གསལ་ལེ་རྒྱལ།
ཨ་ཇོ་སྤེན་པ་ཚེ་རིང་།།
ཨ་རག་བྷི་རག་བཞེས་སོང་།།
སྙིང་གཏམ་ཤ་བཤད་རྒྱུ་བཤད།།
ཤར་གླིང་ཕྱོགས་ལ་ཤོར་སོང་།།
ཨ་ཇོ་བསོད་ནམས་སྟོབས་རྒྱལ།།
ཨ་ཇོ་སྤེན་པ་ཚེ་རིང་།།
སྙིང་གཏམ་བཤད་ས་འཆུག་སོང་།།
ཤར་གླིང་བསྟན་འཛིན་ཟླ་སྒྲོན།།
སྐྱེས་ལོ་སྐྱེས་ཚེས་ནོར་སོང་།།
ཨ་ཇོ་བསོད་ནམས་སྟོབས་རྒྱལ།།
ཨ་ཇོ་སྤེན་པ་ཚེ་རིང་།།
ཤ་ཚ་སྙིང་ཉེ་བྱས་ཏེ།།
སྙིང་གཏམ་ཤ་བཤད་རྒྱུ་བཤད།།
ཆུ་ཚོད་བཞི་ལ་བཤད་སོང་།།
ཨ་ཇོ་བསོད་ནམས་སྟོབས་རྒྱལ།།
གསང་གཏམ་ཤར་ལ་བཤད་པ།།
དེ་རིང་ནུབ་ནས་གྲགས་སོང་།།
ཤར་ནུབ་ཤ་འབྲེལ་ཚིལ་འབྲེལ།།
ཤ་ཚའི་གཏམ་གྱིས་མ་ཁོག།
ཨ་ཇོ་བསོད་ནམས་སྟོབས་རྒྱལ།།
གོང་བཀུར་ལྷ་བྱ་སྤུ་གནོན།།
བྱས་དང་མ་བྱས་མི་འདུག།
ས་ཡ་གཅིག་དང་ཕྱེད་ཀ།
ས་གྲགས་གནམ་གྲགས་ཆགས་སོང་།།
ཨ་ཇོ་བསོད་ནམས་སྟོབས་རྒྱལ།
ཨ་ཅག་རྒྱ་རི་སྒྲོལ་མས།།
ཁལ་རྟ་ལམ་ནས་བརླག་སོང་།།
ཨ་ཇོ་འབྲོང་ཆུང་དངོས་གྲུབ།།
ཉལ་ཆས་ཉལ་གཏན་འགྲིག་སོང་།།
ཨ་ཇོ་བསོད་ནམས་སྟོབས་རྒྱལ།།
༢༢/༡༡/༢༠༡༧ ལ་ཕ་རེ་སི་ནས།
ཨ་ཇོ་བསོད་ནམས་སྟོབས་རྒྱལ།།
ཨ་ཇོ་གསལ་ལེ་རྒྱལ་པོ་ལགས།
ཨ་ཇོ་བསོད་ནམས་སྟོབས་རྒྱལ།། སུ་རེད། ལགས།
འབྲོང་ཆུང་ཉལ་ཆས་འགྲིག་པ་སུས་མཐོང་ངམ་།
རྒྱ་སྒྲོལ་རྟ་ལམ་བརླག་ནས་རྙེད་ཡོད་དམ།
ས་ཡ་གཅིག་དང་ཕྱེད་ཀ་དངུལ་རུལ་ཡིན་ནམ།
ཤར་གླིང་དར་སྒྲོན་སྙིང་གཏམ་སུ་ཡིས་གོ
དོན་གཅོད་སྤེན་པས་བཀའ་ཤག་མ་བརྩིས་སམ།
སྲིད་སྐྱོང་བློ་སེང་དྲང་པོ་མ་བྱས་སམ།
ལན་གསལ་ཡོད་ན་སུས་ཀྱང་བཤད་ན་འགྲིགས།
བོད་མི་རིགས་ཀྱི་འཇོན་སྟངས་དང་ལས་སྟངས་ལྷག་བསམ་ཤེས་ཡོན་སོགས་འདི་ཙམ་ལས་མེད་པ་ཡིན་ནམ་།
གསལ་ལེ་རྒྱལ་ནི – ཕ་རན་སིར་ཡོད་པའི་ཀླུ་དགའ་བྱམས་ཀྱི་གཉེན་ཚན་ལོ་བྷེ་ཟེར་པ་འདིའི་ཀུན་སློང་དང་ཁ་སྟབས་ལ་ཅིག་ལྟོས་ཏ་མི་མགོ་ཁྱི་མགོ་མ་ཐོན་མཁན།
མི་འདི་ཚོས། རང་ཉིད་ཁྱི་ལྡོམ་བཞིན་འཁྱམས་ནས། ད་ལྟ་ནུབ་གླིང་ན་ཉལ་གོས་དང་ཟ་འཐུང་འདེང་ངེས་ཞིག་རེག་སྐབས། བཙན་བྱོལ་སྒྲིག་འཛུགས་དང་བོད་འདི། ཐུག་པ་བཞིན་མ་དཀྲུགས་ན། བློ་མ་བདེ་བ་ཨེ་རེད།
ཨ་ཇོ་བསོད་ནམས་སྟོབས་རྒྱལ།
ཨ་རག་འཐུང་ཚོད་མ་ཤེས།
ཨ་མ་དང་ནི་མནའ་མ།
ཨ་ན་མ་ན་འཛིན་ཏེ།
ནང་གཏམ་ཚང་མ་ཕྱི་ལ།
ཤོར་བ་དེ་ནས་བཟུང་སྟེ།
ར་ཟིང་དང་ནི་ར་ཟིང་།
མཇུག་པའི་འབྲས་བུ་དེ་རེད།
ས་སྟེང་སེམས་ཅན་ཀུན་གྱི་མགོ་བོ་ལ།།
རྒྱ་ཆེན་མཛད་པའི་རྐང་བ་འཇོག་པའི་བུ།།
ཡོངས་རྫོགས་བསྟན་པའི་མངའ་བདག་སྟག་འཚེར་བ།།
ལྷར་མཉམ་རྟོགས་པ་མི་ཡི་སྤྱོད་པ་ཅན།
གངས་ཅན་འགྲོ་བ་ཀུན་གྱི་སྐྱབས་གཅིག་པུར་།མི་མཆོག་ཁྱེད་ལ་གུས་པའི་ཕྱག་འཚལ་ལོ་།ཕྱོགས་ལྷུང་གདོན་གྱི་ཟིན་པའི་སྐྱེ་བོ་ལ་།ཕྱོགས་མེད་ངེས་འབྱུང་སྐྱེ་བར་བྱིན་གྱི་རློབས་།
ཨ་ཇོ་ཨ་རག་མཁན་པོའོ།ཨ་རིས་ཕྱོགས་ལ་བཞུག་དུས།ཨ་རག་་མང་པོ་མ་མཆོད་།ཨ་ནུ་ང་ཡི་རེ་བ་།ཧཧཧཧ་ལས་མེད་རང་རེད་།
ཨ་ཇོ་བསོད་ནམས་སྟོབ་རྒྱལ་།ཨ་རག་མཁན་པོ་ཁོང་ལ།ཨ་མདོའི་ཤ་ཞེན་མ་བྱེད་།ཨ་ཕས་གདོང་ལ་སྟོས་ཤིག་།
ཆོས་བསྟན་ཁོ་རེ། དྲིན་ལན་ལོག་འཇལ་ཟེར་ན་འདི་ལ་ཟེར་བ་རེད་དོ།།