ལྕང་སྐྱ་རོལ་བའི་རྡོ་རྗེ།
ཟབ་མོ་རྟེན་འབྱུང་གི་དེ་ཉིད་ངོ་མཚར།། ཇི་བཞིན་རྗེན་པ་རུ་སྟོན་པའི་བླ་མ།།
བཀའ་དྲིན་འཁོར་མེད་དེ་སྙིང་དབུས་བཞུགས་ཤིག། གང་དྲན་ཐོལ་བྱུང་གི་ཚིག་གསུམ་སྨྲའོ།།
ཨ་མ་རྒན་མོ་དེ་ཡུན་རིང་སྟོར་བའི།། བུ་ཆུང་སྨྱོན་པ་ང་ཅི་ཞིག་ལྟར་ཏེ།།
ཨ་མ་དྲིན་ཅན་དང་ལྷན་ཅིག་འདུག་པ།། ངོ་མ་ཤེས་པ་དེ་ཤེས་ལ་ཁད་སྣང་ངོ༌།།
ཇོ་ཇོ་རྟེན་འབྱུང་དེས་ལྐོག་ཏུ་བསྙད་པས།། ཡིན་ཡིན་མིན་མིན་དེ་ཨེ་ཡིན་སྙམ་མོ།།
གཟུང་འཛིན་སྣ་ཚོགས་འདི་ཨ་མའི་འཛུམ་བག། སྐྱེ་འཆི་འཕོ་འགྱུར་འདི་ཨ་མའི་བརྫུན་ཚིག།
བསླུ་མེད་ཨ་མ་ཡིས་ཁོ་བོ་བསླུས་སོ།། ཇོ་རྟེན་འབྱུང་དེས་སྐྱོབ་པར་རེའོ།།
རྣམ་པ་གཅིག་ཏུ་ན་ཨ་མ་རྒན་མོ།།ཁོ་ནའི་དྲིན་གྱིས་ནི་གྲོལ་པར་རེ་སྟེ།།
གཟུང་འཛིན་འདི་ཉིད་ཀོ་འདི་ལྟར་ཡིན་ན།།དུས་གསུམ་རྒྱལ་བས་ཀྱང་སྐྱོབ་ཐབས་མི་འདུག།
འགྱུར་བ་སྣ་ཚོགས་འདི་འགྱུར་མེད་ཨ་མའི།།རྣམ་འགྱུར་ཡིན་པས་ན་གྲོལ་རྒྱུར་འདུག་གོ།
ཅིར་ཡང་མ་གྲུབ་པའི་བརྗོད་མེད་ཨ་མའི།།ཅིར་ཡང་བརྫུ་བ་ཡི་ཕར་བརྟེན་ཚུར་བརྟེན།།
འདི་ག་ཙམ་ཞིག་ལ་གོ་རྒྱུ་འདུག་གོ།ཕ་རྒན་བཙལ་བས་ནི་མ་རྙེད་པ་དེ།།
མ་རྒན་རྙེད་པ་ཁོ་ཡིན་པར་འདུག་པས།། ཨ་མའི་པང་ནས་ནི་ཕ་རྒན་རྙེད་པས།།
ཕ་མ་དྲིན་ཅན་གྱིས་བུ་ང་སྐྱོབ་སྐད།། གཅིག་མིན་གཞན་མིན་གྱི་ཨ་མའི་བཞིན་རས།།
ཇོ་ཇོ་རྟེན་འབྱུང་གི་མེ་ལོང་ནང་ན།། ཟིན་པ་མེད་ཚུལ་གྱིས་ཡོད་ཡོད་འདྲ་སྟེ།།
ཡོད་པ་ང་འདྲས་ནི་རྟོག་དཔྱོད་མ་ཞུགས།། ཀླུ་སྒྲུབ་ཟླ་གྲགས་ཀྱིས་ཞལ་ཆེམས་རླུང་བསྐུར།།
འཇམ་དཔལ་སྙིང་བོ་ཡིས་བྱ་ཞིག་བཏང་བས།།ཐག་རིང་འཚོལ་བ་ཡི་དཀའ་ལས་བཤོལ་ནས།། ལྷན་ཅིག་མཐོང་བ་ཡི་མ་རྒན་མཐོང་རེ།། ད་ལྟ་རང་རེ་ཡི་བློ་གསལ་འགའ་ཞིག།
ཚུགས་ཐུབ་བདེན་གྲུབ་སོགས་བརྡ་ལ་ཞེན་པས།། སྣང་བ་ལིང་ལིང་འདི་རང་སོར་བཞག་ནས།།
དགག་རྒྱུ་རྭ་ཅན་ཞིག་འཚོལ་བར་སྣང་སྟེ།། སྒྲིབ་བྲལ་ཨ་མ་ཡི་བཞིན་རས་དེ་ན།།
ལང་ལང་ལིང་ལིང་འདི་ཡོད་སྐད་མི་འདུག། གནད་འགག་མ་ཕིགས་པའི་བཤད་བཤད་མང་ཡང༌།།
ཨ་མ་རྒན་མོ་དེ་བྲོས་དོགས་འདུག་གོ། ཡོད་ཞིག་ཡོད་མོད་ཀྱང་ད་ལྟའི་འདི་འདྲའི།།
ཨ་མ་སྟོང་ཉིད་དེ་བཙལ་དུ་མེད་ཀྱང་།། བུ་ཆུང་སྟོང་པ་ཞིག་སེང་ཁྲིར་སླེབས་ནས།།
ཨ་མའི་བྱམས་སེམས་ཀྱི་ཆུ་བོ་སྙོག་དུས།། ཇོ་ཇོ་སྲུང་མ་རྣམས་གར་སོང་ཆ་མེད།།
བུ་སྟོར་ཨ་མ་ཕྲད་པའི་ཉམས་སྣང་།
ཨ་མ་རྒན་མོ་དེ་སྡུག་ཚེ་རིང་ཡང་། །
རྒས་པའི་གཉེར་མ་ཞིག་ངོ་གདོང་ལ་མི་འདུག །
བུ་ཆུང་འཁྱམས་པོ་ང་ཨ་མ་དང་ཕྲད་དུས། །
ཆུ་བུར་ཆུ་ནང་ལ་ཐིམ་ཚད་ལས་མི་འདུག །
འདི་ནི་ཨ་མ་དང་ཕྲད་ནས་དགའ་བའི་གླུ་དབྱངས་སུ་ཐལ་ལོ། །
དབུས་གཙང་གི་བསྟན་པའི་སྒྲོན་མེ་རྣམ་གསུམ་གྱི་ཡ་གྱལ་རྗེ་ལྕང་སྐྱ་རོལ་བའི་རྡོ་རྗེས་མཛད་པའི་ལྟ་བའི་གསུང་མགུར་ལ་འགྲེལ་བ་མང་དུ་མཆིས་ཤིང་ཁོང་གི་སློབ་མ་ཀུན་མཁྱེན་འཇིགས་མེད་དབང་པོས་མཛད་པའི་འགྲེལ་བ་ཚིག་གི་སྒྲོན་མེ་དེ་ནི་ཁྱད་དུ་འཕགས་སོ།། དེའི་ལུགས་གཞིར་བཞག་སྟེ་མཆན་བུ་འགའ་ཞིག་བཏབ་ན།
༼ཟབ་མོ་རྟེན་འབྱུང་གི་དེ་ཉིད་ངོ་མཚར།། ཇི་བཞིན་རྗེན་པ་རུ་སྟོན་པའི་བླ་མ།།
བཀའ་དྲིན་འཁོར་མེད་དེ་སྙིང་དབུས་བཞུགས་ཤིག། གང་དྲན་ཐོལ་བྱུང་གི་ཚིག་གསུམ་སྨྲའོ།། ༽
