ་ཉིད་ནས་ཀྱང་ཐད་ཀར་རང་གི་བསམ་ཚུལ་གསུང་མི་འདུག གང་ལྟར། ཁྱད་པར་མི་འདུག ཀུན་གླེང་གི་སྟེང་བགྲོ་གླེང་གི་མཚན་མོ་དེར་ཡང་ངས་དྲི་བ་ཞིག་འདྲི་འདོད་སྐྱེས་ཀྱང་། དེ་ནི་ཐད་གཏོང་ལེའུ་ཚན་མིན་སྟབས་བྱེད་ཐུབ་མ་སོང་། རྗེས་ཕྱོགས་ཤིག་ལ་གོ་སྐབས་རེག་སྲིད་པ་ཡིན། དེ་དུས་ལྟ་ངེས་ཡིན། དགོས་འཁོ་དང་དགོས་པ་བྱུང་བ་ཡིན་ན་ནི། ངས་ཐད་ཀར་འབྲེལ་བ་བྱེད་ངེས་ཡིན།
ྐློག་མཁན་ཚོས་མཁྱེན་དགོས་བ་ཞིག་ལ།
ཨཀྱཱ་རིན་པོ་ཆེའི་དེབ་འདི། སོག་ཡིག་ཏུ་༢༠༠༩ལོར་དཔར་བསྐྲུན་བཏབས།
དབྱིན་ཡིག་ཏུ་༢༠༡༠ལོར་དཔར་བསྐྲུན་ཚར། བོད་ཡིག་ཏུ་ཡང་དེབ་ཀྱི་ལེའུ་དང་པོ་དེ་བསྒྱུར་ཚར་འདུག
མི་རིང་བར་དཔར་བསྐྲུན་བྱེད་འཆར་ཡོད་ས་རེད། གང་ལྟར། དུས་ཚོད་ཀྱི་སྔ་གཞུག་ཞིག་མ་གཏོགས་བོད་ཡིག་ཐོག་ཐོན་ཡོང་གི་རེད།
ཨ་རོ། ངས་བསམ་ཚུལ་བཤད་མི་འདུག་ལབ་ན། ད་ངས་ག་རེའི་བསམ་ཚུལ་བཤད་དགོས་རེད།
ཁྱེད་ཀྱི་བསམ་ཚུལ་ལ་ང་རྒྱབ་སྐྱོར་ཡོད།
TIBET IN HARLEM 2
Two programs of films and special events
Origins
March 14th – 20th, 2010
Spotlight on Emerging Filmmakers
March 22nd – 23rd, 2010
Maysles Cinema
343 Lenox Avenue
between 127th and 128th streets
New York, NY 10027
Full schedule and tickets available here:
http://www.mayslesinstitute.org/cinema/calendar_tibetinharlem2.html
Tibet in Harlem 2 is the second annual series of Tibetan and Tibet-related films at the Maysles Cinema in Harlem. This year’s series features two programs: Origins and Spotlight on Emerging Filmmakers.
Origins takes place March 14th – 20th, and will showcase a collection of rarely screened early films – both documentary and fiction – by some of the most important Tibetan and Chinese filmmakers working in Tibet today. We are excited to announce that filmmakers Pema Tseten (The Grassland, Silent Holy Stones, and The Search) and Rigdan Gyatso (Bumo Lharis) will be in attendance.
Spotlight on Emerging Filmmakers, takes place March 22nd – 23rd, and will showcase short films and works-in-progress by young Tibetan filmmakers currently living in France, India, Canada, and the United States. Many of the directors will be in attendance to speak about their work.
Throughout the series there will be paintings by local Tibetan artists on display in the cinema’s downstairs community gallery.
Suggested Admission to all events: $12. Online tickets include an additional $1 service charge. Proceeds from each event will be donated to organizations working in Tibet.
For tickets visit:
http://www.mayslesinstitute.org/cinema/calendar_tibetinharlem2.html
Origins
Sunday, March 14, 7PM
Prince of the Himalayas
Dir. Sherwood Hu, 2006, 108 min
Opening night reception to follow
Monday, March 16, 7:30PM
16 Barkor South Street
Dir. Duan Jinchuan, 1996, 100 min.
Tuesday, March 16, 7:30PM
Tantric Yogi
Dir. Dorje Tsering Chenaktshang, 2005, 50 min.
Ani Lhacham
Dir. Dorje Tsering Chenaktsang, 2007, 27 min.
Wednesday, March 17, 7:30PM
The Silent Holy Stones
Dir. Padma Tseten, 2005, 102 min.
Q & A with filmmaker to follow
Thursday, March 18, 7:30PM
Milarepa
Dir. Sonam, 2006, 95 min.
Friday, March 19, 7:30PM
The Grassland
Dir. Padma Tseten, 2004, 22 min.
The Girl Lhari
Dir. Rigdan Gyamtso, 2005, 25 min.
Panel discussion with both filmmakers and reception to follow
Saturday, March 20 7:30PM
The Search
Dir. Padma Tseten, 2009, 112 min.
Q&A with filmmaker and closing night reception to follow
Spotlight on Emerging Filmmakers
Monday, March 22, 7:30PM
Short Film Showcase:
Miss Taken
Dir. Thupten Chakrishar, 2009, 6 min.
History of Momos
Dir. Tenzin Tsetan Choklay, 2007, 11 min.
Lost in Paradise
Dir. Nudup Dorjee, 2010, 8 min.
Dramgyen: The Tune of Life
Dir. Tashi Eugyal, 13 min.
Seeds
Dir. Tenzin Dazel, 2009, 28 min.
Panel discussion with filmmakers and actors to follow
Tuesday, March 23, 7:30PM
Four Rivers
Dir. Tenzin Phuntsog, Unit Dir. Anders Uhl, 2010, 90 min.
Q&A with filmmakers to follow
For more information, full film descriptions, tickets, and program updates, please visit:
http://www.mayslesinstitute.org/cinema/calendar_tibetinharlem2.html
རིག་འབྱུང་འདི་ད་སྤྱང་པོ་ཙ་ཡ་ཟིག་རེད། ཡར་ལྷ་ལ་མི་ཕོག་པ། མར་ཀླུ་ལ་མི་ཕོག་པ་ཟིག་བྱས་ཡོང་གི་འདུག ཁྱོད་དཔོན་པོ་ལ་འདུག་ན་འདོད་ཀོ་ཡོད་ནི་མ་ར། ཧཧཧ ངེད་ཚོ་ད་སྲང་ལམ་གྱི་ཁ་བརྡ་བྱེད་མཁན་ཡིན་ཀོ།
བོད་ཡིག་དང་དབྱིན་ཡིག་ཐོག་བྲིས་མ་བྲིས་ལ་ཁྱད་པར་ཆེན་པོ་ཡོད་པ་རེད། ཁྱད་པར་ཆེ་ཤོས་ཤིག་ཁྲོམ་ར་རེད། དབྱིན་ཡིག་དང་རྒྱ་ཡིག་ལ་ཁྲོམ་ར་ཡོད་པ་རེད། དེབ་བྲིས། དེབ་བཙོང་། དེས་མི་ཚེ་བསྐྱལ་ཐུབ་གི་ཡོད་པ་རེད། བོད་ཡིག་ཐོག་བྲིས་ན་ཤ་ཞེན་དང་ལྷག་བསམ་འདི་ལས་གཞན་ཁྲོམ་ར་ཆུང་ཆུང་རེད། ཉོ་མཁན་ཡང་ཧ་ཅང་དཀོན་པོ་རེད། རྒྱ་གར་ནང་ལ་དེབ་གཅིག་ཚར་ ༥༠༠ རེ་དཔར་ན་དེས་ལོ་བཞི་ལྔ་ལ་འདང་གི་རེད། བོད་ནང་ལ་ཡང་དེབ་གཅིག་ཚར་སྟོང་རེ་ལས་ལྷག་དཔར་གྱིན་མེད་པ་འདྲ། འདི་གནད་དོན་གསོན་པོ་དེ་རེད།
དེ་ནས་ད་བོད་ཀྱི་བླ་མ་ཚོའི་སྐོར་འདི་རེད། འདི་ཚོས་འདི་ལྟར་བོད་ཀྱི་ཆབ་སྲིད་དང་ལོ་རྒྱུས་ལ་རྒྱལ་སྤྱིའི་ཐོག་གི་གླེང་སྟེགས་ཤིག་བཟུང་ནས་ཕེབས་འགྲོ་དུས་དད་པ་འཕེལ་བ་ཞིག་རེད། ད་དེ་ནས་མཚམས་རེར་ལན་རེར་སེམས་པ་མི་དད་ས་དེ་འདྲ་ཡང་ཡོང་གི་ཡོད་པ་རེད། གང་ལྟར་བྱས་ཟིན་པའི་བྱ་བ་རླབས་ཆེན་ལ་བསྔགས་བརྗོད་ཀྱི་མེ་ཏོག་འཐོར་བ་ནི་འགྲོ་བ་མི་དང་། ཁྱད་པར་མགོ་ནག་བོད་མིའི་ལམ་སྲོལ་རེད། དེ་ལ་དེ་བཞིན་དུ་ཞུ་འཚལ་ལོ།།
བོན་ནག་ཚང་ཞེས་པའི་མིང་ཅན་དེ་ཚོད་བཟུང་ན་ཡག་ས་རེད། ཁྱོད་ཚོ་སོ་སོའི་ཕ་ཡུལ་གྱི་བླ་མ་ཡག་ཉེས་རྩོད་སར་ཆོས་ལུགས་གཞན་ལ་ཞོར་སྨོད་བྱ་དགོས་དོན་མི་འདུག ཁྱོད་ཚོའི་གཤིས་ཀ་ལྟར་ཁྱོད་ཚོའི་ཕ་ཡུལ་དུ་བོན་ཆོས་འཁྲུགས་པོ་ཡོད་པ་དངོས་ཡོད་ཡིན་ཀྱང་། ཆོལ་ཁ་གཞན་པའི་ནང་དུ་དེ་ལྟར་མེད་པས། ཐུགས་བསམ་བཞེས་རོགས། ཁྱོད་ཚོས་བཤད་ཕོད་ཀྱང་ང་ཚོས་ཉན་ཕོད་པ་མི་འདུག རང་གི་བླ་མ་འགྱོག་ཞོར་དུ་གཞན་གྱི་གྲུབ་མཐའ་ནག་པོར་གཏོང་དོན་ཅི།
དང་པོ། ཁྲོམ་རའི་གནད་དོན་འདི་སྒོར་མོའི་གནད་དོན་རེད། ཁྲོམ་ར་ཆེན་པོ་ཡོད་ན། དངུལ་སྒོར་མང་པོ་བསགས་ཐུབ་ཀྱི་ཡོད་པ་རེད།
ཁྲོམ་ར་ཆུང་ན་དངུལ་སྒོར་ཉུང་ཉུང་མ་གཏོགས་བསགས་ཐུབ་ཀྱི་མ་རེད་། བརྩམས་ཆོས། ྐློག་པ་པོ། བར་གྱི་ཁྲོམ་ར།
ྐློག་པ་པོ་མང་ན། བརྩམས་ཆོས་ཀྱི་ཉོ་མཁན་མང་། བརྩམས་ཆོས་ཉོ་མཁན་མང་ན། དངུལ་གྱི་ཡོང་འབབ་མང་། དེ་གཅིག་རེད།
གཉིས་པ། བོད་ཕྱི་ནང་གཉིས་སུ་བོད་ཡིག་གི་དེབ་ལ་ཁྲོམ་ར་རྒྱ་ཆེན་པོ་མེད་པ་དེ་བདེན་པ་རེད། ཁྲོམ་ར་རྒྱ་ཆེན་པོ་མི་འདུག་ལབ་དུས། ཉོ་མཁན་གྱི་གྲངས་འབོར་སྒང་ནས་བཤད་ཀྱི་ཡོད་པ་རེད་འདོད། དེས་ན། ཉོ་མཁན་གྱི་གྲངས་འབོར་ལས་ལོགས་སུ། དཔར་བསྐྲུན་ཁང་དང་བརྩམས་ཆོས་ཁོ་རང་གི་རིན་ཐང་ངོས་ནས་ཁྲོམ་ར་ལ་ཁྱད་པར་བཟོ་གི་རེད་དམ།
བོད་ནང་དུ། དཔར་བསྐྲུན་ཁང་ཚད་ལྡན་ཡིན་པ་དང་མིན་པ་གཉིས་ཀ་འདུག་ཟེར། དཔེར་ན། མཚོ་སྔོན་མི་རིགས་དཔེ་བསྐྲུན་ཁང་ལྟ་བུའི་རིགས་ཚད་ལྡན་གྱི་ཁོངས་སུ་ཡོད་པ་འདྲ།
ཤང་ལང་གྱི་ལིང་དཔར་བསྐྲུན་ཁང་ལྟ་བུ་ཚད་ལྡན་མིན་པའི་ཁོངས་སུ་ཡོད་པ་འདྲ། བཙན་བྱོལ་དུ། དཔར་བསྐྲུན་ཁང་ག་ཚོད་ཡོད་དམ།
སྣང་ཐང་དཔར་ཁང་། ཤེས་རིག་དཔར་ཁང་། དཔལ་འབྱོར་དཔར་ཁང་། གཞན། ག་ཚོད་ཡོད་དམ།
དེབ་དེ་དཔར་བསྐྲུན་ཁང་ཚད་ལྡན་ནས་་དཔར་བསྐྲུན་བྱས་མིན་གྱིས་དེབ་ཀྱི་ཁྲོམ་ར་ལ་ཁྱད་པར་བཟོ་གི་རེད་དམ།
སྤྱིར་རིག་འབྱུང་བས་ཁྲོམ་རྭ་སྐོར་ནས་ཅིག་བྲིས་འདུག་མོད། དགེ་རབ་ཀྱིས་དཔེ་དེབ་ཀྱི་ཁྲོམ་རྭའི་སྐོར་ནས་བཤད་པ་དེ་ནི། དཔེ་དེབ་ཀྱི་ཁྲོམ་རྭ་ཆེ་ཆུང་ཟེར་དུས་ཉོ་མཁན་མང་དང་ཉོ་མཁན་མང་བ་དེས་ཁྲོམ་རྭ་ཆེ་བ་ཡོད་པ་སྟོན། ཉོ་མཁན་ཅི་ཙམ་གྱིས་མང་ན་ཀློག་མཁན་ཡང་དེ་ཙམ་གྱིས་མང་བ་ཡོད་པ་དང་། གློག་མཁན་ཅི་ཙམ་གྱིས་མང་བ་དེས་དཔེ་དེབ་དེ་བསྒྲུབ་པའི་དགོས་མཁོའང་གྲུབ་འདུག་པར་བདག་སྙམ། སྤྱི་ཅ་དངོས་གང་ཡིན་ཀྱང་ཁྲོམ་རྭ་ཆེ་ན་སྒོར་མོ་མང་བ་ཡོད་པ་བདེན་པ་རེད་པས། ཐེངས་འདིའི་ཨ་ཀྱཱ་རིན་པོ་ཆེའི་དཔེ་དེབ་དང་གཞན་གོང་བཀོད་༸གོང་ས་མཆོག་དང་དེ་ལས་གཞན་པའི་དེབ་དེ་ཚོའང་སྒོར་མོའི་ཆེད་དུ་མིན་པར་འདོད། དེ་ཀློག་མཁན་ལ་ལྟོས་པ་དང་ཀློག་མཁན་མང་པ་དེས་དེའི་ནང་དོན་གྱི་ཁྱབ་ཚད་ཀྱང་དེ་ལྟར་དུ་ཆེ་བས་ན། བོད་ལྷ་ཀླུ་གཉེན་གསུམ་གྱིས་བཤད་པ་བཞིན། དོན་དག་གང་ཞིག་གླེང་ན་མི་རིགས་དེས་དོན་དེ་ཐོག་མའམ་དང་པོར་གོ་དགོས་པའི་གནད་དེའང་དོན་དངོས་རེད་པས། འོན་ཀྱང་བོད་དོན་འདི་འཛམ་གླིང་ཕྱིའི་མི་ཚོས་གོ་རྒྱུ་ནི་དེ་བས་ཀྱང་གལ་ཆེན་ཡིན་པས་རྒྱ་དབྱིན་གྱི་ཡིག་རིགས་གཞན་དུའང་ངེས་པར་དུ་འབྲི་དགོས་པ་ཞིག་རེད་སྙམ། ལྷག་པེ་དུ་ཨ་ཀྱཱ་རིན་པོ་ཆེའི་ཁོང་གི་རྩོམ་དེབ་དེ་ཚོ་ཡིག་རིགས་གཞན་དག་གི་ནང་དུ་བྲིས་པར་སྙིང་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། ད་དུང་རྒྱ་ཡིག་ནང་དུའང་གང་མགྱོགས་བྲི་ཐུབ་པའི་རེ་བ་ཆེ། གཞན་དཔེ་དེབ་དེའི་ནང་དུ་གལ་ཆེ་བའི་གནད་དོན་གང་ཞིག་ཡོད་ཐད་ནས་གོང་དུའང་མཆན་བུ་བཏབ་ཟིན། རྒྱ་ནག་ཉམས་ཞིབ་པས་བཤད་པ་བཞིན་རིན་པོ་ཆེས་ཁ་སྔོན་བཅར་འདྲི་དང་ལེན་སྐབས་ཀྱང་ཁ་གསལ་ཙམ་གསུངས་སོང་། དེ་ཙམ་ཡིན།
གོང་དུ་བཤད་པ་བཞིན་།་སྐབས་རེ་ང་བོད་པ་སྨྱུ་གུ་ཐོགས་པ་འདི་ཚོ་དངོས་གནས་ཡ་མཚར་བཞིན་འདུག་།ཐོག་དང་པོ་རང་གི་དཔེ་དེབ་དེ་ཀློག་པ་ཙམ་ཡང་བྱས་མི་འདུག་།ད་དུང་དེའི་སྐོར་གྱི་སྐད་ཆ་འདྲ་བཤད་ཀྱིན་འདུག་།
ལྷ་ཀླུ་གཉན་གསུམ།སྐྱབས་མགོན་རིན་པོ་ཆེས་རང་རྣམ་ཐོག་དང་པོ་མཛད་དུས་།འདི་ལྟར་གསུང་འདུག་པ་ཤིག་དྲན་སོང་།ཕྱི་རྒྱལ་གྱི་སྐད་ཡིག་སོགས་ལ་བསྒྱུར་བདེ་བའི་ཕྱིར་ཏུ་།རང་རྣམ་འདི་འདྲ་ཞིག་བརྩམས་པ་གསུང་བ་དྲན་བྱུང་།དེ་བཞིན་ཨ་ཀྱ་རིན་པོ་ཆེས་ཀྱང་།སྐུ་ཉིད་རྒྱ་ནག་གི་དབང་སྒྱུར་འོག་འཁྲུངས་ཞིང་།མི་ཚེའི་ལོ་རྒྱུས་མང་པོ་ཞིག་རྒྱ་ཡིག་གི་འོག་ནས་སྐྱེལ་བ་ཡིན་ཕྱིར་།ཚིག་བེད་སྤྱོད་སོགས་ཀྱིས་ཐད་ནས་རྒྱ་ཡིག་བཀོལ་བ་ཡིན་ཕྱིར་།ཐོག་མར་རྒྱ་ཡིག་གི་ཐོག་ནས་མཛད་པ་ཡིན་ཞེས་གསུང་འདུག་།་དེ་འདྲ་མ་རེད་དམ་།ད་དུང་ཁྲོམ་ར་སྐོར་ཞིག་ཀྱང་གླེང་ཡོང་གིན་འདུག་།སྐད་ཆ་འདི་སྤྱིར་བཏང་རང་གི་ཁོག་གི་སྐད་ཆ་དེ་རང་གི་ཐོག་ལ་སྤྱར་ནས་བཤད་གིན་ཡོད་ན་།དེ་ལྟར་ཡིན་སྲིད་།དཔེ་དེབ་ཅིག་བྲིས་བ་ཡང་ཁྲོམ་ར་ཟེར་བ་དོན་གྱི་དངུལ་གྱི་ཆེད་ཡིན་འདུག་།སྐད་ཆ་འདི་ཨ་ཀྱ་རིན་པོ་ཆེའི་རང་རྣམ་ལ་སྤྱར་ནས་ཅིས་ཀྱང་མི་འོས་།་ཁོ་རང་ཁྲོམ་ར་བསམ་མཁན་ཤིག་ཡིན་ན་།བཙན་བྱོལ་ཏུ་ཕེབས་རྒྱུ་མ་རེད་བསམ་།རེད་ལགས་ང་ཚོས་མི་ཁ་ཤས་ཀྱིས་་དེ་ལྟར་བྱ་བཞིན་ཡོད་པ་རེད་།དཔེ་དེབ་བཙོང་བའི་སྐད་ཆ་འདྲ་མིན་མང་པོ་ཤིག་བཤད་ཀྱིན་ཡོད་པ་རེད།་
