ཨེ་མ་ཧོ།
ན་མོ་གུ་རུ་ཀརྨ་ས་ཏྭ་ཡ།
ནམ་མཁའ་དག་པའི་ཀློང་ཡངས་ནས།།
ཁོ་ལག་རྫོགས་པའི་ཁྱུང་ཆེན་གར།།
ལུང་རྟོགས་སྨིན་པའི་དགེ་བའི་བཤེས།།
བཀའ་གཏེར་བརྒྱུད་པའི་བླ་མས་སྐྱོབས།།
ཧི་མ་ལ་ཡར་གོམས་པས་འཇལ།།
གནའ་དེང་ཚན་རིག་རིགས་པས་འཇལ།།
གཟུར་གནས་བློ་གྲོས་ཀུན་ལ་འཇལ།།
འཇལ་གནས་གསང་གསུམ་མཐུན་པར་མཛོད།།
རི་ཆུ་སྟོང་ཕྲག་བརྒལ་ན་ཡང་།།
ལྷག་བསམ་སྟོང་ཕྲག་ཕྱུག་ན་ཡང་།།
མཉམ་འཛོམ་འདོད་པ་མང་ན་ཡང་།།
ཡང་མཇལ་མེད་པར་དགོངས་ལགས་སམ།།
དཀའ་སྡུག་ལམ་བུ་ཕྲ་ན་ཡང་།།
བཟོད་བསྲན་སྡུག་བསྔལ་ཆུང་ན་ཡང་།།
ཁ་ཕོ་རུས་པ་མཐོ་ན་ཡང་།།
ཡང་འཛོམ་མེད་པར་ཅི་ཞིག་མནོངས།།
ཉེར་གཅིག་དུས་ཀྱི་དཔའ་བོ་གཉིས།།
ཐུགས་གཙང་གཅིག་པའི་མཐའ་ཡས་དཔལ།།
འགྱུར་མེད་རྡོ་རྗེ་འཆང་གི་རྒྱ།།
དབྱེར་མེད་མཛད་པའི་ཕྲིན་ལས་གར།།
སྒྱུ་འཕྲུལ་མངོན་སུམ་སྟོན་པར་མཁྱེན།།
མ་གྱུར་འགྲོ་བ་སྐྱོབ་པའི་གཉེན།།
སངས་རྒྱས་གསོན་པོའི་མཚན་འཆང་བས།།
ནང་རུལ་འཁོན་འདྲིས་མ་སངས་ན།།
སྙིགས་དུས་འདྲེན་པར་བདེན་སྲིད་དམཞཞ
རང་རིག་ཀུན་བདེ་ཡིན་ན་ཡིན།།
ལྷ་ཁང་བཙན་གཏོར་བྱས་ན་བྱས།།
མགོ་རྡོ་ཁྲག་དམར་བཞུར་ན་བཞུར་ན།།
ཕ་རོགས་དཀར་པོ་མཉམ་འཛོམ་མཛོད།།
བསྟན་པ་གྱེས་རབས་བཅོ་བརྒྱད་ཀྱང་།།
ཡང་དག་གཅིག་ཏུ་སྒྲུབ་པ་བཞིན།།
སྐུ་གསུང་ཐུགས་ཡོན་ཕྲིན་ལས་སྤྲུལ།།
རྣམ་ལྔའི་མཛད་པ་ཆིག་སྒྲིལ་མཛོད།།
མགུལ་སྲུང་རུལ་བའི་གསང་རྒྱ་དང་།།
བཀའ་དགེ་ལས་ཀྱི་འཆང་རྒྱ་ལས།།
བཅིངས་གྲོལ་ཐོབ་པའི་དཔའ་བོ་ཞིག།
བྱུང་ན་རྒྱལ་དབང་མཚན་ཉིད་པ།།
འཁོར་བའི་རྒྱ་མཚོ་རྒྱ་ཆེ་བས།།
འགྲོ་དྲུག་དུཿཁ་མ་སེལ་ནས།།
རུལ་གསེང་ངན་པའི་གྲལ་ཞུགས་ན།།
སྒོ་གསུམ་སྤྱོད་པ་ཐ་དད་ལགས།།
ཉམ་ཆུང་གཟིགས་པའི་བླ་མ་ལ།།
རོ་རྒན་ཁ་ཏ་མི་དགོས་ཀྱང་།།
ལོང་བའི་དྲུང་གི་མིག་ལྡན་ལ།།
དྲན་པའི་བློ་གསལ་སྟོད་པ་ཙམ།།
