བསྟན་འཛིན་ཤེས་རབ་།
ཕྱི་ཚེས་༡༦སྟེ་ཁ་སང་ཞོགས་པར་མདོ་སྨད་བླ་བྲང་བཀྲ་ཤིས་འཁྱིལ་གྱི་དགེ་བཤེས་ཨ་ཁུ་གྲགས་པ་ཚང་སྐུ་དཀྲོངས་འདུགཁོང་ནི་བླ་བྲང་གི་དགེ་བཤེས་ཆེ་ཁག་གྲས་ཀྱི་གཅིག་ཡིན་ཞིང་།ཉེ་བའི་ལོ་ཤས་གོང་ནས་བཟུང་བླ་བྲང་དགོན་པའི་གྲྭ་བ་གཙོ་བྱས་པའི་ཐར་འདོད་དོན་གཉེར་ཅན་རྣམས་ལ་གཞུང་བཀའ་པོད་ལྔ་གཙོ་བྱས་པའི་དབང་ལུང་མན་ངག་གི་ཁྲིད་བསྐྱངས་ཤིང་།རྒྱལ་བའི་བསྟན་པ་ལ་བྱ་བ་རླབས་ཆེན་མཛད་ཡོད།ད་ལོར་ཁོང་གིས་ཀུན་མཁྱེན་ཕར་ཕྱིན་མཐའ་དཔྱོད་ཀྱི་ཁྲིད་རྒྱུན་གནང་བཞིན་ཡོད་མོད།
ཉེ་བའི་ཟླ་གཅིག་ལྷག་ཙམ་གྱི་གོང་ནས་མཆིན་པར་སྙུང་གཞི་བྱུང་སྟེ་བར་སྐབས་རིང་ཁྲིད་རྒྱུན་གྱི་མཚམས་བཞག་ཡོད།
འོན་ཀྱང་སྟབས་མ་ལེགས་པར་ཁ་སང་ཞོགས་པར་སྐུ་བཤེགས་པ་རེད།
༢༠༠༨ལོར་དགེ་བའི་བཤེས་གཉེན་ཆེན་པོ་ཨ་ཁུ་དགེ་འདུན་རྒྱ་མཚོ་ཚང་སྐུ་བཤེགས་པ་དང་། ༢༠༠༩ ལོར་ཨ་ཁུ་བློ་བཟང་ཚང་སྐུ་བཤེགས། ད་ལོར་ཡང་ཨ་ཁུ་གྲགས་པ་ཚང་སྐུ་བཤེགས་ཡོད་པས། བོད་ཁ་བ་ཅན་དང་ནང་སྒོས་སུ་བླ་བྲང་བཀྲ་ཤིས་འཁྱིལ་དགོན་མ་ལག་དང་བཅས་པར་མཚོན་ན་གྱོང་གུད་ཧ་ཅང་ཆེན་པོ་ཐེབས་ཡོད། ད་ལྟ་བླ་བྲང་དགོན་པ་རུ་ཡོངས་སུ་གྲགས་པའི་དགེ་བའི་བཤེས་གཉེན་ཆེ་ཁག་གྲས་ནས་ཨ་ཁུ་འཇམ་དབྱངས་རྒྱ་མཚོ་ཚང་དང་།
ཨ་ཁུ་དཔལ་ལྡན་ཚང་། ཨ་ཁུ་བསོད་ནམས་ཚང་སོགས་བཤེས་གཉེན་བཅུ་གྲངས་ཤིག་ལས་ལྷག་མེད་པས།
གཟི་བྱིན་ལམ་ལམ་འབར་ཞིང་གྲགས་སྙན་ཕྱོགས་སུ་ལྡིར་བའི་དགོན་འདིར་ཉམས་ཉེན་ཆེན་པོ་ཐེབས་ཡོད།
སྤྱིར་བླ་བྲང་དགོན་པར་མཚོན་ན་དུས་ཚོད་ཕལ་ཆེ་བ་བསླབ་པ་སློབ་གཉེར་གྱི་འདའ་བ་ལས་དབང་ལུང་མན་ངག་གིས་དུས་ཚོད་ཧ་ཅང་མང་བོ་བསྐྱལ་བའི་སྲོལ་དེ་ཙམ་མེད་མོད།