དེ་བཞིན་དགེ་འདུན་རབ་གསལ་དང་།ཁྱེད་གཉིས་ལ་བཤད་དགོས་བ་ཞིག་ནི་།ཞ་སྒབ་པས་སྲིད་དོན་རྒྱལ་རབས་རྩོམ་དུས་།ཐོག་དང་པོར་ཐོ་ཡིག་དང་།མཆན་སོགས་།དེ་བཞིན་མ་གཞི་རྩོམ་བྲིས་ཡང་བོད་ཡིག་ཐོག་ནས་རྩོམ་བྲིས་བྱས་བ་ཏན་ཏན་ཡིན་རྒྱུ་རེད་།ཡིན་ནའང་སྲིད་དོན་རྒྱལ་རབས་ཐོག་དང་པོ་་A Political History ཞེས་1967 ལོ་དབྱིན་ཇིའི་ཐོག་ནས་དཔར་སྐྲུན་བྱས་འདུག་།དེ་ནས་ལོ་བཅུ་ཙམ་ཤིག་གི་རྗེས་སུ་གཞི་ནས་བོད་ཡིག་ཐོག་བཏོན་པ་རེད་།དེ་ནས་ང་ཚོས་མཐོང་རྒྱུ་ཡོད་པའི་གནས་ཚུལ་དངོས་རེད་།དེ་ནི་ང་ཚོ་ཀློག་མཁན་ཚོ་ལ་རྩོམ་པ་པོས་མཆན་དང་།ཐོ་ཡིག་སོགས་ཡི་གེ་གང་གི་ཐོག་ནས་བཏབ་པའི་བརྒྱུད་རིམ་དེ་གཙོ་བ་མ་རེད་།དེ་ལས་བྱུང་བའི་འབྲས་བུ་དེ་གཙོ་བོ་རེད་།བོད་ཀྱི་ཉམས་ཞིབ་པ་དག་བོད་ཀྱི་ནག་ཁུང་མཐའ་མེད་པ་ཞིག་ནང་འཛུལ་ཏེ།་སྐད་ཆེན་པོ་ས་སྟོང་མི་ཤོངས་རེ་རྒྱག་གིན་འདུག་མོད་།དེ་ནི་གཞན་གྱིས་བལྟས་ན་དགོད་བྲོ་བ་།རང་གིས་བལྟས་ན་ངུ་བྲོ་བ་ཞིག་ཆགས་གིན་འདུག་།
གཞོན་ནུ་ཟླ་མེད་།་ཐོག་དང་པོ་དཔེ་དེབ་དེ་ཀློག་།དེ་ནས་དཔེ་དེབ་དེའི་ནང་དོན་སོགས་དཔེ་ཆ་གཞན་དང་གཅིག་པ་ཡིན་མིན་སོགས་ཤོད་།མཐའ་ན་དེ་ལ་དགག་པ་རྒྱོབ་།་དེ་ལྟར་བྱེད་ན་།རང་སྨྱུ་ཐོགས་པ་ཤིག་ཡིན་པའི་འགན་ཁུར་བ་རེད་།དེ་མིན་དོན་མེད་པར་ཁྱི་རྒག་གནམ་ཟུག་བྱས་ནས།་སྡེ་མང་གཉིད་ལས་སློང་རྒྱུ་ལས་གཞན་ཅི་ཡང་ཡོད་པ་མ་རེད་།
ཞྭ་སྒབ་པའི་སྲིད་དོན་རྒྱལ་རབས་བོད་ཡིག་མ་འདི་ ༡༩༧༥ ལོའི་ཟླ་ ༥ ཚེས་ ༢༥ ཉིན་བརྩམས་གྲུབ་ལུགས་མཇུག་རྩོམ་རང་ན་འཁོད་འདུག ང་ལ་དབྱིན་ཡིག་པར་མ་ཞིག་ཡོད་བསམས་ཀྱང་ད་རྙེད་མ་བྱུང་། ཕྱིས་རྙེད་ཚེ་དེའི་གནས་ལུགས་འགོད་ངེས་ཡིན། གང་ལྟར་དབྱིན་ཡིག་མ་དེ་སྙིང་བསྡུས་ཀྱི་ཚུལ་དུ་རེད་འདུག བསྒྱུར་བ་དེ་གཞི་ནས་ཐོན་འདུག་པ་ཁ་སང་ཞུས་པ་བཞིན་ཡིན།
དེ་ནས་བོད་དེབ་ཀྱི་ཁྲོམ་རྭའི་སྐོར་སྐད་ཆ་ཞིག་བཤད་པ་འཕྲོས་འགྲོ་གི་འདུག བོད་ཡིག་གི་དེབ་ཆ་སྙོམ་བྱས་ན་རྒྱ་གར་ན་ ༥༠༠ ནས་ ༡༠༠༠ བར་པར་འདེབས་བྱེད་ཀྱི་ཡོད། དེས་ལོ་བཞི་ལྔ་ལ་འདང་གི་རེད། སྨོན་ལམ་དང་ཆོས་སྤྱོད་ཀྱི་སྐོར་འདིར་ཚུད་མེད། བོད་ནང་གི་དེབ་དཔེར་ན་ ༡༠༠༠ ནས་ ༢༠༠༠ བར་པར་འདེབས་བྱེད་ཀྱིན་ཡོད་པ་འདྲ། འདིར་ཡང་སྨོན་ལམ་སྐོར་སོགས་མི་ཚུད། དཔེ་མཚོན་ནི། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་ ༡༩༩༦ ལོར་ རྗེ་དཔྱི་ས་བློ་གྲོས་རྒྱ་མཚོའི་གསུང་རྩོམ་བཞུགས་སོ་ཅན་ ཚར་ ༢༠༠༠ དཔར་འདུག ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་ ༡༩༩༩ ལོར་བོད་ཀྱི་རྩོམ་རིག་བྱུང་འཕེལ་གྱི་ལོ་རྒྱུས་དང་ཁྱད་ཆོས་ཞེས་པ་ཅན་དེ་ ཚར་ ༣༠༠༠ དཔར་འདུག བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་གིས་ ༡༩༩༡ ལོར་པར་བཏབ་པའི་བོད་ཀྱི་གལ་ཆེའི་ལོ་རྒྱུས་ཡིག་ཆ་བདམས་བསྒྲིགས་ཞེས་པ་དེ་གྲངས་ ༢༥༠༠ པར་འདུག དཔེ་མཚོན་ཡིན། ད་ངས་རྒྱ་ཡིག་ཐོག་གི་དཔེ་དེབ་ཀྱི་གྲངས་མི་ཤེས། དབྱིན་ཡིག་ལ་མང་ཤོས་དེ་ ས་ཡ་དང་ས་ཡ་བྱས་ནས་བཙོང་ཐུབ་གི་ཡོད་པ་རེད། དེ་ཚོ་གཅིག་ཡིན།
འོ་དགེ་བསྐོས་སླེབས་འདུག གཟབ་གཟབ་བྱོས་འ། ང་དེ་རིང་མ་ཁོམས་ཀི
སྤུན་ཟླ་ཁྱེད་ཅག་ལ། ངས་ད་ལྟ་གསལ་བོ་དྲན་གསོས་པ་ཞིག་ནི་༧གོང་ས་མཆོག་གིས་འདི་འདྲ་ཞིག་གསུང་ཡོད་པ་རེད། ཁྱེད་ཅག་གིས་ང་རང་ཡོད་དུས་སུ་གང་ཞིག་འདྲི་རྒྱུ་ཡོད་པ་དེ་དག་འཛེམ་གཟོད་མེད་པར་དྲིས་པ་ཡིན་ན་མ་གཏོགས། རྗེས་ཕྱོགས་མ་མེད་ཤུལ་ཞིག་ལ་རྒྱལ་བ་རིན་པོ་ཆེ་ཡི་ག་རེ་གསུང་འདུག ཁོང་གི་དགོང་གཞི་ག་རེ་རེད་འདུག་སོགས་ཤེས་དགོས་བྱུང་ཐུག་ན། དེ་དུས་བོད་མི་རང་གི་སྐད་ཡིག་ནང་དུ་མེད་པར་ཕྱི་རྒྱལ་བ་དེ་དག་གིས་བྲིས་པའི་དེབ་དག་ཀློག་དགོས་མི་ཐུག་པའི་ངེས་པ་མི་འདུག་ཞེས་གསུང་ཡོད་པ་རེད། སྤུན་ཟླ་ཁྱེད་ཅག་གིས་ངའི་སྐད་ཆ་ལ་སྙིང་བོ་མེད་པར་བསམ་ཡང་། ༧གོང་ས་མཆོག་གིས་མ་འོངས་ལུང་བསྟན་འདི་ལ་བསམ་གཞིགས་ནན་ཏན་ཞིག་བྱེད་རན་རེད་འདུག
བཅོས། རྗེས་ཕྱོགས་ང་མེད་ཤུལ་ཞིག་ལ
བཅོས། བྱུང་ན
༑ཡོད་མེད་བློ་ཡིས་བཞག་པའི་ཤེས་བྱ་དང་། །བདེན་རྫུན་ཡུལ་ལ་ལྟོས་པའི་ཚད་མ་གཉིས། །གཅིག་གིས་རྫུན་ཁུང་གཅིག་ལ་གཏད་མཐོང་ནས། །ཐ་སྙད་ཚད་གྲུབ་འཇོག་ལ་བློ་མ་བདེ། །མ་བརྟག་མ་དཔྱད་འཇིག་རྟེན་རྣམ་བཞག་དང་། །བརྟགས་ཤིང་དཔྱད་པའི་གྲུབ་མཐའི་གཞུང་ལུགས་གཉིས། །གཅིག་གི་རྩ་བ་གཅིག་ལ་ཐུག་མཐོང་ནས། །ཐ་སྙད་ཚད་གྲུབ་འཇོག་བློ་མ་བདེ། བློ་ལ་སྣང་བ་ཙམ་གྱིས་སྒྱུ་མ་དང་། །དོན་ལ་ཡིན་པར་ངེས་པའི་གཤིས་ལུགས་གཉིས། །
གཅིག་གི་རྩ་བ་གཅིག་ལ་ཐུག་མཐོང་ནས། ཐ་སྙད་ཚད་གྲུབ་འཇོག་ལ་བློ་མ་བདེ། །
བློ་ལ་སྣང་བ་ཙམ་གྱི་སྒྱུ་མ་དང་། །དོན་ལ་ཡིན་པར་ངེས་པའི་གཤིས་ལུགས་གཉིས། །
གཅིག་ཤོས་བདེན་ན་གཅིག་ཤོས་རྫུན་མཐོང་ནས། །ཐ་སྙད་ཚད་གྲུབ་འཇོག་ལ་བློ་མ་བདེ། །
རང་སྐྱོན་རི་བོ་འགེབ་པའི་རྔ་རྒོལ་དང་། །གཞན་སྐྱོན་ཁབ་ཀྱིས་འཚོལ་བའི་ཕྱི་རྒོལ་གཉིས། །
གཅིག་ལས་གཅིག་རྒྱལ་རེས་སུ་བྱེད་མཐོང་ནས། །ཐ་སྙད་ཚད་གྲུབ་འཇོག་ལ་བློ་མ་བདེ། །
ཡོད་མཐའ་འགོག་པའི་སྣང་རུང་མ་དམིགས་དང་། མེད་མཐའ་སྤོང་བའི་མི་སྣང་མ་དམིགས་གཉིས།
གཅིག་གིས་རྣམ་བཞག་གཅིག་གིས་བཤིག་མཐོང་ནས། །ཐ་སྙད་ཚད་གྲུབ་འཇོག་ལ་བློ་མ་བདེ། །
གྲོག་པོ་མཚན་མར་ཞེན་པའི་བདེན་འཛིན་དང་། །གྲོགས་ཀྱིས་ཕན་པར་རྟགས་པའི་ཚད་མ་གཉིས།།
སྲེད་པ་སྐྱེད་ལ་ཁྱད་པར་མི་འདུག་པས། །ཐ་སྙད་ཚད་གྲུབ་འཇོག་ལ་བློ་མ་བདེ། །
དགྲ་བོ་བདེན་པར་ཞེན་པའི་དངོས་འཛིན་དང་། །དགྲ་ཡིས་གནོད་པར་ངེས་པའི་ཚད་མ་གཉིས། །
ཞེ་སྡང་སྐྱེད་ལ་ཁྱད་པར་མ་མཐོང་ནས། །ཐ་སྙད་ཚད་གྲུབ་འཇོག་ལ་བློ་མ་བདེ། །
རྗེས་དཔག་ཚད་མ་མངོན་སུ་མ་བློ་ལས་སྐྱེས། །མངོན་སུམ་བདེན་རྫུན་རྗེས་སུ་དཔག་པས་དཔྱད། །ཕ་ཡིས་དཔང་པོ་བུ་ཡིས་བྱས་པ་འདི། །ཐ་སྙད་ཚད་གྲུབ་འཇོག་ལ་བློ་མབདེ། །
རིག་པའི་དཔྱད་པ་ཤིང་རྟའི་སྲོལ་ལ་བརྟེན། །ཤིང་རྟ་ཆེན་པོ་རིགས་པའི་སྟོབས་ཀྱིས་སྒྲུབ། །
རང་ཐག་ཆོད་ན་སུ་ཡི་རྗེས་སུ་འབྲང་། །རང་ཐག་མ་ཆོད་སུ་ལ་ཡིད་རྟོན་བྱེད། །
ཡང་དག་རིགས་པ་ངེས་དོོན་ལུང་ལས་རྙེད། །དྲང་ངེས་ཁྱད་པར་དྲི་མེད་རིགས་པས་འགྱེད། །
རིགས་པས་ཤེས་ན་ངེས་དོན་ཅི་ལ་འཆོལ། །རིགས་པས་མ་ཤེས་ངེས་དོན་ག་ལ་རྙེད། །
བྱམ་མགོན་ཁྱི་མོ་མཐོང་བའི་ངང་ཚུལ་འདིས། །མ་རྟགས་ལྷན་སྐྱེས་བློ་ལ་ཡིད་མ་ཆོས། །
དབུ་སེམས་མཁན་པོའི་ལྟ་གྲུབ་འགལ་ལུཊ་འདིས། །དཔྱོད་ལྡན་མཁས་བློ་ལ་ཡིད་མ་ཆེས། །
ཕལ་པ་དྲང་པོའི་རྗེས་སུ་འབྲང་འབྲང་ནས། །རྒུད་པའི་རྩ་བ་ལྷན་སྐྱེས་བདེནའཛིན་རྙེད། །
མཁས་པ་དྲང་པོའི་རྗེས་སུ་འབྲང་འབྲང་ནས། །དེ་ལས་སྡུག་པའི་ཀུན་རྟགས་བདེན་འཛིན་རྙེད། །
ཡོད་མེད་ཡིན་མིན་བདེན་རྫུན་ལ་སོགས་པའི། །རཙོད་པའི་འུར་སྒྲ་སྒྲོག་པའི་འཇིག་རྟེན་འདིར། རྟག་ཏུ་གང་མཐོང་ཤེས་བྱ་ཡིན་པར་སྣང་། །རྒྱུན་དུ་གང་གོམས་་ཚད་མ་ཡིན་པར་སྣང་། །
མི་མང་གང་ལ་དགའ་དེ་བདེན་པ་དང་། །ཁ་མང་གང་ལ་མཐུན་དེ་གྲུབ་མཐའ་སྣང་། །
མི་རེའི་ཁོང་ན་མི་མཐུན་ཚད་མ་རེ། །དེ་ཡི་རྒྱབ་སྐྱོར་རྡོ་རྗེའི་བཀའ་ལུང་རེ། །
ལ་རེའི་རྒྱབ་ན་མི་མཐུན་ཆོས་ལུགས་རེ། །དེ་ཡི་རྗེས་འབྲང་མཁས་བླུན་སྟོང་ཕྲག་རེ། །
འདི་ཉིད་བདེན་ལ་འདི་ཡིས་མི་བསླུ་ཞེས། །རང་གི་བདེན་ཁ་རང་ལ་སྦྱིན་པ་འདི། །
རིགས་མཐུན་སྐྱེ་བོའི་ཚོཊ་རྣམས་ཉམས་རེ་དགའ། །མི་མཐུན་ཚོགས་ལ་སྨྲས་མ་ཞེ་རེ་ཁྲེལ། །
མི་མཐུན་རིགས་དྲུག་འགྲོ་བའི་རྒྱལ་ཁབ་འདིར། །བཅུ་ཡིས་འདོད་པ་བརྒྱ་ཡིས་མི་འདོད་ཅིང་། །
མི་ཡིས་མཐོང་བ་ལྷ་ཡིས་མི་མཐོང་བས། །བདེན་རྫུན་ཚད་མའི་ཁྲིམ་ཐག་སུ་ཡིས་ཆོད། །
ཤེས་རབ་སྦྱངས་པས་མི་ཚེ་ཟད་བྱས་པའི། །གྲུབ་མཐའ་མཁན་པོའི་བློ་ཡང་འཁྲུལ་གྱུར་ན། །
འཇིག་རྟེན་བླུན་པོའི་རྫུན་གྱི་སྣང་བ་ལ། །ཐ་སྙད་ཚད་མར་ཡིད་སྟོན་བྱེད་པ་འཁྲུལ། །
མཁོ་ཚད་བཟང་ཚད་སེམས་གྱི་འཆར་སྒོ་ཀུན། །གུད་དུ་ཕྱེ་ནས་ཚད་མར་འདོད་པ་དེས། །
སྒྱུ་མའི་གྲོང་ཁྱེར་ཞིག་པའི་ཐང་སྟོང་དུ། །མིག་འཕྲུལ་ནོར་བའི་ཕུང་པོ་སླར་ཡང་རྙེད། །
བཞིན་རས་ཅུང་ཟད་འགྱུར་བས་འགྱུར་བྱེད་ཅིང་། །མེ་ལོང་ཅུང་ཟད་འགྱུར་ཡང་འགྱུར་འགྱུར་བྱེད་པའི། །མི་བརྟན་འགྱུར་བའི་ཤེས་བྱའི་གཟུགས་བརྙན་འདི། །ནམ་ཞིག་མཐའ་ལ་གཏན་དུ་ཡལ་བར་ངེས། །དཔྱད་པ་འདི་ལ་ཐུགས་པས་མེད་དམ་སྙམ། །ལག་པ་ཁ་ལ་འཕྲད་པས་ཡོད་དམ་སྙམ། །
མྱོང་བ་མངོན་སུམ་ལག་པས་ཡིན་ནམ་སྙམ། །སྣང་བ་འཁྲུལ་པ་སྲིད་པས་མིན་ནམ་སྙམ། །
ཡོད་པའི་རྩ་བ་བཙལ་བས་མེད་དམ་སྙམ། །མེད་པས་རྩེ་མོ་མཐོང་བས་ཡོད་དམ་སྙམ། །
བདེན་པའི་ས་བོན་བཏབ་ན་རྫུན་པར་ཤེས། །རྫུན་པའི་འབྲས་བུ་མྱོང་ཚེ་བདེན་པར་སྣང་། །
༑རྣམ་སྨིན་ལུས་དྲུག་ལྡན་པའི་རིགས་དྲུག་ལ། །སྣང་བ་རྣམ་དྲུག་འབྱུང་བ་སྨོས་ཅི་དགོས། །
དབང་པོ་དྲུག་ལྡན་མི་ཡི་ལུས་ལ་ཡང་། །ཐུན་མོང་རྩ་བ་མེད་པའི་སྣང་བ་དྲུག །
sampa lhundup
འདི་འདྲའི་རྩོམ་རྙོག་མང་པོ་ཤིག་དྲུད་ཡོང་ནས་ག་རེ་བྱ་བསམ་གིན་འདུག་།་ཨ་ཀྱཱ་རིན་པོ་ཆེ་དང་།དགེ་ཆོས་གཉིས་ལ་འབྲེལ་བ་ག་འདྲ་འདུག་།ཐ་སྙད་ཚད་གྲུབ་དང་།ཨ་ཀྱཱའི་རང་རྣམ་གཉིས་ལ་འབྲེལ་བ་ཅི་འདུག་།ཁ་བརྡ་ཚང་གི་དྲ་ས་མ་འཕྲོ་བརླག་ཏུ་མ་གཏོང་།
༄༅། །མཆན༢༢་པ། ཨ་ལགས་ཙ་ཡེ་དེབ་དེ་བརྩམས་པ་ལ་རྟེན་ནས་བཀའ་བློན་རེག་པ་རེད། ཤི་རེ་ཀོ ཨ་རྒྱ་རིན་པོ་ཆེ་ནས་ཀྱང་བོད་ཡིག་ཐོག་བཀམ་ཡོད་ཀྱི་ན། ཞེས་བྲིས་འདུག ཟླ་མེད་ལགས་ཀྱིས་གསུང་པ་དེ་ནོར་འཁྲུལ་རེད། ཨ་ལག་རྣམ་གཉིས་སུ་ཡིན་ཡང་སྤྱི་ཚོགས་ལ་གོ་གནས་དང་ལྡན་པ་ཞིག་རེད། འདམས་ཤོག་བླུགས་པ་ཡིན་ན་བོད་རིགས་ལྷག་བསམ་ཅན་དང་རྣམ་གཉིས་ལ་རྒྱུས་ཡོད་མཁན་ཞིག་ཡིན་ན་བཀའ་བློན་ཐོབ་རྒྱུ་རེད། དེབ་ཆུང་ཞིག་བྲིས་ཡོད་མེད་ལ་ལྟོས་ག་ལ་དགོས། གང་ལྟར་ཡང་རྒྱུས་ཡོད་མཁན་གྱི་དབུས་པ་དང་ཨ་མདོ་མང་དག་ཅིག་གིས་བཤད་པ་ལྟར་ན་ཨ་ལག་ཙ་ཡུ་རི་ཁྲོད་དུ་ཕེབས་རྒྱུའི་དགོངས་པ་བཞེས་ཚེ་གཞུང་ཞབས་ཀྱི་དྲག་ཡོད་མང་པོས་སྤྱི་ཚོགས་ཀྱི་ཞབས་ཞུ་སྒྲུབ་པར་བསྐུལ་མ་གནང་པ་བཞིན་ཕྱག་ལས་གནང་ཚུལ་བཤད་བྱུང་། དེ་བཞིན་ཁོང་ཆོས་དོན་བཀའ་བློན་སྐབས་ཐེ་ཝན་ཀྱི་ནང་པའི་ཚོགས་འདུ་ཞིག་གི་ཐོག་གསུང་དོན། ནང་པའི་གྲྭ་བ་བྱས་ཏེ་བྱང་ཆུབ་སེམས་དཔའི་སྡོམ་པ་བླང་པ་ནས་བཟུང་གཞན་དོན་བྱེད་རྒྱུ་ལས་འགན་གཙོ་བོར་གྱུར་ཡོད། གྲུབ་འབྲས་ཆེ་ཆུང་ལས་དང་སྨོན་ལམ་ལ་རགས་ལས། ང་རང་ལ་ནུས་པ་ཆེན་པོ་མེད་ཀྱང་སྤྱི་ཚོགས་ཀྱི་སྡུག་བསྔལ་བློས་མ་བཟོད་པར་ལས་ཀ་འདི་མི་བྱེད་ཀ་མེད་བྱུང་ཞེས་གསལ་བོར་གསུངས་འདུག
རྒན་རབ་གསལ་ལགས།