འདི་ནི་རྩོམ་པར་དམ་བཅའ་བ་དང་། ཟབ་མོ་ཞེས་པ་སྣང་བཞིན་དུ་སྟོང་ལ། སྟོང་བཞིན་དུ་སྣང་བའི་སྣང་སྟོང་ཟུང་འཇུག་ལ་བྱ། ཚིག་གསུམ་ཞེས་པ་ནི་ཚིག་འགའ་ཞེས་པའི་དོན་ཡིན་གྱི་ངེས་བཟུང་གི་དོན་མ་ཡིན། དཔེར་ན། ཉི་མ་ལ་འོད་སྟོང་ཅན་དང་པདྨ་ལ་འདབ་བརྒྱ་བ་ཞེས་བརྗོད་པ་བཞིན་ནོ།།
༼ ཨ་མ་རྒན་མོ་དེ་ཡུན་རིང་སྟོར་བའི།། བུ་ཆུང་སྨྱོན་པ་ང་ཅི་ཞིག་ལྟར་ཏེ།།
ཨ་མ་དྲིན་ཅན་དང་ལྷན་ཅིག་འདུག་པ།། ངོ་མ་ཤེས་པ་དེ་ཤེས་ལ་ཁད་སྣང་ངོ༌།།
ཇོ་ཇོ་རྟེན་འབྱུང་དེས་ལྐོག་ཏུ་བསྙད་པས།། ཡིན་ཡིན་མིན་མིན་དེ་ཨེ་ཡིན་སྙམ་མོ།། ༽
ཞེས་པའི་ཨ་མ་རྒན་མོ་ནི་སེམས་ཀྱི་ཆོས་ཉིད་ཡིན། དེ་ཡུན་རིང་དུ་སྟོར་བ་ནི་ཐོག་མ་མེད་པ་ནས་ད་ལྟའི་བར་དུ་རྟོགས་མ་ཐུབ་པའི་དོན་ནོ།།བུ་ཆུང་སྨྱོན་པ་ནི་ལྟ་བ་ཚོལ་མཁན་གྱི་སེམས་ལ་བྱའོ།།ཨ་མ་དྲིན་ཅན་དེ་དང་རང་ཉིད་གཉིས་ཐོག་མ་མེད་པ་ནས་ལྷན་གཅིག་ཏུ་ཡོད་པ་ངོ་མ་ཤེས་པ་དེ་ཤེས་ལ་ཁད་སྣང་ངོ་།།གང་ཡིན་ཞེ་ན། ཇོ་ཇོ་རྟེན་འབྱུང་གི་གཏན་ཚིགས་ལ་བརྟེན་ནས་སྐྱེས་བའི་རྗེས་དཔག་གིས་ལྐོག་ཏུ་སྟེ་དོན་སྤྱིའི་ཚུལ་གྱིས་བསྙད་པའམ་བཤད་པ་ལ་བརྟེན་ནས་མ་བརྟགས་མ་དཔྱད་པའི་ཚེ་ཡིན་ཡིན་འདྲ་བ་ལ། བརྟགས་ཤིང་དཔྱད་དེ་བཙལ་བ་ན་བཟུང་རྒྱུ་མེད་པའི་མིན་མིན་འདྲ་བ་རང་བཞིན་གྱིས་མེད་པ་དེ་ཨེ་ཡིན་སྙམ་མོ།།
༼ གཟུང་འཛིན་སྣ་ཚོགས་འདི་ཨ་མའི་འཛུམ་བག། སྐྱེ་འཆི་འཕོ་འགྱུར་འདི་ཨ་མའི་བརྫུན་ཚིག།
བསླུ་མེད་ཨ་མ་ཡིས་ཁོ་བོ་བསླུས་སོ།། ཇོ་ཇོ་རྟེན་འབྱུང་དེས་སྐྱོབ་པར་རེའོ།།༽
འདི་ནི་དབུ་མ་ཆེན་པོ་སྣང་སྟོང་ཟུང་འཇུག་གི་དོན་སྟེ། ཕྱི་གཟུང་བ་དང་། ནང་འཛིན་པས་བསྡུས་བའི་རྟེན་འབྲེལ་སྣ་ཚོགས་པ་འདི་ཨ་མ་སྟོང་བ་ཉིད་ཀྱི་འཛུམ་བག་དང་། ལས་ཉོན་གྱི་དབང་གིས་སྐྱེ་འཆི་དང་བདེ་སྡུག་གི་འགྱུར་བ་སྣ་ཚོགས་པ་ཞིག་འོངས་བ་འདི་ཨ་མ་སྟོང་བ་ཉིད་ཀྱི་བརྫུན་ཚིག་ཏུ་སྣང་བའི་ཕྱིར་རོ།། དེལྟར་ཡིན་པ་ནི་སོ་སྐྱེས་ལ་ཡིན་གྱི་འཕགས་པ་ལ་མ་ཡིན་པའི་ཕྱིར་རོ།། དེས་ན་ཇོ་ཇོ་རྟེན་འབྱུང་གི་དཀར་ནག་གི་ལས་ལ་སྤང་བླང་ཚུལ་བཞིན་བྱས་པ་ལ་བརྟེན་ནས་འཁོར་བའི་འཇིགས་པ་ལས་སྐྱོབ་པར་རེའོ།།འདིས་ཆོས་ཐམས་ཅད་སྟོང་བ་ཉིད་ཀྱི་རྣམ་འགྱུར་དུ་གསུངས།
༼ རྣམ་པ་གཅིག་ཏུ་ན་ཨ་མ་རྒན་མོ།།ཁོ་ནའི་དྲིན་གྱིས་ནི་གྲོལ་པར་རེ་སྟེ།།
གཟུང་འཛིན་འདི་ཉིད་ཀོ་འདི་ལྟར་ཡིན་ན།།དུས་གསུམ་རྒྱལ་བས་ཀྱང་སྐྱོབ་ཐབས་མི་འདུག།༽
འདིས་ནི་འཁོར་བ་ལས་གྲོལ་བ་སྟོང་ཉིད་ལ་རག་ལས་བར་བསྟན་པ་ཡིན། རྣམ་པ་གཅིག་ཏུ་ན་ཨ་མ་རྒན་མོ་སྟོང་བ་ཉིད་ཁོ་ནའི་དྲིན་གྱིས་འཁོར་བ་ལས་གྲོལ་བར་རེ་སྟེ། གཟུང་འཛིན་གྱིས་བསྡུས་བའི་ཆོས་སྣ་ཚོགས་པ་འདི་དག་སྣང་བ་ལྟར་དུ་གྲུབ་པ་ཡིན་ན། དུས་གསུམ་རྒྱལ་བས་ཀྱང་སྐྱོབ་ཐབས་མི་འདུག་ཅེས་བ་ཡིན།
༼འགྱུར་བ་སྣ་ཚོགས་འདི་འགྱུར་མེད་ཨ་མའི།།རྣམ་འགྱུར་ཡིན་པས་ན་གྲོལ་རྒྱུར་འདུག་གོ། ༽
འདིས་ནི་འཁོར་བ་ལས་གྲོལ་བའི་གཏན་ཚིགས་བསྟན་པ་ཡིན། འགྱུར་བ་སྣ་ཚོགས་པ་འདི་ང་ཚོ་ལ་སྣང་བ་ལྟར་གྲུབ་ན་འཁོར་བ་ལས་གྲོལ་བ་མི་སྲིད་པ་བདེན་ཡང་། ཕྱི་དང་ནང་གི་རྟེན་འབྲེལ་གྱི་འགྱུར་བ་སྣ་ཚོགས་པ་འདི་ཨ་མ་སྟོང་བ་ཉིད་ཀྱི་རྣམ་འགྱུར་ཡིན་པས་ན་རང་ངོས་ནས་མ་གྲུབ་ཅིང་། རང་བཞིན་མེད་པ་མངོན་སུམ་དུ་རྟོགས་པའི་ཤེས་རབ་ལ་བརྟེན་ནས་སྲིད་པའི་རྩ་བ་མ་རིག་པ་རྒྱུན་བཅད་དེ་འཁོར་བ་ལས་གྲོལ་བའི་ཕྱིར་རོ།།
མིག་བརྒྱད་པས་ཡག་པོ་འགྲེལ་འདུག
