—གསལ་ལེ་རྒྱལ།
ཡེ། མཆོད་ཨོཾ་ཨ་ཧུཾང་། མཆོད་ཨོཾ་ཨ་ཧུཾང་། མཆོད་ཨོཾ་ཨ་ཧུཾང་། དེ་ནི་སྦྲའི་ཕྱི་རོལ་གྱི་བསང་ཁྲིའི་མཐའ་ནས་གྲགས་ཡོང་བའི་དབྱངས་རྟ་དེ་ཡིན་ལ། སྦྲའི་ནང་ལོགས་ནས་གྲགས་འོང་བའི་དབྱངས་རྟ་ནི་”ཨ་མ་ལོ་ལོ། འུན་འུན་འུན། ངས་མྱི་དེ་ངོ་ར་མི་ཤེས། ངས་དེའི་རྩིབ་ནས་ཉི་མ་ཅི་བྱས་གཏོང་། འུན་འུན་འུན། ཨ་མ་ལོ་ལོ་”ཞེས་བ་དེ་རེད།
ཨ་ཕ་དང་ཨ་ཁུ་ཚང་མས་གྲོས་བྱས་ཏེ། ཤ་ཉེ་དང་རུས་ཉེ་ཚང་མ་ཁ་མཚུངས་ཏེ། ཞོགས་པ་དེར་ཨ་ཅེ་འབྲོག་མོ་རྟ་ར་ར་ཞིག་ལ་བཙན་གྱིས་བསྐྱོན་ཏེ་བཙན་གྱིས་ཁྲིད་སོང་། ཨ་ཅེ་འབྲོག་མོ་ངུ་བཞིན་ངུ་བཞིན་ཁྲིད་སོང་། “ཨ་ཕ་ལོ་ལོ། འུན་འུན་འུན། ཨ་མ་ལོ་ལོ། འུན་འུན་འུན”།
“ཡེ། ཉི་ཤར་གྱི་རྩེ་མོ། རྟེན་འབྲེལ་གྱི་ཐོག་མ། ཀི་ཀི་བསོ་བསོ་ལྷ་རྒྱལ་ལོ་” དེ་ནི་ཁྱིམ་ཚང་གཉིས་ཀྱི་ཁྱིམ་མི་ཚང་མ་མཉམ་དུ་འཛོམས་པའི་དགའ་བའི་དགོད་སྒྲ་རེད། ཨ་ཅེ་འབྲོག་མོ་ཁྱིམ་ཚང་ཆ་མེད་ཅིག་གི་ཐབ་ཀའི་མར་རྒྱལ་ལ་གཏད་དེ་མི་འགས་བཟུང་ཡོད། ཨ་ཅེ་འབྲོག་མོ་ད་དུང་ངུ་བཞིན་ཡོད། འུན་འུན་འུན།
“འོ་ཡེ། ཡག་ག་ཡག་ག་དེ་རིང་ཡག་་་གླུ་དེ་རིང་མི་ལེན་ནམ་རེ་ལེན།” འདི་ནི་ཨ་ཅེ་འབྲོག་མོའི་ཕུ་བོ་དང་ནུ་བོའི་གླུ་སྐད་རེད། ཨ་ཅེ་འབྲོག་མོ་རས་གུར་ཆུང་ཆུང་ཞིག་གི་ཡ་ཕུགས་ལ་བཅུག་ཏེ་མི་འགས་བཀག་ཡོད། ཨ་ཅེ་འབྲོག་མོ་ད་དུང་ངུ་བཞིན་ཡོ། འུན་འུན་འུན།