ངེད་ཀྱིས་ཐོས་རྒྱུར་སྲིད་དོན་རྒྱལ་རབས་འདི་ཐོག་མར་དབྱིན་ཡིག་ཐོག་ལ་བྲིས། རྗེས་སུ་དེ་བོད་ཡིག་ཐོག་རྒྱས་བྲིས་བྱས་པ་རེད་ཟེར། ལོ་རྒྱུས་སྨྲ་བའི་དབང་ཕྱུག་ཞྭ་སྒབ་པ་དབང་ཕྱུག་བདེ་ལྡན་དང་ཁོང་གི་བུ་གཉིས་ལ། ཨ་རིའི་ཡེལ་སློབ་ཆེན་ནས་རོགས་དངུལ་ཐོབ་ནས། སྲིད་དོན་རྒྱལ་རབས་དེ་ཐོག་མ་དབྱིན་ཡིག་ཐོག་བྲིས་པའི་ལོ་རྒྱུས་ཤིག་འདུག དེ་༡༩༦༧ལོར་དབྱིན་ཡིག་ཐོག་སྤར་འདུག བོད་ཡིག་ཐོག་རྒྱས་བྲིས་བྱས་པ་དེ་ཁྱེད་ཀྱི་གསུངས་པ་བཞིན་༡༩༧༥ལོར་སྤར་འདུག
རྗེས་མ་དེབ་ཀྱི་སྐོར་ལ་འཚོལ་ཞིབ་བྱེད་དགོས་ནས། ཨ་རིའི་གྲོས་ཚོགས་ཀྱི་དཔེ་མཛོད་དཀར་ཆག་ལ་གཟིགས་ན་ཤིན་དུ་སྟབས་བདེའོ།
http://catalog.loc.gov/
ཧོར་འཇིགས་ཀྱིས་སྲིད་དོན་རྒྱལ་རབས་ཞྭ་སྒབ་པས་བརྩམས་པ་མ་ཡིན་པར་དགེ་ཆོས་ཀྱིས་བརྩམས་པ་རེད་ཅེས་བཤད་མི་འདུག་གམ། དེ་ལྟར་ན་ཞྭ་སྒབ་པའི་བྱས་རྗེས་ཤིག་ཧོར་འཇིགས་ཀྱིས་ནག་བསུབ་བཏང་འདུག
ཨ་ཀྱ་རིན་པོ་ཆེས་རང་ཉིད་ཀྱི་མདུན་ལམ་དང་དྲང་བདེན་ཟུང་དུ་འབྲེལ་བ་ནི་རབ་བྱུང་པ་ཞིག་གི་གཟི་བརྗིད་ཡིན་ལ། ནང་མི་གཉེན་འཁོར་ཙམ་སྐྱོང་བའི་རྐང་ལམ་ཕྲ་མོ་དེ་ནས་ཐོན་སྟེ་མི་རིགས་ཧྲིལ་པོའི་ཕུགས་མདུན་ལ་དགོངས་བཞེས་གནང་བ་དེ་ནི་ཨ་ཀྱ་རིན་པོ་ཆེ་ལ་གོང་ས་མཆོག་གིས་ཆེ་མཐོང་ཞལ་གཟིགས་ཐོབ་པའི་རྐྱེན་ཡིན་ངེས། ང་ཚོ་བོད་ཕྱི་ནང་གཉིས་ལ་རང་གི་གཉེན་ཉེ་འཁོར་ཙམ་སྐྱིད་ཐབས་ཆེད་དུ་རྣམ་ཤེས་རྐུབ་ཁུག་ན་སྦས་མཁན་གྱི་མི་ཡང་མེད་པ་མ་རེད། ཨ་ཀྱ་རིན་པོ་ཆེས་རང་ཉིད་ཀྱི་ཐོབ་གོ་ས་བཞག་ནས་བོད་མིའི་ཆེད་དུ་བདེན་པའི་ཕོ་ཉར་ཕེབས་པ་ནི་རྗེས་སུ་ཡི་རང་ཞུ་དགོས་པའི་གནས་རེད།
ཨ་རོ། ཁྱེད་ཀྱིས་བོད་ཡིག་འབྲི་སྟངས་དེ་ཉིད་གནའ་སྲོལ་མིན་པ། དེང་སྲོལ་མིན་པ། བརྡ་སྤྲོད་པའི་སྲོལ་དང་མི་མཐུན་པ། ཕྱི་སྡོད་བོད་ཡིག་གི་འབྲི་སྲོལ་ཡང་མིན་པ། བོད་ནང་གི་འབྲི་སྲོལ་ཡང་མིན་པ། དེ་འདྲ་ཞིག་གི་སྲོལ་ཕྱེ་བ་ལས། བོད་ཡིག་མ་བྲིས་ན་མི་ལེགས་སམ།
+++++++++++++++
སྲིད་དོན་རྒྱལ་རབས་འབྲི་མཁན་ཞྭ་སྒབ་པ་རང་རེད་འདུག ལོ་རྒྱུས་ངོ་མ་དེ་སྦས་ནས་ཁོ་རང་གི་འདོད་པ་དང་མཐུན་པའི་ལུང་དེ་ཚོ་དྲངས། ལུང་དེའི་མཇུག་དེ་མ་ཐག་ཏུ་ཁོ་རང་གི་འདོད་པ་དང་མི་མཐུན་པ་དེ་འདྲ་ཡོད་ན་སྡིག་པ་མིག་བཙུམ་གྱིས་གཅོད་གཏུབ་བྱས་པ་རེད། འདི་ནི་བོད་ནས་ཐོན་པའི་སྲིད་དོན་རྒྱལ་རབས་ཀྱི་སྦས་སྐུང་གསལ་བའི་ཤེལ་དཀར་མེ་ལོང་ཡིན་ནམ་ལྟ་བུའི་ཁ་བྱང་ཅན་གྱི་དེབ་དེར་བལྟས་ན་དོགས་པ་རང་སར་ཆོད་འགྲོ དགེ་ཆོས་ཀྱིས་རྒྱལ་རབས་འབྲི་དུས་བོད་ཕམ་དུས་དང་རྒྱ་ཕམ་གང་ཡིན་ཡང་ཕྱོགས་ལྷུང་མེད་པའི་སྒོ་ནས་བྲིས་ཡོད་པ་དེ་དེབ་ཐེར་དཀར་པོར་བལྟས་ན་གསལ་བོ་རེད། ང་ངོ་མ་སྲིད་དོན་རྒྱལ་རབས་དགེ་ཆོས་ཀྱི་བརྩམས་ཆོས་རེད་ཟེར་རྒྱུར་ངོ་ཚ་གི་འདུག དགེ་ཆོས་ལྟ་བུའི་མཁས་པ་དྲང་བདེན་གྱི་ཆེད་དུ་སྲོག་འདོར་ཕོད་མཁན་ཞིག་གིས་སྲིད་དོན་རྒྱལ་རབས་ལྟ་བུའི་རྒྱལ་རབས་མིག་ཡས་མ་ཞིག་ནམ་ཡང་འབྲི་མི་སྲིད། ནམ་ཡང་། ངས་མནའ་སྐྱེལ་ཐུབ།
སྲིད་དོན་རྒྱལ་རབས་ནི་ཚིག་གི་ཆ་ནས་ཀྱང་ཚིག་ཉོག་སྤུངས་པའི་ལོ་རྒྱུས་ཀྱི་དེབ་རྒན་ཧྲལ་ཧྲུལ་ཞིག་རེད། དེབ་དཀར་ལ་བལྟས་ན་དགེ་ཆོས་ལ་ལྡན་པའི་ཐུན་མིན་ཁྱད་ཆོས་ཏེ་ཚིག་ཉུང་དོན་བསྡུས་ཀྱི་རྒྱལ་རབས་འབྲི་སྟངས་དེ་གསལ་བོ་ཤེས་ཐུབ་ཀྱི་རེད།
རེད་ཡ། ཨ་ལགས་ཚང་གིས་དེབ་གྲུབ་ཚར་བ་རེད། དེབ་ཀྱི་ངོས་ནས་བོད་ལ་བྱས་རྗེས་བཞག་ཚར་བ་རེད། ད་བཀའ་བློན་དེ་བོད་པ་ཚང་ལ་ཁ་ཚ་དགོས་གཏུགས་ཡིན་པ་སྨྲོས་མི་དགོས་པ་ཞིག་རེད། དེས་ན་ཨ་ལགས་ཚང་བཀའ་བློན་འོས་གཞི་ཐོག་བགྲོ་གླེང་གནང་ན་དེ་མི་ཆོག་རྒྱུ་ཡོད་ཀྱི་མ་རེད་བསམ། གོང་དུ་ལྷག་བསམ་རྒྱ་མཚོའི་གསུང་པ་དེ་དུང་ཞེན་གྱི་ངོས་ནས་བཤད་ཀྱི་ཡོད་པ་ཡིན་སོང་། དེ་ལ་ལན་མེད། འོན་ཀྱང་བཀའ་བློན་འོས་གཞི་ཐོག་ཨ་རྒྱ་ཚང་ངེས་པར་དུ་བགྲོ་གླེང་བྱེད་དགོས་པ་རེད་བསམ།
ཨ་རོ། གཞོན་ནུ།
ཨ་ལགས་ཨ་ཀྱཱ་ཚང་། བཀའ་བློན་ལ་བསྐོས་ནས་ཅི་བྱེད་དགོས་རེད་དམ།
ནང་སྲིད་བཀའ་བློན་ཨེ་ཡོང་། ཤེས་རིག་བཀའ་བློན་ཨེ་འཇོན། བདེ་སྲུང་བཀའ་བློན་ཨེ་ཐུབ།
དཔལ་འབྱོར་བཀའ་བློན་ཨེ་ཤེས། ཕྱི་དྲིལ་བཀའ་བློན་ཨེ་འཁྱོངས། ཆོས་རིག་བཀའ་བློན་ཨེ་མཁས།
གཞན།
ཆོས་རིག་བཀའ་བློན་གྱིས་ཆོས་ཤེས་དགོས་ནི་མ་རེད། དགོན་པ་གྲྭ་ཚང་འཛིན་སྐྱོང་བྱེད་སྟངས་ཤེས་ན་དེས་འགྲིག་གི་རེད། ཡིན་ན་ཡང་ཆོས་ཤེས་ན་རྒྱན་རེད།
ཡིན་ན་ཡང་ཨ་རྒྱ་ཚང་གིས་དེང་སྐབས་སྐུ་འབུམ་བྱམས་བརྩེ་གླིང་འཛིན་སྐྱོང་སྤེལ་གསུམ་གནང་སྟེ་ཕྱག་ལས་བྲེལ་བ་ཆེ་བས་མིང་སྙན་པོ་ཞིག་བཏགས་ནས་རྡ་རམ་ས་ལར་འཁྲིད་མ་འགྲོ་ཨ།
དང་པོ།
ཨ་ཀྱཱ་རིན་པོ་ཆེར་ཆབ་སྲིད་ཀྱི་ཉམས་མྱོང་སྣེ་མང་ཡོད་པ་དེ་ཡོན་ཏན་ཅིག་རེད་དྲན། འོན་ཀྱང་། རྡ་ལམ་ས་ལའི་བཀའ་བློན་གྱི་འོས་གཞིར་མི་མཐོང་། གལ་སྲིད་ཨ་ཀྱཱ་རིན་པོ་ཆེ་རྡ་ལམ་ས་ལར་སོང་ནས་བཀའ་བློན་འདྲ་བྱས་ན། སྤྱི་འཐུས་ཁ་ནག་དེ་ཚོས་ཡག་པོ་ཞིག་སྡོད་འཇུག་གི་མ་རེད་བསམ། བཙན་བྱོལ་སྤྱི་ཚོགས་ཀྱི་ཁོར་ཡུག་ནང་ལ་འཕག་འཚག་རྒྱག་སྟངས་མ་ཤེས་ན། རིན་པོ་ཆེར་སྐུ་ངལ་འཕྲད་རྒྱུ་མ་གཏོགས་དོན་དག་འགྲུབ་དཀའ་ནི་རེད་བསམ།
གཉིས་པ།
དེ་ལས། ཨ་ཀྱཱ་རིན་པོས་སྐུ་འབུམ་བྱམས་བརྩེ་གླིང་དེ་བདག་སྐྱོང་གནང་ནས་༧གོང་ས་མཆོག་གི་ཐུགས་ཀྱི་བཞེད་དགོངས་དེ་བསྒྲུབ་ན་དེ་ལ་དགེ་ཕན་ཆེ་བར་མཐོང་།
གསུམ།
དེང་གི་དུས་ཚོད་དེ། བླ་མས་སྲིད་སྐྱོང་བའི་དུས་ཚོད་རེད་མི་འདུག ལྷག་པར་དུ། བཙན་བྱོལ་སྤྱི་ཚོགས་ལ་ཡང་། སྲིད་སྐྱོང་མཁན་བླ་མ་མི་དགོས་བའི་དུས་ཚོད་ལྟ་བུ་ཞིག་ལ་སླེབས་འདུག་དྲན། ཟམ་གདོང་རིན་པོ་ཆེ་བླ་མ་སྲིད་སྐྱོང་བའི་མཇུག་བསྡུ་་དེ་ཡིན་པའི་སྨོན་ལམ་འདེབས་ཀྱི་རེད། གུས་ཞབས་དང་བཅས་སྨོན་ལམ་་རྒྱག་གི་ཡོད།
ཨ་ལགས་ཨ་རྒྱ་ཚང་ལྟ་བུ་སྐུ་འབུམ་བྱམས་བརྩེ་གླིང་ནས་མུ་མཐུད་བཞུགས་ན་ཤིང་བཟང་པགས་པའི་འོག་ནས་རྒས་ཟེར་བ་དེ་རེད། བོད་པ་ཚོའི་ནང་ལ་བགས་ཆགས་གང་ཡང་འཇོག་མི་ཐུབ། སོག་པོ་དང་རྒྱ་ཡི་དད་ལྡན་ཚོའི་ནང་ལ་གཅིག་བྱས་ན་ཆོས་ཀྱི་བགས་ཆགས་ཙམ་འཇོག་ནུས། དེ་མིན་ད་བླ་མ་ཟེར་དུས་འོག་ན་གྲྭ་བ་དགོས་ནི་རེད། གྲྭ་བ་མེད་པའི་བླ་མ་ཟིག་གནང་བསྡད་ན་ད། དེ་འབྲུག་འུར་སྐད་ཆེ་རུང་སྟོང་སྐད་རེད་ཟེར་བ་དེ་རེད།
བཀའ་བློན་ཕྱོགས་ནས་བཤད་ན། ཁོང་ངས་བསམ་ན་བདེ་སྲུང་བཀའ་བློན་འོས་ཤོས་རེད་བསམ། བླ་མས་སྲིད་ལ་ཐེ་ཇུས་བྱེད་མི་ཆོག་ཟེར་ན། འདི་ཁུངས་འཁྱོལ་བའི་སྐད་ཆ་ཟིག་འེ་ཡིན་ན། ཡང་མིན་ན་རྩ་ཁྲིམས་ནང་དུ་བཀོད་ནས་བོད་ཀྱི་འབངས་མི་སུ་ཡིན་ཚང་མ་སྲིད་དོན་བྱེད་པའི་དབང་ཚད་མེད་ཅེས་བཀོད་དགོས། དེ་མིན་བླ་མ་གྲ་བ་ཚོ་སྲིད་དོན་ནང་སླེབས་པ་འགོག་ཐུབ་ཀྱི་མ་རེད། ཁོང་ཚོ་ཡང་བོད་འབངས་ཞིག་ཡིན་པའི་ཆ་ནས་བོད་འབངས་ཀྱི་ཁེ་དབང་ལོངས་སུ་སྤྱོད་དགོས་པ་རེད།
ཨ་རོ། གཞོན་ནུ། ངས་’མི་ཆོག”་འདྲ་ལབ་མེད་ན། ཁྱོའི་ཤ། ང་ལ་བཀའ་དེ་འདྲ་ཆེན་པོ་གཏོང་རྒྱུའི་དབང་ཚད་ཞིག་ག་ནས་ཡོང་གི་རེད། ད་མང་པོ་བཤད་ཀྱི་མིན། ངའི་སྒང་ལ་དྲག་ཆར་འབབ་ས་རེད།
ཁ་སང་སྤྱི་ཆོས་བརྒྱུད་སྤྱི་འཐུས་མི་དགོས་པའི་སྐོར་ལ་ཁ་ཤས་ནས་བགྲོ་གླེང་རྒྱུ་མཚན་ལྡན་པ་གནང་གི་འདུག དེ་མ་གཏོགས་སྤྱི་འཐུས་དང་བཀའ་ཤག་ནང་དུ་བླ་གྲྭ་སླེབས་མི་ཆོག་ཟེར་ན་འདི་ནི་རྒྱུ་མཚན་ལྡན་པ་ཞིག་མི་མཐོང་། ཁྱོད་ཚོས་བལྟས་ན་དེ་འདྲ་འེ་རེད། འཕྱར་གྲུ་མཉམ་འདེགས་བྱེད་དགོས་པ་རེད་དོ།
རིགས་འབྱུང་དཀོན་མཆོག་གསུམ་ད་འཚམ་མ་འཇོག་དང་། བགྲོ་གླེང་བྱས་པར་དེ་འདྲའི་སྡུག་པ་ཆེན་པོ་ཟིག་ག་ལ་ཡོད། ཁྱོད་རང་ནི་མི་ཤེས་རང་དང་ལྷག་བསམ། ཡོན་ཏན། བོད་ཞེན་གང་གི་ཆ་ནས་ཀྱང་ཚང་བསྡད་ཡོད་པ་རེད་པ། ཁ་ཤས་ཀྱི་ཚིག་ངན་བཤད་པ་ལ་འཛེམས་དགོས་དོན་མེད་ཀ དེ་ལྟར་འཛེམས་བསྡད་ན་སྤྱི་བའི་དོན་ཟེར་ནི་ཟིག་སྒྲུབ་མི་ཐུབ་ཁོ་ཐག་ཡིན། རྒྱང་བཀྱེད་ནས་སྐད་ཆ་ཟིག་བཤད་སྡོད་པ་མ་གཏོགས། བགྲོ་གླེང་གནང་རོགས།
ད་ཐེངས་བཀའ་ཁྲི་བླ་བཟང་སེང་གེ་ཡག་ཤོས་དང་དགོས་མཁོ་ཆེ་ཤོས་རེད། ཁོང་གི་ཁྲིམས་ལུགས་ཀྱི་ཤེས་ཡོན་ཆེན་པོ་དེས་ང་རྒྱལ་སྐད་ཆེན་པོ་བརྒྱག་རྒྱུ་ལས་གང་ཡང་མེད་སྤྱི་འཐུས་ནོར་རྫི་འདྲ་བོ་ཚོ་ལས་སླ་བོས་སྟངས་འཛིན་མགོ་གནོན་བྱེད་ཐུབ་པ་དང་། གཉིས་ནས་བོད་གཞུང་ཁྲིམས་ལུགས་ཀྱི་འཛིན་སྐྱོང་དགོས་པའི་དུས་ཤར་ཡོད་དང་། ཆོས་ལུགས་དང་དད་པ་ཁ་སྤྲོད་ཀྱི་འཛིན་སྐྱོང་བྱེད་པའི་ལམ་སྲོལ་ཉེན་ཁ་ཚ་བོ་འདི་མེད་པ་ཆགས་རན་འདུག དེའི་ང་ཚོའི་བཀའ་ཁྲི་ལ་གཙོ་བོ་དེང་གི་ཆབ་སྲིད་དང་ཁྲིམས་ལུགས་ཀྱི་ཤེས་ཡོན་འབུར་དུ་ཐོན་པ་ཞིག་ངེས་པར་དུ་དགོས་པ་ལས། བླ་མ་དང་བཀའ་ཟུར་སོགས་རྒན་པོ་ཉམས་མྱོང་རབ་རབ་ཅན་ཚོ་བེད་སྤྱོད་ཆེན་པོ་མེད་མཐོང་། ཁོང་སྤྱི་བཏང་མྱོང་ཚོར་རབ་རིབ་ཙམ་ལས། ཆབ་སྲིད་དང་ཁྲིམས་ལུགས་ཀྱི་སློབ་སྦྱོང་མེད་པ་ཡིན་ཙང་། བསམ་ཚུལ་དང་གནས་ཚུལ་གང་ཞིག་༧རྒྱལ་བའི་བཀའ་དང་མཐུན་མིན་ཁོ་ན་ལྟ་གི་རེད། ངོ་ནས་ཡིན་ན་བསམ་ཚུལ་དང་གནད་དོན་ཚང་མ་ཁྲིམས་དང་མཐུན་མིན་ཁོ་ན་གཞི་ལ་བཞག་ནས་ཐག་གཅོད་དགོས་པ་རེད།
ཁྲིམས་དང་མཐུན་མིན་གཙོ་ཆེ་བ་ལས་བཀའ་དང་མཐུན་མིན་མི་གཙོ། ད་བར་བཀའ་དང་མཐུན་མིན་གཙོ་བོར་ལྟ་བ་ལས། ཁྲིམས་དང་མཐུན་མིན་གཙོ་བོར་ལྟ་རྒྱུའི་གོམས་གཤིས་བཙན་བྱོལ་བོད་གཞུང་ཧ་ཅང་ཆུང་ཆུང་རེད། དེའི་ཕྱིར་བཀའ་ཁྲི་རྗེས་མ་དེ་གནས་ཚུལ་ཆེ་ཆུང་ཚང་མ་ཁྲིམས་ཀྱི་འགྲོ་ལྟངས་ཀྱི་ཐོག་ནས་ལྟ་ཐུབ་མཁན་ཞིག་ཡོང་བའི་རེ་བ་ཡོད།
ཁྲིམས་ལུགས་ཟེར་བ་འདི་ལ་གཞི་རིམ་ཁ་ཤས་མ་ཚང་ན་དོན་ཐོག་ལ་འཁྱོལ་གྱི་མ་རེད། དེ་ནི་ཁྲིམས་འགལ་བྱས་ན་ཉེས་ཆད་གཅོད་ཕྱོགས་རེད། ཉེས་ཆད་བཏང་བ་ལ་ངོ་ལོག་བྱས་ཚེ་ཅི་བྱེད་རེད། ང་ཚོ་ལ་བཙན་བྱོལ་བོད་གཞུང་ལ་དེ་གང་ཡང་ཡོད་པ་མ་རེད། དེའི་རྐྱེན་གྱིས་ཤུགས་ལྡན་ཚོགས་པ་ནས་མི་བསོད་མེ་རྒྱགས་བྱས་ན་ཡང་བོད་གཞུང་ལ་བྱས་ཡ་གང་ཡང་ཡོད་པ་མ་རེད། དེ་བཞིན་དུ་ད་ལོ་སྤྱི་འཐུས་ནང་དུ་སྤྱི་འཐུས་ཁ་ཤས་ནས་རང་སྣང་གང་ཤར་བྱེད་ཀྱི་ཡོད་པ་རེད། བོད་གཞུང་གིས་གང་ཡང་བྱེད་ཐུབ་ཀྱི་མ་རེད། དེ་ནི་ཅིག་ཚང་གི་ཡོད་པ་མ་རེད་ཁྲིམས་ལུགས་ཀྱི་སྒྲོམ་གཞི་ལ། དེ་ཡང་ཡུལ་དུས་ཀྱི་དབང་གི་རེད། ཁྲིམས་ཞིབ་བྱས་མི་ཆོག། བཙན་ཁང་མེད། ཉེན་རྟོགས་པ་མེད། དམག་མི་མེད། དེའི་རྐྱེན་གྱིས་ཁྲིམས་ལུགས་མཁས་མ་མཁས་སྟེང་ནས་བཤད་འོང་བ་འདི་ནི་མ་འོངས་པའི་སྦྱོང་བརྡར་སྤྲོད་ཕྱོགས་ཐད་ནས་ཤིན་ཏུ་ནས་བཟང་ན་ཡང་། གཙོ་བོ་མི་ནུས་པ་ཅན་ཞིག་དགོས། དེ་མ་གཏོགས་སུ་ཡང་གཅུམ་མི་ཐུབ།
ང་ཚོའི་བཙན་བྱོལ་བོད་གཞུང་གི་སྒྲིགས་འཛུགས་འདི། ཁྲིམས་ལུགས་ལ་རྟེན་ནས་བསྡད་ཡོད་པ་མ་རེད། གང་ཡིན་ཟེར་ན་ཁྲིམས་འགལ་ལ་ཁྲིམས་ཐོག་ནས་ཉེས་ཆད་གཅོད་པའི་དབང་ཚད་ཆ་ཚང་མེད་པའི་རྐྱེན་གྱི་རེད། ང་ཚོའི་བཙན་བྱོལ་བོད་གཞུང་འདི་འདི་ལྟར་སྲ་ཐག་ཐག་བསྡད་ཡོད་པ་འདི་། གཙོ་བོ་བོད་འབངས་ཡོངས་ཀྱི་དད་པ་དང་དམ་ཚིག་གིས་བཟུང་བསྡད་ཡོད་པ་རེད། དེ་བཞིན་དུ་སྒང་ན་བཞུགས་མཁན་གྱི་ལྷག་བསམ་གྱི་དབང་གིས་རེད། འདི་དག་གིས་བཟུང་བསྡད་ཡོད་པ་རེད། རང་བཙན་འདྲ་བོ་ཅིག་རེག་ན་ལོག་ཀ་རེད། ཁྲིམས་ལུགས་ལ་ཚང་དགོས་པའི་ཆ་རྐྱེན་ཆ་ཚང་རང་དབང་གིས་བཟོ་ཆོག་གི་རེད།
ཙན་དན་ལོ་མ་།