ཉིས་སྟོང་བརྒྱད་ལོའི་དོན་རྐྱེན་བྱུང་བ་ནས་ཐུན་མོང་ལ་ལྟ་ཚུལ་གཅིག་བྱུང་བ་ནི།
གལ་སྲིད་གང་མྱུར་གྱིས་དབང་ལུང་མན་ངག་ཁྲིད་རྒྱུན་གྱི་རྒྱུན་སྤེལ་མ་ཐུབ་ཚེ།
ཆག་འཇིག་ནམ་ཡོང་ལ་ཆ་མེད་པས།
དབང་ལུང་མན་ངག་དང་ཁྲིད་རྒྱུན་དཀོན་པོའི་རིགས་ཀྱི་རྒྱུན་ཆད་པར་དོགས་བཞིན་ཡོད་པ་རེད།
དགེ་བཤེས་ཨ་ཁུ་ཚང་སུས་བཀྲོངས་པ་རེད། ཁོ་རང་དགོངས་པ་རྫོགས་པ་མིན་ནམ། དེ་ལྟར་ཡིན་ན་བཀྲོངས་ཞེས་བརྗོད་མི་རིགས་སོ། ཁྱེད་ཀྱིས་ནི་བཀྲོོངས་ཡང་རེད་མིན་འདུག་ལ་དཀྲོངས་ནི་གྲོངས་པའི་དོན་ལ་གོ་གི་མིན་འདུག ཡང་ང་རང་ཐོས་རྒྱ་ཆུང་བའི་སྟབས་ཀྱིས་སྐྱོན་དུ་མཐོང་བ་ཡིན་པ་འདྲ། དེ་ལ་འགྲེལ་བཤད་གནང་རྒྱུ་ཡོད་དམ། ཡོད་ན་གནང་རོགས་ཞུ་བ་ལགས།
སྐུ་ཡོན་གྱི་ཐུགས་རྒྱུད་པྱུགས་པའི་སྐྱེས་བུ་དམ་པ་སུ་ཞིག་ཞིང་གཞན་དུ་གཤེགས་ན་དེ་ནི་མྱ་ངན་ཅིག་ལུས་ཡིན།
འདི་ཡང་སྒྲ་གདངས་ཀྱི་སྐྱོན་ཞིག་རེད་སྙམ། ངས་ཀྱང་རྒྱ་རྒན་འདིས་ངེད་ཚང་གི་བླ་མ་ཞིག་མེད་པ་བྱས་འདུག་དྲན་སོང་ཏེ་བྲིས་སྟངས་ནོར་འདུག
གོང་གི་དྲྭ་གྲོགས་ཁ་ཤས་ཀྱིས་དཀྲོང་དང་གྲོང་བ་གཉིས་ལ་དབྱེ་འབྱེད་མང་པོ་ཞིག་མཛད་འདུག་པར་ཐུགས་རྗེ་ཆེ་དངོས་གནས་འདི་ལྟ་བུར་ཡང་ཡང་དཔྱད་ན་བོད་ཀྱི་སྐད་ཡིག་ལ་ཤིན་ཏུ་ནས་ཕན་ངེས་ཆེ།
ངོ་མ་བསྟན་པར་ཤིན་ཏུ་ནས་བཀའ་དྲིན་ཆེ་བ་དགེ་བའི་བཤེས་གཉེན་ཆེན་པོ་དེ་ལྟ་བུ་སྐུ་ཤེགས་པར་གདུང་སེམས་མཉམ་བསྐྱེད་ཀྱིས་གུས་མདུད་ཞུག་གི་ཡོད། མཚན་ཆ་ཚང་གང་དང་གང་ཞུ་གི་ཡོད་པ་ཡིན་ནམ།
