རེབ་ཐོག་མདའ།
ཕ་ཡུལ་ཞིག་གི་ངོ་གདོང་བོར་བའི་ནུབ་ཕྱོགས་གྲུ་ཁའི་སྡེ་ཞིག་ན།།
ས་མཐའི་ཉི་མས་ཕྱི་ལུས་དྲོད་ཀྱང་མ་ཁྱོད་མེད་པའི་ལོ་ཟླའི་ཁྲོད།།
སྐྱབས་བཅོལ་མིང་གི་ཆོ་ལོ་ལེན་བཞིན་ཉིན་མཚན་ཞིག་གི་ཧྲག་བར་ནས།།
དྲིན་ལྡན་ཨ་མ་སྙིང་ནས་དྲན་པའི་ཚིག་གསུམ་སྙིང་ནས་ཤོར་ནས་ཐལ།།
མི་ཚེ་ཀྱག་ཀྱོག་འཚོ་བའི་ཀློང་ན་བརྩེ་བའི་ཨ་མ་བདེ་ལགས་སམ།།
མི་རྟག་སྒྱུ་མའི་འཇིག་རྟེན་འདི་ནས་ཁྱོད་དང་བྲལ་དགོས་བྱུང་ན་ཡང་།།
ཉི་ཟླའི་འཆར་ནུབ་མཛུབ་རྩེས་བགྲངས་བཞིན་བུ་ང་སྙིང་ནས་དྲན་བཞིན་དུ།།
ཡི་གེ་དྲུག་མའི་དབྱངས་ལ་འཐིམས་པའི་དགུ་ཀླུང་འགྲམ་གྱི་མ་ཁྱོད་དྲན།།
ཆུང་ཆུང་བྱིས་པའི་ལོ་ཟླའི་གསེབ་ནས་ཁྱོད་ཀྱིས་བཤད་པའི་གཏམ་རྒྱུད་དྲན།།
ཀ་ཁ་འཚོ་བའི་རྫི་བོ་བྱེད་དུས་ཁྱོད་ཀྱིས་བརྫིས་པའི་རྩམ་པ་དྲན།།
དྲན་གདུང་ཞིག་གི་ངོགས་སུ་བབས་པའི་ཨ་མའི་ཐོད་ཀྱི་གཉེར་རིས་དེ།།
དྲན་བཞིན་དྲན་བཞིན་བུ་ངའི་སེམས་ལ་ཨ་མར་ལན་གཅིག་ཐུག་ན་བསམ།
ང་དང་ཕུ་བོ་རྒྱང་ལ་གྱེས་དེས་ཁྱོད་རང་སྡུག་ལ་གཏད་སོང་བསམ།།
སྐྲ་ལོ་དེ་ཡང་ལོ་ཟླའི་ངོགས་ནས་དགུན་ཀྱི་ཁ་བའི་ཟོས་སོང་སྙམ།།
དཀའ་སྡུག་སྟོང་གི་ཁུག་སོ་རེ་ནས་སེམས་པ་རྒྱང་ལ་ཤོར་བཞིན་དུ།།
དུས་ཚོད་སྐར་ཆའི་འགུལ་བསྐྱོད་བར་ནས་མཆིས་མས་བརླན་པའི་མ་ཁྱོད་དྲན།།
ཕན་པའི་གཏམ་དེ་རྣ་རྒྱབ་གཡུག་བཞིན་མ་ཁྱོད་སྡུག་ལ་གཏད་ན་ཡང་།།
འཛུམ་དང་སྤྲོ་བའི་བུ་ཕྲུག་ཀུན་ལ་ཡ་ཁོག་སེམས་ནས་གཅེས་བཞིན་དུ།།
རང་གི་མི་ཚེར་ཁོ་དོག་མོད་ཀྱང་ལེ་འདེད་ཚིག་གཅིག་མི་འཕེན་པར།།
གཞིས་ཁྱིམ་གྲུ་བཞི་དྲོད་ཀྱིས་བསུ་བའི་གངས་རིའི་ཨ་མ་སྙིང་ནས་དྲན།།
གམ་ན་ཡོད་དུས་ཇ་ཕོར་གང་ཡང་ཁྱོད་འདྲེན་རྒྱུ་མ་བྱུང་ལ།།
རྒྱང་དུ་གྱེས་དུས་འགྱོད་སེམས་ལྕི་མོས་ཡ་ཆུང་ཁོག་པ་གཟེར་ན་ཡང་།།
ལས་དབང་བཙན་པོའི་བཀོད་སྒྲིག་སྣེ་ནས་སྐྱོ་བའི་མིག་ཆུ་བཞུར་བཞིན་དུ།།
མ་བུ་ལྷན་འཛོམས་སྐྱིད་ཀྱི་ཉི་མ་འཆར་བའི་སྨོན་ལམ་སྙིང་ནས་འདེབས།།
ཕྱི་ལོ ༢༠༡༢ ལོའི ༡༠ཚེས ༢༨ ཉིན་གླིང་ཚ་ཨ་མ་དང་གླེང་མོལ་ཞིག་གི་རྗེས་ནས་བདག་གི་ཨ་མ་ལ་བྲིས།
དྲིན་ཅན་ཨ་མའི་བཀའ་དྲིན་དྲན་དུས་དམར་ཆུང་སེམས་པ་གཏིང་ནས་སྐྱོ།།
དྲིན་ཅན་ཨ་མའི་ཞལ་རས་དྲན་དུས་ཡངས་པའི་མིག་ཟུང་མཆི་མས་བརླན།།
