གསལ་ལེ་རྒྱལ།
ཕོ་བྲང་ཕྱོགས་ལས་རྣམ་རྒྱལ།།
བོད་གཞུང་སེང་གེ་རང་རྒྱལ།།
བུ་ལོན་མཚན་གནས་རྗེས་འབྲེལ།།
ཁ་གསལ་གཏིང་གསལ་ཨེ་རེད།།
ཨ་ཇོ་བསོད་ནམས་སྟོབས་རྒྱལ།
ཨ་ཅག་རྒྱ་རི་སྒྲོལ་མས།།
ཉལ་ཆས་མར་ལ་བཏང་རྗེས།།
ཡར་སྣེ་རྡ་རམ་ས་ལར།།
ཁ་བ་མང་པོ་བབས་སམ།།
ཨ་ཇོ་བསོད་ནམས་སྟོབས་རྒྱལ།
ཨ་ཇོ་དངོས་གྲུབ་ཚེ་རིང་།།
ཇག་ལ་ལམ་འཇུག་བྱས་རྗེས།།
ཇག་རྟ་རྐུ་ལ་ཤོར་བས།།
རྐང་ཚེགས་དཀའ་ལས་མྱང་ངམ།།
ཨ་ཇོ་བསོད་ནམས་སྟོབས་རྒྱལ།།
ཨ་ཇོ་བློ་བཟང་སེངྒེས།།
ཨ་སྒོར་བུ་ལོན་བསགས་ནས།།
ས་ཡ་གཅིག་དང་ཕྱེད་ཀ།
ས་མཚམས་གང་ལ་བསྐྱལ་འདུག།
ཨ་ཇོ་བསོད་ནམས་སྟོབས་རྒྱལ།།
ཨ་ཇོ་སྤེན་པ་ཚེ་རིང་།།
སྲིད་རྩིས་དངུལ་རྩིས་ནོར་ཏེ།།
ཁ་རུ་ཁ་ཐུག་བྱས་ནས།།
ཁ་ཕོར་གང་ལ་བསྐྱལ་སོང་།།
ཨ་ཇོ་བསོད་ནམས་སྟོབས་རྒྱལ།།
༡༥/༡༡/༢༠༡༧ ཕ་རེ་སི་ནས།
ཉོག་གཏམ་གཅིག་རེད་ཤག་་་་དེ་འདྲ་སྙན་རྩོམ་མི་ཟེར།་་་
ང་ནི་བོད་མིའི་འདིའི་ཚོའི་སྨྱོ་ལབ་གཟའ་ལབ་དགྲ་འགའ་གཉེན་སྡུག་ཕྱི་ནང་ངོ་མི་ཤེས་པའི་བྱ་སྤྱོད་འདི་མཐོང་དུས་།རྒྱ་མི་རིགས་འདིས་རིགས་ཞེན་དང་རྒྱལ་ཞེན་འདི་ལ་ཡིད་སྨོན་གཏིང་ནས་སྐྱེ་གི་འདུག་།
བོད་མི་འདི་ཚོའི་བྱེད་སྟངས་ཅི་འདྲའི་སྐྱོ་བ་ཁ་རོ་ལ་འཁོར་ནས་མི་ངུ་བར་ཁ་གྱང་ལ་འཁོར་ནས་ངུ་བ་དེ་ཤིན་ཏུ་ནོར། དགྲ་བོ་རྒྱ་དམར་ཕར་ཟད་རྡ་སའི་རོང་རྒན་ཚོར་ཐུག་དུས་ཉྭ་གུམ་གུམ་དང་དཔའ་ཞུམ་ཞུམ་བྱེད་ནས་འགྲོ་རྒྱུ་ལས་བརྡ་ལེན་ཡག་པོ་ཞིག་སྤྲོད་མི་ཐུབ་པར་ཁ་ནང་ལ་འཁོར་ནས་དཔའ་དང་དཔུང་སྒྲིག་པ་དེ་ཅི་འདྲའི་ཐབས་སྐྱོ་བ་བོད་ཡུལ་འཕོང་བའི་སྔ་ལྟས་རང་རེད་་་་་་
དེ་ག་རང་རེད། ལྐོག་ཟ་རུལ་སུང་བ་ཚོ་ཐེར་འདོན་བྱེད་དགོས།
སྲིང་སྐྱོང་དམངས་ཀྱིས་བསྐོས་རེད།
