ཨ་ཕའི་པགས་རྩག Posted on 2012-12-17 By ཡེ་ཤེས་ 7 Comments on ཨ་ཕའི་པགས་རྩག ཀླུ་སྨྱོན། ཕྱི་རུ་སྣུམ་ཞག་ཀྱི་ལི་ལི།། ནང་དུ་ཚ་དྲོད་ཆིལ་ལི་ལི།། བར་དུ་འབྲོག་དྲི་ཐུ་ལུ་ལུ།། བརྗེད་མེད་ཨ་ཕའི་པགས་རྩག་དྲན།། སྙན་ངག
པགས་རྩག་ཨེ། པགས་རྩག་གྱོན་པའི་དུས་རབས་ཡོལ་ཟིན་རེད། ། པགས་རྩག་བཙོང་ནས་གོན་གོས་ལྔ་དྲུག་ཐོབ། ། འབྲོག་དྲི་ཁ་བཞིན་མི་གྲལ་འགྲོ་འདུག་དཀའ། ། དེང་གི་དུས་སུ་དེང་དུས་ཆས་གོས་བདེ། །
གླུ་བ་ཡ་དུང་གིས་ཨ་མའི་པགས་རྩག་ཟེར་བའི་རྒྱ་གཞས་བོད་གདངས་ཅན་ཞིག་བླངས་ཡོད་པ་དེ་དྲན་སོང་། མཁས་དབང་ཀླུ་སྨྱོན་གྱིས་ཉི་མ་འདི་ཚོར་ཕལ་ཆེར་ནང་དུ་འཛུལ་ནས་གླུ་འདི་དག་སྦྱངས་ནས་ཉམས་རྟོགས་ཅན་གྱི་རྩོམ་འདི་བྱུང་བ་རེད། ཨ་མའི་པགས་རྩག་ལས་ཨ་ཕའི་པགས་རྩ་ག་བཟང་བ་འདི་འབྲོག་པ་མ་གཏོགས་རྒྱ་སུ་གང་གིས་ཧ་གོ་བ་མ་རེད། བོད་འདི་ཕ་ལ་དགའ་བའི་མི་རིགས་ཞིག་ཡིན་པས་ཐ་སྙད་ཕ་ས་ཕ་ཡུལ་དང་ཕ་སྐད་ཕ་ཤུལ་སོགས་ཡོད། དེང་གི་གཞོན་སྐྱེས་མི་བུ་མགོ་སྟོང་དེ་ཚོས་གསིང་གི་ནང་དོན་མ་གོ་བར་མ་སྐད་ཡུམ་སྐད་སོགས་ཀྱི་ཐ་སྙད་བཟོ་དང་བཟོ་བཞིན་པ་དེ་ཚ་དྲོད་ཆིལ་ལི་ལི་ཡི་ཨ་ཕའི་རྩག་པ་ནང་དུ་བསྡད་མ་མྱོང་པའི་དན་རྟགས་ཤིག་རེད།
ཀརྡོ་གཉེར་ཕྱག་པ་ལ ཕྱི་གླིང་བ་ལ་དེང་གི་ཆོས་གོས་བདེ།། བོད་པ་རྣམས་ལ་བོད་པའི་ཆོས་གོས་དེ།། རོང་བ་རྣམས་ལ་རོང་བའི་ཕྱུ་བ་དང་།། འབྲོག་པ་རྣམས་ལ་འབྲོག་པའི་པགས་རྩག་བདེ།།
འབྲོག་པའི་པགས་རྩག་ཨེ། བོད་ཀྱི་འབྲོག་པའི་པགས་རྩག ། བོད་ས་འབྲོག་སར་འགབ་སྲིད། ། པགས་རྩག་གྱོན་ནས་མེ་འཁོར་དང་། ། གནམ་གྲུ་སྡོད་དང་དེ་ནས་ཤེས། ། ལྷ་སའི་འཇིབ་འཁོར་ནང་ལ། ། བོད་འབྲོག་དྲི་མ་ཚུབ་ཚུབ། ། ལྷ་སྲས་མཉམ་དུ་སྡོད་དང་། ། དེ་ནས་སྣ་བར་འཚོར་འོང་། ། དེ་དུས་ཀརྡོ་དྲན་ཡོང་། །
འབྲོག་པ་རྣམས་ལ་ལུག་རྩག་བདེ་བ་དང་། ། རོང་བ་རྣམས་ལ་རྭ་རྩག་བདེ་བ་སོགས། ། ཡུལ་ལུང་སོ་སོའི་མི་ཡི་གོམས་གཤིས་ལས། ། འདི་བདེ་འདི་མིན་བདེ་ཞེས་སུས་ཐག་ཆོད། །
འབྲོག་པ་རྣམས་ལ་ལུག་རྩག་བདེ་བ་དང་། ། རོང་བ་རྣམས་ལ་རྭ་རྩག་བདེ་བ་སོགས། ། ཡུལ་ལུང་སོ་སོའི་མི་ཡི་གོམས་གཤིས་ལས། ། འདི་བདེ་འདི་མིན་བདེ་ཞེས་སུས་ཐག་ཆོད། །
པགས་པ་གྱོན་ཆས་བཟོས་པ་དང་། ། ཤ་ཟ་ཁྲག་འཐུང་འཚོ་བའི་རིགས། ། དེང་སང་ཡ་རབས་གྲལ་འགོ་རུ། ། ཚུད་ཐབས་དཀའ་བའི་དུས་རབས་རེད། ། པགས་རྫུན་མཛེས་རྩལ་གྲངས་མང་འདུག ། ཤ་མེད་བཅུད་ལྡན་ཟས་རིགས་མང་། ། ཆང་རག་ཉེས་ཐག་མི་དགོས་རིགས། ། ད་ནས་རྒྱང་ཐག་རིང་དུ་ཐོངས། །