ཆོས་ལུགས་དང་དད་པ་ཞེས་ཐམས་ཅད་རིལ་རིལ་ཅིག་གི་ནང་དུ་བསྡུས་ཏེ་ས་ལ་མ་འདེབས་།ཆོས་དང་སྲིད་ཟེར་བ་།དེ་བཞིན་སྲོལ་རྒྱུན་དང་།དེང་རབས་ཟེར་བའི་སྐད་ཆ་འདི་ཚང་མ་ཡོང་སྟངས་ནུབ་ཀྱི་མཚན་ཉིད་རིག་པ་རེད་།ཁོ་ཚོས་ཤར་ཕྱོགས་ཀྱི་ལྟ་བ་སོགས་ཀྱི་ཐད་ལ་འདྲིས་ཆ་མེད་པའི་ཁར་།བོད་ཀྱི་ཆོས་དང་རིག་གཞུང་གི་སྐོར་ལ་དེ་བས་འདྲིས་ཆ་ཆེན་པོ་མེད་།དེ་བས་ནུབ་ཀྱི་ལྟ་བ་མགོ་ཚོས་ལ་མ་ཚོས་བ་དག་ཁྱེར་ཡོང་ནས་གཞན་ཁ་གཅོད་རྒྱུའི་ཐབས་ཤེས་མ་གཏོང་།ཁྱེད་རྒྱ་ནག་གི་སློབ་གྲ་སོང།ནུབ་ཀྱི་ལྟ་བ་མགོ་སྔ་མི་ཐོན་པ་ཤིག་གོ།དེ་ནས་སྐད་ཆ་ཆེན་པོ་།ཆོས་དང་དད་པ་ཟེར་བ་དམངས་གཙོ་དང་མི་མཐུན་སོགས་ཟེར་ནས་སྐད་ཆ་རང་གིས་ཧ་མ་གོ་བ་།གཞན་སྐྲག་འགྲོ་དགོས་བ་ཞིག་བཤད་ནས་།དམངས་གཙོ་འཛུགས་བསམ་གིན་ཡོད་ན་།དེ་ནོར་འཕྲུལ་རེད་།
གྲ་བའི་སྲིད་འཛིན་མི་ཆོག་པ་སུས་ལབ་གིན་འདུག་།ད་བར་ཏུ་བོད་ཀྱི་སྤྱི་དོན་གྱི་ཆེད་དུ་སྲོག་བཏང་བ།བཙོན་དུ་ཡོད་པ་།ཐ་ན་ཡི་གེ་ཚུན་ཆད་འབྲི་མཁན་དགེ་འདུན་པ་དང་།བཙུན་མ་ཁྱེད་ཚོས་ཁོག་ན་མི་ཟད་པའི་ཞེ་ཁོག་འཛིན་བཞིན་པ་དེ་ཚོ་རེད་།དེ་བཞིན་།དེ་བཞིན་ས་བྱི་ལོ་ནས་བོད་ས་ཁམས་ཡོངས་སུ་ཞི་བའི་ཁྲོམ་སྐོར་བྱ་མཁན་དང་།དད་པ་ཅན་གྱིས་ཞིང་པ་དང་།་འབྲོག་པ་།་ཚོང་པ་དེ་ཚོ་རེད་།
ཆོས་དང་དད་པ་དུག་ཏུ་བརྩི་བའི་ཤེས་ཡོན་པ་དང་།སློབ་གྲ་བ་།དེ་བཞིན་ལས་བྱེད་པ་གང་དུ་འགྲོ་སོང་།རེད་།བོད་ཁམས་ཡོངས་ཡར་ལངས་ནས་།ཉིན་བཅུའི་རྗེས་སུ་ནུབ་བྱང་གི་སྐད་རྒྱབ་པ་དང་།དེ་པེ་ཅིན་གྱིས་སྐད་རྒྱབ་པ་དང་།ལོ་གཉིས་ཀྱི་རྗེས་སུ་ཞོགས་དུང་གིས་ཉིང་གུང་གིས་ཉིན་དུང་གིས་དུང་བུས་བ་རེད་།སྐད་ཆ་དྲང་བོ་ཤོད་།ལོ་རྒྱུས་དྲང་མོ་འབྲི།
བསྟན་པ་ལ་དགྲ་བྱུང་ན། མཁར་གསིལ་གྱིས་མདུང་ཚབ་བྱོས། ཟེར་ག འདི་སུའི་གསུང་ཡིན་མིན་མི་ཤེས། ཡིན་ན་ཡང་། དེང་སང་གི་བོད་པའི་གནས་སྟངས་དང་མཐུན་པ་ཞིག་རེད།
ང་ཨ་རི་ན། ང་ལོ་རྗེས་མའི་བཀའ་བློན་ཁྲི་བའི་འགྲན་བསྡུར་ནང་ཞུགས་ན་འདོད།
གལ་སྲིད་ང་ཐོབ་པ་ཡིན་ན། རྡ་རམས་ས་ལར་གནས་སྤོ་མ་བྱས་པར་ཨ་རི་རང་ནས་བཞུགས་ཏེ་ཕྱག་ལས་གནང་ན་འགྲིག་གི་རེད་དམ།
གཞོན་ནུས་གསུངས་བ་བཞིན། ཨ་ཀྱཱ་རིན་པོ་ཆེ་བདེ་སྲུང་བཀའ་བློན་ལ་འོས་ན། བདེ་སྲུང་ལྷན་ཁང་གི་འོས་འགན་ག་རེ་རེད།
འོས་འགན་དེ་དག་སྤྱི་ཡོངས་ནས་ཚགས་ཚུད་པ་ཞིག་སྐྱོང་ཐུབ་རྒྱུའི་འཇོན་ནུས་དེ་ཨ་ཀྱཱ་རིན་པོ་ཆེའི་སྒང་ན་འདུག་གམ། དེ་དག་རེ་རེ་ལ་བསམ་བློ་གཏོང་རྒྱུ་ཡོད་དྲན་རེད།
དེ་ནས། ཨ་ཀྱཱ་རིན་པོ་ཆེ་བཙན་བྱོལ་སྤྱི་ཚོགས་ལ་རྒྱུས་མངའ་ཅི་ཙམ་ཡོད་དམ། བཙན་བྱོལ་བོད་གཞུང་གི་འཛིན་སྐྱོང་ལ་རྒྱུས་མངའ་ཅི་ཙམ་ཡོད་དམ། བཅའ་ཁྲིམས་རིན་པོ་ཆེ་དང་དེའི་གཤམ་འོག་ན་བཞུགས་མཁན་གྱི་འཛིན་སྐྱོང་བཀའ་ཤག་དང་ཁྲིམས་བཟོ་ལྷན་ཚོགས། ཁྲིམས་ཞིབ་ལྷན་ཁང་་སོགས་ལ་ཆ་རྒྱུས་ཅི་ཙམ་ཡོད་དམ། ད་དུང་། རྒྱ་གར་སྤྱི་ཚོགས་དང་བདེ་སྲུང་གི་ལས་ཀྱི་སྣེ་མོར་གཏོགས་པ་ཚོ་དང་མཉམ་དུ་ཨ་ཀྱཱ་རིན་པ་པོ་འབྲེལ་འདྲིས་ཅི་ཙམ་ཡོང་ས་རེད།
འདི་ཚོ་རེ་རེ་བཞིན་རྩིས་འདྲ་ཞིག་རྒྱག་རྒྱུ་མེད་འགྲོ་དྲན།
དེ་ནས། ཁྲིམས་ཀྱི་དབང་བསྒྱུར་ཕྱོགས་ལ་བསྐྱོད་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད།
ཕུགས་རྒྱང་རིང་པོའི་ཐོག་ནས་གལ་ཆེན་རེད་དྲན། ད་ཕན། བཙན་བྱོལ་སྤྱི་ཚོགས་སྲ་བརྟན་བྱས་ནས་སྡོད་ཐུབ་པ་འདི་། གཙོ་བོ་མགོ་ན་བསྡམས་མཁན་ཡག་པོ་ཞིག་ཡོད་པའི་བཀའ་དྲིན་རེད། ཚང་མ་རྡོག་རྡོག་བྱས་ནས་སྐྱོར་འདུག་མཁན་དེ་༧གོང་ས་མཆོག དེར་བརྟེན། གྲོས་ཚོགས་ཀྱིས་ད་རུང་ཡིན་ན་ཡང་། ༧གོང་ས་མཆོག་གིས་ཡེ་ཤེས་དབྱིངས་དཔྱད་བྱས་ཟེར་གྱི་འདུག་ག། ཕལ་ཆེར། ༧གོང་ས་མཆོག་གི་ཐུགས་ཞུམ་གྱི་ཡོད་ཀྱི་རེད་དྲན། ཡེ་ཤེས་དབྱིངས་དཔྱད་ཀྱི་སྒང་ལ་ཐག་གཅོད་དང་འགན་ཆ་ཚང་སྤུངས་བཞག་ན། སྤྱི་འཐུས་ཚོ་གཉིད་སྡོད་ཀྱི་ཡིན་ནམ། ཚང་མ་ཡེ་ཤེས་དབྱིངས་དཔྱད་ཀྱི་འགྲིག་གི་ཡོད་ན། དེ་རིང་ནས། བཅའ་ཁྲིམས་རིན་པོ་ཆེ་ཡང་མེད་པ་བཟོ་རོགས། སྤྱི་ཚོགས་ལྷན་ཚོགས་ཀྱང་སྒོ་རྒྱག་རོགས་གནང་།
ང་ཚོའི་ཁྲིམས་ཞིབ་ལྷན་ཁང་དེ་ནི། ཡོད་ན་དེ་འདྲ་ཞིག་རེད། མེད་ན་ཡང་་དེ་འདྲ་ཞིག་རེད། མིང་ཙམ་ཡོད་པ་དེ་ཡག་པོ་རེད། མིང་དེ་མཚམས་རེར་དགོས་གལ་ཆེན་པོ་རེད།
ད་ལྟ་ཕན་ལ། ཉེས་དོན་ལ་ལག་པ་འཆང་མི་ཆོག་པའི་ཐོག་ལ། དམངས་དོན་ཡང་ཐག་གཅོད་ཡག་པོ་ཞིག་ཡོང་གི་མེད། དེ་ལ་ཡང་ཁག་ཡོད་ཀྱི་མ་རེད་དྲན།
ཆེས་མཐོའི་ཁྲིམས་ཞིབ་ལྷན་ཁང་ལ་ད་ལྟ་བར་དུ་ཞུ་གཏུགས་ཐེངས་དགུ་རེ་ཅིག་སླེབས་ཡོད་དྲན། ས་གནས་ཁྲིམས་ཞིབ་ལྷན་ཁང་དེ་ཚོ་མ་ཤེས།
བསྐོར་བསྐྱོད་ཁྲིམས་ཞིབ་ལྷན་ཁང་ནི་སྟོང་པར་ལུས་བསྡད་ཡོད་དྲན། དེ་འདྲ་ཞིག་རེད།
རྣམ་པ་ཚོ་སྐུ་མཁྱེན་ང་ལ་དྲི་བ་གཅིག་ཡོད་ལན་ཞིག་གནང་རོག་ངས་རེ་བ་ཡིན
མི་རིགས་འདྲ་མེད་རིང་ལུགས”་ཟེར་བ་ཞིག་གོ་མྱོང་ཡོད་དམ། གལ་སྲིད་ཡོད་ན་དེའི་ཕྱོགས་ཀྱི་རྒྱུ་ཆ་འདྲ་འདོན་སྤེལ་བྱེད་རོགས། དེའི་རྒྱུ་མཚན་ནི་ངའི་དཔྱད་རྩོམ་ནང་བོད་ཡིག་གི་བསླབ་གཞི་ནང་སྲོལ་རྒྱུན་རིག་གནས་སྲོག་རྩྭ་རུ་གྱུར་བའི་རང་གི་རིག་གནས་སོགས་མ་བཀོད་ན་“མི་རིགས་འདྲ་མེད་རིང་ལུགས”་ཀྱི་འདུ་ཤེས་ཆགས་པར་ཉེན་ཁ་ཆེ་སོགས་ཀྱི་བསམ་ཚུལ་འདོན་གི་ཡོད། ཡིན་ཡང་“མི་རིགས་འདྲ་མེད་རིང་ལུགས”་ཕྱོགས་ནས་ལུང་དང་བཅས་པའི་ར་སྤྲོད་བྱེད་མི་ཐུབ་གི
ད་དུང་“སྲོལ་རྒྱུན་རིག་གནས”་ཀྱི་ཕྱོགས་ནས་ཡང་རྒྱུ་ཆ་འདྲ་ཡོད་ན་ངོ་སྤྲོད་བྱེད་རོགས།
བཀའ་དྲིན་ཆེ།
ངས་ཨ་རྒྱ་རིན་པོ་ཆེ་བདེ་སྲུང་བཀའ་བློན་ལ་འོས་ཟེར་བ། གཅིག་བོད་ནང་དུ་ལས་འགུལ་སྤེལ་ཕྱོགས་ཐད་ནས་རེད། གཉིས་རྒྱ་ནག་ཕྱོགས་ལ་ལྟ་རྟོགས་བྱེད་ཕྱོགས་ཐད་ནས་རེད། གསུམ་ད་ཐེངས་ཀྱི་ཁོང་གི་དེབ་དེ་ཡང་གལ་ཏེ་བཙན་བྱོལ་བོད་གཞུང་གི་ཕྱག་ལས་ཞིག་ལ་ཆ་བཞག་ན་བདེ་སྲུང་ཉམས་ཞིབ་ལས་ཁུངས་ཀྱི་ཕྱག་ལས་ཕྱོགས་ལ་གཏོགས་པ་རེད་དྲན། དེའི་རྐྱེན་གྱིས་ཁ་སང་ནས་ངས་རྣམ་ཐར་ཟེར་བ་ལས་ལོ་རྒྱུས་སམ་མི་ཚེའི་ནང་གི་བྱུང་བ་ཟེར་ན་འོས་ཟེར་བ་ཡིན། དེ་མིན་བདེ་སྲུང་ཚང་གི་འགན་ཙག་ཙིག་རིགས་དང་རྒྱ་གར་གཞུང་དང་འབྲེལ་བ་བྱེད་ཕྱོགས་ཐད་ནས་བདེ་སྲུང་དྲུང་ཆེ་ལས་རོགས་རམ་ལེན་རྒྱུ་རེད། ད་དུང་དཀའ་ངལ་ཕྲད་ཚེ་ཨ་ལགས་འཇིགས་མེད་ལས་བཀའ་སློབ་ལེན་རྒྱུ་རེད། སྔོན་མ་སྤྱི་འཐུས་དྲི་བ་ཞིག་ལ་རྒྱ་ལོ་དོན་འགྲུབ་ནས་ལན་འདེབས་གནང་སྐབས། ངས་རྒྱ་བོད་གཉིས་ཀྱི་བར་གྱི་དཀའ་ཉོག་འདི་སེལ་ཐབས་ལ་འབད་པ་བྱེད་བཞིན་ཡོད། རྩིས་ཞིབ་ཐད་ལ་ཉམས་མྱོང་མེད་པས་དྲུང་ཆེ་ལ་དྲི་བ་བཀོད། ཟེར་བ་ཅིག་དྲན། དེ་བདེན་པ་རེད་པ།
གཞོན་ནུ་ཁྱོད་ད་རུང་མ་གཉིད་ནས་ལས་ཀ་བྱེད་ཀྱི་འདུག ཁྱེད་འདི་ངར་བ་རེད། ང་ལ་ཡང་བསམ་ཚུལ་མང་། བསམ་ཚུལ་རེ་རེ་བཞིན་ཁྱོའི་མདུན་ལ་འཇོག་གི་ཡིན།
སང་ཉིན་ཡིན། ངས་འདི་ལ་བཅར་འདྲི་ཞིག་མ་ཚར་ནས་ཡོད། དེ་ཚར་སོང་ན། གཉིད་ཀྱི་ཡིན། གཟིམ་འཇགས་གནང་རོགས།
ཨ་རོ། ཁྱོད་ནང་བཞིན་ཕྱག་ལས་གནང་ཐུབ་མཁན་ཞིག་ཡིན་ན། གོང་དུ། བསྟན་འཛིན་བདེ་གསལ་ཟེར་མཁན་ཞིག་གིས། གལ་སྲིད་ང་ཐོབ་པ་ཡིན་ན། རྡ་ལམ་ས་ལར་གནས་སྤོར་མ་བྱས་བར་ཨ་རིའི་ནང་བཞུགས་ཏེ་ཕྱག་ལས་གནང་ན་འགྲིག་གི་རེད་དམ་ཞེས་བའི་ལན་ལ།
འགྲིག་གི་རེད་ལབ་ན་ཡག་ས་རེད་གོ། ཧ་ཧ། ཨ་ལ་། ཀུ་རེ་ཡིན།
གོང་དུ་བོད་པའི་སློབ་ཕྲུག་ནས་༼མི་རིགས་འདྲ་མེད་རིང་ལུགས་༽ ཟེར་བ་འདི་མི་རིགས་འདྲ་མིན་རིང་ལུགས་ཟེར་བ་འེ་ཡིན་ན། དེ་ཡིན་ན་བོད་ལ་མི་རིགས་འདྲ་མིན་ཡོད་པ་རེད། བོད་རིགས། སོག་རིགས། རྒྱ་རིགས། ཧོས་རིགས་བཅས་ཡོད་པ་རེད། དེ་རེ་རེ་ལ་རང་རང་གི་ཆོས་ལུགས་བྱེད་ཕྱོགས་མི་འདྲ་བ་དང་། རིགས་གཞུང་མི་འདྲ་བ། གོམས་གཤིས་མི་འདྲ་བ། རང་རིགས་ལ་ཞེན་ཆགས་མི་འདྲ་བ་སོགས་རང་རང་གི་རིང་ལུགས་རེད་ཡོད་པ་ལ་ཟེར་བ་འེ་ཡིན།
དེ་མིན་འདྲ་མེད་ཅེས་ཟེར་ན། ཡི་གེ་ལ་བརྟགས་ན་མི་ཤེས་མོད། སྒྲ་ལ་བརྟགས་ན་ང་སྐྱེ་ཡུལ་ན་ཁ་སྐད་ཅིག་ཡོད་པ་དེ་འདྲ་བོ་འདུག དེའི་དོན་ནི་མི་གཉིས་རྡུང་རེ་རྒྱལ་ནས་ཕམ་འགྲོ་མཁན་ལ་འདྲ་མེད་ཟེར་གི་རེད། དེ་ལྟར་ན་མི་རིགས་འདྲ་མེད་ཟེར་ན། ཕམ་འགྲོ་བའི་མི་རིགས་ཅིག་གམ། ཡང་ན་བློ་ཁོག་མེད་པའི་མི་རིགས་ཅིག་གི་རིང་ལུགས་ལ་ཟེར་གྱི་མེད་དམ་སྙམ། འོན་ཀྱི་དེའི་ཡི་གེ་བྲིས་ན་བྲ་མེད་ཟེར་དགོས་སམ་སྙམ། གང་ཡིན་ཟེར་ན་བྱིས་པ་མ་རབས་ལ་བྲ་ཚགས་ཟེར་གྱི་རེད། དེ་བས་ནས་བྲ་ཟེར་བ་འདི་བློ་ཁོག་སམ། མི་མངོན་པའི་ཆོས་ཅིག་ལ་ངོས་འཛིན་བྱེད་ཀྱི་ཡོད་པ་འདྲ། དེ་ན་མི་རིགས་བྲ་མེད་ཟེར་བ་ཡིན་ནམ།
ཡང་ན་མི་རིགས་དེ་མི་རིགས་ཟེར་ན་འདྲ་ཆགས་པོ་མེད་ཅེས་ཟེར་ན་དེ་འདྲའི་རྩོམ་ཡིག་ཅིག་བྲིས་ས་མི་འགྲོ་ཀ དེ་འདྲ་འེ་རེད། ངས་འདྲ་མེད་ཅེས་པའི་ཚིག་དོན་ལ་དཔྱད་པ་ཡིན།
ཨ་རོ། གཞོན་ནུ། ཨ་ཀྱཱ་རིན་པོ་ཆེར་དཀའ་ངལ་འཕྲད་ཚེ། ཨ་ལགས་འཇིགས་མེད་ཀྱི་རྩ་ནས་བཀའ་སློབ་ལེན་རྒྱུ་རེད་ཟེར་བའི་གོ་དོན་ཅི་རེད།
རིགས་འབྱུང་། ང་གཉིད་ཁུག་པར་བློ་མི་བདེ་ཀི ཨ་རྒྱ་རིན་པོ་ཆེ་ནས་དེབ་རྒན་ཞིག་བརྩམས། ཨ་རིའི་ནང་གི་སློབ་གྲྭ་འདྲ་མིན་ན་བགྲོ་གླེང་བྱེད་ཀྱི་འདུག་ཀ ང་ཚོ་ཁ་བརྡ་ནང་ན་དེ་ལ་བགྲོ་གླེང་མ་བྱས་པར་ཚེ་རིང་སྐྱིད་ཀྱི་རྩོམ་ཐུང་ཞིག་མཆན་མང་ཤོས་ཆགས་བསྡད་འདུག དེ་བས་ན་ངས་ཨ་རྒྱ་རིན་པོ་ཆེའི་དེབ་འདི་ལ་ཁ་བརྡ་ནང་དུ་ཚེ་རིང་སྐྱིད་ཀྱི་རྩོམ་ཐུང་དེའི་མཐོང་ཡང་མི་འཇོག་པ་ཅི་ཡིན་ནམ་ཟེར་ནས་མགོ་སྐྱོར་ནས་བསྡད་ཡོད།
འོ་ཡ། ཨ་རྒྱ་རིན་པོ་ཆེ་བདེ་སྲུང་བཀའ་བློན་ལ་བསྡད་ན། ཨ་ལགས་འཇིགས་མེད་ལས་བཀའ་སློབ་ལེན་དགོས་པ་མང་ནི་རེད། གཅིག་ཨ་ལགས་འཇིགས་མེད་ལ་བདེ་སྲུང་བཀའ་བློན་ལ་བཞུགས་པའི་ཉམས་མྱོང་ཡོད་པ་རེད། གཉིས་སྔོན་མ་བོད་ནང་ལ་གཟིགས་སྐོར་ལ་ཕེབས་མཁན་ཚོའི་ནང་ནས་གྲུབ་འབྲས་ཆེ་ཤོས་ཨ་ལགས་འཇིགས་མེད་ཆགས་བསྡད་ཡོད་པ་རེད་ཟེར་ན་གླེང་སློང་ཅིག་མཐོ་རིམ་པའི་ནང་ན་འདུག གསུམ་རྡ་སའི་འགྲོ་ལུགས་འདུག་སྟངས་དང་སྤྱི་འཐུས་ཁ་ནག་ཚོས་སུན་པོ་བཟོས་ནས་དཀའ་ངལ་ཕྲད་ན་སོགས་ཨ་ལགས་འཇིགས་མེད་ཉམས་མྱོང་ཆེན་པོ་རེད།
དེ་ངས་མི་ཤེས། ཁྱེད་རང་ཚོ་མཆན་རྒྱག་མཁན་ཚོས་། སོ་སོར་སྐད་ཆ་དྲིས། མ་རེད་དམ།
ངས་བཅར་འདྲི་དེ་ཡིག་ཐོག་ལ་ཕབ་ཚར་སོང་། བཅར་འདྲི་དེ། ཉེ་ཆར་བོད་ནས་ཨ་རིར་ཕེབས་མཁན་གྱི་བོད་རིགས་ཏང་ཡོན་པ་རྒན་པ་ཞིག་ལ་ཡིན། ང་མ་གཉིད་སྔོན་ལ་། ཁྱེད་ལ་སྒྲུང་ཐུང་ཞིག་བཤད། འདི་ཁུངས་ཡོད་པའི་སྒྲུང་ཞིག་ཡིན།
སྒྲུང་དེ་རྒྱ་ལོ་དོན་གྲུབ་ཀྱི་སྐོར་ཡིན། རྒྱ་ལོ་དོན་གྲུབ་ཀྱིས་རྩིས་ཞིབ་ངས་མི་ཤེས་ཟེར་བ་དེ་དང་འབྲེལ་བ་ཡོད།
ཨ་རྒྱ་ཟེར་བའི་ཡི་གེ་འདི་ཨ་རྒྱ་ཟེར་ན་དག་ཤོས་རེད་བསམ་ན་ཡང་། ཨ་ཀྱྰ་ཅེས་བྲིས་འདུག དེ་གང་ཡིན་ནམ། ང་ཡི་གེ་འདི་ལ་དོགས་པ་ཟ་ནས་རྒྱུན་རིང་འགོར་ན་ཡང་ད་དུང་མི་ཤེས་ཀི ལན་ཡག་པོ་རྒྱག་མཁན་ཅིག་རེག་མ་སོང་། ཡི་གེ་འདི་མི་དག་གི་ཟེར་མི་ཕོད། ཨ་རྒྱ་ཡོངས་འཛིན་དབྱངས་ཅན་དགའ་བའི་བློ་གྲོས་ནས་ཁོང་གི་གསུངས་འབུམ་ནང་དུ་ཨ་ཀྱྰ་ཅེས་བྲིས་འདུག ཁོང་དཔེ་མི་སྲིད་པའི་ཕྱག་དཔེ་དང་གང་ཅིའི་ཐད་ནས་མཁས་པ་རེད། འོན་ཀྱང་ཁོང་གི་དག་ཡིག་ན་ཡང་༼གཡག་ནི་བཞི་རྒྱུ་མེད་པའི་འབྲི་སྐམ་མོ༽ ཟེར་འདུག དེ་ནི་དམངས་ཁྲོད་ཀྱི་བོད་བརྡ་ཁ་ཤས་ལ་ཁོང་ཡང་ཐུགས་རྒྱུས་མེད་པ་འདྲ་ཡོད་སྲིད། དེ་ན་ཨ་ཀྱྰ་ཟེར་བ་འདི་ཡིག་ནོར་ཡིན་ནམ། ད་ཐེངས་འདི་ལ་ཡང་ཨ་ཀྱྰ་ཟེར་ནས་བྲིས་འདུག་ཀ ངོ་ནས་བཤད་ན་རྗེ་རིན་པོ་ཆེའི་ཨ་རྒྱ་སྟེ་ཡབ་ཀྱི་སྤྲུལ་སྐུ་ཡིན་ཅེས་པའི་དོན་མ་ཡིན་ནམ། དེ་ལ་ཨ་ཀྱྰ་ཅེས་པའི་ཡི་གེ་འདི་ཅི་ལྟར་བྲིས་པ་རེད།
༼གཡག་ནི་བཞོ་རྒྱུ་མེད་པའི་འབྲི་སྐམ་མོ༽ཟེར་ནས་བཅོས་རོགས།
ཁ་སྔོན་། ངས་ཀྱས་ཨ་རྒྱ་ཟེར་ནས་འབྲི་ཤོར་སོང་། དེ་དུས། སྐབས་ཐོག་རང་ལ་བོད་རིགས་གཞོན་སྐྱེས་མཁས་བ་ཞིག་གིས། ཨ་རྒྱ་མ་རེད་ཨ་ཀྱཱ་རེད་གསུངས་སོང་།