སྲིད་ཁྲིམས་སྤྱི་འཐུས་བཟོས་རེད།
འཛིན་སྐྱོང་བཀའ་ཤག་གནང་གི།
ལོ་དུས་གཙང་དུ་བཅུག་དང་།
ཨ་ཇོ་སྤེན་པ་ཚེ་རིང་།
སྐུ་སྒེར་ཡིག་ཚང་བསྐོས་རེད།
སྐུ་སྒེར་བཀའ་ཤག་བགྲོས་ནས།
ལས་གནས་གཡུག་ཏུ་བཅུག་ཤག
ནག་ཉེས་ཡོད་རེད་གསུང་གི།
དཀར་པོ་དཀར་རྐྱང་གསུང་གི།
རྩ་ཁྲིམས་དར་གྱི་མདུད་པས།
ལན་གཅིག་བཀྱིག་རོགས་གནང་དང་།
ཨ་ཇོ་སྤེན་པ་ཚེ་རིང་ཁ་རེ་ཁ་ཐུག་ཞུས་པར།།།
ཨ་ཇོ་བློ་བཟང་སེང་གེས་བཟོད་བསྲན་སྤུ་ཙམ་མ་ཐུབ།།
ཁ་རེ་ཁ་ཐུག་རང་ལ་འཁོན་ལན་སློག་ཐབས་བྱས་ན།།
མི་མང་ཁ་ཡི་དུག་དེ་ས་ཁྱབ་གནམ་ཁྱབ་ཡོང་ངེས།།
བསམ་བློའི་ཟུར་ལ་མ་འཁོར་ལམ་སང་དགོངས་ཕོག་བཏང་བ།།
ཆབ་སྲིད་ཅི་ཡང་མི་ཤེས་རང་མདོག་དེ་གས་བསྟན་སོང།།
ཨ་ཇོ་ཕོ་གསར་འདི་ཚོ་གཟི་བརྗིད་ཆེ་མདོག་ཁ་ཡང་།།
དབུ་ཁྲིད་རྙིང་པ་དེ་ཚོའི་དྲི་མ་ཙམ་ཡང་མི་འདུག །
ཨ་ཇོ་ཕོ་གསར་འདི་ཚོ་གཟི་བརྗིད་ཆེ་མདོག་ཁ་ཡང་།།
དབུ་ཁྲིད་རྙིང་པ་དེ་ཚོའི་དྲི་མ་ཙམ་ཡང་མི་འདུག །
་
འདི་བདེན་མདོག་ཁ་པོ་འདུག་གདའ། ང་ཡང་་་་་་་་་
རྒྱ་ཁབ་འཛིན་སྐྱོང་བྱེད་དུས།
ཕྱིར་ནང་གསང་གསུམ་ཡོད་པ།
གསང་བ་ལས་ཁུངས་གཙུག་འདུག།
ཁ་རེ་ཁ་ཐུག་ཟེར་ནས།
བསང་བ་ཕྱིར་འཚོང་བྱས་ན།
རྩ་ཁྲིམས་བཙན་པོའི་འོག་ནས།
སྲོག་ཁྲིམས་བཏང་ཡང་ལོས་ཆོག།།
༄༅། དྲ་རྒྱའི་ནང་ལ་ཕེབས་ནས་བཟང་སྤྱོད་འདོར་བ་མ་གནང།།
ཁུངས་འཕེར་ཁུངས་སྐྱེལ་མེད་པར་སེམས་ནང་གང་ཤར་མ་འབྲི།།
ཡར་ལ་བཀྱགས་ཀྱང་མི་དགོས་མར་ལ་འཐེན་ཡང་མི་དགོས།།
རང་སྐྱོན་རང་གི་མི་འཐོང་གཞན་སྐྱོན་མིག་ལ་ཟིང་ཟིང།།
ཨ་རིའི་དོན་གཅོད་བརྗེ་བར།།
ཧ་ལས་ཧང་སང་མ་བྱེད།།
ས་ཕྱོགས་གཅིག་པ་ཡིན་མདོག།
ཤ་ཚ་བྱེད་སྟངས་ནོར་འདུག།
ར་རོ་ཆང་གིས་བཟི་རྣམས།།