ཨ་ཁུ་གྲགས་པ་རྒྱལ་ཟེར་ཞེས་འབོད་ཀྱི་ཡོད་མདོག་ཁ་བོ་མ་རེད།
ང་ཡི་རྣ་བར་ལམ་སེང་ཨ་ཁུ་གྲགས་པ་རྒྱལ་མཚན་ཞེས་གོ་ཉེན་ཆེ་གི་ཡ།
མཚན་འདི་འདྲ་གོ་དུས་དོགས་པ་ཡང་ཤིན་ཏུ་ཆེ་གི།
མ་གཞི་མིང་གཅིག་པའང་ཡོང་སྲིད་པ་ཞིག་ལོས་ཡིན།
ཁོང་དགུང་ལོ་ག་ཚོད་ཡིན་མིན་སོགས་གང་ཡང་མི་འདུག་པས་དེ་ལྟར་གསལ་ཁ་ཡོད་ན་ཤིན་ཏུ་ཕན་ངེས་ཆེ།
མ་གཞི་ནི་བོད་པའི་བླར་རྒན་མང་པོ་ཞིག་མཆིན་པའི་ནད་གཞིའི་རྐྱེན་པས་གྲོངས་པ་གོ་རྒྱུ་འདུག་པས་རྒྱུ་རྐྱེན་གང་ཡིན་ནམ།
འབྲོང་ལགས། དངོས་གནས་ང་ཚོའི་མི་རབས་རྒན་པ་ཚོ་ནད་གཞི་འདི་རིགས་ཀྱིས་གྲོངས་པ་ཧ་ཅང་མང་། ངས་བལྟས་ན་ཟས་རྙིང་པའི་རིགས་ལ་འཛེམ་ཟོན་མེད་པར་བཞེས་པ་འདི་རྐྱེན་ཆེ་ཤོས་རེད།
དྲྭ་གྲོགས་མེ་ཏོག་དཀར་པོ་ལགས་ཁྱེད་ཀྱིས་ནད་གཞི་དེ་དག་གི་རྐྱེན་སློང་གི་ཟས་རིགས་ཀྱི་སྐོར་ལ་འགྲེལ་བཤད་རྒྱབ་པར་ཐུགས་རྗེ་ཆེ་ཞུ་གི་ཡོད
ངོ་མ་ང་རང་ཚོ་བོད་རིགས་རྣམས་ཀྱིས་ཟས་ཀྱི་སྤྱོད་ལམ་གྱི་སྐོར་ལ་དོ་སྣང་གནང་རྒྱུ་ཤིན་ནས་གལ་ཆེ་བར་མཐོང།
གང་ཡིན་ཟེར་ན་ང་ཚོའི་མི་རབས་རྒན་པ་ཚོས་ཧི་མ་ལ་ཡཱ་ཡི་གནམ་གཤིས་དང་མ་མཐུན་པའི་ས་གནས་ྴིན་ཏུ་ཚ་བའི་རྒྱ་གར་གྱི་ཡུལ་ལུང་དུ་ས་མཐོའི་ཟས་རིགས་དེ་དག་རང་གི་རིགས་གཞུང་ཡིན་ཟེར་ནས་ཟས་རིགས་དེ་དག་སྤྱད་ན་ས་གཤིས་དང་གནམ་གཤིས་དང་མ་འཚམས་པར་སྤྱད་ན་ནད་གཞི་མང་པོ་ཞིག་འབྱུང་རྩ་ཟིག་ཏུ་འགྱུར་ངེས་པས་ཟས་ཀྱི་སྤྱོད་ལམ་ལ་དོ་སྣང་ཤིན་ཏུ་ནས་གལ་ཆེ་བར་མཐོང་ངོ།་
རྣམ་པ་ཚོ། དགོངས་དག ང་ནོར་སོང་། ངས་ཡིག་ནོར་གཡག་གིས་མི་ཐེག་པ་འདྲ་བ་ཏག་ཏག་བྲིས་འདུག དཀྲོངས་མ་རེད་གྲོངས་རེད། བཤེགས་མ་རེད་གཤེགས་རེད།