འོན་ཀྱང་། ངས་དེའི་རྒྱུ་མཚན་འབྲི་རྒྱུ་བརྗེད་འདུག ཨ་ཀྱཱ་ཟེར་དོན་གང་ཡིན་མིན་སོགས། ཕལ་ཆེར་རིག་གཞུང་ཞིབ་འཇུག་པ་ཚོས་ཡག་པོ་མཁྱེན་གི་རེད་དྲན།
རིགས་འབྱུང་ཁྱོས་སྒྲུང་བཤད་རྒྱུ་ཡིན་ཟེར་ནས་ལོ་གཅིག་འགོར་སོང་ན་ཡང་ཁྱོདའི་སྒྲུང་ཡོང་རྒྱུ་མེད་ནོ་ཅི་རེད། ཁྱོད་ཀྱི་སྒྲུང་དེ་ཁ་ཆེའི་སྒྲུང་མཚན་ཞག་སྟོང་གི་གཏམ་རྒྱུད་ཟེར་བ་དེ་མིན་ནམ།
ད་ངས་སྒྲུང་དེ་བཤད་ཀྱི་ཡིན། ངེད་རང་སྒེར་བ་ལ་མཚོན་ན། བོད་རིགས་རྒན་པ་ཚོ་དང་མཉམ་དུ་གླེང་མོལ་བྱེད་རྒྱུར་ཧ་ཅང་སྤྲོ། གྲོགས་སྒྲིག་རྒྱུར་དགའ།
ཤེས་ཡོན་པ་རྒན་པ་ཚོ་དང་འབྲེལ་འདྲིས་བྱེད་རྒྱུར་དགའ། དེ་ངའི་སྤྲོ་སྣང་གི་ཆ་ཤས་ཤིག་ཡིན། དེ་ཡང་། ན་ནིང་ལོར། ང་བོད་རིགས་རྒན་པ་ཞིག་ལ་ཐུག་ནས་གླེང་མོལ་ཉན་སྤྲོ་བ་མང་པོ་བྱུང་། ཁོང་དགུང་ལོ་བདུན་ཅུ་ཙམ་རེད། ཁོང་ཕྱི་ལོ་༡༩༦༤ནང་ལ་ཕྱི་རྒྱལ་དུ་ཡོང་བ་རེད། ཁོང་གི་ཆེད་ལས་པར་བ་རེད། ཕྱི་ལོ་༡༩༧༢ལོར་སློབ་སྦྱོང་ཐོན་ནས་ཕྱིར་རྒྱ་གར་ལ་ཕྱིན་འདུག
དེ་དུས། བདེ་སྲུང་བཀའ་བློན་སྟག་ལྷ་ཕུན་ཚོགས་བཀྲ་ཤིས་རེད་འདུག་ཟེར། སྟག་ལྷ་ཕུན་ཚོགས་བཀྲ་ཤིས་ཀྱིས་ཁོང་ལ་བོད་མིའི་གཞིས་ཆགས་ཁག་ལ་པར་རྒྱག་ཏུ་འགྲོ་རོགས་ཞེས་བཀའ་བཏང་སོང་ཟེར། ཁོང་གིས་ཀྱང་ཁས་ལེན་བྱས་འདུག འོན་ཀྱང་། ཁོང་གཞིས་ཆགས་ཁག་ལ་མ་ཕྱིན་སྔོན་ལ། བདེ་སྲུང་དྲུང་ཆེས་ཁོང་སྐད་བཏང་ནས། ཁྱོད་གཞིས་ཆགས་ཁག་ལ་པར་རྒྱག་ཏུ་འགྲོ་མི་དགོས། ཁྱོད། བློ་སྒྲིག་འཛུགས་ལ་པར་རྒྱག་ཏུ་འགྲོ་རོགས་ཟེར་ནས་བཀའ་ཕབ་འདུག ཁོང་གིས་ཁས་ལེན་བྱས་ཏེ་བློ་སྒྲིག་འཛུགས་ལ་ཕྱིན་པ་རེད།
དེ་དུས། བློ་སྒྲིག་འཛུགས་ཕྱོགས་ཁག་གཉིས་སུ་གྱེས་བའི་སྐབས་རེད་འདུག་ཟེར། འབའ་བ་ཡེ་ཤེས་ཕྱོགས་གཅིག་དང་རྒྱ་རྡོ་དབང་འདུས་ཕྱོགས་གཅིག་ཆགས་ནས་ཡོད་ས་རེད།
དེའི་སྐོར་ལ་སྒྲུང་སྙན་པོ་མང་པོ་ཡོད་རེད། ད་དེ་ཚོ་བཞག་ཞོག གང་ལྟར། ཁོང་བློ་སྒྲིག་འཛུགས་ལ་ཕྱིན་ནས་ཟླ་ངོ་འགའ་ཤས་བསྡད་འདུག པར་མང་པོ་བརྒྱབ་འདུག
པར་ཁ་ཤས་ཁོང་ནས་དཔར་བསྐྲུན་བྱེད་ལ་ཉེ་བའི་ངག་རྒྱུན་ལོ་རྒྱུས་ཀྱི་དེབ་དེའི་ནང་ལ་འཇོག་གི་ཡིན་ཟེར། ཉིན་གཅིག། རྒྱ་ལོ་དོན་གྲུབ་ཕེབས་སོང་ཟེར། དྲུང་ཡིག་ལྷ་མོ་ཚེ་རིང་ཡང་འདུག་ཟེར། རྒྱ་ལོ་དོན་གྲུབ་ཀྱིས་གླ་ཕོགས་ལེན་ཏུ་འགྲོ་ཟེར་ནས་། ཡིན་རྒྱུ་ནི་དངུལ་ཁང་འདྲ་བོ་ཞིག་ལ་འཁྲིད་པ་ཡིན་ས་རེད། རྒྱ་རྡོ་དབང་འདུས་གཙོས་བའི་ཁོང་ཚོ་ཁ་ཤས་ཤིག་རླངས་འཁོར་ཞིག་གི་ནང་ལ་བཅུག་སོང་ཟེར། མགོ་ལ་རས་ཀྱིས་བཏུམས་སོང་ཟེར། ཕལ་ཆེར་དུས་ཚོད་གཅིག་ལྷག་འགོར་སོང་ཟེར། གཞི་ནས་སླེབས་སོང་ཟེར། རྗེས་སུ་ཁོང་ནས་བསམ་བློ་གཏོང་དུས། འགྲོ་ས་དེ་དུས་ཚོད་གཅིག་འགོར་ས་ཞིག་རེད་མི་འདུག་ཟེར། རླངས་འཁོར་ས་ཆ་ཆུང་ཆུང་ཞིག་གི་ནང་ལ་བསྐོར་བ་མང་པོ་བརྒྱབ་ནས་བསྡད་འདུག་ཟེར། དེ་རྒྱ་ལོ་དོན་གྲུབ་ཀྱི་ཇུས་བཀོད་་རེད་འདུག་ཟེར། དེ་སྒྲུང་ཚན་པ་གཅིག་རེད།
སྒྲུང་ཚན་པ་གཅིག་བཤད་ཚར་ཡོད། ད་གནས་སྐབས་བདེ་མོ་བྱོས།
སྒྲུང་སྙན་པོ་འདུག ངའི་བྱིས་པའི་དུས་ཀྱི་སྤྱོད་པ་དྲན་ཡོང་གི ཉིན་གཅིག་ངའི་རོགས་པ་བྱིས་པ་ཞིག་ཡིན། ཁོང་བྱིའུ་ལ་ཤིན་ཏུ་དགའ། འོན་ཀྱང་བྱེའུ་འཛིན་མི་ཐུབ། ངས་ཁྱོད་སོང་ནས་ཝ་མཆུ་འོག་ནས་སྒུག་སྡོད་དང་ངས་བྱིའུ་ཝ་མཆུ་ནང་ནས་མར་བཏང་ཡོང་ལབ་པ་ཡིན། ཁོ་སོང་ནས་ཝ་མཆུ་འོག་ཏག་ཏག་ནས་ཡར་མིག་མ་བཙུམས་པར་བལྟས་བསྡད་ཡོད་པ་རེད། ངས་ཝ་མཆུ་ནང་ནས་གཅིན་བཏང་བ་ཡིན། དག་དག་ཁོང་གི་གདོང་ལ་བཞུར་བ་རེད། ཁོ་ངུ་ཞིང་ངུ་ཞིང་ཨ་མར་གཏུགས་གི་སོང་བ་རེད། ཡང་གྱོང་རེག་མཁན་དེ་ང་རེད་སོང་།
ཡ་ད་གཉིད་གི་འགྲོ་གཟིམ་ཆ་གནང་ཀོ། ཧིར་ཧིར་ཧིར་ཅེས་གཉིད་ལ་ཤོར་སོང་ངོ་།
རྒྱ་ནག་མཉམ་ཞིབ་པ་དང་གཞོན་ནུ་ཟླ་མེད་གཉིས་ལོས་བདེན། བོད་མའི་སྤྱི་ཚོགས་འདི་ཁྲིམས་ལ་བརྟེན་ནས་
འཚོ་མེད་པར་ཆོས་དང་དད་པ་ལ་བརྟེན་ནས་འཚོ་ཡོད་རེད། དེ་ནི་༧གོང་ས་མཆོག་གི་བཀའ་དྲིན་ཉག་ཅིག་རེད། ཁོང་གིས་བོད་མིའི་བཅོལ་བའི་དད་པ་བེད་སྤྱད་ནས་ནང་ཁུལ་ལ་བརྒྱག་རེས་བརྒྱག་སྤྱད་བྱེད་མྱོང་མེད་པའི་དྲིན་གྱི་རེད། ཡིན་ནའང་ང་ཞེད་སྣང་ལངས་དོན། ང་ཚོའི་དད་པ་བྱེད་ས་མཐར་ཐུག་ཆོས་ཁོ་རང་ཆགས་ཡོད་པ་མ་རེད། མ་ཟད་ང་ཚོའི་དད་པ་དོ་བདག་སོ་སོའི་ལག་པའི་ནང་ནའང་ཡོད་པ་མ་རེད། བོད་མི་ས་ཡ་དྲུག་པོའི་དད་པ་ཡོངས་རྫོགས་རྡོག་རྡོག་བཟོས་ནས་ཆོས་རྒྱུད་ཆེན་པོ་བཞིའི་དབུ་ཁྲིད་བཞིའི་ཕྱག་ལ་བཞག་ཡོད་པ་རེད། དེའི་ཕྱིར་རྐྱེན་འདྲ་འཕྲད་དེ་བླ་མ་འདི་བཞི་བོ་རླུང་ལངས་ཚེ་ཁོ་རང་ཚོའི་ལག་ན་ཡོད་བོད་རིགས་མི་མང་གི་དད་པ་རྡོག་རྡོག་དེ་དག་བེད་སྤྱོད་བཏང་ནས་ཕན་ཚུན་གྱི་མགོ་ལ་གཞུ་གི་རེད། དེའི་ཕྱིར་ངས་བསམ་པར་ང་ཚོས་དད་པ་སྙིང་རྗེ་ཆེན་པོའི་ཆོས་ལ་བཅོལ། རང་རང་གི་དད་པའི་ཡུ་བ་མི་རང་རང་གི་ལག་པའི་ནང་ཉར་ནས་བསྡད་ན་བརྟེན་པོ་འདུག་དྲན་གྱི་འདུག དེ་མིན་བླ་མ་རླུང་རྐྱལ་འདྲ་ཐུག་ན་ང་ཚོའི་དད་པས་བརྒྱག་རེས་བརྒྱག་སྤྱད་ཀྱི་རེད། བླ་མ་ལ་ལས་མི་མང་གི་དད་པར་དད་པའི་འདུ་ཤེས་བཞག་ཡོད་མ་རེད། བླ་མ་ལ་ལས་མི་མང་གི་དད་པ་རང་ཉིད་མི་དགའ་སའི་ཕ་རོལ་བོའི་མགོ་ལ་གཞུ་སྤྱད་ལག་ཆ་སྟ་རེ་རྣོ་ཆེན་པོ་ཞིག་གི་འདུ་ཤེས་བཞག་ཡོད་པ་རེད། སྐབས་རེ་བླ་མ་ཚོས་མི་མང་གི་དད་པར་མཛོ་མོའི་འདུ་ཤེས་བཞག་ཏེ་རང་གི་གཉེན་ཉེ་ཆུང་མ་ཚང་མའི་ཆེད་དུ་བཞོ་གི་རེད། བླ་མ་ཆ་ཚང་དེ་འདྲ་ག་ལ་ཡིན། འོན་ཀྱང”ཁ་སང་དེ་རིང་ཇེ་མང་ཇེ་མང་རེད”། ལོ་ཤས་གོང་དུ་ཨ་མདོ་འཇམ་དབྱངས་བཞད་པ་འབྲོག་ཕྱོགས་ཤིག་ཏུ་ཕེབས་སྐབས་ཁྱིམ་ཚང་གཅིག་གིས་ཁོང་ལ་རྒྱ་སྒོར་ཁྲི་ཉི་ཤུ་ལྔ་བརྒལ་བ་སྒོར་རྐྱང་ཕུལ་ཚུལ་གོ་མྱོང་། ཚང་མ་བསྡོམས་ན་ཐེངས་གཅིག་འབུལ་འབབ་གོ་ཚོད་ཡོང་སྲིད་པ་རེད། དངུལ་འབོར་དེ་གང་དུ་འགྲོ་གི་ཡོད་དམ། སུ་ཞིག་གིས་ཟ་གི་ཡོད་རེད། ཡང་ན་སྐྱེས་པ་རྗེས་ན་ཡོན་བདག་བདེ་བ་ཅན་དུ་འདྲེན་རྒྱུ་ཁག་ཐག་བྱས་ཡོད་པ་རེད་དམ། དེའི་ང་བླ་མ་ཚོར་ཡིད་ཆེས་དང་རེ་བརླག་འགྲོ་གི་འདུག
ཞུ་དག
༡༽ རྒྱ་ནག་མཉམ་ཞིབ་པ་དང་གཞོན་ནུ་ཟླ་མེད་གཉིས་ལོས་བདེན། བོད་མའི་སྤྱི་ཚོགས་འདི་ཁྲིམས་ལ་བརྟེན་ནས་འཚོ་མེད་པར་ཆོས་དང་དད་པ་ལ་བརྟེན་ནས་འཚོ་ཡོད་རེད། དེ་ནི་༧གོང་ས་མཆོག་གི་བཀའ་དྲིན་ཉག་ཅིག་རེད། ཁོང་གིས་བོད་མིའི་བཅོལ་བའི་དད་པ་བེད་སྤྱད་ནས་ནང་ཁུལ་ལ་བརྒྱག་རེས་བརྒྱག་སྤྱད་བྱེད་མྱོང་མེད་པའི་དྲིན་གྱི་རེད།
༢༽ ཡིན་ནའང་ང་ཞེད་སྣང་ལངས་དོན། ང་ཚོའི་དད་པ་བྱེད་ས་མཐར་ཐུག་ཆོས་ཁོ་རང་ཆགས་མེད་བླ་མ་ཚོ་ཆགས་ཡོད། ང་ཚོའི་དད་པ་དོ་བདག་སོ་སོའི་ལག་པའི་ནང་མེད་པར། བོད་མི་ས་ཡ་དྲུག་པོའི་དད་པ་ཡོངས་རྫོགས་རྡོག་རྡོག་བཟོས་ནས་ཆོས་རྒྱུད་ཆེན་པོ་བཞིའི་དབུ་ཁྲིད་བཞིའི་ཕྱག་ལ་བཞག་ཡོད་པ་རེད། དེའི་ཕྱིར་རྐྱེན་འདྲ་འཕྲད་དེ་བླ་མ་བཞི་བོ་རླུང་ལངས་ནས་བརྒྱག་རེས་འདྲ་ཤོར་ན་ཁོ་རང་ཚོའི་ལག་ན་ཡོད་བོད་རིགས་མི་མང་གི་དད་པ་སྟ་རེ་ནང་ཕན་ཚུན་གྱི་མགོ་ལ་གཞུ་རེས་བྱེད་ཀྱི་རེད། དེའི་ཕྱིར་ངས་བསམ་པར་ང་ཚོས་དད་པ་སྙིང་རྗེ་ཆེན་པོའི་ཆོས་ལ་བཅོལ། རང་རང་གི་དད་པའི་ཡུ་བ་མི་རང་རང་གི་ལག་པའི་ནང་ཉར་ནས་བསྡད་ན་བརྟན་པོ་འདུག་དྲན་གྱི་ཡོད།
༣༽ བླ་མ་རླུང་ཚ་བོ་འདྲ་ཐུག་ན་ང་ཚོའི་དད་པས་བརྒྱག་རེས་བརྒྱག་སྤྱད་བྱེད་ཀྱི་རེད། བླ་མ་ཞེ་སྡང་དང་ཕྱོགས་རེས་ཅན་ཚོས་མི་མང་གི་དད་པར་དད་པའི་འདུ་ཤེས་བཞག་མེད་པར་སྟ་རེའི་འདུ་ཤེས་བཞག་ཏེ། བླ་མ་རང་དང་རང་གི་ཉེ་ཁོར་མི་དགའ་ས་ཕ་རོལ་བོའི་མགོ་ལ་གཞུ་སྤྱད་སྟ་རེ་བྱེད་ཀྱི་རེད། བླ་མ་ཧམ་ཆེན་ཚོས་མི་མང་གི་དད་པར་མཛོ་མོའི་འདུ་ཤེས་བཞག་ཏེ་རང་གི་གཉེན་ཉེ་ཆུང་མ་ཚང་མའི་ཆེད་དུ་ཚད་མེད་བཞོ་གི་རེད། ཡང་བླ་མ་ཚོང་བ་དང་སྲིད་དོན་པ་ཚོས་མི་མང་གི་དད་པ་ཚོང་རྫས་ཀྱི་འདུ་ཤེས་བཞག་ཏེ་རྒྱ་ནག་གཞུང་ལ་བཙོང་གི་རེད། བླ་མ་ཆ་ཚང་དེ་འདྲ་ག་ལ་ཡིན། འོན་ཀྱང”ཁ་སང་དེ་རིང་ཇེ་མང་ཇེ་མང་རེད”།
ལོ་ཤས་གོང་དུ་ཨ་མདོ་འཇམ་དབྱངས་བཞད་པ་འབྲོག་ཕྱོགས་ཤིག་ཏུ་ཕེབས་སྐབས་ཁྱིམ་ཚང་གཅིག་གིས་ཁོང་ལ་རྒྱ་སྒོར་ཁྲི་ཉི་ཤུ་ལྔ་བརྒལ་བ་སྒོར་རྐྱང་ཕུལ་ཚུལ་གོ་མྱོང་། ཚང་མ་བསྡོམས་ན་ཐེངས་གཅིག་འབུལ་འབབ་གོ་ཚོད་ཡོང་སྲིད་པ་རེད། དངུལ་འབོར་དེ་གང་དུ་འགྲོ་གི་ཡོད་དམ། སུ་ཞིག་གིས་ཟ་གི་ཡོད་རེད། ཡང་ན་སྐྱེས་པ་རྗེས་ན་ཡོན་བདག་བདེ་བ་ཅན་དུ་འདྲེན་རྒྱུ་ཁག་ཐག་བྱས་ཡོད་པ་རེད་དམ། དེའི་ང་བླ་མ་ཚོར་ཡིད་ཆེས་དང་རེ་བརླག་འགྲོ་གི་འདུག
༸ང་ཚོ་ཁ་བརྡ་ནང་ན་དེ་ལ་བགྲོ་གླེང་མ་བྱས་པར་ཚེ་རིང་སྐྱིད་ཀྱི་རྩོམ་ཐུང་ཞིག་མཆན་མང་ཤོས་ཆགས་བསྡད་འདུག དེ་བས་ན་ངས་ཨ་རྒྱ་རིན་པོ་ཆེའི་དེབ་འདི་ལ་ཁ་བརྡ་ནང་དུ་ཚེ་རིང་སྐྱིད་ཀྱི་རྩོམ་ཐུང་དེའི་མཐོང་ཡང་མི་འཇོག་པ་ཅི་ཡིན་ནམ་ཟེར་ནས་མགོ་སྐྱོར་ནས་བསྡད་ཡོད།༸
གཞོན་ནུ་རང་གསན་འ། མཛེས་མའི་རྐུབ་ལ་མཆན་རྒྱག་མཁན་བྲེལ་ལ་ཚ་ཤོས་རང་མ་རེད་པས།
མ་གཞི་ནས་མཛེས་མ་ སྙིང་གསོན་པོ་བཀོག་འགྲོ་ཉན་ཞིག་འདུག་པས། རྐུབ་ལ་འཚང་ཁ་ཤིག་ཤིག་བྱེད་ན་སྐྱོན་ག་རེ་འདུག ང་ནི་དེབ་མཐུག་པོ་ཞིག་སྒང་ལ་ཉི་མ་སྐྱེལ་བ་ལས། མཛེས་མ་ཡིད་ལ་གོམས་པར་བྱ་བཞིན། རྩོམ་ཡིག་ཐུང་ཐུང་ཞིག་ཀློག་ན་སེམས་པ་བསངས་ང་འདུག
རང་བཙན་རྒྱལ་ཁབ་ཅིག་ཡིན་ན་ཁྲིམས་དང་མཐུན་པ་དེ་གཙོ་ལོས་ཆེ། རང་ཡུལ་མེད་པར་མི་ཡུལ་དུ་གནས་ནས་རང་ཡུལ་ལོན་པའི་འབད་རྩོལ་བྱེད་སྐབས་ཚང་མས་ལམ་བུ་གཅིག་གི་ཐོག་བསྐྱོད་རྒྱུ་དེ་གཙོ་ཆེ་སྙམ། ཁྱེད་འགྲོ་གླེང་གནང་མཁན་མཁས་པ་ཚོས་དགོངས་པ་རྒྱ་ཆེ་ས་དང་། ཁ་ཡོད་ལག་ཡོད་ཀྱི་དོན་ལ་བསམ་ནས་བསམ་ཚུལ་སྤེལ་ན་ཕན་ཐོགས་ཆེ་ངེས་སོ།།
ཙན་དན་ལོ་མ་།
༡་ཁྱེད་ཀྱིས ༼ བོད་མའི་སྤྱི་ཚོགས་འདི་ཁྲིམས་ལ་བརྟེན་ནས་འཚོ་མེད་པར་ཆོས་དང་དད་པ་ལ་བརྟེན་ནས་འཚོ་ཡོད་རེད།༽སྐད་ཆའི་འདི་དོན་ཅི་ཞིག་བཏོན་བཞིན་ཡོད་།ཁྲིམས་ཟེར་བ་གང་ལ་གོ་གིན་ཡོད་།ནུབ་དུ་ཁྲིམས་ཀྱི་ཐ་སྙད་ནི་མི་མང་པོ་ཞིག་གི་སྤྱོད་པ་འདྲ་མཉམ་དུ་བྱེད་ཆོག་དང་མི་ཆོག་ཅེས་གཏན་མ་ཕབ་ནས་བཞག་པའི་ཚད་དེ་ལ་ཟེར་ཅིང་།བོད་མི་རྣམས་ཀྱིས་རང་མོས་ཀྱིས་མི་་མི་གཞི་རྩའི་ཁྲིམས་ལུགས་སྟེ་་གསོད་མི་ཆོག་པ་དང་།རྫུན་མི་བཤད་པ་།འཕྲོག་བཅོམ་མི་བྱེད་པ་།དེ་བཞིན་ལོག་གཡེམ་མི་བྱེད་པ་སོགས་ཀྱི་ཁྲིམས་བརྩིས་ན་།ཁྲིམས་གང་ལ་གནོད་པ་འདུག་།དེ་བཞིན་ཚིག་ལ་མི་རྟོན་།གང་ཟག་ལ་མི་རྟོན་ཁྲིམས་ལ་རྟོན་ཞེས་བའི་རྩ་དོན་གཞིར་བཟུང་ནས་ཁྲིམས་བརྩིས་ན་།ཆབ་སྲིད་དང་ཁྲིམས་ལུགས་ལ་ཇི་ལྟར་གནོད་།དད་པ་ལོས་དགོས་།ཁྲིམས་ལ་དད་དགོས་།དད་ནས་མི་ཚད་དེ་སྡོམ་པ་བཞིན་སྲུང་དགོས་།ཁྲིམས་ལ་མ་དད་པ་གཅིག་རྟེན་འཁྲུག་འགྲོ་བ་མ་ཡིན་ནམ།སྙིང་རྗེ་།ཐོག་མ་ཉིད་ནས་རྒྱ་མིའི་སློབ་གསོའི་དུག་ཆུ་མཐུང་།ད་དུང་དུ་དུག་རླངས་གཡོ་བཞིན་པའང་མཐོང་གིན་མི་འདུག་།
༢༽ ༼ཡིན་ནའང་ང་ཞེད་སྣང་ལངས་དོན། ང་ཚོའི་དད་པ་བྱེད་ས་མཐར་ཐུག་ཆོས་ཁོ་རང་ཆགས་མེད་བླ་མ་ཚོ་ཆགས་ཡོད། ང་ཚོའི་དད་པ་དོ་བདག་སོ་སོའི་ལག་པའི་ནང་མེད་པར། བོད་མི་ས་ཡ་དྲུག་པོའི་དད་པ་ཡོངས་རྫོགས་རྡོག་རྡོག་བཟོས་ནས་ཆོས་རྒྱུད་ཆེན་པོ་བཞིའི་དབུ་ཁྲིད་བཞིའི་ཕྱག་ལ་བཞག་ཡོད་པ་རེད།༽
