སྙན་བཟང་གཡུང་དྲུང་ཚེ་རིང་།
ཨ་ཇོ་དྲན་གླུ།
རི་བོ་ཧི་མ་ལ་ཡའི་གངས་ཁྲོད་ནས་ཆས་དུས།
གཞིས་ཁྱིམ་དེ་ཐུགས་ལ་བརྣགས་ནས་ཕེབས་ཡོད།
དཀའ་ཁེག་དང་སྡུག་བསྔལ་ཅི་འདྲ་ཞིག་ཆེ་རུང་།
སེམས་པ་འདི་མི་འགྱུར་བྲག་རི་བཞིན་དུ་བརྟན་ནས་ཡོད།
ལོ་དང་ཟླ་བ་གཙང་པོ་བཞིན་བཞུར་སོང་།
དབྱར་དགུན་སྟོན་དཔྱིད་ཐེངས་མང་ཞིག་བརྗེས་སོང་།
དྲན་དྲན་པའི་རྒྱང་རིང་གི་ཨ་ཇོ་ལགས།
ཁྱེད་རང་ད་དུང་ཡང་རང་ཡུལ་དུ་མི་ཕེབས་དོན་ཅི་ཡིན།
རེ་སྒུག་ཁྲི་སྟོང་གིས་དུས་ཚོད་དང་སྐར་མ་བརྩི་བཞིན།
ནང་སེམས་ཀྱི་དད་པ་གཡོ་བ་མེད་པར་ཁྱོད་ལ་སྒུག་ཡོད།
ཨ་་་ ་་་། ང་ཡི་ཨ་ཇོ། རྒྱང་རིང་གི་ཨ་ཇོ་ལགས།
མཚོ་མོ་ཡར་འབྲོག་གཡུ་མཚོའི་འགྲམ་རྒྱུད་ནས་ཆས་དུས།
མི་རིགས་ཤིག་སྙིང་ལ་བསྣམས་ནས་ཕེབས་ཡོད།
རྨི་ལམ་དང་ལས་དབང་ཅི་འདྲ་ཞིག་སྡུག་རུང་།
བརྩེ་བ་འདི་མི་འཇགས་རྦ་རླབས་བཞིན་དུ་འཕྱུར་ནས་ཡོད།
ཕ་དང་ཨ་ཁུ་འབྲོང་རྒོད་བཞིན་རྒས་སོང་།
ཀི་བསྭོ་དཔའ་སྐད་གྲངས་མེད་ཅིག་འཇགས་སོང་།
དུངས་དུངས་པའི་རྒྱང་རིང་གི་ཨ་ཇོ་ལགས།
ཁྱེད་རང་ད་དུང་ཡང་རང་ཡུལ་དུ་མི་ཕེབས་དོན་ཅི་ཡིན།
རེ་སྒུག་ཁྲི་སྟོང་གིས་དུས་ཚོད་དང་སྐར་མ་བརྩི་བཞིན།
མཛའ་བརྩེ་ཡི་ལག་རྡང་དམ་པོར་སྦྲེལ་ནས་ཁྱོད་ལ་སྒུག་ཡོད།
ཨ་་་ ་་་། ང་ཡི་ཨ་ཇོ། རྒྱང་རིང་གི་ཨ་ཇོ་ལགས།
ཨ་་་ ་་་། ང་ཡི་ཨ་ཇོ། རྒྱང་རིང་གི་ཨ་ཇོ་ལགས།
མི་རབས་གསར་པ།
ལྷོ་འཛམ་བུ་གླིང་གི་རྩེ་མོ་ནས་སྐྱེས་ཤིང་།
དཔའ་མཛངས་ཀྱི་སྙིང་སྟོབས་མངའ་བའི།
བོད་ཀྱི་མི་རབས་གསར་པ། མི་རབས་སྙིང་རྩིད་ཅན་པོ།
ཡབ་མེས་གོང་མས་བཞག་པའི་ཕ་ཁྱིམ་སྐྱོང་མཁན་དེ་ཁྱོད་ཡིན།
ཡབ་མེས་གོང་མས་བསྐྲུན་པའི་ཤེས་རིག་སྲུང་མཁན་དེ་ཁྱོད་ཡིན།
ཨ་་་ ་་་། སྙིང་མ་ཞུམ། མིག་གིས་རྒྱང་ལ་གཟིགས་རོགས།
ཁྱོད་ནི་རྟ་མཆོག་ཁྲི་སྟོང་གི་རྨིག་སྒྲ་ཡིན།
ཁྱོད་ནི་ཀི་བསྭོ་ལྷ་རྒྱལ་གྱི་དཔའ་སྐད་ཡིན།
ཨོ་་་ ་་་། ཡིད་མ་སྐྱོ། ང་ཡི་མི་རབས་གསར་པ།
ཤར་འཛམ་གླིང་འཛིན་མའི་སྙིང་དབུས་ནས་སྐྱེས་ཤིང་།
ཉམས་མེད་ཀྱི་རྣམ་དཔྱོད་མངའ་བའི།