ལ་ལུང་གཏམ་འཆལ་མ་བཟོ།།
ཤ་སྦྲང་མཆོད་པའི་རུལ་སུངས།།
ས་སྟེང་གཙོག་དྲིས་ཁྱབ་སོང་།།
ཞྭ་མོའི་ཁ་དོག་རྩོད་པའི།།
ཟ་མ་མ་ནིང་མང་སོང་།།
འ་འུར་དཀྲོགས་གཏམ་སྤེལ་ནས།།
ཡ་རབས་ཀུན་སྤྱོད་ཉམས་སོང་།
ཙ་གེ་ཙེག་གེ་ཆེད་དུ།
ཚ་གེ་ཙེག་གེ་མ་བྱེད།།
ཛ་ལང་སྤྱོད་པ་འཁྲབ་ནས།།
ཝ་མོའི་གཡོ་རྒྱུས་མ་ངོམ།།
པ་སངས་ལྟར་བུར་དཀར་མདོག།
ཕ་རོལ་ཀུན་ལ་བཟང་མདོག།
བ་མིན་མཛོ་མོ་ཡིན་མདོག།
མ་བཞོས་འོ་མ་ཡོད་མདོག།
ཏཱ་ལའི་བླ་མར་ཟུར་ཟ།།
ཐ་ཤལ་སྤྱོད་པ་སྣ་ཚོགས།།
ད་ལྟར་སྤྱི་ཚོགས་ཟང་ཟིང་།།
ན་གཞོན་སྨྱོ་རྟགས་སྟོན་ས།།
ཅ་ཅོའི་གཏམ་ལ་སྲེད་པ།།
ཆ་ལུགས་སྤྱོད་ལ་མོས་པ།།
ཇ་ཆང་ཟས་ཀྱིས་མྱོས་པ།།
ཉ་ཉོག་མང་ཞིག་མཐོང་སོང་།།
ཀ་ཁའི་ཡིག་ནོར་མང་བ།།
ཁ་ཅིག་རྩོད་ལ་དགའ་བ།།
ག་ས་གང་དུ་རྒྱུགས་ནས།།
ང་ཁྱོད་ཕྱོགས་རིས་མ་བྱེད།།
ཀ་མད་བོད་ཀྱི་ཡི་གེ།
ཁ་བ་ཅན་གྱི་གཅེས་ནོར།།
ག་ལེར་ཉམས་པ་མཐོང་ནས།།
ང་ཚོ་ཚང་མས་སྒྲིམ་རོགས།།
།
ཀ་མད་བོད་ཀྱི་ཡི་གེ།
ཁ་བ་ཅན་གྱི་གཅེས་ནོར།།
ག་ལེར་ཉམས་པ་མཐོང་ནས།།
ང་ཚོ་ཚང་མས་སྒྲིམ་རོགས།།
འདི།
ང་ཚོ་ཚང་མའི་ཡི་གེ །
ཁ་བ་ཅན་གྱི་གཅེས་ནོར།།
ག་ལེར་ཉམས་པ་མཐོང་ནས།།
ང་ཚོ་ཚང་མས་སྦྱོང་རོགས། །
མི་དགོས་སམ།
གོ་འདོད་མེད།
་
བོད་རིགས་ཕྱུག་ཏུ་ཕྱུག་ཏུ། །
སུལ་སུངས་མང་དུ་མང་དུ། །
ཞི་མིའི་སྐྱག་པ་ཡོད་ཚད། །
སྦས་ཀྱང་དྲི་མ་བྲོ་བགྱིད། །
དོན་གཅོད་གསར་སྙིང་མང་པོ། །
བརྗེ་ལེན་རྣམ་པ་སྣ་ཚོགས། །
དོན་གཅོད་དུས་ཡུན་ཐུང་ཤོས། །
སྤེན་ཚེའི་དོན་གཅོད་ཆགས་སོང་། །
སྲིད་སྐྱོང་དྲང་མདོག་མ་སྟོནད། །
སྤེན་ཚེས་མ་འཇོན་མ་ཟེར། །
ཚེ་སྔོན་ལས་ཀྱི་བཟང་ངན། །
ད་ལྟ་ཚེ་འདིར་སྨིན་སོང་། །
སྤེན་ཚེ་ལས་བྱེད་རྙིང་པ། །