ཨ་ཁ་ཁ། བཀྲ་མ་ཤིས་པའི་སྐད་ཆ་འདི་གོ་ནས་སེམས་པ་ཀློང་ཀློང་བོར་གྱུར་པ་དང་བསྡོངས་ཏེ། མཆན་འགོད་བྱེད་མཁན་ཕལ་མོ་ཆེས་ཤིན་ཏུ་མི་འོས་པའི་འཕྱ་སྨོད་ལྟ་བུ་བྱས་པ་ལ་བློ་ཕམ་བྱུང་། སྤྱིར་བཏང་ཕྱི་མི་ལ་རྣམ་འགྱུར་ག་འདྲ་བསྟན་ཀྱང་། དངོས་ཡོད་དོན་གྱི་ཆ་ནས་ང་ཚོར་རྒྱུད་དག་ཅི་ཡོད་ཕར་གསལ་ཚུར་གསལ་ཡིན་པས་དམིགས་ཧང་སང་རྒྱུ་མེད་ཀྱང་། འོན་ཀྱང་བོད་ཁ་བ་གངས་ཅན་པའི་ཆོས་དང་རིག་གཞུང་ལ་གནང་སྐྱེས་མཆོག་ཏུ་མཐོ་བ་བསྩལ་པའི་མཁས་མཆོག་འདི་འདྲ་ཞིང་ཁམས་གཞན་དུ་གཤེགས་པ་ལ་ཟུར་གྱིས་འཕྱ་སྨོད་གནང་ལམ་མི་ཆེ་སྙམ། ལྷག་པར་འབྲོང་དུ་འབོད་པས་དགེ་བཤེས་གྲགས་པའི་མཚན་ཅན་ཁོང་སྤྲུལ་སྐུ་གྲགས་རྒྱན་དང་འཁྲུལ་བ་ལྟ་བུའི་ཟུར་ཟ་བྱས་པ་ལ་དམིགས་བསལ་གྱིས་བློ་ཕམ་བྱུང་།
དེག་བའི་གཤེས་གཉེན་ཆེན་མོ་ཨ་ཁུ་གྲགས་པ་ཚང་སྐུ་གཤེགས་པའི་སྐད་ངན་འདི་ཐོས་པས་ཡིད་སེམས་གཏིང་སྐྱོ་བྱུང་། ཁོང་ནི་དགེ་གཤེས་ཙམ་དུ་མ་ཟད། འདོད་ཆུང་ཆོག་ཤེས་གྲྭ་རྐྱང་དཀྱིས་མའི་ཚུལ་དུ་བཞུགས་གནང་མཁན་ཞིག་ཡིན། དཔེ་འཁྲིད་གནང་སྐབས་དམིགས་གསལ་གྱིས་རྟགས་གསལ་གཏོང་བཞིན་འཁྲིད་གནང་བའི་ཁྱད་ཆོས་ལྡན། སྐད་ཆ་འདི་གོ་བས་སེམས་པ་གཏིང་ནས་སྐྱོ་ཞིང་། མཆན་བུ་བ་འགས་ཚིག་ཟིན་དེ་ཚོས་དེ་བས་ཀྱང་སྐྱོ་བ་སྣོན་མ་ཞིག་སྦྱིན་བྱུང་། ཧོར་འཇིགས་ཀྱིས་བཤད་པ་ཅིས་མ་བདེན་ཨང་། དེང་སང་དྲ་ཐོག་ཏུ་འདི་འདྲའི་མཆན་བུ་འདེབས་མཁན་མང་གི་ཡ།
གོང་དུ་མཆན་ ༨ དང་ ༩ གཉིས་ཀྱིས་དེའི་གོང་གི་མཆན་བུ་རྣམས་ལ་ནག་ཉེས་ཆེས་ཆེ་བ་ཞིག་བཀལ་འདུག