པགས་རྩག་ཨེ།
པགས་རྩག་གྱོན་པའི་དུས་རབས་ཡོལ་ཟིན་རེད། །
པགས་རྩག་བཙོང་ནས་གོན་གོས་ལྔ་དྲུག་ཐོབ། །
འབྲོག་དྲི་ཁ་བཞིན་མི་གྲལ་འགྲོ་འདུག་དཀའ། །
དེང་གི་དུས་སུ་དེང་དུས་ཆས་གོས་བདེ། །
གླུ་བ་ཡ་དུང་གིས་ཨ་མའི་པགས་རྩག་ཟེར་བའི་རྒྱ་གཞས་བོད་གདངས་ཅན་ཞིག་བླངས་ཡོད་པ་དེ་དྲན་སོང་། མཁས་དབང་ཀླུ་སྨྱོན་གྱིས་ཉི་མ་འདི་ཚོར་ཕལ་ཆེར་ནང་དུ་འཛུལ་ནས་གླུ་འདི་དག་སྦྱངས་ནས་ཉམས་རྟོགས་ཅན་གྱི་རྩོམ་འདི་བྱུང་བ་རེད། ཨ་མའི་པགས་རྩག་ལས་ཨ་ཕའི་པགས་རྩ་ག་བཟང་བ་འདི་འབྲོག་པ་མ་གཏོགས་རྒྱ་སུ་གང་གིས་ཧ་གོ་བ་མ་རེད། བོད་འདི་ཕ་ལ་དགའ་བའི་མི་རིགས་ཞིག་ཡིན་པས་ཐ་སྙད་ཕ་ས་ཕ་ཡུལ་དང་ཕ་སྐད་ཕ་ཤུལ་སོགས་ཡོད། དེང་གི་གཞོན་སྐྱེས་མི་བུ་མགོ་སྟོང་དེ་ཚོས་གསིང་གི་ནང་དོན་མ་གོ་བར་མ་སྐད་ཡུམ་སྐད་སོགས་ཀྱི་ཐ་སྙད་བཟོ་དང་བཟོ་བཞིན་པ་དེ་ཚ་དྲོད་ཆིལ་ལི་ལི་ཡི་ཨ་ཕའི་རྩག་པ་ནང་དུ་བསྡད་མ་མྱོང་པའི་དན་རྟགས་ཤིག་རེད།
ཀརྡོ་གཉེར་ཕྱག་པ་ལ
ཕྱི་གླིང་བ་ལ་དེང་གི་ཆོས་གོས་བདེ།།
བོད་པ་རྣམས་ལ་བོད་པའི་ཆོས་གོས་དེ།།
རོང་བ་རྣམས་ལ་རོང་བའི་ཕྱུ་བ་དང་།།
འབྲོག་པ་རྣམས་ལ་འབྲོག་པའི་པགས་རྩག་བདེ།།
འབྲོག་པའི་པགས་རྩག་ཨེ།
བོད་ཀྱི་འབྲོག་པའི་པགས་རྩག །
བོད་ས་འབྲོག་སར་འགབ་སྲིད། །
པགས་རྩག་གྱོན་ནས་མེ་འཁོར་དང་། །
གནམ་གྲུ་སྡོད་དང་དེ་ནས་ཤེས། །
ལྷ་སའི་འཇིབ་འཁོར་ནང་ལ། །
བོད་འབྲོག་དྲི་མ་ཚུབ་ཚུབ། །
ལྷ་སྲས་མཉམ་དུ་སྡོད་དང་། །
དེ་ནས་སྣ་བར་འཚོར་འོང་། །
དེ་དུས་ཀརྡོ་དྲན་ཡོང་། །
འབྲོག་པ་རྣམས་ལ་ལུག་རྩག་བདེ་བ་དང་། །
རོང་བ་རྣམས་ལ་རྭ་རྩག་བདེ་བ་སོགས། །
ཡུལ་ལུང་སོ་སོའི་མི་ཡི་གོམས་གཤིས་ལས། །
འདི་བདེ་འདི་མིན་བདེ་ཞེས་སུས་ཐག་ཆོད། །
འབྲོག་པ་རྣམས་ལ་ལུག་རྩག་བདེ་བ་དང་། །
རོང་བ་རྣམས་ལ་རྭ་རྩག་བདེ་བ་སོགས། །
ཡུལ་ལུང་སོ་སོའི་མི་ཡི་གོམས་གཤིས་ལས། །
འདི་བདེ་འདི་མིན་བདེ་ཞེས་སུས་ཐག་ཆོད། །
པགས་པ་གྱོན་ཆས་བཟོས་པ་དང་། །
ཤ་ཟ་ཁྲག་འཐུང་འཚོ་བའི་རིགས། །
དེང་སང་ཡ་རབས་གྲལ་འགོ་རུ། །
ཚུད་ཐབས་དཀའ་བའི་དུས་རབས་རེད། །
པགས་རྫུན་མཛེས་རྩལ་གྲངས་མང་འདུག །
ཤ་མེད་བཅུད་ལྡན་ཟས་རིགས་མང་། །
ཆང་རག་ཉེས་ཐག་མི་དགོས་རིགས། །
ད་ནས་རྒྱང་ཐག་རིང་དུ་ཐོངས། །