མིག་བརྒྱད་ཀྱིས་འགྲེལ་བ་སྟབས་བདེ་ཡག་པོ་བྲིས་འདུག འདི་ད་བསྡུས་བརྗོད་ཀྱི་རྩལ་ཡ་མཚན་ཞིག་གི་ལམ་ནས་གསུངས་ཡོད་ཀ
༼ཅིར་ཡང་མ་གྲུབ་པའི་བརྗོད་མེད་ཨ་མ།།ཅིར་ཡང་བརྫུ་བ་ཡི་ཕར་བརྟེན་ཚུར་བརྟེན།།
འདི་ག་ཙམ་ཞིག་ལ་གོ་རྒྱུ་འདུག་གོ།ཕ་རྒན་བཙལ་བས་ནི་མ་རྙེད་པ་དེ།།
མ་རྒན་རྙེད་པ་ཁོ་ཡིན་པར་འདུག་པས།། ཨ་མའི་པང་ནས་ནི་ཕ་རྒན་རྙེད་པས།།
ཕ་མ་དྲིན་ཅན་གྱིས་བུ་ང་སྐྱོབ་སྐད།། ༽
འདིས་ནི་སྣང་སྟོང་ཟུང་འཇུག་ངོ་སྤྲོད་པ་ཡིན། དོན་དམ་པར་ཅིར་ཡང་མ་གྲུབ་པའི་བརྗོད་མེད་ཀྱི་ཨ་མ་རང་བཞིན་གྱིས་སྟོང་བ་ཉིད་འདི། ཐ་སྙད་དུ་རྟེན་འབྲེལ་སྣ་ཚོགས་པ་ཅིར་ཡང་རྫུ་བའམ་འཆར་བ་ཡི་སྟོང་བ་དང་དང་རྟེན་འབྱུང་གཉིས་ཕར་བརྟེན་ཚུར་བརྟེན་གྱི་ལྟོས་གྲུབ་འདི་ག་ཙམ་ཞིག་ལ་གོ་རྒྱུ་བཟང་པོ་ཞིག་འདུག་གོ།།
འདིའི་གོ་རྒྱུ་ནི་སྟོང་བ་རྟེན་འབྲེལ་དུ་ཤར་ཞིང་རྟེན་འབྲེལ་སྟོང་བར་ཤར་བ་དེ་ཡིན། ཕ་རྒན་ནི་སྟོང་བ་ཉིད་ཀྱི་སྟོང་གཞི་ཆོས་ཅན་ལ་བྱ་ཞིང་། དེའི་བཏགས་དོན་བཙལ་ནས་མ་རྙེད་པ་དེ་མ་རྒན་སྟོང་བ་ཉིད་རྙེད་པ་ཁོ་ཡིན་པར་འདུག་པས་སོ།།ཞེས་ཆོས་ཅན་ལས་ཆོས་ཉིད་རྙེད་པའི་ཚུལ་དང་། ཨ་མ་རང་བཞིན་གྱིས་སྟོང་བ་ཉིད་ཀྱི་པང་ངམ་དབྱིངས་ལས་ཕ་རྒན་སྟོང་གཞི་ཆོས་ཅན་ཁོ་རྙེད་བྱུང་ཞེས་ཆོས་ཉིད་ལས་ཆོས་ཅན་རྙེད་པའི་ཚུལ་བསྟན་ནོ།།དེ་ལྟར་ན་ཕ་རྒན་དེ་རྟེན་འབྲེལ་དང་། མ་རྒན་སྟོང་བ་ཉིད་གཉིས་ཕན་ཚུན་འགལ་མེད་དུ་རྟོགས་པ་ལ་བརྟེན་ནས་། བུ་ཆུང་སྨྱོན་པ་ང་རྟག་ཆད་ཀྱི་མཐའ་གཉིས་ལས་སྐྱོབ་པར་བྱེད་དོ།།
༼ གཅིག་མིན་གཞན་མིན་གྱི་ཨ་མའི་བཞིན་རས།།ཇོ་ཇོ་རྟེན་འབྱུང་གི་མེ་ལོང་ནང་ན།།
ཟིན་པ་མེད་ཚུལ་གྱིས་ཡོད་ཡོད་འདྲ་སྟེ།།སྨྱོན་པ་ང་འདྲས་ནི་རྟོག་དཔྱོད་མ་ཞུགས།། ༽
འདིས་སྟོང་བ་ཉིད་ཀྱི་རང་བཞིན་ངོས་བཟུང་བ་ཡིན། རང་གི་སྟོང་གཞི་དང་ལྡོག་པ་གཅིག་མ་ཡིན་ཞིང་། དེ་དང་རང་བཞིན་གཞན་མ་ཡིན་པའི་ཨ་མ་སྟོང་བ་ཉིད་ཀྱི་བཞིན་རས་རང་བཞིན་གྱིས་གྲུབ་པ་བཅད་ཙམ་གྱི་མེད་དགག་དེ། ཇོ་ཇོ་རྟེན་འབྱུང་གི་གཏན་ཚིགས་ལ་བརྟེན་པའི་རྗེས་དཔག་གི་མེ་ལོང་ནང་ན། དོན་དམ་པར་འཛིན་པ་མེད་པའི་ཚུལ་གྱིས་ཡོད་ཡོད་འདྲ་བ་སྣང་སྟེ། སྨྱོན་པ་ང་འདྲ་བས་དེ་སྔ་ཕན་ཆད་རྟོག་དཔྱོད་ཙམ་ཡང་མ་ཞུགས་པར་འདུག་ཅེས་ཁེངས་སྐྱུངས་བའོ།།
༼ ཀླུ་སྒྲུབ་ཟླ་གྲགས་ཀྱིས་ཞལ་ཆེམས་རླུང་བསྐུར།།འཇམ་དཔལ་སྙིང་བོ་ཡིས་བྱ་ཞིག་བཏང་བས།།
ཐག་རིང་འཚོལ་བ་ཡི་དཀའ་ལས་བཤོལ་ནས།།ལྷན་ཅིག་མཐོང་བ་ཡི་མ་རྒན་མཐོང་རེ།། ༽
འདིས་རང་ཉིད་ཀྱིས་ཟབ་མོའི་ལྟ་བ་ཇི་ལྟར་བཙལ་བའི་ཚུལ་བསྟན་པ་ཡིན། མགོན་པོ་ཀླུ་སྒྲུབ་དང་། དཔལ་ལྡན་ཟླ་བ་གྲགས་པས་ཞལ་ཆེམས་རླུང་ལ་བསྐུར་བ་ལྟ་བུའི་རིགས་ཚོགས་དྲུག་དང་། ཚིག་གསལ། འཇུག་པ་སོགས་དང་། རྗེ་ཙོང་ཁ་བས་མཛད་པའི་རྩ་འཇུག་གི་རྣམ་བཤད་གཉིས་དང་ལེགས་བཤད་སྙིང་པོ་རྣམས་ཀྱིས་བྱ་ཞིག་བཏང་བ་ལ་བརྟེན་ནས་ཐག་རིང་པོར་འཚོལ་བའི་དཀའ་ལས་དེ་བཤོལ་བའམ་བཞག་ནས་རང་གི་ཤེས་རྒྱུད་དང་ལྷན་ཅིག་ཏུ་གནས་བའི་མ་རྒན་སྟོང་བ་ཉིད་ཀྱི་ཞལ་བཟང་འདི་མཐོང་བར་འདོད་དོ།།
༼ ད་ལྟ་རང་རེ་ཡི་བློ་གསལ་འགའ་ཞིག།ཚུགས་ཐུབ་བདེན་གྲུབ་སོགས་བརྡ་ལ་ཞེན་པས།།
སྣང་བ་ལིང་ལིང་འདི་རང་སོར་བཞག་ནས།།དགག་རྒྱུ་རྭ་ཅན་ཞིག་འཚོལ་བར་སྣང་སྟེ།།