དེ་ཡང་མཆན་ ༨ པས་༼མཆན་འགོད་བྱེད་མཁན་ཕལ་མོ་ཆེས་ཤིན་ཏུ་མི་འོས་པའི་འཕྱ་སྨོད་ལྟ་བུ་བྱས་པ་ལ་བློ་ཕམ་བྱུང་། སྤྱིར་བཏང་ཕྱི་མི་ལ་རྣམ་འགྱུར་ག་འདྲ་བསྟན་ཀྱང་། དངོས་ཡོད་དོན་གྱི་ཆ་ནས་ང་ཚོར་རྒྱུད་དག་ཅི་ཡོད་ཕར་གསལ་ཚུར་གསལ་ཡིན་པས་དམིགས་ཧང་སང་རྒྱུ་མེད་ཀྱང་། འོན་ཀྱང་བོད་ཁ་བ་གངས་ཅན་པའི་ཆོས་དང་རིག་གཞུང་ལ་གནང་སྐྱེས་མཆོག་ཏུ་མཐོ་བ་བསྩལ་པའི་མཁས་མཆོག་འདི་འདྲ་ཞིང་ཁམས་གཞན་དུ་གཤེགས་པ་ལ་ཟུར་གྱིས་འཕྱ་སྨོད་གནང་ལམ་མི་ཆེ་སྙམ།༽ ཞེས་དང་། མཆན་ ༩ པས་རྒན་ལགས་ཀྱིས་གང་གསུངས་ལ་ལགས་སོའི་དཔེ་ལྟར་༼མཆན་བུ་བ་འགས་ཚིག་ཟིན་དེ་ཚོས་དེ་བས་ཀྱང་སྐྱོ་བ་སྣོན་མ་ཞིག་སྦྱིན་བྱུང་། ཧོར་འཇིགས་ཀྱིས་བཤད་པ་ཅིས་མ་བདེན་ཨང་། དེང་སང་དྲ་ཐོག་ཏུ་འདི་འདྲའི་མཆན་བུ་འདེབས་མཁན་མང་གི་ཡ།༽ དངོས་གནས་མཆན་བུ་ཚོར་ཧ་ཅང་གི་བློ་ཕམ་མདོག་གནང་འདུག་ན་ཟུར་ཟ་ཇི་ལྟར་བྱས་ཚུལ་དང་སུས་བྱས་ཁ་གསལ་ངོ་སྤྲོད་གནང་དགོས། ང་ལ་མཚོན་ན་སྐུ་གཤེགས་ཁོང་གི་མཚན་ཐོས་པ་ད་རེས་་དང་པོ་ཡིན་སྟབས་དད་དང་མ་དད་ཀྱི་སྐད་ཆ་ཅི་ཡང་མེད་དེ། བོད་ཀྱི་གཏམ་དཔེར། གྲོང་པའི་ཁྱིམ་མཚེས་ཤི་ནའང་། མྱང་ངན་ཞག་མ་གསུམ། ཟེར་བར་ཡ་རབས་ཀྱི་ལུགས་སུ་སེམས་ཏེ་ལག་ལེན་བསྟར་བ་པོ་ཡིན་སྟབས་མཛད་རྗེས་ཅན་གྱི་མི་སྣ་ཞིག་གྲོངས་དསུ་སྡུག་གི་མུན་པ་མ་འཐིབ་ནའང་དགའ་བའི་བྲོ་ག་ལ་ཁྲབ།
དེ་ནས་འབྲོང་བུས་རང་ལ་གཡོག་པའི་ཞྭ་མོ་རང་གིས་བསལ་བའི་རེ་བ་ཡོད།
འབྲོང་ལགས། ཨ་ཁུ་གྲགས་པ་ཚང་གི་མཚན་ཆ་ཚང་ལ་གྲགས་པ་རྒྱ་མཚོ་ཞུ་བ་རེད། དགུང་ལོ་ད་ལོར་དོན་གསུམ་རེད།
