སྤྲུལ་སྐུ།
ཨ་རིའི་ལྷོ་ནུབ་ཀྱི་མངའ་སྡེ་ཕྱུག་མོ་ནས།།
ཨ་ཅེ་དབྱིན་མོ་ཞིག་སྣང་བར་འགྲོ་དྲགས་ཏེ།།
ཧ་ཅང་མངོན་མིན་གྱིས་ཟུར་མིག་རེ་འཕངས་པས།།
ཧ་ལམ་གོ་མདོག་གིས་རྣམ་འགྱུར་བསྟན་ནས་བྱུང་།།
ས་ལན་འཁོར་ལུགས་ཀྱིས་སྐད་ཆ་བཤད་བསམ་ཡང་།།
ཤ་སྐྱི་སྲབ་མོ་དེར་ངོ་ཚས་སྙིང་ཕུད་ནས།།
ལ་མོར་གདོང་ཐུག་གྱི་སྤོབས་པ་བྲལ་ན་ཡང་།།
ར་སྤྲོད་གནང་མཁན་ཞིག་བཙལ་ནས་མཇལ་རྒྱུ་བྱུང་།།
ཡ་རབས་གཤིས་བཟང་གིས་གུས་ཞབས་འཚམས་འདྲི་བཅས།།
འ་གཉིས་མིག་ཟུར་གྱིས་གྲོགས་པོ་ཡིན་ལབ་ཏེ།།
ཟ་ཟིས་མགོ་རྨོངས་ཀྱི་བོད་མོའི་ལུགས་བྲལ་ནས།།
ཞ་ཉེས་ལྕགས་བསྡུས་ལྟར་གཅིག་སེམས་གཅིག་མཐུན་བྱུང་།།
ཝ་ལེར་ཕྱི་ནང་གི་གནས་ཚུལ་ཞིབ་བཤད་ཅིང་།།
ཛ་དྲག་གནད་འགག་གི་གསང་བའི་གནས་སྟངས་སྐོར།།
ཚ་བྲོས་ཟས་སྣ་བཞིན་ཕན་ཚུན་ཡིད་བསྲུབས་ནས།།
ཙ་ར་ཀ་བཞིན་གྱིས་འཐམ་འཁྱུད་ལྟ་གོན་བྱས།།
མ་གིའི་དཀྱིལ་འཁོར་ལ་ཐིག་ལེས་ཚོམ་བཀོད་ཅིང་།།
བ་གླང་མ་རྒན་ཚོས་བེའུ་ཕྲུག་ལྡག་བྱས་ཤིང་།།
ཕ་མཆོག་ཡི་དམ་ལྟར་ཕྱག་རྒྱས་སྟངས་སྟབས་བཅས།།
པ་ཎཾ་ཁྲུས་གསོལ་གྱི་ཆོ་ག་ལེགས་གྲུབ་མཛད།།
ན་པ་ཚབ་ཆེན་གྱིས་སྐད་གདངས་ལྟ་བུ་དང་།།
ད་ལྟ་ཤི་ལ་ཁའི་ངོ་མདོག་བཞིན་འགྱུར་ནས།།
ཐ་ཁུག་དཀྲུགས་པ་ཡིས་རྫས་ལ་མི་བཟོད་པར།།
ཏ་རེ་དཀར་མོ་དེ་ཁྲོ་མོའི་བཞིན་ལ་བརྫུས།།
ཉྭ་རྒྱུས་ལྷུ་ཚིུགས་ཀུན་རུས་མེད་ལྟར་བསྒྱུར་ཏེ།།
ཇ་འོ་མངར་མོ་ལྟར་དབུགས་ཐེངས་རེ་རེས་ནང་།།
ཆ་གཉིས་ཡུ་བ་དེ་ངོམས་མེད་རྔུབ་འཐུང་གིས།།
ཅ་ཅོ་འུར་ཟིང་འདི་དབྱངས་ཅན་ངག་ལས་སྙན།།
ང་རྒྱལ་རྭ་ཅོ་ཡི་རྩ་མདུད་ཡོངས་གྲོལ་ཞིང་།།
ག་ཁྲལ་འོ་ཞོ་ཡི་མཆོད་པས་ཐུགས་དགྱེས་ནས།།
ཁ་གཅིག་ཡིད་བཞིན་གྱི་འཁོར་ལོའི་གཙོ་མོ་དེ།།
ཀ་དག་སྟོང་ཉིད་ཀྱི་ངང་ལ་བརྒྱལ་ནས་བཞུགས།།
ཀ་དག་སྟོང་ཉིད་ཀྱི་ངང་ལ། །
ཁ་ཡོད་ལག་ཡོད་ཅིག་བརྒྱལ་ན། །
ག་ལེར་བསམ་གཞིགས་ཅིག་བྱས་དུས། །
ང་འདྲའི་ཆགས་ཞེན་ལ་བརྒྱལད་འདུག །
ཨིན་མོ་ལུས་འདྲིས་དེ་དྲན་ནས། །
ཁ་བརྡའི་འདོད་གཏམ་ལ་ལྟ་ཤོར། །
སྤྲུལ་སྐུའི་ཨ་ཕྲེང་ལ་ཀ་ཕྲེང་། །
ཚིགས་བཞིས་སྐུ་རྩེད་ལ་རོལ་ཐལ། །
བརྒྱལ་སྲོལ་ལ་བལྟས་ན་བུད་མེད་ལོ་ལོན་ཞིག་ཡིན་ས་རེད།
ཀ་རྩོམ་འབྲི་སྲོལ་ལ་བལྟས་ན་ལང་ག་རྭ་ཅོས་བྲིས་ནི་ཞིག་དང་འདྲ་གི
ཧྲ་ཀི
ཨ་ལགས་ཁྱེད་རང་ཆགས་པས་སྨྱོས་ཀྱང་རུང་། །
ཨ་རིའི་རྒན་མོས་འཛུམ་ཞིག་བསྟན་ཀྱང་རུང་། །
ཨ་མདོ་སོགས་ནས་མེ་བསྲེགས་འདི་ལྟར་ཡང་། །
ཨ་ཁ་ཙམ་ཞིག་ཁྱོད་ལ་མེད་ཚོད་རེད། །
སྤྲུ་སྐུ་ཕྱིན་ཆི་ལོག་ཀྱིས།།
སྤྱོད་པ་ཕྱིན་ཅི་ལོག་ཞིག།
ཀ་འཕྲེང་ཕྱིན་ཆི་ལོག་གིས།།
བཀོད་པ་ངོ་ཡང་མ་ཚ།།
ཐན་པ་ཆེ་དུས།
སེམས་པ་སྐྱོ་དུས་ཡིན།
སྤྲུལ་སྐུ་མང་དུས།
བསྟན་པ་དར་དུས་ཨེ་རེད། ལན་ཟིག་རྒྱོབས་དང་།
ཡ། ཡ། དེང་དུས་ཀྱི་བསྟན་ཤིག་སྤྲུལ་སྐུ་ཞིག་དེ་ན་འདའ། ཕལ་ཆེར་སུ་ཡིན་ཤེས་ནས་ཡོད།
སྤྲུལ་སྐུ་དབང་ཆེན་རེད།