མ་བརྟག་མ་དཔྱད་པའི་རྒྱ་མིའི་རྙོག་གཏམ་དེ་འདྲ་མ་བཤད་།སུས་ཁྱེད་ལ་དགེ་ལུགས་སམ་།དེ་བཞིན་རྙིང་མ་མ་བྱས་གསོད་གིན་ཡིན་།གཏུབ་གིན་ཡིན་ལབ་སོང་།ང་ཚོ་བོད་ཀྱི་ལོ་རྒྱུས་ཐོག་ཏུ་ཆོས་ལ་མ་དད་པར་མེ་ལ་བསྲེགས་པ་དང་བཙོན་དུ་བཅུག་པ་དང་དེ་བཞིན་་དགོན་པ་དང་།བླ་མ་དག་གིས་ཁྲིམས་ཐག་བཅད་པ་ཤིག་མཐོང་མ་སོང་།་ང་ཚོ་སྡེ་བ་གཅིག་པོ་།རྙིང་མ་འདུག་།དགེ་ལུགས་འདུག་།དེ་བཞིན་ཁ་ཆེ་ཡང་འདུག་།རྒྱ་མིའི་སྐད་ཆ་འདི་འདྲ་ལབ་མ་ཡོང་།ཁྱེད་ཀྱིས་རིག་གཞུང་གི་སྐད་ཆ་ཞིག་བཤད་སོང་སྙམ་ཡོད་ན་།་དེ་ནི་རྒྱ་མིའི་དུག་ཆུ་མཐུང་བའི་ཉེས་བ་རེད།
༣༽ མི་ཚོས་ངོས་ནས་ག་རེ་བྱས་ཀྱང་།དེ་ཁོ་ཚོ་རང་དབང་རེད་།སྒོར་མོ་ཚང་མ་བླ་མ་འབུལ་བའམ།ཡང་ན་སྨད་མཚོང་མ་ལས་སྟེར་རྒྱུ་གང་ཡིན་ཡང་།དེ་ང་ཚོ་ལ་འབྲེལ་བ་ཅི་ཡང་མེད་།མི་གཞན་ལ་གནོད་མ་བྱེད་པའི་འོག་ནས་ཁོ་ཚོ་ག་རེ་བྱེད་ཀྱང་རང་དབང་རེད་།དེ་ཆབ་སྲིད་དང་ཁྲིམས་ལ་འབྲེལ་བ་ཅི་ཡང་མེད་།སྙིང་རྗེའི་དེའི་ཁྱད་པ་ཙམ་ཡང་ཤེས་གིན་མི་འདུག།
hj
རྒྱ་ནག་མཉམ་ཞིབ་པ། བླ་མ་ཞེ་སྡང་ཚ་བོ་དང་ཕྱོགས་རེས་ཅན་ཚོས་མི་མང་གི་དད་པར་དད་པའི་འདུ་ཤེས་བཞག་མེད་པར་སྟ་རེའི་འདུ་ཤེས་བཞག་ཏེ། བླ་མ་རང་དང་རང་གི་ཉེ་ཁོར་མི་དགའ་ས་ཕ་རོལ་བོའི་མགོ་ལ་གཞུ་སྤྱད་སྟ་རེ་བྱེད་ཀྱི་རེད། བླ་མ་ཧམ་ཆེན་ཚོས་མི་མང་གི་དད་པར་མཛོ་མོའི་འདུ་ཤེས་བཞག་ཏེ་རང་གི་གཉེན་ཉེ་ཆུང་མ་ཚང་མའི་ཆེད་དུ་ཚད་མེད་བཞོ་གི་རེད། ཡང་བླ་མ་ཚོང་བ་དང་སྲིད་དོན་པ་ཚོས་མི་མང་གི་དད་པ་ཚོང་རྫས་ཀྱི་འདུ་ཤེས་བཞག་ཏེ་རྒྱ་ནག་གཞུང་ལ་བཙོང་གི་རེད། བླ་མ་ཆ་ཚང་དེ་འདྲ་ག་ལ་ཡིན། འོན་ཀྱང”ཁ་སང་དེ་རིང་ཇེ་མང་ཇེ་མང་རེད”། འདི་བདེན་པ་ཡིན་མིན་ཡག་པོ་དཔྱད་པ་བྱོས།
མཐའ་ན་སྤྱི་འཐུས་གྲྭ་བ་ཚོས་ཀྱང་གོས་ལོག་དམར་པོ་དེ་ག་ཚོད་ཅིག་བེད་སྤྱོད་གཏོང་གི་མི་འདུག་གམ། འདི་འདྲ་མཐོང་བཞིན་དུ་ད་དུང་ཆོས་པ་ཚོར་དད་པ་ལོག་མཁན་ལ་རྒྱ་ནག་གིས་བྱས་པ་འདྲ་བོ་མ་ལབ། སངས་རྒྱས་ཀྱི་བསྟན་པ་ཕྱི་དགྲ་བོས་མི་འཇིགས་པར་ནང་གི་དགྲ་བོས་འཇིགས་ཟེར་དོན་གང་ཡིན་ནམ། དཔེ་མཚོན་ཐག་ཉེ་ཤོས་ཤིག་གྲོས་ཚོགས་ནང་གོས་ལོག་དམར་པོ་གོན་མཁན་ཚོས་མིག་བསྟན་མ་སོང་ངམ།
རྒྱ་ནག་མཉམ་ཞིབ་པ། བླ་མ་ཞེ་སྡང་ཚ་བོ་དང་ཕྱོགས་རེས་ཅན་ཚོས་མི་མང་གི་དད་པར་དད་པའི་འདུ་ཤེས་བཞག་མེད་པར་སྟ་རེའི་འདུ་ཤེས་བཞག་ཏེ། བླ་མ་རང་དང་རང་གི་ཉེ་ཁོར་མི་དགའ་ས་ཕ་རོལ་བོའི་མགོ་ལ་གཞུ་སྤྱད་སྟ་རེ་བྱེད་ཀྱི་རེད། བླ་མ་ཧམ་ཆེན་ཚོས་མི་མང་གི་དད་པར་མཛོ་མོའི་འདུ་ཤེས་བཞག་ཏེ་རང་གི་གཉེན་ཉེ་ཆུང་མ་ཚང་མའི་ཆེད་དུ་ཚད་མེད་བཞོ་གི་རེད། ཡང་བླ་མ་ཚོང་བ་དང་སྲིད་དོན་པ་ཚོས་མི་མང་གི་དད་པ་ཚོང་རྫས་ཀྱི་འདུ་ཤེས་བཞག་ཏེ་རྒྱ་ནག་གཞུང་ལ་བཙོང་གི་རེད། བླ་མ་ཆ་ཚང་དེ་འདྲ་ག་ལ་ཡིན། འོན་ཀྱང”ཁ་སང་དེ་རིང་ཇེ་མང་ཇེ་མང་རེད”། འདི་བདེན་པ་ཡིན་མིན་ཡག་པོ་དཔྱད་པ་བྱོས།
མཐའ་ན་སྤྱི་འཐུས་གྲྭ་བ་ཚོས་ཀྱང་གོས་ལོག་དམར་པོ་དེ་ག་ཚོད་ཅིག་བེད་སྤྱོད་གཏོང་གི་མི་འདུག་གམ། འདི་འདྲ་མཐོང་བཞིན་དུ་ད་དུང་ཆོས་པ་ཚོར་དད་པ་ལོག་མཁན་ལ་རྒྱ་ནག་གིས་བྱས་པ་འདྲ་བོ་མ་ལབ། སངས་རྒྱས་ཀྱི་བསྟན་པ་ཕྱི་དགྲ་བོས་མི་འཇིགས་པར་ནང་གི་དགྲ་བོས་འཇིགས་ཟེར་དོན་གང་ཡིན་ནམ། དཔེ་མཚོན་ཐག་ཉེ་ཤོས་ཤིག་གྲོས་ཚོགས་ནང་གོས་ལོག་དམར་པོ་གོན་མཁན་ཚོས་མིག་བསྟན་མ་སོང་ངམ།
སྐྱག་པའི་ཐོག་ས་བཀབ་ནའང་སྤྱི་འཐུས་གྲྭ་དམར་ཚོས་སླར་ཡང་མིག་བསྟན་ཡོང་གི་རེད།
འ་ཡོ། བསྟན་འཛིན་བདེ་གསལ་ཡིན་ན་འདི་ད་གཡའ་ཟིག་བྱོས། ཉོན་རྟོགས་པ་ཆེན་པོ་ཟིག་རེད། འདི་ན་ཚང་མས་རྩོམ་ཡིག་སྐྱོ་བའི་སྐོར་དང་། འཐབ་འཛིང་གི་རྩོམ་ཡིག དེ་བཞིན་དུ་སྲིད་དོན་རྩོམ་ཡིག་རྐྱང་རེད་འདུག་ཀ འཚམ་འཚམ་མ་འཁོར་བའི་རྩོམ་ཡིག་ལ་ཡོད་ན་ཧྲ་ཀ
དེ་རིང་ཞོགས་པ་དགོ་དགོ་ཀམ་པ་ནེ་དང་རྒྱ་ནག་བར་གྱི་ཚོང་འབྲེལ་ཆད་འདུག རྒྱ་ཡིག་ཐོག་བལྟ་ན་འདི་ན་ཡོད། http://news.qq.com/a/20100323/000619.htm
Xinhua Beijing March 23 State Council Information Office, bureau early this morning, Google announced the cessation of in accordance with Chinese law provides for the harmful information filtering, search services, go to Hong Kong from mainland China issued a statement.
The official pointed out that foreign companies operating in China must abide by Chinese laws. Google Inc. entered the Chinese market when the breach of a written undertaking to stop the search service filtering, and to insinuate and accuse China of hacking, which is completely wrong. We resolutely oppose politicizing the issue of commercial on Google’s unreasonable accusations and expressed dissatisfaction and indignation.
The official said that Google January 12 companies in the relevant government departments without prior ventilation with my circumstances, the public statement, claiming that by the Chinese government-backed hackers do not want operating in China “under review, Internet search engine “, and” consider withdrawing from the Chinese market. ” In Google’s repeated request for the person to listen to their true thoughts, reflecting China’s sincerity, this year, January 29, February 25 responsible persons of relevant departments of the Chinese government on two occasions with Google’s head then talk about the issues raised on its made a patient and meticulous explanations, emphasizing foreign companies operating in China should follow Chinese laws, such as Google’s willing to abide by Chinese laws, we are still welcome to Google’s business in China and development; such as Google’s China Web site bent on Google’s search services withdrawal That is Google’s own thing, but it must be in accordance with Chinese law and international practice, in a responsible manner to do a good follow-up work.
The person in charge that the Chinese government encourages the development and popularization of the Internet to promote the Internet open. China’s Internet exchanges and remarks are very active e-commerce has developed rapidly. Facts have proved that China’s Internet investment environment, the development environment is good. China will unswervingly uphold the policy of opening-up, welcome foreign enterprises to participate in China’s Internet development and business development for foreign businesses in China to provide good service. China’s Internet will still be to maintain the momentum of rapid development.
Beijing at 3:00 on March 23 3 pm, Google’s senior vice president, chief legal officer David Drummond public statement, once again accused of assault by hackers in China, announced a freeze on the Google China search service ” Filtering the review “, and search services, go to Hong Kong from mainland China.
ཆགས་སྡང་གི་གཡུལ་འགྱེད་མེད་ན། ཉི་མ་སུམ་བརྒྱ་དྲུག་ཅུ་ཅི་ལྟར་འཁྱོལ།
སྐྱ་སེར་གཉིས་མ་འཁྲུག་ན། བོད་སྤྱི་ཚོགས་ཀྱི་འཁོར་བ་ཅི་ལྟར་འཁོར།
སི་པན་དང་ཚ་རྫས་མེད་གྱུར་ན། ཟི་ཁྲོན་གྱི་ཧོ་གོའང་ཆུ་ཐུག་རེད།།
དང་པོ།
ཆོས་བྱེད་མི་སྣས་སྲིད་སྐྱོང་ན། དེས་ཕུགས་ལ་སྲིད་ཀྱི་གནས་སྟངས་གང་ལ་བསྐྱལ་གྱི་ཡོད་མེད་ལ་བསམ་བློ་ཞིག་གཏོང་རྒྱུ་འདུག་དྲན།
གཉིས་པ།
ཆོས་ལུགས་དེ་ནང་པ་ཡིན་ན་འདྲ། ཁ་ཆེ་ཡིན་ན་འདྲ། ཡེ་ཤུ་ཡིན་ན་འདྲ། གང་ཡིན་རུང་། དེ་སྲིད་ཀྱི་ལས་ཀའི་ནང་ལ་བསྲེ་ཡོང་དུས། སྤྱི་ཚོགས་ཀྱི་བདེ་དོན་དང་གཞུང་གི་འཛིན་སྐྱོང་། ཆབ་དཔལ་གྱི་གནས་སྟངས་སོགས་ཕྱོགས་མང་པོར་དོ་ཕོག་འབྱུང་གི་རེད་བསམ། ག་ལེར་ག་ལེར་འབྱུང་གི་རེད།
གནད་དོན་འདི་ཚོའི་རིགས་ལ། དུས་ཚོད་བཏང་ནས། བགྲོ་གླེང་ཡག་པོ་ཞིག་གནང་ཐུབ་ན་དགའ་དྲན། དེ་མིན། གཅིག་གིས་གཅིག་ལ་སྡུག་དམོད་འདྲ་བྱས།
ཚིག་རྩུབ་འདྲ་སྤྱད་ནས་བསྡད་ན། དེ་ལ་དགེ་ཕན་མི་མཐོང་། སང་ཉིན་གནང་ཉིན་དུས་ཚོད་བྱུང་ན། ང་རང་གི་རྨོངས་འཆར་རྣམས་ཁྱེད་ཚོའི་མདུན་ལ་འཇོག་གི་ཡིན།
རིག་འབྱུང་གིས་བསམ་ཚུལ་སྤྱིའི་ཆ་ནས་དཔེ་མི་སྲིད་པའི་ཡག་པོ་འདུག དེ་ལ་རྒྱབ་སྐྱོར་ཡོད། སྲིད་དོན་ཟེར་བ་དེ་སྔར་སངས་རྒྱས་བཅོམ་ལྡན་འདས་རྒྱལ་བ་ཤཀྱྰ་ཐུབ་པས་ཀྱང་མ་འཇོན་ཟིག ཁོང་རྒྱལ་བོའི་སྲས་རེད། ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ཟེར་ནི་རེད། དེ་ལ་དགེ་མཚན་མེད་ནས་སངས་རྒྱས་ཀྱིས་མ་གནང་བ་རེད། འདི་ནི་ཡབ་སྲས་མཇལ་བའི་མདོ་ན་ཤིན་ཏུ་རྒྱས་པ་འདུག ཁོང་རྒྱ་གར་ལ་གདུལ་བྱ་རྒྱས་རྗེས། ཡབ་རྒྱལ་བོ་སྲས་གཙང་མས་ཡང་ཡང་རྒྱལ་ཁབ་ཏུ་གདན་འདྲེན་ཞུ་བའི་ཕོ་ཉ་མངགས་པའི་ལོ་རྒྱུས་ཡོད། ཁོང་གིས་རྩ་ནས་གནང་མེད། འདི་ལ་ང་ཚོའི་བོད་ཀྱིས་ཀྱང་སྔོན་བྱོན་སྟོན་པའི་རྣམ་ཐར་དེ། རྗེས་འཇུག་སློབ་མའི་ཉམས་ལེན་ཡིན་ཟེར་ནི་རེད། རྒྱལ་བ་ཤཀྱྰ་ཐུབ་པས་མ་འཇོན་པའམ་མ་གནང་བ་ཟིག་དེའི་འོག་གི་མང་པོ་ཟིག་གིས་འཇོན་རྒྱུ་ཟེར་ན་དེ་དགོད་བྲོ་བའི་གནས་ཚུལ་རེད། རྒྱལ་བ་ཤཀྱྰ་ཐུབ་པས་དགེ་མཚན་མ་གཟིགས་པ་ཞིག་ལ་གཞན་གྱིས་དགེ་མཚན་གཟིགས་ན་དེ་ཡང་དེ་འདྲ་ཅིག་རེད།
ངའི་བསམ་ཚུལ་ནི་ད་ལྟའི་གནས་སྐབས་འདི་ལ་ངེས་པར་དུ་བོད་འབངས་ཡོངས་ཀྱི་བསམ་བློ་ལྡོག་རྩ་གཅིག་སྒྲིལ་གྱི་ཆེད་དུ། ངེས་པར་དུ་དགོས་ངེས་ཁ་ཤས་ཅིག་འདུག་བསམ།
སྲིད་དོན་ཟེར་བ་དེ་ལ་གཡོ་ཇུས་དང་། རང་རྒྱལ་གཞན་ཕམ་གྱི་བསམ་བློ་ངེས་པར་དུ་དགོས་ངེས་རེད། ང་ཚོ་ལ་མཚོན་ན་ད་ལྟའི་བར་དུ་ཕྱི་གསལ་ནང་གསལ་དང་། བདེན་པ་བདེན་དྲང་། ཞི་བདེའི་སོགས་བརྗོད་ཚིག་མང་དག་ཅིག་གིས་བཅིངས་བསྡད་ཡོད་པ་རེད། བསམ་བློ་ཐོངས་དང་། མི་རེ་རེ་དང་ཁྱིམ་ཚང་རེ་རེ་འཚོ་བ་གཅིག་བུ་ལ་བསམ་ན་ཡང་གསང་བ་བྱེད་དགོས་པ་དང་། དྲང་བདེན་མ་ཡིན་བྱེད་དགོས་ས། ཞི་བདེ་མིན་པ་བྱེད་ས་ག་ཚོད་ཅིག་འབྱུང་གི་འདུག རྒྱལ་ཁབ་ཅིག་དང་མི་རིགས་ཅིག་ལ་ཨ་ཅང་ཅང་ལོས་དགོས་ན་ཡང་། ང་ཚོ་ལ་སྲིད་དོན་གྱི་ལྐོག་གཡོ་རྩ་ནས་མེད། མི་དགོས་སའི་སྐོག་གཡོ་ད་མང་། དཔེར་ན་དབུ་མའི་ལམ་ཟེར་བ་འདི་གཅིག་བུ་ལ་མཚོན་ནས་བཤད་ན། སྔར་གདམས་བྱ་བཞི་ཟེར་བ་ཅིག་བཤད་བཤད་པའི་མཐར་དབུ་མའི་ལམ་གྱི་སྟེང་དུ་མི་དམངས་ཡོངས་ནས་གཏན་འབེབས་བྱས། དེའི་དགོངས་དོན་ཡང་སྔར་སྦྱང་བྱེད་བྱས་པའི་སྐབས་སུ་སི་ཀྲེ་སི་སྦག་གི་དོན་ཚན་ལྔ་དེ་ཚང་བ་ལ་དབུ་མའི་ལམ་ཟེར་གྱི་ཡོད་པ་རེད་ཟེར། ན་ནིང་དོ་ཚིགས་ཡིན་ན་དབུ་མའི་ལམ་དེ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་སྒྲོམ་གཞི་འོག་གི་རང་སྐྱོང་མིང་དོན་མཚུངས་པ་ཞིག་ཟེར་བ་ཅིག་གི་སྟེང་དུ་སླེབས་བསྡད་འདུག དེ་ནི་ད་ཡོད་བཀའ་ཤག་གི་སྲིད་དབང་སྒེར་གཅོད་རེད། ད་ལྟའི་བཀའ་ཤག་གི་གཡོ་ཇུས་རེད། དབུ་མའི་ལམ་གྱི་སྲིད་ཇུས་འདི་མི་མངོན་པའི་ཐོག་ནས་བསྒྱུར་འགྲོ་གི་ཡོད་པ་རེད། ད་རུང་གསང་དགོས་ས་མི་གསང་པར་རང་གི་འབངས་མི་ལ་གསང་བསྡད་ཡོད་པ་རེད།