ཚོགས་དྲུག་ཤེས་པ་མ་འགགས་ཕྱིར།།
ཕྱིན་དྲུག་སྤྱོད་པའི་དགེ་འདུན་ལ།།
རྫུན་དྲུག་དཔེ་ཟླ་མི་སྟོན་པར།།
བཟང་དྲུག་སྨན་བཟང་སྤྱོད་པར་མཁྱེན།།
མདོར་ན་མཐའ་ཡས་ཨོ་རྒྱན་པའི།།
ཀུན་གཟིགས་སྣང་མཐའི་དགོངས་པ་བཞིན།།
དགོངས་ཀློང་ཟབ་མོ་གཅིག་གྱུར་ནས།།
སྒྲུབ་བརྒྱུད་གོང་མའི་མཛད་པ་སྐྱོངས།།
ཞེས་པ་འདི་ཡང་རབ་གནས་མེས་སྤྲེལ་ཟླ་ཚེས་དགེ་བར་ཨེ་མ་ཧོས་རྨི་ལམ་ཞིག་གིས་རྐྱེན་ལས་གང་ཤར་དུ་ལྷག་བསམ་དག་པས་སྤེལ་བར་དགེའོ།། །།
ལེགས་སྨོན་ཞུ།
ཡང་འཛོམ་མེད་པར་ཅི་ཞིག་མནོངས།།
འདི།
ཡང་འཛོམ་མེད་པར་ཅི་ཞིག་ནོངས།།
གསང་རྒྱ་མང་པོ་མ་ཕུད་ན་བཟང་སྙམ།
ཨེ་མ་ཧོས་དོན་མེད་རྒྱལ་དབང་ཀརྨ་པ་ལ་སྐུར་འདེབས་བྱས་འདུག ཁྱེད་ལ་ཆོས་པའི་གཡའ་མིན་འདུག བྱང་ཆུབ་སེམས་དཔའ་ཁོང་འདྲ་བ་ལ་སྐུར་འདེབས་བྱས་ནས་ཁྱེད་ལ་ཅི་འཐོབ། དགག་རྩར་སླེབས་དུས། ཁྱེད་ཚོ་ཆོས་མིང་འཛིན་པ་དེ་ཚོ་སྡུག་པ་འདུག
ཁྱེད་ཆོས་གང་ཞིག་ཉམས་བྱེད་རུང་དེ་ཡང་དག་པ་མ་ཡིན་པ་ཁྱེད་ཁོ་ནས་སྒྲུབ་བཞིན་འདུག ཁོག་ལ་ཕྲག་དོག་དང་ང་རྒྱལ་ཁོ་ན་ཇེ་ཆེར་འགྲོ་བཞིན་པ་ལས་གཞན་ཅི་མི་སྟོན།
ལྟོས་དང་། ཁྱེད་ཀྱིས་རྒྱལ་དབང་ཁོང་ལ་འདི་འདྲ་བྲིས་འདུག
“ནང་རུལ་འཁོན་འདྲིས་མ་སངས་ན།།
སྙིགས་དུས་འདྲེན་པར་བདེན་སྲིད་དམ། ”
“མགུལ་སྲུང་རུལ་བའི་གསང་རྒྱ་དང་།།
བཀའ་དགེ་ལས་ཀྱི་འཆང་རྒྱ་ལས།།
བཅིངས་གྲོལ་ཐོབ་པའི་དཔའ་བོ་ཞིག།”
རྒྱལ་བ་རིན་པོ་ཆེ་དང་རྒྱལ་དབང་ཀརྨ་པ་གཉིས་བླ་སློབ་ཀྱི་དམ་ཚིགས་ཡོད་པ་དེ་ལ་སྐུར་འདེབས་རེད།
ཞབས་འདྲེན།
སྐུ་མཁྱེན་འདི་འདྲ་མ་གནང་རོགས། ང་ཚོ་བོད་མིར་མཐུན་སྒྲིལ་དགོས། ཕྱི་ལ་དགྲ་སྟོབས་ཆེན་རྒྱ་དམར་ཡོད། ནང་ལ་ཉམས་ཆུང་བོད་མིས་སྡུག་མྱོང་བཞིན་པ་ཡིན། དེ་དག་ལ་དགོངས་པ་བཞེས། བྱམས་སྙིང་རྗེ་དང་ལས་རྒྱུ་འབྲས། བཤེས་གཉེན་སྟེན་ཚུལ་ལ་བསམ་ནས་རང་རིགས་ཀྱི་སྐྱེ་བུ་དམ་པ་རྣམས་ལ་ཀླན་ཀ་མ་སྦྱིན་རོགས།