ལོ་ཟླ་ཞག་གི་འཁོར་སྐྱོད་ཁྲོད་ནས་ཨ་མ་ཁྱོད་རང་འབོད་ཀྱིན་ཡོད།།
ཨ་མའི་རྒྱབ་གཟུགས་མཛེས་པོ་དེ་ལ་དུངས་བའི་མིག་ཟུང་ཅེར་ནས་ཡོད།།
ཟླ་བ་དཀར་བ་ཟླ་སྟོད།
ཕ་མ་འཛོམས་པ་ཚེ་སྟོད།
དྲིན་ཅན་མ་ལོར་གྱེས་པའི་ཉིན་ཞགས་སོར་རྩེར་ལེན་བཞིན་ལོ་བཅུ་འདས། །
དྲན་གདུང་སྟོང་གི་ཁུར་བོ་ལྕི་མོ་ཕྲག་ཏུ་ལྷུང་ནས་ལོ་བཅུ་སོང་། །
ཐུན་གསུམ་ཉལ་བའི་རྨི་ལམ་དུ་ཡང་མ་ལོ་རྨིས་བཞིན་ལོ་བཅུ་འགོར། །
གཞན་ཡུལ་འཚོ་བའི་ལོ་ཟླ་ནག་པོར་མིག་ཆུས་བརླན་བཞིན་འདི་ལྟར་བཞུར། །
དྲིན་ཅན་ཨ་མ།
དྲིན་ཅན་ཨ་མ་དྲན་དགོས།
དྲིན་ཅན་ཨ་མར་གུས་དགོས།
དྲིན་ཅན་ཨ་མ་ཐུག་དགོས།
དྲིན་ཅན་ཨ་མ་སྐྱོང་དགོས།
དྲིན་ཆེན་པོ་དྲིན་ཅན་ཨ་མ་རེད།
དྲིན་བསམ་ནས་བསྙེན་བཀུར་ཞབས་ཞུ་དགོས།
དྲིན་ཅན་ཨ་མའི་དཀའ་དྲིན་དྲན་ཞགས་ཀློང་ནས་འཐོར་བཞིན།
དྲིན་ཅན་ཨ་མའི་བརྩེ་མདངས་ཁྲ་ཆུང་ཟུར་ནས་བཞུད་སོང།
དྲིན་ཅན་ཨ་མའི་བྱམས་སེམས་གཉིད་ལམ་རྒྱུད་ནས་ཤར་བཞིན།
དྲིན་ཅན་ཨ་མའི་གཅེས་སྐྱོང་ལོ་ཟླའི་བར་ནས་ཕུར་སོང།
དྲིན་ཅན་ཨ་མའི་བཀའ་དྲིན་མ་ཤེས་གཞན་ཡུལ་འགྲིམས།
བྱམས་པའི་འོ་དྲི་ཞིམ་པོ་དྲན་གྱིན་ས་མཐའི་འཚོ་བ་བསྐྱལ།
རིན་བྲལ་བསླབ་བྱ་མུ་ཏིག་ཕྲེང་མཛེས་མི་ཡུལ་ཕྱོགས་ནས་དྲན།
དྲན་བཞིན་བསམ་བཞིན་ཨ་མའི་ངོ་རིས་མིག་ཟུང་མདུན་དུ་ལྷམ་མེར་གསལ།
ས་མཐའི་ཉི་མས་ཕྱི་ལུས་དྲོད་ཀྱང་མ་ཁྱོད་མེད་པའི་ལོ་ཟླའི་ཁྲོད།།
ས་མཐའི་ཉི་མས་ཕྱི་ལུས་དྲོ་ཡང་མ་ཁྱོད་མེད་པའི་ལོ་ཟླའི་ཁྲོད། །
དྲན་གདུང་ཚོར་བས་བྲིས་པའི་སྙན་ངག་འདི།།
མིག་གི་དཔྱིད་དུ་ངོམས་པར་སྤྲོ་དགས་བརྟས།།
ཨ་མའི་མཐོང་ན་བུ་ལོ་འཇོན་འདུག་ཞེས།།
ཁྱོད་ལ་བརྗོད་པར་ཐེ་ཚོམ་ཅི་ལ་ཡོད།།
ངོ་ཚ་མེད་པའི་རེབ་ཐོག་མདའ། མིས་སྲོག་དོར་ནས་འགྲོ་དུས་ཁྱེད་ཨ་མ་དྲན་ལབ་བསྡད་ན་ངོ་ཚའམ། ཁ་སྔོན་ཁྱེད་ནས་དབུས་གཙང་ནས་མེར་སྲེག་བཏང་མ་སོང་ཟེར། འོ་ན། བཙན་བྱོལ་ནས། རྡ་རམ་ས་ལ་ནས། ལྷོ་ཕྱོགས་ནས། ཨ་རི་ནས། སིད་སི་ནས། ག་རེ་བྱས་པ་རེད། ཁྱེད་ནས་ག་རེ་བྱས་ན་མ་སྲེག་པ་ཡིན།། བྱབ་ཆུང།
ཨ་མ་མ་འཇལ་ལོ་མང་འགོར།
ཨ་མ་དྲན་ནས་ལོ་མང་འགོར།
ཨ་མ་ཚེ་རིང་ལོ་བརྒྱ་ཤོག།
ཨ་མ་སྐུ་ཁམས་བདེ་བར་ཤོག།
ཨ་མ་མྱུར་དུ་འཇལ་བར་ཤོག།