འབྲོང་ལགས། ཨ་ཁུ་གྲགས་པ་ཚང་གི་མཚན་ཆ་ཚང་ལ་གྲགས་པ་རྒྱ་མཚོ་ཞུ་བ་རེད། ད་ལོ་དགུང་ལོ་དོན་གསུམ་རེད།
མྱ་ངན་གུས་དུད་དང་། འབྲེལ་ཡོད་ལ་སེམས་གསོ་ཞུ།
དྲྭ་གྲོགས་བསྟན་འཛིན་ཤེས་རབ་ལགས་ནས་དམ་པ་ཁོང་གི་མཚན་ཆ་ཚང་དང་དགུང་ལོ་སོགས་ཇི་ཕེབས་བྲིས་ཏེ་གནང་བར་གུས་པས་ཐུགས་རྗེ་ཆེ་ཞུ།
ངོས་ནས་དམ་པ་ཁོང་གི་མཚན་ཡང་ཐོས་མ་མྱོང་ལ་ཞལ་མཛྷཇལ་དེ་བས་ཀྱང་གོ་སྐབས་མ་བྱུང་བས་དད་དང་མ་དད་སོགས་གང་ཡང་བརྗོད་མི་ཐུབ།
འོན་ཀྱང་ཕྱིས་སུ་མཆན་འདེབས་པ་པོ་འགའ་ཞིག་གིས་དམ་པ་དེ་ཉིད་ཀྱིས་མཛད་འཕྲིན་གང་དང་གང་མཛད་གསལ་འདོན་གནང་བར་ཐུགས་རྗེ་ཆེ་ཞུ།
ངོས་ནསa་དམ་པ་ཁོང་ལ་བསྐུར་འདེབས་དང་མཚན་སྨོད་སོགས་གང་ཡང་ཞུས་པ་མེད་ལ་ཞུ་འདོད་པ་ཡང་མེད་པས་འགྲེལ་བཤད་ལོག་པ་མ་སྐྱོན་གནང་རོགས།
གསར་འགོད་པའམ་གནས་ཙུལ་མཁོ་འདོན་པས་མཚན་དང་དགུང་ལོ་གང་ཡིན་སོགས་གསལ་ཁ་མེད་པར་གསར་ཤོག་སྟེང་དུ་བཀོད་པར་ངོས་ནས་ཕྱིས་འབྱུང་དེ་རིགས་མི་ཡོང་པའི་ཆེད་དུ་གནས་ཚུལ་མཁོ་འདོན་པ་ལ་ཟུར་ཟ་བྱེད་པ་ལས་དམ་པ་གང་ཉིད་ལ་ཟུར་ཟ་ནམ་ཡང་བྱས་པ་མེད་པས་ཕ་རོལ་འདོད་པའི་ནམ་་མ་ལང་པར་དགག་པའི་ཉི་མ་ཤར་ཅི་ལ་ཤར་ཅེས་པ་ལྟར་འགོག་དགོས་ཚེ་འགོག་ཡུལ་གྱི་གནས་ཚུལ་ལ་རྒྱུས་ལོན་བྱེད་དགོས་པ་ལས་རྭ་མཐོང་གཡག་ཅེས་པའི་དཔེ་ལྟར་མ་བྱེད་ན་ལེགས་སོ།
དམ་པ་ཁོང་ལ་ངོས་ནས་གུས་འདུད་དང་མྱ་ངན་སྔར་ཡང་ཞུས་ཡོད་ལ་སླར་ཡང་ཞུས་ཏེ་བྲིས་པའོ།་
འབྲོང་ལགས། གསལ་བཤད་དང་གུས་མདུད་ཞུས་པར་ཐུགས་རྗེ་ཆེ། ངས་དེ་ལྟར་འབྲི་དོན་ནི་ཡོངས་གྲགས་སུ་ཨ་ཁུ་གྲགས་པ་ཚང་ཞུ་གི་ཡོད་པ་ལས་ཨ་ཁུ་གྲགས་པ་རྒྱ་མཚོ་ཚང་ཞུ་གི་ཡོད་པ་མ་རེད། དེ་བས་དེ་ལྟར་བྲིས་ན་ངེས་སླ་བ་རེད། ད་དུང་གོ་ཐོས་ལྟར་ན་ཁོང་གི་སྙུང་གཞི་ནི་ད་ལོར་པེ་ཅིན་དུ་ཕེབས་དུས་བྱུང་བ་རེད་ཟེར། ངོ་མ་ཡིན་མིན་མ་ཤེས།