བློ་སེང་ལས་བྱེད་གསར་པ། །
གསར་སྙིང་ཡག་ཉེས་མ་རྩོད། །
ད་ནས་མཐུན་ལམ་མཛོད་ཅིག །
སྤེན་ཚེས་དྷ་སར་ལས་ནས། །
མིང་དོན་མཚུངས་པའི་གོ་ཐོབ། །
བློང་སེང་ཨ་རིར་སྦྱངས་ནས། །
དྷ་སར་ངོ་རྒོལ་འོངས་གྲབ། །
ད་ནས་ཚོགས་ཟུར་ཚོད་བཟུང་། །
ད་ནས་སྲིད་སྐྱོང་ཚོད་བཟུང་། །
ད་ནས་ལབ་གླེང་གསུམ་པ། །
ད་ནས་གོ་འདོད་མེད་དོ། །
ཀརྡོས།
རྒྱ་ནག་ཚོགས་ཆེན་འཚོགས་ནས། །
པེ་དྷ་འཇམ་ཐིང་རེད་ཤག །
སྲིད་སྐྱོང་དོན་གཅོད་མ་མཆམ། །
ཨ་དྷར་ས་ཡོམ་བརྒྱབས་སོང་། །
ང་ཚོ་ཚང་མའི་ཡི་གེ །
ཁ་བ་ཅན་གྱི་གཅེས་ནོར།།
ག་ལེར་ཉམས་པ་མཐོང་ནས།།
ང་ཚོ་ཚང་མས་སྦྱོང་རོགས། །
འདི།
ང་ཚོ་ཚང་མའི་ཡི་གེ །
ཁ་བ་ཅན་གྱི་གཅེས་ནོར།།
ག་ལེར་ཉམས་པ་མཐོང་ནས།།
ཀ་ཁ་ཚང་མས་སྦྱོང་རོགས། །
སྲིད་འཛིན་བློ་བཟང་སངས་རྒྱས། །
བློས་གྲོགས་དབུ་དཀར་སྐལ་རྡོར། །
གསང་གྲོས་ཡང་གྲོས་བྱས་ནས་། །
ཨ་སྒོར་འབུམ་ཆེན་བཅོ་ལྔ། །
གང་ལ་བཏང་བ་མ་ཤེས། །
དོན་གཅོད་སྤེན་ཚེ་ཕེབས་ནས། །
ཁ་ཁོག་གཡོ་སྒྱུ་མེད་པར། །
ཚ་འདེད་ཡང་འདེད་བཏང་པས། །
བློ་སངས་དངས་སྐྲག་ལངས་ཏེ། །
ལམ་སེང་འཕོ་འགྱུར་བཏང་སོང་། །
མི་མང་གཉིད་ལས་སད་སོང་། །
བཀའ་ཤག་འདར་སིག་བརྒྱབ་བྱུང་། །
གཞུང་ཞབས་ལྷག་བསམ་ཅན་རྣམས། །
ཇག་ཚང་བཀའ་ཤག་འདི་ལ། །
ཞེན་པ་གཏིང་ནས་ལོག་སོང་།
ཇོ་སྲས་ངག་དབང།
བཀའ་ཤག་ཇག་ཚང་ཡིན་ཁྱོད་ར་ཇག་ཕྲུག་རེད།
བོད་མི་མང་གི་བཀའ་ཤག་ལ་ཇག་ཚང་ལབ་དུས་མི་དེ་ཡག་པོ་ཞིག་མ་རེད།
ཇོ་སྲས་ཟེར་བ་འདིར་རྒྱ་མི་་གསང་བ་ལས་ཁུངས་གི་མི་རེད་ཚང་མའི་གཟབ་གཟབ་གནང་།དགོས་གལ་བྱུང་ན་ཁོ་པ་གར་ཡོད་དངོས་མིང་ཅི་ཟེར་ཁོའི་ལོ་རྒྱུས་ཚང་མ་ངོ་སྤྲོད་བྱེད་ཆོག་།