ས་རུབ་སོང་། མར་མེ་གཟིམ་ཟིན། མྱི་ཆ་མེད་ཅིག་གིས་ཨ་ཅེ་འབྲོག་མོའི་རུམ་ཁ་ནས་ཤུགས་ཀྱིས་འཐེན། ཨ་ཅེ་འབྲོག་མོ་ཧ་ཅང་སྐྲག་ནས་ཤ་འདར་དང་ལུས་འདར་བརྒྱབས། ཕ་མ་གཉིས་ལ་རེ་ཐག་ཆད་དེ་ཨ་ཅེ་འབྲོག་མོས་མིག་ཆུ་ཁོག་ལ་མིད་བཞིན་ལྷ་ལ་གསོལ་བ་བཏབ། “ཨོཾ་རྗེ་བཙུན་མ། འཕགས་མ་སྒྲོལ་མ་ལ་ཕྱག་འཚལ་ལོ་་་་”། མྱི་ཆ་མེད་ཅིག་གིས་ཨ་ཅེ་འབྲོག་མོར་བཙན་གཡེམ་བྱས། ཨ་ཅེ་འབྲོག་མོ་ལྷ་ལའང་རེ་ཐག་ཆད་དེ་མི་ཆ་མེད་ཅིག་ལ་རེ་བ་དང་ཡིད་ཆེས་བྱས། འདི་ནི་ཨ་ཅེ་འབྲོག་མོའི་བརྩེ་དུང་གི་ཉིན་མོ་རེད།
14/02/2016 ལ་ཕ་རེ་སི་ནས།
ཡག་གི་བཟང་གི སྲ་གི
ཁ་བྱང་ལ་སྐྱོན་འདུག ཨ་ཅེ་འབྲོག་མོའི་བཙན་གཡེམ་གྱི་ཉིན་མོ་ཞེས་འབྲི་དགོས།
དེང་གི་དུས་སུ་སྦྱར་ན་ཅུང་ཐལ་དྲགས་འདུག འོན་ཏེ། གནའ་དུས་ཕལ་མོ་ཆེ་འདི་འདྲ་ཡིན་པ་འདྲ། དེ་ཡང་། ཕ་མ་ཞིག་གིས་བུ་མོར་བཅང་བའི་བརྩེ་འདང་ལོས་ཡིན་མོད། འདི་ལྟར་སྐྱི་གཡའ་བའི་གོ་རིམ་བརྒྱུད་དགོས་པའི་འབྲོག་མོ་ནི་ཧ་ཅང་མང་། སྤྱིར་གནས་ལུགས་ཤིག་གི་ངོས་ཐད་ནས་སམ་འཕྲལ་ཕུག་རྒྱང་གསུམ་གྱི་ཁེ་ཕན་ལ་ལྟོས་ན། རང་གིས་ཚེ་གྲོགས་འཚོལ་བ་ལས། ཕ་མས་བཙལ་བ་དེ་ཡག་པ་མིན་འགྲོ་སྙམ་གྱི་འདུག
དེང་སང་ཨ་ཅེ་འབྲོག་མོ་ལ་སེམས་ཕྲལ་དགོས་པ་མིན་འདུག འབྲོག་པའི་གཡག་ལུག་ར་གསུམ་ཐམས་ཅད་བཙོང་མི་ཆོག་པ་དང་བཤས་མི་ཆོག་པའི་ཆོས་ཁྲིམས་བསྡམས་པར་བརྟེན་འབྲོག་མོ་ཐམས་ཅད་རོང་དུ་ཕབས་འདུག་ཟེར། འབྲོག་མོ་རོང་མོ་ཡུལ་མོར་གྱུར་ཟིན་པས་དེ་ཚོའི་རིགས་ནི་དུས་འདས་ཟིན་པ་རེད།
གསལ་ལེ་རྒྱལ་ལགས། ཡག་པོ་བྲིས་འདུག སྔ་མ་འབྲོག་ཁུལ་ཁ་ཤས་ན་དེ་འདྲ་ཡོད་སྲིད་པ་རེད། ཚང་མ་དེ་འདྲ་མིན་པ་ངས་ཐག་ཆོད་པའི་སྒོ་ནས་བཤད་ཐུབ། ཧཧཧཧ།
འབྲོག་མོ་སྣ་རྒན་མ་ཟིག་རེད་འདུག་་