སྒྲིབ་བྲལ་ཨ་མ་ཡི་བཞིན་རས་དེ་ན།།ལང་ལང་ལིང་ལིང་འདི་ཡོད་སྐད་མི་འདུག །
གནད་འགག་མ་ཕིགས་པའི་བཤད་བཤད་མང་ཡང༌།།ཨ་མ་རྒན་མོ་དེ་བྲོས་དོགས་འདུག་གོ།
ཡོད་ཞིག་ཡོད་མོད་ཀྱང་ད་ལྟའི་འདི་འདྲའི།།རོང་རོང་འགལ་འདུ་ཅན་ཡིན་ཚོད་མི་སྣང་།།
ཕ་མ་མཛའ་གཅུགས་ཀྱིས་འབྲེལ་མེད་བག་ཕེབས།།འཇམ་འཇམ་སྐྱིད་སྐྱིད་ཅིག་ཡིན་པར་སྣང་ངོ་།།༽
འདིས་ནི་རྗེ་ཙོང་ཁ་བའི་རྗེས་འབྲངས་འགའ་ཞིག་གི་འཁྲུལ་བ་དགག་པ་ཡིན། དགེ་ལྡན་པའི་བློ་གསལ་རིགས་པ་སྨྲ་བ་འགའ་ཞིག་ཡིག་ཆའི་བཤད་ཚོད་ལ་བརྟེན་ནས་ཚུགས་ཐུབ་དང་། བདེན་གྲུབ་དང་། སོགས་ཁོངས་ནས་རང་བཞིན་གྱིས་གྲུབ་པ་དང་རང་ངོས་ནས་གྲུབ་པའི་བརྡ་ལ་ཧ་ཅང་ཞེན་དྲག་པས། དགག་བྱ་ངོས་འཛིན་པའི་ཚེ། ད་ལྟ་རང་ཅག་རྣམས་ལ་སྣང་བ་ལྟར་གྱི་ལིང་ལིང་པོ་འདི་དགག་མི་དགོས་ཞེས་རང་སོར་བཞག་ནས། དེ་ལས་གཞན་དུ་དགག་རྒྱུ་རྭ་ཅན་ཞིག་ཚོལ་བའི་ངལ་བ་བྱེད་པར་སྣང་སྟེ། གཉིས་སྣང་གི་སྒྲུབ་བྱེད་དང་བྲལ་བའི་ཨ་མ་སྟོང་བ་ཉིད་མངོན་སུམ་དུ་རྟོགས་པའི་ཤེས་རབ་ཀྱི་བཞིན་རས་སམ་འཛིན་སྟངས་ཀྱི་ངོ་དེ་ན་ད་ལྟའི་སྣང་བ་ལྟར་གྱི་ལང་ལང་ལིང་ལིང་པོ་འདི་ཡོད་པའི་སྐད་ཆ་མི་འདུག་ལ། སྟོང་བ་ཉིད་ཀྱི་དཀའ་བའི་གནད་འགག་མ་ཕིགས་པ་སྟེ་མ་ཕྱེད་པར་བཤད་བཤད་མང་ཀྱང་ཨ་མ་རྒན་མོ་སྟོང་བ་ཉིད་དེ་ཡུལ་གཞན་དུ་བྲོས་དོགས་འདུག་གོ། འོ་ན་ཇི་ལྟར་ཡིན་ཞེ་ན། སྤྱིར་ཆོས་རྣམས་ཡོད་ཞིག་ཡོད་མོད་ཀྱང་ལྟ་བའི་དཔྱད་པ་རྫོགས་པའི་གང་ཟག་གི་ངོར། ད་ལྟ་རང་རེ་རྣམས་ལ་ཚུགས་ཐུབ་ཏུ་སྣང་བ་འདི་དང་འདྲ་བ་ཤར་བའི་རྭ་ཅོ་ལྟར་རོང་རོང་འགལ་འདུ་ཅན་ཞིག་ནི་ཡིན་ཚོད་དུ་མི་སྣང་ལ། ཕ་མ་སྟོང་བ་ཉིད་དང་རྟེན་འབྲེལ་གཉིས་མཛའ་གཅུགས་ཀྱིས་བཅིངས་ཏེ་གཅིག་གིས་གཅིག་འདོར་མི་སྲིད་པས་འབྲལ་བ་མེད་ཅིང་བག་ཕེབས་པའི་འཇམ་འཇམ་སྐྱིད་སྐྱིད་ཅིག་ཡིན་པར་སྣང་ངོ་།།ལང་ལང་དང་ལིང་ལིང་། རོང་རོང་ནི་དགག་བྱའི་ཉམས་འཆར་ཚུལ་ཡིན།
བླ་མ་འདི་ཁ་ནས་བཤད་དགོས་ན་དངོས་གནས་ཡ་མཚན་ཞིག་རེད། ལག་ལེན་དུ་བསྟར་དུས་དེའི་ལྡོག་ཕྱོགས་རེད། མིའི་རི་མོ་ནང་ལ་ཡོད། སྟག་གི་རི་མོ་ཕྱི་ལ་ཡོད་ཟེར་བ་དེ་ག་རང་རེད།
༼ བྱེ་མདོ་རྣམ་རིག་དང་ཤར་གསུམ་མཁན་པོས།།ཨ་མ་གླང་ཆེན་གྱི་ཐལ་དཀར་གཟུགས་ལ།།
བེམ་པོ་འཛུམ་རིས་ཀྱི་རྒྱ་སྟག་ཁྲ་བོ།།འཛིན་པ་ཀླད་མེད་ཀྱི་སྤྲེའུ་སྨྱོན་པ།།
གཉིས་མེད་ཚུགས་ཐུབ་ཀྱི་དོམ་བུ་ངར་མའི།།ཐ་སྙད་སྣ་ཚོགས་ཤིག་འདོམས་པར་བྱེད་།།
ཨ་མ་རྒན་མོ་དེ་སྟོར་ནས་འདུག་གོ། ༽
འདིས་རྒྱ་གར་མཁས་པ་རྣམས་ཀྱིས་བཞེད་ཚུལ་བསྟན། དུས་གསུམ་རྫས་ཡོད་དུ་འདོད་པའི་བྱེ་བྲག་སྨྲ་བ་དང་། ཕྱི་དོན་དང་རང་རིག་གཉིས་ཀ་བདེན་གྲུབ་ཏུ་འདོད་པའི་མདོ་སྡེ་བ་དང་། ཆོས་ཐམས་ཅད་ནང་ཤེས་བའི་བདག་ཉིད་དུ་འདོད་པའི་སེམས་ཙམ་པ་དང་། རང་རྒྱུད་ཤར་གསུམ་གྱི་མཁན་པོ་སློབ་དཔོན་ཡེ་ཤེས་སྙིང་པོ་དང་ཞི་བ་འཚོ། ཀ་མ་ལ་ཤཱི་ལ་རྣམས་ཏེ། དེ་དག་གི་གཞུང་ནི་བདེན་གཉིས། དབུ་མ་རྒྱན། དབུ་མ་སྣང་བ་གསུམ་མོ།།རང་སྡེ་གྲུབ་མཐའ་སྨྲ་བ་དེ་དག་གིས་ནི་ཨ་མ་རང་བཞིན་གྱིས་སྟོང་བ་ཉིད་གླང་ཆེན་ཐལ་དཀར་གྱི་གཟུགས་ཇི་ལྟར་ཡིན་པ་ངོས་མ་ཟིན་པར་ཐ་སྙད་སྣ་ཚོགས་པ་འདོགས་པར་བྱེད་དོ།
