གཙང་ཞོལ་བདེ་གསལ། — གཞས་ཚིག་ཏུ་བྲིས།
སྲོང་བཙན་སྒམ་པོ་ཡི་ཆོས་འཁོར་ཟབ་མོ། ཨ་ཆེན་གྱི་ཁ་བ་དང་འགྲོགས་ཏེ། མདོ་ལ་རིང་མོའི་རི་རྒྱུད་དུ་བབས་དུས། དཀར་འཇམ་ཡུག་གཅིག་གི་ཆོས་ཀྱི་བདག་པོ་ཡིན། གསུང་རབ་ཀྱི་ཆོས་གཙིགས་ས་ལ་བརྡབས་པའི་དུས་ཁ་སང་། དད་བརྩོན་གྱི་ཕ་ཁྱིམ་ལ། བསྟན་རྩ་ཡི་མེ་རོ་གསོ་མཁན། མདོ་ཁམས་པ།
ངའི་ཕ་ཡུལ་ལགས།
ཁྲི་སྲོང་ལྡེ་བཙན་གྱི་བཀའ་དབང་གཉན་པོ། ཨ་ཆེན་གྱི་གངས་རྩེ་ནས་མཆེད་དེ། མདོ་ལ་རིང་མོའི་རི་རྒྱུད་དུ་བསྒྲགས་དུས། བཙན་པོའི་བློ་འᨵᨓལ་གྱི་ལྕགས་རི་བརྟན་པོ་ཡིན། ལོ་རྒྱུས་ཀྱི་ཀི་སྒྲ་རླུང་གིས་ཁུར་བའི་དུས་དེ་རིང་། གདོང་དམར་བའི་ས་ཞིང་ལ། ང་རྒྱལ་གྱི་སོན་རྩ་འདེབས་མཁན། མདོ་ཁམས་པ།
ངའི་ཕ་ཡུལ་ལགས།
མངའ་བདག་ཁྲི་རལ་གྱི་ཐུགས་རྒྱ་ཡངས་མོ། ཨ་ཆེན་གྱི་ཆར་ཆུ་ཡིས་དྲངས་ཏེ། མདོ་ལ་རིང་མོའི་རི་རྒྱུད་དུ་འཁྱིལ་དུས། མཐུན་སྒྲིལ་གཡུང་དྲུང་གི་ཕྱག་རྒྱ་དམ་པོ་ཡིན། དྲག་དམག་གི་སོ་ཁ་ཤུགས་ཀྱིས་གདེང་བའི་དུས་སང་ཉིན། ཤ་འཁོན་གྱི་གཤིན་ཐང་ལ།
རྒྱལ་ཁ་ཡི་དཔའ་དར་ཕྱར་མཁན། མདོ་ཁམས་པ།
ངའི་ཕ་ཡུལ་ལགས།
༢༠༡༢/༤/༡༣ཉིན་རྡ་རམ་ས་ལར་གཙང་ཞོལ་བདེ་གསལ་གྱིས་བྲིས།
ཇི་སྐད་དུ་སྔར་གྱི་བོད་ཀྱི་བསྟན་བཅོས་ལས།
་་་་་་་། མགྲོན་བཙུན་དེས་རྩ་བརྒྱད་དེ་སོར་མོའི་ཁ་ལ་ཙེན་ཏེ་བཏེགས་ནས། དེ་བས་ཀྱང་འདི་ངོ་མཚར་མི་ཆེའམགསུངས། དེར་གྲུབ་ཐོབ་ཏུ་འདུག་པ་དགོངས་ནས། རྒྱལ་པོ་༼སྲོང་བཙན་༽རང་གི་དབུ་ལ་འོད་དཔག་མེད་ཀྱིས་བརྒྱན་པ་གཅིག་ཡོད་པ་དེ་བསྟན། དེ་བས་ཀྱང་འདི་ངོ་མཚར་མི་ཆེའམ་གསུངས་པས་མགྲོན་བཙུན་དེས་དུག་པོའི་གསེབ་ནས་སྤུ་གྲི་བཏོན་ནས་བྱང་ཁོག་བཤགས་པའི་ནང་ནས་དཔལ་གསང་བ་འདུས་ལྷ་སུམ་ཅུ་རྩ་གཉིས་ཀྱི་དཀྱིལ་འཁོར་བཞུགས་པ་བསྟན་ནས། དེ་བས་ཀྱང་འདི་ངོ་མཚར་མི་ཆེབའ་གསུངས་པར། རྒྱལ་པོས་བཙུན་པ་གསར་པ་བཟང་པོ་སྣང་བ་འདི་རྣམས་ལ་ཡོན་ཏན་ཅི་ཡོད་མི་ཤེས་པར་འདུག་གསུངས་ནས་བོད་འབངས་མངའ་རིས་སུ་གཏོགས་པ་རྣམས་ལ་རབ་ཏུ་བྱུང་བ་ན་བཟའ་སེར་པོ་མནབས་པ་ཡན་ཆད་ལཕྱག་འཚལ་ཞིང་བླ་ཡི་མཆོད་གནས་སུ་བསྐུར་༼བཀུར་༽བའི་ཁྲིམས་བཅས་པ་ཡིན་ཚོད་འདུག ་་་་ཞེས་གསུངས་འདུག
་་་་་་་་་གཉིས་ཁབ་ཏུ་བསུས། འཕྲུལ་སྣང་གི་གཙུག་ལག་ཁང་བརྩིགས་པར་མི་མ་ཡིན་གྱི་འཚེ་བ་ལ་བརྟེན། སྐྱིད་ཤོད་ཉང་བྲན་ཕ་བོང་ཁར་ཕོ་བྲང་མ་རུར་གྲགས་པར་རྒྱལ་པོ་ཡབ་ཡུམ་སྐུ་མཚམས་མཛད་ནས་ཡི་དམ་གྱི་ལྺ་བསྒྲུབས་པས་གྲུབ་སྟེ། ལུང་བསྟན་ལྟར་སྲིན་མོ་གན་རྐྱལ་བསྐྱེལ་བའི་ས་གནད་རྣམས་སུ་མཐའ་འདུལ་ཡང་འདུལ་རུ་གནོན་གྱི་གཙུག་ལག་ཁང་རྣམས་བརྩིགས་་་་་་་་་
ཆོས་རྒྱལ་ཁྲི་སྲོང་བཙན་གྱིས།
་་་་་་་་་་ བང་སོ་མི་འབྲུ་བ་བསྣན་པས་ཁྲིམས་ཆེན་དྲུག་གམ་བདུན་དུ་གྲགས་ཤིང་། སྤྱིར་མི་དགེ་བ་བཅུ་སྤོང་བའི་སྟེང་དུ། ཕ་མ་ལ་ཕ་མར་འཛིན་པ། དགེ་སྦྱོང་དང་བྲམ་ཟེ་ལ་དགེ་སྦྱོང་དང་བྲམ་ཟེར་འཛིན་པ། རིགས་ཀྱི་རྒན་རབས་ལ་བཀུར་བ། བྱས་པ་དྲིན་དུ་བཟོ་བ། གཞན་ལ་ངན་གཡོག་སྤོང་བ་སྟེ་ལྔ་པོ་བསྣན་པས་ཆོས་ཁྲིམས་བཅོ་ལྔར་གྲགས་སོ།། ་་་་་་་་་་