སྲིད་སྐྱོང་བློ་སེང་འདིས། བཙན་བྱོལ་སྤྱི་དམངས་ཕུ་དཀྲུག་འདའ་དཀྲུག་བཟོས་པ་ད་རེས་ཙམ་མ་རེད། བཀའ་ཤག་གིས་འདི་ལྟར་དབུ་ནས་བསྡད་དེ། མི་མང་ལ་ཡིད་ཆེས་བརླགས་པ་དང་རེ་བ་ཆད་པའི་དཀྲུག་ཤིང་དང་འགན་འཁུར་མེད་པའི་ལས་ཀ་ཏག་ཏག་བྱས་བསྡད་ན། བཙན་བྱོལ་གཞུང་འཐོར་ཞིག་ཏུ་འགྲོ་བར་གདོན་མི་ཟའོ།། དེའི་ནག་ཉེས་ཡོངས་རྫོགས་ལ་སུ་ལ་ཡོད་གསལ་བོ་རེད། མ་འོངས་པའི་ལོ་རྒྱུས་དེབ་ཐེར་དུ་འགོད་བྱའི་བཙན་བྱོལ་སྒྲིག་འཛུགས་འཐོར་ཞིག་ཏུ་བཏང་བའི་ནག་ཉེས་དེ་ཡང་འགན་འཁུར་མི་ཐེག་པའི་བཀའ་ཤག་སྐབས་གང་ལ་འཁྲི་གསལ་བོར་ཆགས་ངེས་རེད། མི་མང་ལ་སེམས་འཚབ་དང་སྔངས་སྐྲག་ལངས་པའང་བཀའ་ཤག་ཁོ་ནས་བཟོས་པ་ཞིག་རེད། དགྲ་དགའ་གཉེན་སྡུག་གི་ལས་ཀ་འདི་འདྲ་བཀའ་ཤག་གིས་མཚམས་བཞག་ན་རེད། རང་ཁོ་ནའི་ཁེ་ཕན་དང་འཐེན་འཁྱེར་གྱི་དབང་དུ་སོང་ནས་རྫབ་ཆེན་གྱི་བྱ་བ་འདི་འདྲ་བརྩམས་ཐུབ་པ་ལ་ཁོ་བོ་ཧ་ལས་སོང་། ད་ནི། གཞིས་སྡོད་བོད་མི་རྣམས་ཀྱང་བཙན་བྱོལ་ལ་ཞེ་ལོག་ཅིང་ཁོ་ཆད་པའི་གནས་སྟངས་ཤིག་ངེས་པར་འབྱུང་བ་ཡིན། དེ་སུས་བཟོས་པ་རེད། ད་ལྟའི་བཀའ་ཤག་གིས་བྱས་པ་རེད། བཟོས་པ་རེད།
༄༅། བཀའ་ཤག་ཇག་ཚང་ལབ་དུས། ཡང་ན་དོལ་རྒྱལ་ཚོགས་པ།
ཡང་ན་ཆོས་མེད་རྒྱ་དམར། ག་དུས་ཡིན་ཡང་ཟུར་ཟ་།
བྱེད་དགོས་སྒོར་ལ་ཐུག་ཡོད། རང་འགུལ་རང་འཚོ་མ་ཐུབ།
བཀའ་ཤག་བཀའ་བཙན་འོག་ནས་ཨ་དོན་བརྗེ་པོ་རྒྱབ་ནས་།
ཁ་གསལ་རྒྱུ་ཚན་ལྡན་པའི་གསལ་བཤད་འདི་ཡིན་མེད་ནས་།
ག་ས་ག་ལ་ལབ་གླེང་བཙན་བྱོལ་མཐུན་སྒྲིལ་གཏོར་སོང་།
ང་ཚོ་བོད་མིའི་ལས་དབང་ཨ་སྒོར་འོག་ཏུ་ཚུད་འདུག་།
ཅ་ཅོ་འར་འུར་མ་མང་བདེན་རྫུན་ཁྲིམས་ཀྱི་བསྟན་ཡོང་།
ཆ་རྒྱུས་སུ་ལའང་མེད་ནས་འར་འུར་རྗེས་ལ་མ་རྒྱུགས་།
ཇ་ནག་ཚ་ཐུང་ཇི་བཞིན་བཀའ་ཤག་སྦྲེལ་ཚུབ་ལངས་ནས་།