།བྱེ་མདོ་གཉིས་ཀྱིས་བེམ་པོ་བདེན་གྲུབ་ཏུ་འདོད་པ་དང་འཛུམ་རིས་བཀྲ་བའི་རྒྱ་སྟག་ཁྲ་བོ་གཉིས་དཔེ་དོན་དུ་སྦྱར། སེམས་ཙམ་པས་ཆ་མེད་མི་འདོད་ཀྱང་འཛིན་པའི་རྣམ་པ་རང་རིག་བདེན་གྲུབ་ཏུ་འདོད་པ་དང་ཀླད་པ་མེད་ཀྱང་ཡང་ཟོར་ཆེ་བའི་སྤྲེའུ་སྨྱོན་པ་གཉིས་དཔེ་དོན་དུ་སྦྱར། རང་རྒྱུད་ཤར་གསུམ་གྱི་མཁན་པོས་བདེན་གྲུབ་ཀྱི་ཆོས་གང་ཡང་མེད་ཀྱང་རང་གི་མཚན་ཉིད་དམ་ཚུགས་ཐུབ་ཀྱིས་གྲུབ་པ་ཡོད་པར་འདོད་པ་དང་དོམ་བུ་ངར་མ་གཉིས་དཔེ་དོན་དུ་སྦྱར་ཏེ་ཐ་སྙད་སྣ་ཚོགས་པ་ཞིག་འདོགས་པར་བྱེད་ཀྱང་། དངོས་པོ་རང་བཞིན་གྱིས་གྲུབ་པ་དགག་བྱར་ངོས་མ་ཟིན་པའི་དབང་གིས་ཨ་མ་རྒན་མོ་རང་བཞན་གྱིས་སྟོང་བ་དེ་སྟོན་ནས་འདུག་གོ།
༼ ས་སྙིང་ཀར་འབྲུག་གི་མཁས་གྲུབ་མང་པོས།།གསལ་སྟོང་འཛིན་མེད་ཀྱི་རང་གི་རིག་པ།།
ཀ་དག་ལྷུན་འགྲུབ་ཀྱི་ཀུན་བཟང་རང་ཞལ།།མ་བཅོས་ལྷན་སྐྱེས་ཀྱི་ཕྱག་རྒྱ་ཆེན་པོ།།
ཡོད་མིན་མེད་མིན་གྱི་ཁས་བལངས་བྲལ་སོགས།།སྣ་ཚོགས་ཐ་སྙད་ཀྱི་ཞལ་ཕོ་སྒྲོགས་ཀྱང་།།
གཤིས་ལུགས་ཐིག་པོ་ཞིག་ཡིན་ན་ལེགས་ཏེ།།མཛུབ་མོ་འཛུགས་ས་དེ་ཅི་ཞིག་ཡིན་ཨང་།། ༽
འདིས་བོད་སྔ་རབས་པ་རྣམས་ཀྱི་འདོད་པ་བརྗོད་པ་ཡིན། བོད་སྔ་རབས་མཁས་གྲུབ་མང་པོས་ཀྱང་རང་རང་གི་འདོད་པ་དང་སྦྱར་ནས་སྟོང་བ་ཉིད་ལ་ཐ་སྙད་སྣ་ཚོགས་པ་ཞིག་བཏགས་ཏེ་ཞལ་ཕོ་དང་བཅས་རང་ལུགས་སུ་སྒྲོགས་པར་བྱེད་ཀྱང་གཤིས་ལུགས་སམ་སྡོད་ལུགས་མཐར་ཐུག་པ་མ་འཆུག་པའི་ཐིག་པོ་ཞིག་བྱུང་བ་ཡིན་ན་ཤིན་ཏུ་ལེགས་ཏེ། ཁྱེད་རྣམས་ཀྱིས་ཤངས་ལ་མཛུབ་མོ་འཛུག་སྟེ་ཇི་འདྲ་ཞིག་ཡིན་ན་ཨང་ཞེས་པའོ།།
༼ ཕྱི་དོན་མ་བཤིག་པས་བློ་འཚུབ་མི་དགོས།།དོན་སྨྲ་སྡེ་གཉིས་རྣམས་དགྱེས་དགྱེས་མཛོད་ཅིག།
རང་རིག་མ་ཡིན་ཀྱང་ཚད་གཞལ་འཐད་པས།།རྣམ་རིག་སྨྲ་བ་ཀུན་དགྱེས་དགྱེས་མཛོད་ཅིག།
རང་མཚན་མ་གྲུབ་ཀྱང་རྟེན་འབྲེལ་བཀྲ་བས།།ཤར་གསུམ་མཁན་པོ་ཀུན་དགྱེས་དགྱེས་མཛོད་ཅིག།
གསལ་སྟོང་མི་འགལ་བར་བཟུང་ཀྱང་ཆོག་གིས།།སློབ་བཤད་བརྒྱུད་འཛིན་རྣམས་དོགས་ཆུང་མི་དགོས།།
ཀ་ནས་དག་ན་ཡང་བཟང་ངན་འཐད་པས།།རིག་འཛིན་ཞིག་པོ་རྣམས་བཟང་ཞེན་མི་དགོས།།
བཅོས་ནས་བསྒོམ་ན་ཡང་ལྷན་སྐྱེས་འཆར་བས།།རྟོགས་ལྡན་རྒན་པོ་རྣམས་ཨུ་ཚུགས་མི་དགོས།།
ཡོད་མེད་སྤྲོས་བྲལ་དེ་ཁས་བླངས་ཆོག་པས།།རྟོག་གེ་མགོ་མཁྲེགས་རྣམས་ཚབ་ཚུབ་མ་བྱེད།། ༽
འདིས་དགོས་མེད་ཀྱི་དོགས་པ་བསལ་ཏེ་ཡང་དག་པའི་དོན་ལ་བག་ཕེབས་པར་གདམས་པ་ཡིན། ཕྱི་དོན་རང་བཞིན་གྱིས་མ་གྲུབ་པ་ཁས་ལེན་པ་མི་རིགས་སོ་སྙམ་པའི་བློ་ཚབ་ཚུབ་བྱེད་མི་དགོས་ལ། བྱེད་མདོ་གཉིས་དགོས་མེད་ཀྱི་དོགས་པ་མ་མཛད་པར་རང་བཞིན་མེད་པ་གནས་ལུགས་སུ་འདོད་པ་འདི་ལ་ཐུགས་དགྱེས་དགྱེས་མཛོད་ཅིག །རང་རིག་སྟེ་ཁ་ནང་ཁོ་ནར་ཕྱོགས་པའི་འཛིན་རྣམ་ཡན་གར་བ་ཡོད་པ་མ་ཡིན་ཀྱང་ཚད་མས་ཡུལ་གཞལ་བ་འཐད་པས། རྣམ་རིག་སྨྲ་བ་ཀུན་དགྱེས་དགྱེས་མཛོད་ཅིག། རང་གི་མཚན་ཉིད་གྱིས་མ་གྲུབ་ཀྱང་ཐ་སྙད་དུ་མིང་བརྡས་བཞག་ཙམ་གྱིས་རྟེན་འབྲེལ་སྣ་ཚོགས་པ་ཕན་ཚུན་མ་འདྲེས་བར་བཀྲ་བས། ཤར་གསུམ་མཁན་པོ་ཀུན་དགྱེས་དགྱེས་མཛོད་ཅིག །ཆོས་རྣམས་རང་བཞིན་གྱིས་མ་གྲུབ་ཀྱང་སེམས་ཀྱི་ངོ་བོ་གསལ་བ་དང་། རང་བཞིན་སྟོང་བ་མི་འགལ་བར་བཟུང་ཆོག་པས། སློབ་བཤད་བརྒྱུད་འཛིན་རྣམས་དོགས་ཆུང་མཛད་མི་དགོས། ཆོས་རྣམས་གདོད་མ་ནས་དག་པ་ཡིན་ན་ཡང་ཐ་སྙད་དུ་བཟང་ངན་གྱི་རྣམ་བཞག་འཐད་པས། རིག་འཛིན་རྙིང་མའི་སྔགས་འཆང་ཞིག་པོ་རྣམས་བཟང་ཞེན་བྱེད་མི་དགོས་སོ།།སེམས་གསར་དུ་བཅོས་ནས་བསྒོམ་ན་ཡང་ལྷན་ཅིག་སྐྱེས་བའི་འོད་གསལ་ཆོས་སྐུ་ཕྱག་རྒྱ་ཆེན་པོ་འཆར་བ་སྟེ་མཐོང་བས། ཀར་འབྲུག་གི་རྟོགས་ལྡན་རྒན་པོ་རྣམས་མཐའ་གཅིག་ཏུ་མ་བཅོས་པ་ཁོ་ན་དགོས་སོ་ཞེས་ཨུ་ཚུགས་བྱེད་མི་དགོས་སོ། །རྟག་ཆད་ཀྱི་མཐའ་གཉིས་དང་བྲལ་བ་དེ་ཆོས་རྣམས་ཀྱི་གནས་ལུགས་མཐར་ཐུག་ཏུ་ཁས་བླངས་ཆོག་པས། ཐང་སག་པའི་རྟོག་གེ་པ་སུ་ལའང་དག་པ་མི་སྟེར་བའི་མགོ་མཁྲེགས་རྣམས་དོན་མེད་ཚབ་ཚུབ་ཀྱི་དོགས་པ་མ་བྱེད་པར་ཡང་དག་པའི་དོན་རང་བཞིན་མེད་པ་འདི་ལ་བག་ཕེབས་པར་གྱིས་ཤིག །
༼ འོན་ཀྱང་གཞུང་ལུགས་ལ་སྦྱངས་བ་ཆུང་རྣམས།།ཐ་སྙད་སྦྱོར་ཚུལ་ཞིག་མ་མཁྱེན་ཡིན་སྲིད།།
ཁོ་བོ་ཁྱེད་ཅག་ལ་མི་གུས་མ་ལགས།།ཕོག་ཐུག་བྱུང་ན་ནི་བཟོད་པར་མཛོད་ཅིག། ༽
འདིས་བཟོད་པར་གསོལ་བ་ཡིན་ཏེ། ཚུལ་དྲང་པོར་སྨོས་བའི་དབང་གིས་རྟ་རྒྱུགས་པའི་ཞར་ལ་མེ་ཏོག་ལ་གཅོད་པ་ལྟར་གྲུབ་མཐའི་སྐྱོན་ལ་རག་པས་ཕོག་ཐུག་བྱུང་ན་ནི་བཟོད་པར་མཛོད་ཅིག་ཅེས་བའོ།།
འདོགས་
༼ ཁོ་བོ་ཀུན་ཤེས་ཀྱི་ཤར་པོ་མིན་ཡང་།།ཕ་མེས་གཞུང་ལུགས་ཀྱི་རྟ་ཕོ་བཟང་པོ།།
རྟག་སྦྱོར་གུས་སྦྱོར་གྱི་བཞོན་ཚུལ་མཁས་པས།།གཅིག་རྡུགས་འཕྲང་ལས་ནི་ཐར་བར་རེའོ།། ༽
འདིས་རང་ཉིད་ཀྱིས་ཟབ་མོ་རྟེན་འབྱུང་གི་དོན་གཞུང་གང་ལ་བརྟེན་ནས་བཙལ་བའི་ཚུལ་བསྟན་པ་ཡིན། ཁོ་བོ་ཅག་ཆོས་ཀུན་གྱི་རང་བཞིན་ཇི་ལྟ་བ་བཞིན་ཤེས་བའི་ཤར་པོ་མིན་ཡང་། ཕ་མེས་ཀླུ་སྒྲུབ་ཡབ་སྲས་ཀྱི་གཞུང་ལུགས་དྲི་མ་མེད་པའི་རྟ་ཕོ་བཟང་པོ་དེ་ཉིད་བཞོན་ཚུལ་མཁས་པའི་དབང་གིས་བདེན་ཞེན་ཅན་དང་། ལེ་ལོ་ཅན་རྣམས་ཐར་བར་དཀའ་བའི་གཅིག་རྡུགས་ཀྱི་འཕྲང་དམ་པོ་སྟེ་ལས་དང་ཉོན་མོང་བ་ལས་ནི་ཐར་བར་རེའོ།།
༼ འཚོལ་དགོས་མི་འདུག་སྟེ་འཚོལ་མཁན་རང་ཡིན།།བདེན་པར་མི་ཞེན་ཏེ་བརྫུན་པ་ཉིན་ཡིན།།
བརྫུན་པ་མི་འགོག་སྟེ་བདེན་པ་རང་ཡིན།།ཆད་མིན་རྟག་མིན་ལ་ངལ་གསོས་ཆོག་གོ། ༽
འདིས་རང་ཉིད་ཀྱིས་ཟབ་མོ་རྟེན་འབྱུང་བཙལ་ནས་བརྙེད་པ་བསྟན། ཨ་མ་རང་བཞིན་གྱིས་སྟོང་བ་ཉིད་དེ་ཐག་རིང་པོ་ནས་འཚོལ་དགོས་མི་འདུག་སྟེ་ཚོལ་མཁན་རང་དང་ལྷན་ཅིག་ཏུ་གནས་བ་ཡིན་ནོ།།སྣང་ཚུལ་དང་གནས་ཚུལ་མི་མཐུན་པས་བརྫུན་པ་དང་། བརྫུན་པ་ཡང་ཐ་སྙད་དུ་མི་འགོག་སྟེ། དོན་དམ་པར་རང་བཞིན་མེད་པའི་བདེན་པ་རང་ཡིན་ནོ།།རྟག་ཆད་ཀྱི་མཐའ་གཉིས་དང་བྲལ་བའི་དབྱིངས་ལ་ངལ་གསོས་པས་ཆོག་གོ། །༼ ཨ་མ་མ་མཐོང་ཀྱང་མིང་ཙམ་ཞིག་གིས།།ཕ་མ་དྲིན་ཅན་དེ་ཡུན་རིང་སྟོར་བས།།
གན་ན་འདུག་པ་བཞིན་འཕྲད་པར་སྣང་གིས།།ཀླུ་སྒྲུབ་ཡབ་སྲས་དེ་བཀའ་དྲིན་ཆེའོ།།
བློ་བཟང་གྲགས་པ་དེ་བཀའ་དྲིན་ཆེའོ།།དྲིན་ཅན་བླ་མ་དེ་བཀའ་དྲིན་ཆེ་འོ།།
བཀའ་དྲིན་གཟོ་ཐབས་སུ་ཨ་མ་མཆོད་དོ།། ༽
འདིས་གཞུང་གང་ལ་བརྟེན་ནས་ཟབ་མོ་རྟེན་འབྱུང་བརྙེད་པའི་བཀའ་དྲིན་རྗེས་སུ་དྲན་པའོ།།
བཀའ་དྲིན་གཟོ་བའི་ཐབས་སུ་ཨ་མ་རང་བཞིན་གྱིས་སྟོང་བ་བསྒོམས་ཏེ་མཆོད་པར་བྱ་ཞེས་པའོ།།
༼ སྐྱེ་མེད་བརྗོད་བྲལ་གྱི་ཨ་མ་རྒན་མོ།།རིག་པའི་བུ་ཆུང་དང་ལྷན་ཅིག་འཛོམས་ནས།།
ཀུན་བཟང་སྤྱོད་པ་ཡི་དགའ་སྟོན་ཆེན་པོས།།མ་རྒན་འགྲོ་བ་ཀུན་གཏན་བདེར་འཁྲིད་དོ།། ༽