རྣམ་པ་ཚོ་ཚང་མས་གུས་མདུད་ཞུས་པར་སྙིང་ནས་ཐུགས་རྗེ་ཆེ་ཞུ་བཞིན་ཡོད།
དྲྭ་གྲོགས་བསྟན་འཛིན་ཤེས་རབ་ལགས་སླར་ཡང་ཐུགས་རྗེ་ཆེ་ཞུ་གི་ཡོད།
ཁྱེད་ནི་རྣམ་དཔྱོད་ཀྱི་ནམ་མཁའ་ཡིན་ཅིང་བཟོད་སྒོམ་གྱི་རི་རྒྱལ་ལྷུན་པོ་ཞིག་ཏུའང་ངས་མཐོང་བྱུང།
ངས་ཁ་ཙམ་མིན་པར་སེམས་ཀྱི་གཏིང་ནས་ཁོང་སྐུ་གཤེགས་པར་གུས་འདུད་དང་ཁྱེད་ཀྱིས་འདི་ལྟར་མང་ཚོགས་དད་ལྡན་སློབ་མ་རྣམས་ལ་དགེ་བསྐུལ་གནང་བར་ཤིན་ཏུ་ནས་ཐུགས་རྗེ་ཆེ་ཡང་ཡང་ཞུའོ།
དེ་མིན་གནས་ཚུལ་སྤེལ་རྐྱེན་གྱིས་དྲྭ་སྤྱོད་པ་མང་པོ་ཞིག་གིས་་ན་ནིང་སྐྱབས་རྗེ་པད་ནོར་ྲིན་པོ་ཆེ་སྐུ་གཤེགས་ཀྱི་སྐོར་ལ་ཧ་ལས་པའི་སྒྲོ་སྐུར་བསམ་སྤྱོད་ལས་འདས་པ་ཞིག་བྱས་པར་མི་རྣམས་ཧང་སངས་དགོས་པའི་གནས་ཚུལ་ཀྱང་བྱུང་ཡོད་འདི་ལྟར་སླར་ཡང་མི་འབྱུང་བའི་ང་ཚོས་དམ་བཅའ་ནན་པོ་བྱེད་དགོས།
ནོར་འཁྲུལ་ལ་ནོར་འཁྲུལ་དུ་ངོས་འཛིན་བྱས་ན་དེ་ནི་མཁས་པ་ཡིན་ལ།
ནོར་འཁྲུལ་ལ་སྐྱོན་འདོན་བྱེད་པའང་རྣམ་དཔྱོད་པའི་གོམ་གཤིས་ཡིན།
ཐུགས་རྗེ་ཆེའོ།
ད་བོད་འདི་ལ་སྡུག་ག་མིན་པས་ཡོང་ཡས་མིན་འདུག་་་ལས་འབྲས་ང་ཚོས་བསྲུངས་ཀྱང་།་ལས་འབྲས་ང་ཚོ་ཁོ་ནར་འཁོར་དགོས་དོན་གང་ཡིན་ནམ།་་འཛམ་གླིང་འདིའི་ནང་ལ་དམག་ཤུགས་ངོམས་སྟེ་རྒྱལ་ཁབ་གཞན་ལ་བཙན་འཛུལ་བྱ་མཁན་རྣམས་ལ་ཡང་ལས་འབྲས་མི་འཁོར་བ་གང་ཡིན་ནམ།་་ཡང་ན་ཁོ་ཚོས་མི་བསད་དེ་ཡང་ལས་ཀ་ཡག་པ་གཅིག་ཡིན་ནམ།