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་སྒྲོམ་གཞི་འོག་ན་དབུས་གཙང་མ་གཏོགས་རང་སྐྱོང་ཟིག་གང་ན་ཡོད་ནས།
ངས་ཆོས་པ་ཚོའི་ངོ་ཚ་མི་ཤེས་པའི་ཧམ་སེམས་དང་རང་རློམ་ཆེན་པོ་སྟོན་པའི་དཔེ་གཅིག་བཞག་ཆོག བོད་རྒྱལ་ཁབ་བམ་བོད་རིགས་མི་མང་གི་དངོས་ནས་བཤད་ན་དབང་ཆེ་དང་གིོ་གནས་མཐོ་ཤས་ཤོས་བཀའ་ཁྲི་དང་གྲོས་ཚོགས་ཀྱི་ཚོགས་གཉིས་རེད། བོད་མིའི་བདེ་སྡུག་ལ་མཐའ་དབུས་མེད་པར་བསམ་བློ་བཏང་ནས་འབད་བརྩོན་བྱེད་མཁན་ཡང་ཁོ་གཉིས་དང་ཕྱག་རོགས་ཚོ་རེད། རྡ་རམ་ས་ལར་ཚོགས་འདུ་ཆེ་ཆུང་གང་འདྲ་ཞིག་ཚོགས་ནའང་ཁོང་གཉིས་ཀྱི་གོང་ལ་འདུག་རྒྱུའི་ཐོབ་ཐང་སུ་གཅིག་ལ་ཡོད་པ་མ་རེད། གང་ཡིན་ཟེར་ན་་ཁོང་གཉིས་མི་མང་གིས་འདེམས་པའི་མི་མང་གི་སྐུ་ཚབ་ངོ་མ་དེ་རེད། བོད་རྒྱལ་ཁབ་ཀྱི་བདག་པོ་དང་དབང་ཆེ་ཤོས་མི་མང་ཐག་གཅོད་དེ་ཡིན་ནའང། བླ་མ་མི་རིགས་ལ་བྱས་རྗེས་གང་ཡང་བཞག་མྱོང་མེད་མཁན་བླ་མའི་མིང་ཅན་ཕོ་གསར་འགའ་རེ་ག་དུས་ཡིན་ན་ཡིན་མདོག་མདོག་དང་རྩ་ཆེ་མདོག་གིས་བཀའ་ཁྲི་དང་ཚོགས་གཙོའི་གོང་ནས་མ་གཏོགས་འདུག་འདོད་ཡོད་པ་མ་རེད། འདི་ནི་ནམ་ཡང་མི་དམངས་དང་མི་མང་གི་བསམ་ཚུལ་ལ་གུས་བརྩི་མེད་པ་དང་། མི་མང་བསམ་ཚུལ་རང་ཉིད་ལས་ཆུང་ཆུང་ཡིན་པའི་ང་རྒྱལ་ཆེ་དྲགས་པ་རེད། དེའི་བླ་མ་འདི་ཚོར་དངོས་ཡོད་ཀྱི་བདེན་པ་ངོ་སྤྲོད་བྱེད་ཐབས་ཀྱི་ལམ་ཁ་ག་རེ་ལྷག་འདུག ཁྱེད་རང་རྐུབ་བཀྱགས་མཐོ་ཤོས་སྒང་ལ་འདུག་རྒྱུའི་དུས་ཚོད་ད་དུང་སྨིན་ཡོད་མ་རེད། སྐས་འཛེགས་རིམ་འཛེགས་ཀྱི་མ་འོངས་པར་གཅིག་བྱས་ན་བཀའ་ཁྲི་དང་ཚོགས་གཙོའི་རྐུབ་བཀྱགས་ཐོག་སླེབས་སྲིད་པ་རེད་ཞུས་ན་ཉན་གི་རེད་དམ། བོད་ལ་བཀའ་ཁྲི་དང་ཚོགས་གཙོ་ལས་མཐོ་བ་ཡོད་མ་རེད། ཁོང་གཉིས་ཀྱི་གོང་ནས་མ་བཞུགས། དེ་མི་མང་དང་མི་མང་གི་ཐག་གཅོད་ལ་གུས་ཞབས་མ་བྱས་པ་རེད་ལབ་ན་ག་རེ་དྲན་གི་རེད་དམ། རྩ་བ་ནས་ཉན་གི་མ་རེད། ང་བླ་མ་ཡིན་སྐུ་ཕྲེང་མང་པོ་ཡིན། ངའི་རྐུབ་སྟེགས་མཐོ་ཤོས་ཡིན་དྲན་གི་རེད།
ངས་ཆོས་པ་ཚོའི་ངོ་ཚ་མི་ཤེས་པའི་ཧམ་སེམས་དང་རང་རློམ་ཆེན་པོ་སྟོན་པའི་དཔེ་གཅིག་བཞག་ཆོག བོད་རྒྱལ་ཁབ་བམ་བོད་རིགས་མི་མང་གི་དངོས་ནས་བཤད་ན་དབང་ཆེ་དང་གིོ་གནས་མཐོ་ཤས་ཤོས་བཀའ་ཁྲི་དང་གྲོས་ཚོགས་ཀྱི་ཚོགས་གཉིས་རེད། བོད་མིའི་བདེ་སྡུག་ལ་མཐའ་དབུས་མེད་པར་བསམ་བློ་བཏང་ནས་འབད་བརྩོན་བྱེད་མཁན་ཡང་ཁོ་གཉིས་དང་ཕྱག་རོགས་ཚོ་རེད། རྡ་རམ་ས་ལར་ཚོགས་འདུ་ཆེ་ཆུང་གང་འདྲ་ཞིག་ཚོགས་ནའང་ཁོང་གཉིས་ཀྱི་གོང་ལ་འདུག་རྒྱུའི་ཐོབ་ཐང་སུ་གཅིག་ལ་ཡོད་པ་མ་རེད། གང་ཡིན་ཟེར་ན་་ཁོང་གཉིས་མི་མང་གིས་འདེམས་པའི་མི་མང་གི་སྐུ་ཚབ་ངོ་མ་དེ་རེད། བོད་རྒྱལ་ཁབ་ཀྱི་བདག་པོ་དང་དབང་ཆེ་ཤོས་མི་མང་ཐག་གཅོད་དེ་ཡིན་ནའང། བླ་མ་མི་རིགས་ལ་བྱས་རྗེས་གང་ཡང་བཞག་མྱོང་མེད་མཁན་བླ་མའི་མིང་ཅན་ཕོ་གསར་འགའ་རེ་ག་དུས་ཡིན་ན་ཡིན་མདོག་མདོག་དང་རྩ་ཆེ་མདོག་གིས་བཀའ་ཁྲི་དང་ཚོགས་གཙོའི་གོང་ནས་མ་གཏོགས་འདུག་འདོད་ཡོད་པ་མ་རེད། འདི་ནི་ནམ་ཡང་མི་དམངས་དང་མི་མང་གི་བསམ་ཚུལ་ལ་གུས་བརྩི་མེད་པ་དང་། མི་མང་བསམ་ཚུལ་རང་ཉིད་ལས་ཆུང་ཆུང་ཡིན་པའི་ང་རྒྱལ་ཆེ་དྲགས་པ་རེད། དེའི་བླ་མ་འདི་ཚོར་དངོས་ཡོད་ཀྱི་བདེན་པ་ངོ་སྤྲོད་བྱེད་ཐབས་ཀྱི་ལམ་ཁ་ག་རེ་ལྷག་འདུག ཁྱེད་རང་རྐུབ་བཀྱགས་མཐོ་ཤོས་སྒང་ལ་འདུག་རྒྱུའི་དུས་ཚོད་ད་དུང་སྨིན་ཡོད་མ་རེད། སྐས་འཛེགས་རིམ་འཛེགས་ཀྱི་མ་འོངས་པར་གཅིག་བྱས་ན་བཀའ་ཁྲི་དང་ཚོགས་གཙོའི་རྐུབ་བཀྱགས་ཐོག་སླེབས་སྲིད་པ་རེད་ཞུས་ན་ཉན་གི་རེད་དམ། བོད་ལ་བཀའ་ཁྲི་དང་ཚོགས་གཙོ་ལས་མཐོ་བ་ཡོད་མ་རེད། ཁོང་གཉིས་ཀྱི་གོང་ནས་མ་བཞུགས། དེ་མི་མང་དང་མི་མང་གི་ཐག་གཅོད་ལ་གུས་ཞབས་མ་བྱས་པ་རེད་ལབ་ན་ག་རེ་དྲན་གི་རེད་དམ། རྩ་བ་ནས་ཉན་གི་མ་རེད། ང་བླ་མ་ཡིན་སྐུ་ཕྲེང་མང་པོ་ཡིན། ངའི་རྐུབ་སྟེགས་མཐོ་ཤོས་ཡིན་དྲན་གི་རེད།
ཨ་མདོ་བ་ལབ་རྒན་ཀོབ་ཏོ་ཚོས་ལེགས་པར་ཉོན་ལ་ཡིད་ལ་གཟུངས་ཤིག
མི་ཤེས་པ་རྐྱང་བཤད་སྡོད་པ་ལས། མི་འཇོན་པ་རྐྱང་ལ་འཐམས་སྡོད་པ་ལས།
རང་བཙན་ལག་དེབ་མེད་མཁན་ཚོས་གསར་བ་བཟོས། ཡོད་མཁན་ཚོས་མ་ཤི་བ་བྱོས།
དེ་ནས། ༢༠༡༡་གི་བཀའ་བློན་ཁྲི་བ་འདེམས་བསྐོའི་འོས་ཤོག་འཕེན་དུས། མི་དམངས་སྤྱི་འཐུས་འདེམས་དུས། རང་བཙན་ལག་དེབ་མེད་དང་། སློབ་གྲྭ་དང་ལས་ཀ་ནས་དགོངས་པ་རག་མ་སོང་ཟེར་བ་མི་ཡོང་བ་བྱེད་ཐུབ་ན་ཁྱེད་རང་་ཨ་མིའི་བུ་རེད། དེ་མིན། ངར་ངར་རྫིག་རྫིག མཁས་ཉམས་དཔའ་ཉམས་ག་ཚོད་བསྟན་ཀྱང་། ཁྱི་གུ་སེང་གེར་བརྫུས བོང་བུ་རྐྱང་ལ་སྤྲུལ་བ་མ་རེད་དམ། འདི་རང་ཉིད་ལའང་གསལ་འདེབས་ཡིན་ལགས།
རབ་ཡིན་ན་བཀའ་ཁྲི་མ་འདེམས་གོང་ནས་རང་བཙན་ལག་དེབ་དེའི་རང་དབང་དཔྱ་ཁྲལ་དེ་འབུལ་ལནེ་བྱེད་ཐབས་གང་ཐུབ་བྱེད་དགོས་ཀྱི་འདུག དེ་མིན་ན་བཀའ་ཁྲི་འོས་ཤོག་ལྡུག་པའི་ཉིན་མོར་འོས་ཤོག་ལྡུག་ས་དེ་རང་དུ་རང་བཙན་ལག་དེབ་དཔྱ་ཁྲལ་དེ་འབུལ་ལམ་ཞུས་ནའང་ཆོག་པ་ཞིག་བཟོ་དགོ་ཀྱི་འདུག དེ་མིན་འོས་ཤོག་ལྡུག་གི་ཉིན་མོར་ཁྱོད་ཀྱིས་དཔྱ་ཁྲལ་ཕུལ་མི་འདུག་ཅིག་ཅིག་མིག་མིག་བཤད་བསྡད་ན། མི་དམངས་ཀྱིས་འོས་འཕེན་ཆ་རྐྱེན་ལ་དོ་ཕོག་འགྲོ་བ་དང་། གཞུག་ཕྱོགས་འོས་འཕེན་ལ་དོ་སྣང་མེད་པའམ། ཉོབ་ཀི་འདུག་ཅེས་ཀྱང་བཤད་མཁན་གང་མང་མང་འདུག འདི་ལ་སྔ་ས་ནས་བསམ་བློ་གཏོང་དགོས་འདུག་སྙམ།
རིག་འབྱུང་གིས་ ཆབ་དཔལ་ ཞེས་བྲིས་འདུག་པ་ཆབ་སྲིད་དང་དཔལ་འབྱོར་གཉིས་ཀྱི་བསྡུས་མིང་ཡིན་པ་འདྲ། ཡིན་ནའང་ཆབ་ཀྱིས་ཆུ་དང་དཔལ་གྱིས་གཞན་ལས་ཁྱད་དུ་འཕགས་པའི་དོན་སྟོན་གྱི་ཡོད་པས་ཆུ་ཡི་ཡོན་ཏན་ལྟ་བུ་ཞིག་ཏུ་མཐོང་ཡོང་། དེ་ལས་ སྲིད་འབྱོར་ བྲིས་ན་ལེགས། མཁས་དབང་མུ་དགེ་བསམ་གཏན་མཆོག་གིས་ཀྱང་འདི་ལྟར་གསུངས་འདུག་པ་ཞིག་དྲན།
བདེ་སྲུང་ལས་ཁུངས།
བོད་གཞུང་བདེ་སྲུང་ལས་ཁུངས་འདི་བཞིན་བཙན་བྱོལ་བོད་གཞུང་གི་བཀའ་བློན་ལས་ཁུངས་བདུན་གྱི་གྲས་ནས་གཅིག་ཡིན་པ་དང་།?ལས་ཁུངས་འདི་ཐོག་མར་?༡༩༥༩?ལོར་གསར་འཛུགས་བསྐྱངས་ཤིང་།?ལས་ཁུངས་འདིའི་ལས་འགན་གཙོ་བོ་ནི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཕྱྭའི་ཉེན་སྲུང་ཞུ་རྒྱུ་དེ་ཡིན་ཅིང་།?ཕྱོགས་མཚུངས་བཙན་བྱོལ་སྤྱི་ཚོགས་ནང་འགྱུར་འགྲོས་ཀྱི་གནས་ཚུལ་ལ་བརྟག་ཞིབ་དང་།?ལྷག་པར་དུ་བོད་ནང་གི་འགྱུར་འགྲོས་གནས་སྟངས་ཐད་རྟོག་ཞིབ་ཞུ་རྒྱུ་སོགས་དམིགས་བསལ་ལས་འགན་ཡོད།
?? ? ད་ལྟའི་ཆར་བཀའ་བློན་དང་དྲུང་ཆེ་རྣམ་གཉིས་ཀྱི་སྟངས་འཛིན་འོག་རྒྱུན་གཏན་གྱི་ཞུ་སྒོ་ཁག་གྲུབ་བཞིན་ཡོད་ཅིང་།
གཞན་ཡང་བདེ་སྲུང་ལས་ཁུངས་ཀྱི་ཐད་ཀའི་སྟངས་འཛིན་འོག་ཡན་ལག་སྡེ་ཚན་ཇི་ཡོད་གཤམ་གསལཿ
རྡ་སྟེང་བདེ་སྲུང་ཡན་ལག་ལས་ཁུངསཿ
ཡན་ལག་ལས་ཁུངས་འདི་བཞིན་ལས་ཁུངས་དབུས་མ་རྒྱ་བསྐྱེད་ཀྱིས་ཆེད་བཙུགས་ཞུས་པ་ཞིག་ཡིན་ཅིང་།?ལས་ཁུངས་འདིས་རྒྱུན་དུ་ཕྱི་རྒྱལ་སོགས་ཕྱོགས་མཐའ་ནས་འབྱོར་རིགས་ལ་༸གོང་ས་༸སྐྱབས་མགོན་ཆེན་པོའི་མཇལ་ཞུ་མི་རྣམས་ཀྱི་ཐོ་བཀོད་དང་ཆབས་ཅིག་སྔོན་འགྲོའི་ཞིབ་འཇུག་དང་སྦྲགས་དཔལ་ལྡན་སྐུ་སྒེར་ཡིག་ཚང་བརྒྱུད་༸སྙན་སེང་བཀའ་འཁྲོལ་ཐོན་མཚམས་བརྡ་སྦྱོར་གྱིས་མཇལ་མང་གོ་སྒྲིག་ཞུ་ཡི་ཡོད།?དེ་བཞིན་ཡན་ལག་འགན་འཛིན་ནས་ཕོ་བྲང་སྐུ་སྲུང་དང་།?ཕོ་བྲང་ཁོར་ཡུག་ཏུ་སྐུ་ཕྱྭ་དང་འབྲེལ་བའི་ལས་དོན་རྟོགས་ཞིབ་ཀྱིས་ཡར་རྒྱས་གཏོང་དགོས་མཆིས་རིགས་སྐབས་མཚམས་འབྲེལ་ཡོད་དང་བཀའ་བསྡུར་འགན་འཁུར་ཞུ་བཞིན་ཡོད།?གཞན་་ཡང་བཞུགས་སྒར་དུ་གནས་འཁོད་བོད་མི་ལོ་ན་སོན་རིགས་དང་།?སློབ་གྲྭ་བ་སོགས་བོད་མི་སྤྱི་བྱིངས་ལ་གནས་ཡུལ་གཞུང་གི་ལོ་ཚད་གཏན་འབེབས་གཞིར་བཟུང་ལོ་ན་སོན་མཚམས་ཡན་ལག་ལས་ཁུངས་ནས་སྐྱབས་བཅོལ་བའི་ལག་འཁྱེར་གསར་བཟོ་དང་།?ལག་འཁྱེར་དུས་འགྱངས།?ཕྱི་བསྐྱོད་ཆོག་མཆན་ཞུ་སྒོ་བཅས་པར་ས་གནས་འབྲེལ་ཡོད་དང་ཟུང་འབྲེལ་འགན་འཁུར་ཞུ་བཞིན་ཡོད།
དབྱིན་བོད་ཚིག་ཐོ་སྡེ་ཚན་དང་། དཔྱད་ཞིབ་སྡེ་ཚནཿ
བདེ་སྲུང་ལས་ཁུངས་ཀྱི་སྟངས་འཛིན་འོག་ཆེད་བཙུགས་ཞུས་པའི་དབྱིན་བོད་ཚིག་ཐོ་སྡེ་ཚན་ནས།?བོད་ནས་གཉེན་འཕྲད་དང་།?གནས་བསྐོར།?བྲོས་བྱོལ་ཡོང་མི་བཅས་ཚང་མར་ཞིབ་འཇུག་གང་ཐུབ་དང་སྦྲགས་དོ་བདག་གི་ཚིག་ཐོ་ལེན་འགོད་ཞུ་བཞིན་པ་དང་།?དཔྱད་ཞིབ་སྡེ་ཚན་ནས་གོང་གསལ་ཚིག་ཐོ་སྡེ་ཚན་ནས་ལེན་བཀོད་ཟིན་པའི་དོ་བདག་གི་ཚིག་ཐོར་བསྐྱར་དུ་དཔྱད་ཞིབ་ཞུས་ཏེ་ཁ་མ་གསལ་བའི་རིགས་སོགས་བསྐྱར་འདྲི་དང་།?ཆབ་སྲིད་དང་འོས་འཚམས་གནས་ཚུལ་རིགས་མཁོ་བཏོན་གྱིས་རང་གཞུང་གི་མཛད་གཙོ་རྣམ་པའི་མཁྱེན་རྟོགས་སླད་འབུལ་བཞིན་ཡོད།
བོད་གནས་ཉམས་ཞིབཿ
བོད་གནས་ཉམས་ཞིབ་ཁང་འདི་བཞིན་བདེ་སྲུང་ལས་ཁུངས་ཀྱི་ཁོངས་སུ་གཏོགས་པའི་ཉམས་ཞིབ་ཁང་ཞིག་ཡིན་པ་དང་།?རྒྱུན་དུ་ལས་ཁུངས་འདིའི་ལས་འགན་གཙོ་བོ་ནི་བོད་ཆོལ་ཁ་གསུམ་སྤྱི་ཡོངས་ཀྱི་གནས་སྟངས་ལ་ཉམས་ཞིབ་ཀྱིས་ཡིག་ཆ་བསྡུ་གསོག་ཞུ་རྒྱུ་དང་།?བོད་དང་འབྲེལ་ཡོད་ཀྱི་རླུང་འཕྲིན་ཁག་ཕབ་བསྒྱུར་ཉམས་ཞིབ་ཞུ་རྒྱུ།?རྒྱ་ནག་གི་གནས་ཚུལ་འགྱུར་འགྲོས་ཁག་ལ་ཉམས་ཞིབ་ཞུ་རྒྱུ་དང་རྒྱ་ཡིག་ཐོག་ཡོད་པའི་ཡིག་ཆ་དང་།?སྐབས་འཕྲལ་གསར་འགྱུར་ཁག་བོད་བསྒྱུར་གྱིས་ཉམས་ཞིབ་དང་ཡིག་བསྒྱུར་ཞུས་པའི་གལ་ཆེའི་དེབ་རིགས་མཁོ་འདོན་ཞུ་རྒྱུ།?དེ་བཞིན་ནང་ཁུལ་དཔྱད་ཡིག་ཞེས་པའི་ཡིག་ཆ་ཞིག་ཟླ་བ་གཉིས་རེའི་མཚམས་ཕྱོགས་བསྒྲིགས་ཀྱིས་གོང་རིམ་མཛད་གཙོ་རྣམ་པར་འབུལ་འགྲེམས་ཞུ་རྒྱུ།?ཟླ་རེའི་མཚམས་བོད་གནས་ཕྱོགས་བསྡུས་ཞེས་པའི་གསར་འགྱུར་ཁག་འབྲེལ་ཡོད་ལས་ཁུངས་ཁག་ལ་འབུལ་འགྲེམས་བཅས་ཞུ་བཞིན་ཡོད།
སྣེ་ལེན་འབྲེལ་མཐུད་ཁངཿ
སྣེ་ལེན་འབྲེལ་མཐུད་ཁང་གི་ལས་ཁུངས་དབུས་མ་བཞུགས་སྒར་དུ་ཡོད་པ་དང་།?དེའི་ཡན་ལག་ལས་ཁུངས་བལ་ཡུལ་དང་ལྡི་ལི་གཉིས་སུ་ཆེད་བཙུགས་ཞུས་ཡོད་ཅིང་།?ལས་ཁུངས་འདི་ཐོག་མར་དབུ་འཛུགས་ཞུས་པ་ནས་ད་བར་རང་རིགས་བོད་ནས་གསར་དུ་འབྱོར་བའི་རིགས་ལ་དཀའ་ངལ་སེལ་རྒྱུར་ཕན་ཐོགས་ཆེན་པོ་བྱུང་ཡོད།?བལ་ཡུལ་དུ་ཡོད་པའི་སྣེ་ལེན་ཡན་ལག་ཁང་གིས་བལ་བོད་ས་མཚམས་བརྒྱུད་དེ་བྲོས་བྱོལ་དུ་འབྱོར་བའི་བོད་རིགས་སུ་མཆིས་ལ་ཐོག་མའི་སྣེ་ལེན་གྱི་ཞབས་ཞུ་གང་ཐུབ་ཞུས་ཏེ་བཞུགས་གནས་དང་།?ཞལ་ལག་སོགས་གོ་སྒྲིག་ཞུ་གི་ཡོད་པ་དང་།?བལ་ཡུལ་བརྒྱུད་ལྡི་ལིར་བསྐྱོད་རྒྱུའི་ལམ་གྲོན་དང་སློབ་སྟོན་སོགས་གང་ཐུབ་ཞུ་བཞིན་ཡོད་ཅིང་།?ལྡི་ལིར་འབྱོར་མཚམས་བལ་ཡུལ་སྣེ་ལེན་ནས་གནང་བའི་ངོས་སྦྱོར་གཞིར་བཟུང་ལྡི་ལི་སྣེ་ལེན་ཡན་ལག་ནས་ཀྱང་གོང་མཚུངས་མཐུན་འགྱུར་ཞུས་ཏེ་བཞུགས་སྒར་བར་བདེ་འབྱོར་ཐུབ་ཐབས་བྱེད་བཞིན་ཡོད།བཞུགས་སྒར་སྣེ་ལེན་དུ་འབྱོར་རྗེས་བཞུགས་གནས་དང་།?ཞལ་ལག??སྨན་བཅོས་སོགས་མཐུན་འགྱུར་ཐོག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་ཁ་གོ་སྒྲིག་དང་།?དོ་བདག་སོ་སོའི་ལོ་ནའི་བབས་དང་བསྟུན་ཤེས་ཡོན་སློབ་གཉེར་སྤྲོད་རྒྱུའི་ཆེད་རང་ལོ་གཏན་འབེབས་གཞིར་བཟུང་བོད་ཁྱིམ་ཁག་དང་།?ཤེས་རབ་དགའ་ཚལ་སློབ་གླིང་།?དགེ་བཙུན་རིགས་དགོན་སྡེ་ཁག་ལ་གཏོང་ཐབས་སོགས་སྒྲིག་གསལ་འགྲོ་ལུགས་ཆ་ཚང་བཟོས་ཏེ་སྐྱེལ་མ་ཞུ་བཞིན་ཡོད་པ་བཅས་ཀྱི་ངོ་སྤྲོད་རགས་བསྡུས་སུ།?བོད་གཞུང་བདེ་སྲུང་ལས་ཁུངཔྲས་ནས།?ཕྱི་ལོ་?༢༠༠༨?ཟླ་?༣?ཚེས་?༦?ལ།།
