(བོད་འབྱོར་གསར་འགྱུར།)
གསར་འགོད་པ་རྡོ་རྗེ་ཚེ་རིང་།
སྤྱི་ལོ་༢༠༡༢ལོའི་སྤྱི་ཟླ་༠༤ཚེས་༢༣ རེས་གཟའ་ཟླ་བ་ཉིན་བོད་མདོ་སྨད་བླ་བྲང་བཀྲ་ཤིས་འཁྱིལ་གྱི་དགེ་བའི་བཤེས་གཉེན་ཆེན་མོ་ཨ་ཁུ་བསོད་ནམས་ཚང་སྐུ་གྲོངས་ཡོད་འདུག
ཁོང་ནི་བླ་བྲང་དགོན་པའི་དགེ་བཤེས་ཆེ་ཁག་གྲས་ཀྱི་གཅིག་ཡིན་ཞིང་། ཁོང་གིས་བླ་བྲང་དགོན་པའི་གྲྭ་བ་གཙོ་བྱས་གློ་གསལ་དོན་གཉེར་བ་དག་ལ་གཞུང་བཀའ་པོད་ལྔ་གཙོས་དབང་ལུང་མན་ངག་གི་ཁྲིད་གནངས་པའི་བཀའདྲིན་བསྐྱངས་ཡོད་པ་མ་ཟད། ལྷག་པར་ཁོང་གིས་ཆོས་འདུལ་བའི་དགོངས་དོན་ཕྱག་ལེན་གནང་ཞིང་ཡུལ་དེར་ལོ་རེ་བཞིན་སྐྱབས་འགྲོའི་ཁྲིད་ཡིག་དང་གཞི་གསུམ་ཆོ་ག་སོགས་དུས་དང་བསྟུན་ནས་ཁྲིད་གནངས་མཁན་ཞིག་ཡིན་ལ་ཆོས་འདུལ་བའི་ཕྱོགས་སུ་ཕྱག་རྗེས་བླ་ན་མེད་པ་བཞག་གནང་ཡོད་པ་དང་། ཆོས་སྡེ་དེའི་བླ་གྲྭ་རྒན་པ་དག་གི་ཞལ་རྒྱུན་དུ་འདུལ་འཛིན་གྲགས་པ་རྒྱ་མཚོའི་ཡང་སྤྲུལ་དངོས་སུ་འདིར་བྱོན་པའི་བཤད་སྲོལ་ཡང་ཡོད།
ད་ལྟར་བླ་བྲང་དགོན་པའི་གྲྭ་རྒན་གཞོན་མེད་པར་ཁོང་གི་གདུང་འདུན་སྨོན་ལམ་འཚོགས་ཀྱི་ཡོད་འདུག
དགེ་བའི་བཤེས་གཉེན་ཆེན་པོ་ཨ་ཁུ་སྨད་སོག་བསོད་ནམས་ཚང་འདི་ལྟར་དགོངས་པ་གཞན་དོན་དུ་གཤེགས་པར་མྱ་ངན་གུས་འདུད་ཞུ་གི་ཡོད།
ཆགས་སྡང་གདོན་གྱི་ཕྱོགས་སུ་མ་ལྷུང་བའི།།
གསོག་གསོབ་སྤངས་བར་ལྟ་བའི་མིག་འབྱེད་པོ།།
བདེན་དོན་བདེན་པར་སྨྲ་བའི་དགེ་བའི་བཤེས།།
རྒྱལ་བའི་གདུང་འཛིན་གང་དེ་ཕྱག་གི་ཡུལ།།
ཕྱོགས་གླང་ཆོས་གྲགས་ལྟ་བུའི་མཁས་པའི་ཉམས།།
བློ་བཟང་རྒྱལ་བའི་རིང་ལུགས་ཐང་མར་བརྡལ།།
གདམས་པའི་མཛོད་འཛིན་ཐོས་བསམ་ནོར་བུས་ཕྱུག།
སྨྲ་བའི་ཁྱུ་མཆོག་གང་དེ་ཕྱག་གི་ཡུལ།།
མཁས་གྲུབ་སྔ་ཕྱི་དུ་མས་རྗེས་བཟུང་ཞིང་།།
མདོ་སྔགས་འཆད་ཉན་ཆུ་བོའི་རྒྱུན་ལྟར་མཛད།།
འདུལ་ཁྲིམས་གཙང་མ་གཞན་དུ་མི་གཡོ་བའི།།
སྙིགས་དུས་བཤེས་གཉེན་ཆེན་པོ་ཕྱག་གི་ཡུལ།།
གཞན་ཕན་མཛའ་གཅུགས་མི་ཕྱེད་འཛུམ་མདངས་རྒྱས།།
མདོ་སྨད་བསྟན་པའི་འབྱུང་ནས་བླ་བྲང་བཀྲ་ཤིས་འཁྱིལ་བ་ནི་དེང་སང་བོད་ནང་བསྟན་པ་འཛིན་སྐྱོང་སྤེལ་གསུམ་བྱེད་སའི་ཆོས་སྡེ་ཆེན་ཞིག་རེད། དེའི་ནང་དུ་ཡོད་པའི་སྐྱེས་ཆེན་ཞིག་གཤེགས་པ་སྟེ་ཕངས་སེམས་ཤིག་ཅི་ལ་མིན།