ཉ་མོ་གཉིད་ཀྱི་གཏིང་ནས་ཌོ་ལར་རྨི་ལམ་བསྟན་འདུག་།
༄༅། ཆོས་ཀྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་གི།
རྕ་བ་རང་སེམས་འདུལ་བ་གཅིག་ལ་འདུས།།
རང་རྒྱུད་མ་འདུལ་གདམས་ངག་འབུམ་ཐོས་ཀྱང།།
རྟེན་འབྲེལ་ཙམ་ལས་འཆི་དུས་ཕན་པ་དཀའ།།
རང་སེམས་འདུལ་དགོས་ཟེར་མཁན་མང་མོད་དེ།།
རང་སེམས་དུལ་བའི་མི་དེ་གསེར་བས་དཀོན།།
ཁྱོད་དང་ང་དང་ཁོ་དང་མོ་དང་བཅས།།
རང་སེམས་མ་དུལ་གང་ཟག་ཁོ་ནར་འདུག །
ཆབ་སྲིད་གལ་ཆེར་གསང་བ་དགོས་མོད་ཀྱང་།།
འཛིན་སྐྱོང་རྩིས་ཁྲར་གསང་བ་དགོས་དོན་མེད།།
སྤྱང་ཀི་ཁྱོད་རང་ལུག་ཤས་མ་ཚིམ་པར།།
མི་ཤ་ཟ་འདོད་ཁྲིམས་འགལ་མ་གླེང་ཨ།།
ལྟ་བ་ཡང་དག་མང་གཙོ་ཁྲིམས་ཀྱི་འོག་།
ཐ་སྙད་ཚད་སྒྲུབ་ཡུལ་མིའི་རྒྱལ་ཁབ་དེ་།
དོན་དངོས་མ་རྟོགས་་ཡུལ་མིའི་སྲིད་སྐྱོང་རྒྱུར་།
ནམ་ཡང་གོ་རྟོགས་མ་ཐུབ་བློ་མ་བདེ་།
བོད་ཀྱི་དུས་བབ། > གསར་འགྱུར། > གསར་སྙིང་། > གོ་གནས་དགོས་ན་ཏང་ལ་ཡིད་ཆེས་བྱོས།
ཟེར་བ་ལྟར།
ད་ལྟའི་བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་མཐོ་བའི་གོ་ས་དགོས་ན། བློ་སེང་བཀའ་ཤག་ལ་ཡིད་ཆེས་བྱོས། ཞེས་པ་ལྟ་བུའི་མི་འོང་བའི་རེ་བ་ཡོད། གང་ཡིན་ཟེར་ན། དོན་གཅོད་སྤེན་ཚེའི་གནས་དབྱུང་ངམ། འཕོ་འགྱུར་གྱིས། འདིར་ངས་ཀྱང་མ་བཤད་རང་བཤད་ཆགས་སོང་བས། འགའ་ཤས་ལ་ཐོགས་ན་དགོངས་དག་ཞུའོ།། །།
འཛིན་པ་ཆེ་བའི་དབང་གིས།
གཅིག་གིས་གཅིག་སྐྱོན་བརྗོད་པ།
ད་ཙམ་མ་ཡིན་འཁོར་བར།
ཐོག་མེད་དུས་ནས་བྱས་ཡོད།།
བཀའ་ཤག་གི་གསལ་བཤད་ལ་ཁུངས་སྐྱེལ་ཡིག་ཆ་བཅས་ཀྱི་ཐོག་ནས་ཁ་གསལ་བཟོ་རྒྱུ་ཡིན།
བློ་སེང་བཀའ་ཤག་གིས།
http://tibettimes.net/2017/11/18/164949/