འདིས་དགེ་བ་བསྔོ་བ་ཡིན། ཟབ་མོ་ལྟ་བའི་གཏམ་འདི་བསྙད་པའི་དགེ་བ་ལ་བརྟེན་ནས་སྐྱེ་མེད་བརྗོད་བྲལ་གྱི་ཨ་མ་རྒན་མོ་སྟེ་སེམས་ཀྱི་ཆོས་ཉིད་བདེ་གཤེགས་སྙིང་པོར་གྲགས་པ་དང་། དེ་འཛིན་སྟངས་ཀྱི་ཡུལ་དུ་བྱེད་པའི་རིག་པའི་བུ་ཆུང་གཉིས་ལྷན་ཅིག་ཏུ་འཛོམས་ནས་རྒྱལ་སྲས་ཀྱི་སྤྱོད་པ་དང་འགྲོ་བ་ཀུན་མགུ་བར་བྱེད་པའི་དགའ་སྟོན་ཆེན་པོས་མ་རྒན་འགྲོ་བ་ཀུན་གཏན་བདེར་འཁྲིད་པར་ཤོག་ཅིག་ཅེས་སྨོན་པའོ།།
མིག་བརྒྱད་པ་ལེགས། མ་མཇལ་ཡུན་རིང་། བདེ་མོ་ལགས་སམ།
རང་རྒྱུད་ཤར་གསུམ་གྱི་མཁན་པོ་སློབ་དཔོན་ཡེ་ཤེས་སྙིང་པོ་དང་ཞི་བ་འཚོ། ཀ་མ་ལ་ཤཱི་ལ་རྣམས་ཏེ། ཞེས་གསུངས་པའི་ཤར་ཞེས་བརྗོད་པར་གསལ་བཤད་ཅིག་དགོས་པར་སྣང་ངོ་།
ཤིན་དུ་ལེགས་སོ། བགྲོ་གླེང་མུ་མཐུད་གནང་རོགས། སྟོང་པ་ཉིད་ཀྱི་རྩ་བ་དེ་རྟེན་འབྲེལ་གྱི་གནས་སྟངས་ལེགས་པར་ཤེས་དགོས་པ་དེ་རྗེ་བླ་མས་གཙིགས་སུ་བཏོན་ནས་གསུངས་པ་ལ། འདིར་སྣང་བ་ལིང་ལིང་དེ་ཕར་བཞག་ནས་སྟོང་བ་ཉིད་གཞན་ནས་བཙལ་བ་དེ་ལ་དགག་བྱ་གནང་བ་དེ་དངོས་གནས་ལྕང་སྐྱ་རིན་པོ་ཆེའི་གདམ་ངག་ཐུན་མིན་ཡིན་པ་ཡིད་ལ་ཤར་རོ།
ང་ཚོས་གཅིག་དང་ཐ་དད་ཅེས་ལ་མགོ་འཁོར་ནས་རང་ངོར་ཚུར་སྣང་བ་གང་ཤར་ལ་སྣང་མེད་བྱེད་པ་འདི་དགེ་ལྡན་གྱི་རྗེས་བྲངས་རྣམས་ཀྱི་ཞན་ཆ་ཞིག་ལ་མཐོང་།
དེ་བཞིན་རྒྱུ་འབྲས་རྟེན་འབྲེལ་ཟེར་བ་འདི་ལ་ཁྱེད་རྣམ་པས་གོ་བ་ཇི་ལྟར་ལོན་ནམ། འདིར་རྒྱུ་སྟོང་པ་ཉིད་དང་འབྲས་བུ་རྟེན་འབྲེལ་ཡིན་ཟེར་ན་ཨེ་འགྲིགས།
ཨ་མ་དང་ཨ་ཕ་ཨ་ཇོ་གསུམ། བྱིས་པས་ཀྱང་སླ་བོར་ཤེས་ན་ཡང།
སྟོང་བ་དང་རྟེན་འབྱུང་རང་སྣང་བཅས། མཁས་པས་ཀྱང་སྒོམ་ནས་མཁྱེན་དཀའ་ཚོད།
བསྡུས་བརྗོད་ཀྱི་མཚན་ཉིད་ཚང་དཀའ་མོད། དོན་སྟོན་གྱི་དཔེ་འཇོག་ཐབས་མཁས་འདིར།
སྒྱུ་རྩལ་གྱི་ཐབས་ཚུལ་ཅུང་མངའ་ཞེས། བརྗོད་ན་ནི་འཁྱོག་པའི་རྒྱན་མ་ཡིན།
༡༠༽ ལ་དྭགས་བློ་བཟང་འཇམ་དཔལ་ལེགས།
མ་མཇལ་ཡུན་རིང་། བདེ་མོ་ལགས་སམ། ཞེས་པ་ལ་དཔྱད་ན།
མིག་བརྒྱད་པ་ལགས་ཨ་མདོ་ཡིན་པས་དབང་དུ་བྱས་ནས་ཁོང་ལ་ཁོང་གི་ཡུལ་སྐད་བསྐྱོན་པ་ཡིན་ནམ། ཡང་ན། བདེ་བོ་ལགས་སམ། ལས། བདེ་མོ་ལགས་སམ། འདི་བཀའ་བསྟན་དང་མཐུན་པར་འདོད།
ཡང་། བདེ་མོ་ལེགས་སམ། མ་གསུངས་པར། བདེ་མོ་ལགས་སམ། གསུངས་དགོས་དོན་གང་ཡིན་ནམ། བཀའ་ལན་བློ་བསྐྱེད་རེ་ནས་དྲིས་པའོ། །
ལྕང་སྐྱ་རོལ་བའི་རྡོ་རྗེའི་གོང་གི་གདམས་ངག་འདི་རྫོགས་ཆེན་ལྟར། ཕྱག་ཆེན་ཉམས་ལེན་གྱི་དབང་དུ་བྱས་པ་ལས་དབུ་མའི་ལྟ་གྲུབ་ཀྱིས་དགག་བྱ་ཁེགས་སྟངས་ཅིག་མིན་པ་ངེས་པས། དེ་གཉིས་སོས་སོར་ཕྱེ་ཤེས་པ་གལ་མི་ཆེའམ། ད་དུང་དཔྱད་པར་འཚལ་ལོ།
འདིར་ཁྱེད་མཚན་ཉིད་པ་རྣམས་ཀྱིས་བརྗོད་བྱ་ཟབ་མོ་སྟོང་པ་ཉིད་དང་། དེ་ཉིད་རྟོགས་བྱེད་ཀྱི་ཐབས་རྟེན་ཅིང་འབྲེལ་པར་འབྱུང་བ་ལེགས་པར་གོ་བ་ལ་ཐ་སྙད་དེ། རྗོད་བྱེད་ཀྱི་ཚིག་རྣམས་ཀྱི་མིང་མཐའ་རྣམས་ལ་བོད་སྤྱིའི་སྐད་དང་མ་མཐུན་པར་ཁ་སྐད་གཙོ་བོར་འཛིན་པ་འདུག་པས། རྒྱ་གཞུང་དང་། རང་རང་སོ་སོའི་བོད་དཔེ་ན་དེ་དང་དེའི་ཐད་ཀྱི་མིང་ཚིག་དག་གི་མིང་མཐའ་རྣམས་ཐུགས་ལ་ངེས་པར་མཛད་དགོས་པར་མཐོང་། དཔེར་ན། སྟོང་པ་ཉིད་ལ་སྟོང་བ་ཉིད་དང་། རྟེན་ཅིང་འབྲེལ་པར་འབྱུང་ལ་རྟེན་ཅིང་འབྲེལ་བར་འབྱུང་ཞེས་འབྲི་བ་དང་བྲིས་པ་ནི་ཁ་སྐད་མ་ཡིན་པར་གཞུང་དཔེ་དག་པ་བཞིན་དུ་སྦྱངས་པ་རྣམས་ལ་ཀློག་མི་བདེ་བ་ཡོད་པར་མ་ཟད་སྔར་བྲིས་པ་རྣམས་ལ་མཐོང་རྩིས་མ་བྱས་པར་རྒྱང་རིང་དུ་འཕེན་པར་མངོན་ན། ཅིས་ཀྱང་སྔར་གྱི་ལམ་ལུགས་མ་དོར་བར་གཞུང་ལུགས་ཀྱི་མིང་ཚིག་དག་གཞུང་ལུགས་ཀྱི་་དཔེ་ཆ་དག་ན་ཡོད་པ་བཞིན་དུ་འབྲི་བར་མཛོན་ཅིག་ཅེས་ཞུ་བ་འབུལ་བ་འདི་གསན་པའི་རེ་འདུན་ལགས་སོ།།