བོད་ཀྱི་མི་རབས་གསར་པ། མི་རབས་རེ་བ་ཅན་པོ།
ཕ་དང་ཨ་ཁུའི་ཡིད་ཆེས་བློས་འགེལ་གནང་ས་དེ་ཁྱོད་ཡིན།
ཕ་དང་ཨ་ཁུའི་རེ་སྒུག་མངོན་འགྱུར་བྱེད་མཁན་དེ་ཁྱོད་ཡིན།
ཨ་་་ ་་་། བློ་མ་ཕམ། མགོ་བོ་ཡར་ལ་དགྱེ་རོགས།
ཁྱོད་ནི་འཐབ་འཛིང་སྲོག་གཏད་ཀྱི་དཔའ་བོ་ཡིན།
ཁྱོད་ནི་སྤོབས་པ་ལར་ཞེན་གྱི་མེ་དཔུང་ཡིན།
ཨོ་་་ ་་་། སེམས་མ་སྡུག ང་ཡི་མི་རབས་གསར་པ།
ཨོ་་་ ་་་། ཡིད་མ་སྐྱོ། ང་ཡི་མི་རབས་གསར་པ།
ཨོ་་་ ་་་། སེམས་མ་སྡུག ང་ཡི་མི་རབས་གསར་པ།
མི་རིགས་ག་འདྲ་ཞིག་ཡིན་རུང་མི་རིགས་ཀྱིས་ཁྲག་རྩ་དང་མི་རིགས་ཀྱིས་རྒལ་ཚིག་ངེས་པར་དུ་བརྟན་དགོས་པ་ནི་སྨྲ་ཤེས་དོན་གོ་བ་མིའི་ཚན་ཉིད་ནས་ངོ་འཕྲོད་ཐུབ་པ་དང་ བོད་མི་རིགས་ལ་འཕྲད་པའི་ཆབ་སྲིད་ཀྱི་དཀའ་ངལ་གསེལ་བ་ལ་ནུས་ལྡན་གྱི་འཆར་གཞི་དང་ཆབ་སྲིད་ཀྱི་ཐབས་ལམ་མི་མང་གི་རྒྱབ་སྐྱོར་སོགས་སྒྲིག་འཛུགས་ཀྱི་བརྒྱུད་ལམ་དེད་ནས་འགྲོ་དགོས་པ་ལས་ མང་གཙོ་དང་རང་དབང་ཁ་ལ་ཁྱེར་ནས་མི་རེའི་ལམ་རེ་རྩལ་ནས་བོད་དོན་བདེན་མཐའ་གསལ་བའི་རེ་བ་དེ་རེ་བའི་ནང་ལྷག་སྲིད་པ་མ་རེད་།
ཨ་ཇོ་རྒས་སོང་། ཚ་བོར་གཏད་ཡོད། མཐུན་སྒྲིལ་བསམ་ན། རྒྱལ་ཁབ་མི་དགོས། གཞན་ཕན་ནི་ཨ་ཇོའི་ཕྱག་རྟེན་ཡིན། ཆོས་ལུགས་ནི་ཨ་ཇོའི་ལོག་མལ་ཡིན། རྒྱལ་ཁབ་མ་གླེང་། དགུང་གྲངས་འཕྲི་འགྲོ ཨ་ཨ་མཐུན་སྒྲིལ་ལགས། ངས་ཁྱོད་ཕྱོགས་སུ་ལག་པ་བསྲིངས་ཡོད།
བསམ་རྒྱུ་ཨ་ཇོ་ཁྱེད་ལས་མེད།
དྲན་རྒྱུ་ཨ་ཇོ་ཁྱེད་ལས་མེད།
ཁྱེད་ཀྱི་ཡོངས་རྫོགས་ང་ཚོར་སྦྱིན།
ཨ་ཇོ་ལྷ་མོ་དོན་གྲུབ་དྲན།
ཨ་ཇོས་འགྲིམས་པའི་ལམ་བུ་དཀའ།
ཨ་ཇོས་བཞག་པའི་རྐང་རྗེས་གསལ།
ཨ་ཇོས་བསྐྲུན་པའི་མདུན་ལམ་མཛེས།
ཨ་ཇོ་ཁྱེད་ནི་ང་ཡི་མིག
༅༅། ཨ་ཇོ་དྲན་གླུ་འདི་ཧ་ཅང་སྙན་ལ་།་མིག་ནས་མཆི་མ་ཡང་འདོན་ངེས་ཤིག་འདུག།
ང་ཡང་ཁྱོད་བཞིན་སྐྱོ་གླུ་ཞིག་ལེན་འདོད།
ཨ་ཇོ་དྲིན་ཆེན་ཕ་མ་ཡིན།། ཨ་ཇོ་རྩ་བའི་བླ་མ་ཡིན། ཨ་ཇོ་འདི་ཕྱིའི་སྐྱབས་གནས་ཡིན།།
ཨ་ཇོ་མི་བརྗེད་སྙིང་ན་ཡོད།། སེམས་མ་སྐྱོ་ང་ཚོའི་ལས་དབང་རེད།།