“འགྱུར་བརྒྱ་རྩ་བརྒྱད་”ཀྱི་ལས་གཞིའི་ཁོངས་ནས་ཉེ་ཆར་འགྲེམ་སྤེལ་བྱས་པའི་དཔེ་དེབ་ བུ་ཨ་ལེག་བཟན་ཌ་ ཌུ་མས་བརྩམས་ཤིང་རྡོ་རྗེ་ཚེ་བརྟན་གྱིས་བསྒྱུར་བའི་ “ཨ་ཅེ་མེ་ཏོག་གཡང་འཛིན་མ།”ཞེས་པ་དེ་ལ་རྩེའི་དྲ་རྒྱ་དང་དམ་ཆོས་འཕྲུལ་དེབ་ཀྱི་དྲ་རྒྱ་གཉིས་ནས་ཕབ་ལེན་བྱེད་ཐུབ་པ་འདུག འཕྲུལ་དེབ་འདི་ནི་ཟླ་འདིའི་ཚེས་ ༡༧ ཉིན་དངོས་སུ་བཀྲམས་ཡོད་འདུག་ལ། འཕྲུལ་དེབ་ebook དང་ PDF གཉིས་ཀའི་ཐོག་ཕབ་ལེན་བྱེད་ཐུབ་པ་མ་ཟད། དེ་དག་ནི་རིན་མེད་དུ་འགྲེམ་སྤེལ་བྱས་པ་ཞིག་རེད། དེ་དག་གི་འབྲེལ་ཐག་ནི་གཤམ་གསལ་ལྟར་རོ།།
ལ་རྩེའི་དྲ་རྒྱ་ནས་ཕབ་ལེན་བྱེད་སའི་འབྲེལ་ཐག་ https://latse.org/108-translations/
དམ་ཆོས་འཕྲུལ་དེབ་ནས་ཕབ་ལེན་བྱེད་སའི་འབྲེལ་ཐག་ https://dharmaebooks.org/lady-camellias-tibetan/
ང་ཚོ་བོད་པ་ཚོ་ལ་གསར་ཤོག་དང་དེབ་ཀློག་པའི་གོམས་གཤིས་མེད་སྟབས་སྤྲིའུ་ལ་ལུག་མགོ་སྟོན་པ་དང་ཁྱད་པར་ཅང་ཨེ་ཡོད།
By Alexandre Dumas fils. རྩོམ་པ་པོ། ཨ་ལེག་ཟེན་ཌར་ ཌུ་མས་ ཕིལ།
Translated by Dorje Tseten. སྒྱུར་བ་པོ། རྡོ་རྗེ་ཚེ་བརྟན།
The Lady of the Camellias ཨ་ཅེ་མེ་ཏོག་མ་ཀི་ལི་ཡ་ཞེས་པའི་མེ་ཏོག་འདི་ལ་གཡང་འཛིན་མ་ཟེར་དགོས་དོན་གང་ཡིན་ནམ། ཁུངས་ཤིག་སུ་ལ་གསུང་ལོང་ཡོད་དམ། ལགས།
བོད་རིགས་ནི། དད་པ་ཡོད་ཀྱང་རྣམ་ཐར་བཀླག་ཡ་ལ་ལེ་ལོ་ཆེ། འབྲི་ཤེས་ཀྱང་རང་གི་ལོ་རྒྱུས་འབྲི་འདོད་མེད། ཀློག་ཤེས་ཀྱང་འབྱུང་རབས་དང་། བཅོས་སྒྲུང་ཀློག་འདོད་མེད་ཀྱང་།
སེམས་ཏིང་ནས་ག་དུས་ཡིན་ནཡང་མཁས་པ་ཞིག་ཆགས་ན་ཨང་། འོནད་ཀྱང་སློབ་སྦྱོང་བྱ་རྒྱུ་མུ་མཐུད་མི་ཤེས། ཕྱུག་པོ་ཆགས་ནའང་བསམས་ཀྱང་། དཔལ་འབྱོར་འགྲོ་སོང་གཏོང་སྟངས་མི་ཤེས། སྐད་གྲགས་ཅན་ཞིག་ཆགས་ནའང་བསམས་ཀྱང་། སྤྱོད་ཚུལ་དང་དེང་རབས་དང་བསྟུན་དང་མི་ཤེས། དེབ་ཅིག་གསར་དུ་རང་སྐད་བོད་སྐད་དུ་བསྒྱུར་ཡང་། ཉོ་རྒྱུ་་དང་། ཀློག་རྒྱུ་ཕར་ཞོག མིང་ཙམ་ཡང་ཐོས་འདོད་དེ་ཙམ་མེད་པས་་་་་་་་་་་་
ལོ་ངོ་མང་པོའི་གོང་ཞིག་ལ། ཟླ་བ་གཞོན་ནུས་སྒྲུང་རྩོམ་འདིའི་འགྱུར་ལ་ཞུགས་པའི་གོམ་སྟབས་ཤིག་བསྟན། དེའི་དྲ་ཐག་གཤམ་གྱི་འདི་ཡིན། ད་ལྟའི་འགྱུར་འདི་དང་བསྡུར་ནས་ཡིག་ཕྲེང་འགའ་བཀླགས་པ་ན། ཟླ་བ་གཞོན་ནུས་ཡོངས་སུ་གྲུབ་པ་ཞིག་བྱུང་ཡོད་ན་ཅི་མ་རུང་ཨང་བསམ་པ་ཞིག་སྐྱེས།
http://www.khabdha.org/?p=45625
འགྱུར་གཉིས་ཀ་ཡག་པོ་འདུག་བསམ་པ་ཞིག་བྱུང་། ང་ཚོར་འགྱུར་མ་འདྲ་བ་མང་ཙམ་བྱུང་བར་སྐྱོན་མི་འདུག
་་་་་་་་་་ བུད་མེད་མེ་ཏོག་མ་ལླི་ཀ
ཨེ་ལེགས་ཟན་ཊར། ཌུ་མ་སིས་བརྩམས།
ཟླ་བ་གཞོན་ནུས་རྒྱ་ཡིག་ནས་བསྒྱུར། ་་་་་་་་་་་་་་
་
་་་་་་་་་་་ ༼དེབ་མིང་ཇ་ཤིང་མེ་ཏོག་མ་ཞེས་བཏགས་འདུག་ལ། བོད་ལྗོངས་མི་རིགས་དཔེ་སྐྲུན་ཁང་ནས་དཔར་འདུག༽ ་་་་་་་་་་་
ངས་བསྒྱུར་ན། ཨ་ཅེ་མེ་ཏོག་ཀ་མི་ལི་ཡས། བཏགས་ས་རེད།