ཨ་ཁུ་བསོད་ནམས་ཚང་སྐུ་གཤེགས་པས་བོད་ཀྱི་དགེ་བའི་བཤེས་གཉེན་བོད་རིག་གཞུང་སྐྱོང་མཁན་ཞིག་མེད་པར་སོང་བར་དམ་པ་ཉིད་སླར་བོད་རང་དུ་སྐྱེ་བ་བཞེས་ཏེ། སྐུ་ཚེ་འདིར་མཛད་པ་བཞིན་དུ། རིག་གཞུང་ལ་ཐོས་བསམ་སྒོམ་གསུམ་གྱིས་བོད་དུ་མ་འོངས་པའི་སྐྱེས་དགུ་ཀུན་ཡར་སྐྱེད་མཛད་པར་སྨོན་ནོ།།
དགེ་བའི་བཤེས་གཉེན་པོ་ཨ་ཁུ་བསོད་ནམས་རྒྱ་མཚོ་མཆོག་ཕྱི་ཚེས་༢༣་ཉིན་སྨན་ཁང་ནས་བླ་བྲང་དགོན་ལ་ཕེབས་ཏེ། ཆུ་ཚོད་གཉིས་སོང་མཚམས་སྐུ་ཞི་བར་གཤེགས། ད་ལོ་དགོང་གྲངས་བདུན་ཅུ་དོན་དགུ་རེད། ཁོང་ནི་བླ་བྲང་དགོན་གྱི་གྲྭ་མང་ཡོངས་ཀྱིས་གུས་བརྩི་བྱེད་སའི་དགེ་བཤེས་ཞིག་ཡིན། ཁོང་ལ་དད་མོས་དང་གུས་བརྩི་བྱེད་དོན་ནི། སྤྱིར་བཏང་ཞིག་གཏན་ནས་མིན། དམིགས་གསལ་ཁོང་ལ་ཁྱད་འཕགས་ཀྱི་ཁྱད་ཆོས་ཞིག་ཡོད། དེ་ནི་ཆོས་འདུལ་བའི་བཅས་པ་ཕྲ་མོ་ཚུད་ཆད་ཚུལ་བཞིན་ཉམས་ལེན་གྱིས་གཙོ་བོར་འཛིན་པ་དེ་རེད། ལོ་བཅུ་ཕྲག་གཉིས་མ་ཟིན་ཙམ་ལ་ཀུན་མཁྱེན་རིན་པོ་ཆེ་དང་། གུང་ཐང་བསྟན་པའི་དབང་ཕྱུག་མཆོག་རྣམ་གཉིས་ཀྱི་བཀས་སྐུལ་བ་བཞིན། ཆོས་སྡེ་ཆེན་པོ་ཨ་མཆོག་མཚན་ཉིད་དགོན་ལ་བཀའ་པོད་ལྔའི་དཔེ་ཁྲིད་གནང་སྟེ། ཨ་མཆོག་མཚན་ཉིད་དགོན་གྱི་འཆད་ཉན་ཉམས་པ་སླར་གསོ་དང་མི་གོང་འཕེལ་དུ་འགྲོ་བ་ལ་སྐུ་ངལ་ཚད་མེད་ཀྱིས་མཛད་པ་རླབས་ཆེན་བསྐྱངས།

ཆོས་སྡེ་ཆེན་པོ་འདིའི་དགེ་བའི་བཤེས་ཆེན་པོ་ཞིག་སྐུ་གཤེགས་པ་ལ་རྗེས་དྲན་ཞུ་ལོས་འོས།
སུ་ཡིན་ངོ་མི་ཤེས་ཀྱང་གུས་འདུད་ཞུ།
ཐུགས་དགོངས་ཡོངས་སུ་རྫོགས་པར་གྱུར་ཅིག བོན་རྙིང་བཀའ་ས་ཇོ་དགེ་སོགས་གྲུབ་མཐའ་རིས་མེད་ཀྱི་སྐྱེས་ཆེན་འདུལ་བ་འཛིན་པ་དག་ལ་སྐྱབས་སུ་མཆི།
ཨ་ཁུ་ཀླུ་སྨྱོན་གྱིས་གྲུབ་མཐའི་སྒྲིགས་རིམ་འདི་རྒྱུ་མཚན་དང་ལྡན་པ་ཞིག་ཏུ་མཐོང།
རྒན་ལ་དྭགས་པས། ༼རིག་གཞུང་ལ་ཐོས་བསམ་སྒོམ་གསུམ་གྱིས་བོད་དུ་མ་འོངས་པའི་སྐྱེས་དགུ་ཀུན་ཡར་སྐྱེད་མཛད་པར་སྨོན་ནོ།༽
ཞེས་གསལ་བར་ངས་གོ་དོན་ཡག་པོ་ཞིག་ལེན་ཐུབ་མ་བྱུང། གང་ཡིན་ཟེར་ན། ཚིག་མཛོད་སོགས་ཀྱི་ནང་དུ་༼སྐྱེས་དགུ༽་ཞེས་པ་ཞིག་མཐོང་མྱོང་མི་འདུག་ཅིང། གཞན་ཡང། སྐྱེ་དགུ་ཀུན་ཡར་སྐྱེད་ཅེས་པའང་ཅི་གསུང་གི་ཡོད་མེད་ཤེས་ཀྱི་མི་འདུག གལ་ཏེ་སྐྱེ་དགུ་ཞེས་གསུང་གི་ཡོད་ན། འགྲོ་བ་སེམས་ཅན་ཐམས་ཅད་ཡར་རྒྱས་ཤིང་འཕེལ་ཏེ་བསྐྱེད་པ་ལ་བརྗོད་ཀྱི་ཡོད་ན། ང་ཚོས་འཁོར་བ་སྟོང་པར་གྱུར་ཅིག། འཁོར་བ་དོང་ནས་སྤྲུག་པར་ཤོག ཅེས་སྨོན་ལམ་འདེབས་བཞིན་ཡོད་པས། འདི་གཉིས་ལ་ཁྱད་པར་མེད་དམ་སྙམ།
ཐུགས་དགོངས་མི་འཁྲུགས་པར་མཁྱེན།