འཚོ་བྱེད་བུའི་བསམ་ཚུལ་དེ་ལ་འཐད་པ་ཡོད།
སྲིད་འབྱོར་ཟེར་ན་སྲིད་པའི་འབྱོར་པ་བསྡུས་པ་ལྟ་བུ་དེ་ལས་མགོ་ཉོག་པ་མི་འདུག་གམ། ཆབ་དཔལ་རིག་གསུམ་ཟེར་བ་འདི་དག་བོད་ལ་གོམས་ཆེ་བ་རེད། གཞན་ཡང་ཆབ་དཔལ་ཟེར་བ་འདི་ཐ་སྙད་གསར་པ་ལྟ་བུ་ཞིག་སྣང་བ་ལས་ཆུའི་དཔལ་ཡོན་ཟེར་བར་གོ་ནོར་ཐེབས་དོན་མི་འདུག གང་ལགས་ཟེར་ན་བོད་ཀྱི་ཐ་སྙད་འཇུག་ཚུལ་ནང་དཔྱིད་དཔལ་ཟེར་བ་ལྟ་བུ་ཡོད་མོད། ས་དཔལ་ཟེར་བ་དང་། གནམ་དཔལ། མེ་དཔལ་ཟེར་བ་ལྟ་བུ་མེད་པར་སྙམ།
མིང་ཚིག་མཐོང་དུས་མགོ་ཉོག་དང་མི་ཉོག་ནི་ཀློག་པ་པོའི་ཤེས་ཚད་དང་འབྲེལ་བ་ཆེན་པོ་ཡོད་པ་རེད། དྲ་ཐོག་འདི་ན་ཡོད་པ་ཞིག་གིས་ཆབ་དཔལ་མཐོང་དུས་ཆབ་དང་ཆུ་གཉིས་ནོར་མི་སྲིད། ཡིན་ན་ཡང་བཙན་བྱོལ་སློབ་གྲྭའི་སློབ་མ་མང་ཤོས་ཀྱིས་ཆབ་དང་ཆུ་གཉིས་ནོར་འགྲོ ངས་མནའ་སྐྱེལ་ཐུབ། ཆབ་དང་ཆུ་གཉིས་ནོར་ན་ཏོག་ཙམ་ལོས་བཟང་། ཆབ་དང་ཆབ་གསང་ནོར་གི་རེད། ཆབ་དང་ཆབ་ཆེན་ཡང་ནོར་སྲིད།
ཆབ་སྲིད་རིག་གསུམ་ཟེར་དུས། བསྡུས་ཚིག་འདི་ལ་བསམ་བློ་ཞིག་གཏོང་རྒྱུ་མེད་འགྲོ་དྲན། ང་བོད་དུ་ཡོད་དུས། བོད་ཡིག་དགེ་རྒན་ཞིག་གིས་འདི་ནོར་བ་རེད་ཟེར་བ་ཞིག་གོ་མྱོང་།
ནོར་བའི་རྒྱུ་མཚན་དེ་ངས་མི་དྲན། བཙན་བྱོལ་དུ། ཆབ་དཔལ་རིག་གསུམ་ཞེས་བསྡུས་ནས་བྲིས་ན་ནོར་རེད་ཟེར་མཁན་ཞིག་འདུག་དྲན། ཕལ་ཆེར་ཟམ་གདོང་རིན་པོ་ཆེ་མིན་འགྲོ། དེ་ཡང་གསལ་བོ་ཞིག་མི་དྲན། གང་ལྟར། འདི་བོད་དུ་སྤྱོད་ཤུགས་ཆེ། བོད་ནང་ལ་འདི་རྒྱའི་རིག་གནས་བརྒྱུད་ནས་སླེབས་པ་མིན་འགྲོ་དྲན། སྐུ་ཞབས་ལ་ལ་ལགས།
ཁྱེད་ཀྱིས་ཁ་སྔོན་རྒྱ་ཡིག་ཅུང་ཙམ་འབྲི་གིན་འདུག་དྲན་སོང་། རྒྱའི་སྐད་ཡིག་དང་ཡིག་ཆའི་ཐོག་ན། ཆབ་དཔལ་རིག་གསུམ་ཟེར་ནས་བྲིས་འདུག་གམ། འདི་དོགས་སློང་ཙམ་ཡིན།
གཞན། ངས་གསལ་བོ་ཞིག་མི་ཤེས། རིག་གཞུང་ཞིབ་འཇུག་པ་ཚོར་འདི་ཚོའི་རིགས་ལ་རྒྱུ་མཚན་གཏིང་ཟབ་བཤད་རྒྱུ་ཡོད་རེད་དྲན།
ཨ་ཀྱྭ་ཚང་གི་ལོ་རྒྱས་འདི་འི་བརྗོད་དོན་ཆ་ཚང་བ་ཞིག་མ་ངེས་ཀྱང་། གང་ལྟར་དམིགས་ཡུལ་གཅིག་ནི་
ཁོང་གི་འཚོ་བའི་ཁ་སྣོན་དུ་དམིགས་ཡོད་སྐད་ཡིག་གང་དུ་བྲིས་ལས་གསལ་བོ་རེད།
དྲ་གྲོགས་ཚོ། ཆོས་པ་སྲིད་སྟེགས་ལ་འདེད་མི་ཉན་ཡ། སྲིད་ཀྱི་སྟེགས་བུ་འདིར་མེ་ཏོག་གི་ཕྲེང་བ་ཡོད་ལ་རུ་མཚོན་གྱི་རྙི་རྒྱ་ཡང་པས། ་འདི་ལྟ་བུའི་སྐྱེས་ཆེན་ཚོ་བོད་མགོ་ནག་གི་མགོ་ཐོག་ལ་ཡོད་བཞིན་དུ་རྐང་ཞབས་སུ་འཕེན་མི་རུང་།
དགོངས་དག གོང་དུ་ ཡོད ཅེས་པ་ཆད་འདུག་པས་འདི་ནས་ཁ་གསབ་གནང་རོགས།
རིག་འབྱུང་ལགས། ཆབ་དཔལ་རིག་གསུམ་ཞེས་པ་འདི་ལན་མང་མཐོང་མྱོང། འདི་ཡི་དོན་བཀྲལ་ན་ཆབ་སྲིད་དང་དཔལ་འབྱོར་རིག་གནས་བཅས་ལ་གོ་བ་རེད། ཆབ་སྲིད་རིག་གསུམ་ཞེས་འབྲི་མི་རིགས་པ་འདྲ་སྟེ་ཆབ་སྲིད་གཉིས་སོ་སོར་མ་ཕྱེས་ན་གསུམ་མི་རྙེད་ལ་ཕྱེས་ན་ཕྱེ་སྟངས་མེད་པ་ཞིག་རེད་སྙམ། འདི་བསམ་འཆར་ཙམ་ཡིན།
དྲ་གྲོགས་ལགས། སེམས་བཟང་བཅིང་བ་དགའ་བོ་བྱུང། འོན་ཀྱང་ང་ཆོས་བ་ཞིག་ཀྱང་མིན་ལ་
ཆབ་སྲིད་བ་ཞིག་དེ་ལས་མིན། ཡིན་པ་ནི་ཆོས་དང་ཆབ་སྲིད་གཉིས་གར་ཆར་རྒྱུས་ཅུང་ཙམ་ཡོད་པའི་
བོད་ཕྲུག་དྲང་བདེན་འཚོལ་མཁན་ཞིག་ཡིན་པས་སུ་ལ་ཕོག་ཐུག་སོང་ཀྱང་མི་རྐྱང་ང་ལ་ཕན་གནོད་མེད་དོ།།
དྲ་གྲོགས་རྣམས་པ།
གོང་བླ་མ་འདིའི་རིགས་ལ་ངས་ཞིབ་འཇུག་གང་འཚམས་བྱས་མྱོང་པས།
ཁྱེད་རྣམས་པའི་དྲང་བདེན་གྱི་སྤྱན་གཉིས་ལེགས་པར་ཕྱེས་ཏེ་
རྒྱང་རིང་ལ་གཟིགས་ན་མཁྱེན་ངས་ཡིན།།
མཁས་དབང་དམུ་དགེ་བསམ་གཏན་གྱིས་ <> ཞེས་པར་ཆབ་དཔལ་རིག་གསུམ་སོགས་སྡུད་ཚིག་ཀྱི་སྐོར་ལ་འདི་འདྲ་ཞིག་གསུང་འདུག
ཚིག་སྡུད་ཀྱི་སྐབས་སུའང་། ཚིག་གཙོ་བོ་དང་ཚིག་གྲོགས་སོགས་ཀྱི་ཁྱད་པར་ཤེས་དགོས་ཏེ། དཔེར་ན། ཆབ་སྲིད་ལ། སྲིད་གཙོ་བོ་དང་ཆབ་ཚིག་གྲོགས་ཡིན། དེའི་ཕྱིར་ཚིག་སྡུད་བྱེད་ཚེ། སྲིད་གཞུང་། ནོར་སྲིད། སྲིད་འགྱུར། སྲིད་དོན། ནང་སྲིད། སྲིད་བློན་སོགས་ཟེར་རྒྱུ་ལས། ཆབ་གཞུང་། ཆབ་འགྱུར། ཆབ་དོན། ནང་ཆབ། ཆབ་བློན་སོགས་ཟེར་སྲོལ་མེད་ལ། དེ་བཞིན་དུ་ 政协会 སྲིད་གྲོས་ཁང་ཞེས་བསྒྱུར་རྒྱུ་ལས་ཆབ་གྲོས་ཁང་ཞེས་བསྒྱུར་ན་ཤིན་ཏུ་མི་ལེགས། ཆབ་རྐྱང་བ་ནི་ཆུའི་མིང་དང་གཅིན་ལའང་ཆབ་ཟེར་ཏེ། ཆབ་བསང་། ཆབ་ཐོ། ཆབ་རྫ་ཟེར་བ་རེད། ཆབ་གྲོས་ཁང་ཟེར་བ། དེ་ལས་ཀྱང་ཚིག་བསྡུས་ཚེ་ཆབ་ཁང་དུ་འགྱུར། དཔལ་འབྱོར་ལའང་། དཔལ་ཚིག་གྲོགས་དང་འབྱོར་གཙོ་བོ་ཡིན་གཤིས་ཚིག་སྡུད་བྱེད་ཚེ། འབྱོར་ལྡན། འབྱོར་མེད་ཟེར་རྒྱུ་ལས། དཔལ་ལྡན། དཔལ་མེད་མི་ཟེར། རིག་གནས་ལའང་རིག་གཙོ་བོ་དང་གནས་ཚིག་གྲོགས་ཡིན་གཤིས། སྨན་རིག་ཚན་རིག་སོགས་ཟེར་རྒྱུ་ལས། སྨན་གནས། ཚན་གནས་སོགས་མི་ཟེར་བ་བཞིན་ཀུན་ལ་རིགས་འགྲེ་སྦྱར་ཤེས་དགོས།
ཞེས་པ་ནི་ཤིན་ཏུ་རྨད་པའི་གསུང་ཞིག་རེད། དེ་བས་ཆབ་དཔལ་རིག་གསུམ་ལས་སྲིད་འབྱོར་རིག་གསུམ་ཞེས་བརྗོད་ན་དོན་ལ་འབྱོར་རོ།
མཁས་དབང་དམུ་དགེ་བསམ་གཏན་གྱི་ལྗགས་རྩོམ་ ༼སུམ་རྟགས་མཐའ་དཔྱད་ལས་བོད་ཀྱི་སྤྱི་སྐད་སྐོར་༽ ཞེས་པ་དེ་རེད།
རང་གི་རྩ་བའི་བླ་མ་དང་ཚེ་འདིའི་གོ་ས་དབང་ཐང་གཉིས་བར་བདམ་ག་མ་ནོར་བར་སྐྱབས་འགྲོའི་བསླབ་བྱ་ཉམས་བཞེས་མ་
ལྷོད་ཅིང་། རང་ཉིད་ཙམ་བདེ་ཐབས་ཀྱི་དམན་སེམས་བོར་ནས་བསྟན་འགྲོ་སྤྱིའི་བདེ་རྩར་དགོངས་བཞེས་ཀྱིས་བཙན་བྱོལ་དུ་
ཕེབས་ཚུན་བོད་ཀྱི་རྩ་དོན་ལ་སྨན་པའི་མཛད་འཕྲིན་སྐྱོང་བཞིན་པའི་ཨ་ཀྱཱ་རིན་པོ་ཆེ་དང་། རང་གི་རྩ་བའི་བླ་མ་དང་ཚེ་
འདིའི་གོ་ས་དབང་ཐང་གཉིས་ལས་ཕྱི་མ་བདམས་ནས་བསྟན་དགྲའི་རྒྱུག་ཁྱིར་འཚང་ཞིང་རྔམ་ནས་རང་གི་རྩ་བའི་བླ་མར་
ཡང་མཚན་དམོད་བྱེད་ཕོད་མཁན་བླ་དཔོན་དམ་ཉམས་སྐྱག་ཟན་ལ་ལ་དག་བསྡུར་སྐབས། ཁྱེད་ལ་སྙིང་ནས་དགའ་གུས་དང་
རྗེས་སུ་ཡི་རང་གི་བསམ་བློ་འགོག་མེད་དུ་འཆར་ཡོང་ཞུ། ཉེ་ཆར་རང་རྣམ་དཔར་འགྲེམས་ཟིན་སྐོར་གོ་ཐོས་བྱུང་བས་ཐུགས་
རྗེ་ཆེ་ཞུ་བ་དང་ཆབ་ཅིག བདེན་པའི་ཆར་མེད་སྒྲ་བརྒྱ་ལྡིར། །ཙི་ནའི་བཙན་དབང་འབྲུག་སྐད་ནི། །ཞི་བསིལ་བདེན་པའི་ཁ་བ་
ཡིས། །གྲག་མེད་སྐྱག་རྫུན་ཨར་ལ་གཏད། །ད་དུང་བསྟན་སྲིད་ཡུན་གནས་སླད། །བདེན་པའི་གསེར་ཐུར་ཉེར་བཟུང་སྟེ། །བཙན་
འཛུལ་དབང་ཡོད་ལིང་ཏོག་བསལ། །བདེན་པའི་རང་ངོ་མཐོང་བར་མཛོད། །ཅེས་ཀྱང་ཞུའོ།།
ཁ་སྔོན་ངེད་ཀྱིས་། ཆབ་དཔལ་རིག་གསུམ་ཟེར་བའི་བསྡུས་ཚིག་འདི་ལ་བསམ་བློ་ཞིག་གཏོང་རྒྱུ་འདུག་ལབ་ཡིན། སྐབས་དེ་དུས་དེའི་སྒང་ལ་དམིགས་སུ་བཀར་ནས་བསམ་ཚུལ་གསུངས་མཁན་བྱུང་མི་འདུག འཚོ་བྱེད་བུས་མཁས་དབང་མི་དགེ་བསམ་གཏན་གྱི་ལྗགས་རྩོམ་ སུམ་རྟགས་མཐའ་དཔྱད་ལས་བོད་ཀྱི་སྤྱི་སྐད་སྐོར་ཟེར་བ་ནས་ཁུངས་འདྲེན་གནང་བ་དེ་དོན་ལ་གནས་བར་འདུག་དྲན། མཁས་དབང་མི་དགེ་བསམ་གཏན་གྱི་གསུངས་དེ་ལ་དགོས་དམིགས་ཤིག་ཏན་ཏན་འདུག་དྲན།
ང་ལ་བསམ་ཚུལ་འདི་སླེབས་དོན་ནི། ངེད་ཀྱིས་མཁས་བ་པད་མ་འབུམ་གྱིས་བྲིས་བའི་ཐ་སྙད་གསར་བསྒྲིགས་དེབ་བཞི་དང་། རྒྱ་བོད་ཤན་སྦྱར་གྱི་ཚིག་མཛོད་གསུམ་། ཟེར་བ་དེ་བྐླགས་པའི་རྗེས་སུ་ཡིན། མཁས་པ་པད་མ་འབུམ་གྱི་རྩོམ་དེའི་ཁོངས་སུ། འདི་ལྟར་བྲིས་འདུག “༡༩༥༢ལོར་པེ་ཅིང་ན་ཡོད་པའི་རྒྱ་བོད་ལོ་ཙཱ་བ་ཁག་ཅིག་གིས་དེ་སྔ་བོད་ཡིག་ཏུ་བསྒྱུར་ཚར་བའི་ཡིག་རིགས་ལས་བསྒྱུར་བྱ་རྒྱ་ཡིག་གི་ཐ་སྙད་དང་སྒྱུར་བྱེད་བོད་ཡིག་གི་ཐ་སྙད་འཐུ་གསོག་བྱེད་འགོ་ཚུགས། ༡༩༥༣ལོར་པེ་ཅིན་དང་ཁམས་ཕྱོགས། ཨ་མདོ་ཕྱོགས་ཀྱི་རྒྱ་བོད་ཀྱི་ལོ་ཙཱ་བ་ཁག་ཅིག་མཉམ་འཛོམས་ཀྱིས་རང་རང་གིས་འཐུ་གསོག་བྱས་པའི་རྒྱ་བོད་ཀྱི་ཐ་སྙད་གསར་པ་རྣམས་གཅིག་ཏུ་སྤུངས་ཏེ་བླང་དོར་གང་ཐུབ་གནང་བའི་འབྲས་བུ་ནི་ཐ་སྙད་གསར་བསྒྲིགས་པོད་དང་པོ་ཞེས་པ་ཞིག་ཐོན། དེའི་ནང་ན་ཐ་སྙད་ཉིས་སྟོང་ལྷག་ཙམ་ཡོད་པ་༡༩༥༤ལོའི་ཟླ་༥པར་དཔེ་སྐྲུན་བྱས། དེང་སང་བོད་ནང་གི་ཡིག་རིགས་སུ་གཙོ་འཛིན་ལ་ཀྲུའུ་ཞི་དང་། དམར་ཕྱོགས་ཚོགས་པ་ལ་གུང་ཁྲན་ཏང་། ཚོགས་མིའམ་རྒྱུན་ལས་ལ་ཨུ་ཡོན་ཟེར་བ་ལྟ་བུའི་སྒྲ་སྒྱུར་གྱི་མིང་རྐྱང་དང་། རྒྱ་ནག་གི་ཆབ་སྲིད་ཀྱི་ནང་དུ་ཧ་ཅང་སྤྱོད་རྒྱ་ཆེ་བའི་ཐ་སྙད་ འབྱོར་ལྡན་གྲལ་རིམ་དང་རྒྱལ་གཅེས་རིང་ལུགས་ཟེར་བ་ལྟ་བུའི་མིང་རྐྱང་རྣམས་ཀྱང་ཚིག་མཛོད་འདིའི་ནང་དུ་ཐོག་མར་གཏན་འཁེལ་བྱུང་ཡོད་ཟེར་།
དེ་ནས། ཐ་སྙད་གསར་བསྒྲིགས་དེབ་གཉིས་པ་དེ་༡༩༥༥ལོར་དཔེ་བསྐྲུན་བྱས་འདུག དེང་སང་བོད་ནང་ལ་རྒྱ་ཁྱབ་ཏུ་བེད་སྤྱོད་གཏོང་བཞིན་པའི་རྒྱ་ནག་གུང་ཁྲན་གཞུང་གི་ཁྲིམས་དང་གཞུང་གི་སྒྲིག་གཞི་དང་འཛིན་སྐྱོང་སྐོར་གྱི་ཐ་སྙད་གསར་པ་དཔེར་ན། རང་སྐྱོང་ལྗོངས་ཟེར་བ་ལྟ་བུ་དང་ རྒྱ་སྐད་ནས་སྒྲ་སྒྱུར་བྱས་བའི་མི་མིང་མར་ཁེ་སི་ལྟ་བུ་དང་། རྒྱལ་ཁབ་ཀྱི་མིང་ལུའུ་ལེན་ར་ཤི་ཡ་ལྟ་བུ། གོ་སའི་མིང་ཨུ་ཡོན་ཀྲང་ཟེར་བ་ལྟ་བུ་མང་ཆེ་བ་དེབ་འདིའི་ནང་ལ་གཏན་འཁེལ་བྱུང་འདུག་ཟེར། ཐ་སྙད་གསར་བསྒྲིགས་དེབ་གསུམ་པ་ནི་༡༩༥༨ལོར་དཔེ་བསྐྲུན་བྱས་འདུག དེའི་ནང་གི་ཐ་སྙད་རྣམས་ནི་རྒྱ་ནག་གི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་དང་པོའི་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པ་གཉིས་ཀྱི་སྐབས་ཀྱི་ཡིག་ཆ་བཅུ་བདུན་བསྒྱུར་བ་ལས་བྱུང་ཞིང་། དེང་སང་བོད་ནང་ལ་ཡིག་ངག་གཉིས་ཐོག་ལ་ཁྱབ་རྒྱ་ཆེ་བའི་ཀུན་ཁྱབ་རླུང་འཕྲིན་དང་། བཟོ་ཚོང་ལས་རིགས། གློག་ཤུགས་བཟོ་ལས། གློག་བརྙན་ཟེར་བ་ལྟ་བུའི་ཚན་རིག་དང་དཔལ་འབྱོར། སྤྱི་ཚོགས་བཅས་ཀྱི་མིང་བརྡ་གསར་པ་མང་པོ་ཞིག་ཚིག་མཛོད་པོད་འདི་ལས་བྱུང་འདུག་ཟེར། ཐ་སྙད་གསར་བསྒྲིགས་པོད་བཞི་བ་ཡང་༡༩༥༦ལོར་དཔེ་བསྐྲུན་བྱས་འདུག ཐ་སྙད་གསར་བསྒྲིགས་དེབ་བཞི་པོ་དཔེ་སྐྲུན་བྱས་ནས་ལོ་དྲུག་འགོར་རྗེས་སུ་མི་རིགས་དཔེ་སྐྲུན་ཁང་ནས་དེ་བཞི་བོ་ལ་སྐྱར་ཞིབ་དང་ལེགས་བཅོས་ལོ་ལྔ་ལ་བྱས་མཐར་༡༩༦༤ལོར་དེ་རྣམས་དེབ་གཅིག་ཏུ་དྲིལ་ནས་རྒྱ་བོད་ཤན་སྦྱར་ཚིག་མཛོད་ཅེས་པ་ཐ་སྙད་གསར་པ་ཆིག་ཁྲི་སུམ་སྟོང་ལྷག་གི་བདག་ཉིད་ཅན་དེ་དཔེ་སྐྲུན་བྱས།
ཚིག་མཛོད་དེ་དཔེ་སྐྲུན་བྱས་ནས་ལོ་ངོ་བཅུ་གཉིས་འགོར་བ་༡༩༧༦ལོར་ཡང་སྐྱར་རྒྱ་བོད་ཤན་སྦྱར་གི་ཚིག་མཛོད་ཟེར་བ་མིང་རྐྱང་ལྔ་ཁྲི་སུམ་སྟོང་ལྷག་གི་བདག་ཉིད་ཅན། ཚིག་མཛོད་སྔོན་མ་ལས་མིང་རྐྱང་གི་གྲངས་ཀ་ལྡབ་བཞི་ཡིས་མང་བ་དེ་དཔེ་སྐྲུན་བྱས། ཚིག་མཛོད་འདི་མ་བསྒྲིགས་སྔོན་ལ། རྒྱ་གཞུང་གིས་བོད་ཀྱི་བརྡ་སྤྲོད་ལ་གསར་བཅོས་ཤིག་བྱས་པར། རྣམ་དབྱེ་དྲུག་པའི་འབྲེལ་སྒྲའི་སྐབས་སུ་ གྱི་དང་ཀྱི་སྒྲ་ལྟ་བུའི་ཚིག་ཕྲད་སྐོར་ཞིག་མེད་པ་བཟོས་ཤིང་། བོད་ཡིག་གི་རྐྱེན་གྱི་ཡི་གེ་ཡིག་མགོའམ་དབུ་ཁྱུད་དང་ཡིག་ཤད་སོགས་ཀྱི་ཚབ་ཏུ་རྒྱ་ཡིག་གི་རྐྱེན་གྱི་ཡི་གེ་རྣམས་བེད་སྤྱོད་བྱེད་དགོས་བར་གཏན་འཁེལ་བྱས་འདུག་ཟེར། རྒྱ་བོད་ཤན་སྦྱར་གྱི་ཚིག་མཛོད་གཉིས་པ་དེ་དཔེ་བསྐྲུན་བྱས་ནས་ལོ་ངོ་བཅོ་ལྔ་འགོར་བ་༡༩༩༡ལོར་ཡང་རྒྱ་བོད་ཤན་སྦྱར་གྱི་ཚིག་མཛོད་ཟེར་བའི་ཚིག་མཛོད་ཐ་སྙད་གསར་པ་གྲངས་ཁྲི་བརྒྱད་ལྷག་གི་བདག་ཉིད་ཅན་ཞིག་ཐོན་འདུག་ཟེར་། ” འདི་ལྟར། གོང་གི་ཐ་སྙད་གསར་བསྒྲིགས་དེབ་བཞི་དང་རྒྱ་བོད་ཤན་སྦྱར་གྱི་ཚིག་མཛོད་གསུམ་གྱི་བྱུང་རིམ་ལ་བལྟས་ན། ང་ཚོས་གོང་དུ་གླེང་བཞིནཔའི་བསྡུས་ཚིག་དེ་ཚོར་ཡང་མཆེད་ཁུངས་ཤིག་འདུག་དྲན། དེས་ན། དེ་ཚོར་བསམ་ཞིབ་བྱེད་རྒྱུ་ཡང་འདུག་དྲན། གནས་སྐབས་རིང་བདེ་མོ།