རྒྱལ་དབང་གཉིས་ཀྱི་མཐུན་སྒྲིལ་གྱིས་བོད་མིར་ཕན། ཁོང་རྣམ་གཉིས་ཀྱིས་ཨེ་མ་ཧོའི་ཆོས་ལུགས་དང་དེའི་བླ་མར་ནམ་ཡང་མི་རྒོལ། ད་རྒྱ་གུང་ཁྲན་ལས་སྡུག་པའི་ཕྱག་ལས་འདི་འདྲ་རྩ་བ་ནས་མ་གནང་རོགས། ཨེ་མ་ཧོ་སྐུ་མཁྱེན།
ཨེ་མ་ཧུ་ཁྱོད། རང་གི་རྨི་ལམ་ཡང་བདེན་པར་འཛིན། མཁའ་འགྲོ་མས་གཅིག་གཅིག་མང་མང་གིས་བསྐུལ་བྱུང་ཟེར། ཁྱོད་མངོན་པའི་ང་རྒྱལ་ཅན་ཁྱོད། རང་བརྒྱུད་མ་ཐུལ་ནས། གཞན་བརྒྱུད་དཀྲུགས་ན་འགྲོ་ས་དམྱལ་བ་ལས་མེད་རེད་དོ། ད་ནས་བཟུང་གཟབ་གཟབ་བྱས་ནས་སྡུག་ཚོད་ཟིན་ན་མ་ལེགས་སམ། ལགས།། །།
ཁྱོད་ཀྱིས་གྲྭ་ཆས་གྱོན། སྐྲ་རིང་པོ་བཞག ད་རྙིང་མ་པའི་ཞབས་འདྲེན་ངས་མ་ཞུས་ན། སུས་ཞུས་ཟེར་བ་ནང་བཞིན་བྱས་ནས་སྡོད་དང་། རྩ་བ་གསུམ་གྱི་བཀའ་ཆད་ཁྱོདལ་་མི་འོངས་ན་སུ་འོངས་སམ། ལགས།། །། ཨེ་མ་ཧོ། །།
འཇམ་མགོན་བླ་མ་རྒྱང་འབོད་ནང་།
རང་སྐྱོན་རི་བོ་ཙམ་ཡང་ཁོང་དུ་སྦས།།
གཞན་སྐྱོན་ཏིལ་འབྲུ་ཙམ་ཡང་སྒྲོག་ཅིང་སྨོད།།
ཡོན་ཏན་ཅུང་ཟད་མེད་ཀྱང་བཟང་པོར་རློམ།།
ཆོས་པའི་མིང་བཏགས་ཆོས་མིན་ཁོ་ནར་སྤྱོད།།
བླ་མ་མཁྱེན་ནོ་ཐུགས་རྗེས་མྱུར་དུ་གཟིགས།།
རང་འདོད་ང་རྒྱལ་ཞི་བར་བྱིན་གྱིས་རློབས།། ཞེས་པའི་ཁྱོད་དང་ང་འདྲ་བ་ཚོའི་༧རྒྱལ་དབང་བཅུ་བདུན་པའི་དགོངས་པ་ལོན་དཀའ་བའི་རང་རྒྱུད་ཀྱི་ཉོན་མོངས་འཇོམས་པ་ལ་འབད་པར་ཚལ།
སྔགས་པ་ཡིན་པའི་བཟོ་འདྲ་བོ་ལྕང་ལོ་དང་འཁོར་བུད་མེད་ཅན། རབ་བྱུང་ཡིན་པའི་བཟོ་འདྲ་བོ་མཁན་པོའི་མིང་ཅན། ཆས་གོས་ཡ་མ་ཟུང་གྱོན་པའི་ཕུང་གསུམ་པ། གཞུང་པ་སོགས་ལ་ལྟོས་ན་བོད་ཡིག་ཡག་ནོ་འདིའི་རྨི་ལམ་ལ་མཐའ་ཡས་རྡོ་རྗེ་ཡང་སྲིད་ངོ་མ་དང་། ཨོ་རྒྱན་རྡོ་རྗེ་རྫུན་པ་ཡིན་པ་རྨིས་བྱུང་ལོ། ནུབ་ཕྱོགས་གངས་ཕྲུག་སོགས་ཅང་མི་སྨྲ་བའི་རྟུལ་ཞུགས་འཛིན་པའི་དྲྭ་འབུ་འདི་ཚོ་ཧ་ལམ་ཁ་ཁོག་གཅིག་ཡིན་ནོ་འདྲ་འདུག།