མཛོན་ཅིག མཛོད་ཅིག་ཅེས་བཅོས་སོ།
ཡེ་འོད་ལྔ་ལྡན་གྱི་གུར་ཁྱིམ་ཀློང་ན།།
བརྟན་གཡོའི་འབྱུང་ལྡོག་གི་སྤྲོ་བསྡུའི་ཁྱབ་བདག།
སྣང་སྲིད་འཁོར་འདས་ཀྱི་རྫུ་འཕྲུལ་མ་སྟོན།།
འཁྲུལ་སྣང་མ་འགགས་ང་དཀའ་དཀའ་འདུག་གོ།
དབང་བོའི་རྒྱུ་ལམ་གྱི་ཡུལ་སྣང་ཆོས་ཀུན།།
མ་བརྟགས་རང་ས་ན་བདེན་བདེན་འདྲ་ཡང་།།
བདེན་རྫུན་མཐར་གཅོད་ཀྱི་ཤེས་རབ་གདོང་ན།།
སྒྱུ་འཕྲུལ་དྲྭ་བ་ལས་གཞན་ན་མེད་དོ།།
གཟུགས་སྒྲ་དྲི་རོ་ཡི་རྣམ་པའི་བཟང་ངན།།
བློས་བཏགས་སྣ་ཚོགས་ཤིག་འཇོག་པར་འདུག་སྟེ།།
ཆོས་དབྱིངས་ཡེ་ཤེས་ཀྱི་དགོངས་པའི་ངོས་ན།།
ལེགས་ཉེས་བདེན་རྫུན་ཞིག་ཡོད་སྐད་མ་ཐོས།།
ཆོས་ཉིད་ཆོས་ཅན་གྱི་རོལ་བར་ཤར་ཞིང་།།
ཆོས་ཅན་ཆོས་ཉིད་ཀྱི་རོལ་བར་ཤར་བ།།
ཆོས་དང་ཆོས་ཅན་གྱིས་སྤྲུལ་བའི་རྣམ་འགྱུར།།
ཤེས་བྱ་རེ་རེ་ལ་མེད་ས་མེད་དོ།།
སྣང་ཡུལ་དགའ་མ་ལ་ཞེན་ཆགས་མ་ཆེ།།
རྟག་མཐའི་འཇིགས་རུང་གི་གཡང་སར་ཟག་འོང་།།
སྟོང་བའི་བུ་ཚ་ལ་གཅེས་སྤྲས་མ་གནངས།།
ཆད་ལྟའི་སྡིག་སྲིན་གྱི་ཁ་སྒོར་ཚུད་འོང་།།
རང་ཅག་ཕལ་ཆེར་ཞིག་ཡུལ་དང་ཡུལ་ཅན།།
སྣང་གནས་ལྟག་སྤྲོད་ཀྱི་ཀློང་ལ་ཞེན་ནས།།
བདེ་སྡུག་བླང་དོར་གྱི་གནས་ལ་ཞུགས་ཀྱང་།།
ཁམས་གསུམ་འཁོར་བ་རུ་ཅིའི་ཕྱིར་མི་འཕྱན།།
ཡུལ་སྣང་སྣ་ཚོགས་འདི་སྟོང་བར་ངེས་ན།།
དེ་ལ་ཆགས་ཞེན་གྱི་སྣང་བ་ལྡོག་འོང་།།
སྟོང་བ་རྟེན་འབྲེལ་དུ་འཆར་ཚུལ་བསམས་ན།།
རྒྱུ་འབྲས་ཕྱག་རྒྱ་ལས་འདའ་ཕོད་མེད་དོ།།
སྣང་སྟོང་ཡབ་ཡུམ་གྱི་མཛའ་གཅུགས་དམ་པོས།།
འཁྱིད་པའི་སྣང་སྲིད་ཀྱི་ཤེས་བྱ་འདི་དག།ཛ
གདོད་ནས་སངས་རྒྱས་ཀྱི་ངོ་བོར་བཞུགས་ཀྱང་།།
ཁོ་བོའི་རྨོངས་བློ་རུ་ཤོང་ཚོད་མི་འདུག།
སྲིད་མཐའ་གཅོད་བྱེད་ཀྱི་ལྟ་བ་མེད་ན།།
སྤྱོད་པ་ཙམ་གྱིས་ནི་ཐུབ་རྒྱུ་མི་འདུག།
དགེ་ཚོགས་བསོད་ནམས་ཀྱིས་རྒྱབ་དཔུང་མ་བྱས།།
ལྟ་བ་ཉག་གཅིག་ནི་འཆིང་བའི་རྒྱུ་འོ།།
བདེ་སྡུག་བཟང་ངན་གྱི་རྣམ་འགྱུར་སྣ་ཚོགས།།
ཀུན་ལ་མཐུན་སྣང་དུ་མ་གྲུབ་དེའི་ཕྱིར།།
སེམས་ལྡན་སེམས་མེད་ཀྱི་ཤེས་བྱའི་ཆོས་ཀུན།།
མིང་བརྡ་རྒྱུ་འབྲས་ལས་གུད་ན་མེད་ཟེར།།
རྣམ་བདུན་ཤིང་རྟ་དང་སྐྱེ་འགོག་རིག་པས།།
ཤེས་བྱའི་གནས་ལུགས་ལ་སྤར་འཛིན་ཤེས་ན།།
སྟོང་སེང་ནམ་མཁའ་ཡི་དཀྱིལ་འཁོར་དབུས་ནས།།
ལྟོས་བཏགས་རྟེན་འབྲེལ་གྱི་ནོར་རྙེད་སྐད།།
ཡོད་ཅེས་སྟོང་བ་ལ་ཆད་གསོད་མ་གནངས།།
རྟག་མཐའི་ཆུ་མཚོ་རུ་བྱིངས་ཉེན་ཆེ་འདུག།
མེད་ཅེས་སྣང་བ་ལ་མཐོང་ཆུང་མ་བྱེད།།
ཆད་མཐའི་གཡང་ས་རུ་ཟག་འགྲོ་འདུག་ཟེར།།
རྟག་མིན་ཆད་མིན་གྱི་དབུས་ལ་ཞུགས་ན།།
ཡོད་མིན་མེད་མིན་གྱི་ལམ་ཞིག་རྙེད་འོང་།།
ཡོད་མིན་མེད་མིན་གྱི་ལམ་སྣེ་ཟིན་ན།།
མི་འཇིགས་བཙན་རྫོང་ལ་དེ་ལྷག་མེད་སྐད།།
ཆལ་ཆོར་ཚིག་དོན་གྱི་ནེ་ཙོའི་མ་ནི།།
མ་ཤེས་ཤེས་མདོག་གིས་གང་དྲན་བཤད་པ།།
གཞན་ལ་ཕན་འདོད་ཀྱིས་སྨྲས་པ་མིན་ཏེ།།
རང་སེམས་བདུན་མཇུག་གི་ངལ་གསོའི་ཆེད་ཡིན།།
.
རང་རྒྱུད་ཤར་གསུམ་ཞེས་པ་ནི། དབུ་མ་རང་རྒྱུད་པའི་གྲུབ་མཐའ་འཛིན་པའི་རྒྱ་གར་ཤར་ཕྱོགས་ཀྱི་སློབ་དཔོན་གསུམ་སྟེ། ཞི་བ་འཚོས་དབུ་མ་རྒྱན་དང༌། ཡེ་ཤེས་སྙིང་པོས་དབུ་མ་བདེན་གཉིས། ཀ་མ་ལ་ཤཱི་ལས་དབུ་མ་སྣང་བ་བཅས་མཛད་པར་བརྟེན་དེ་ལྟར་གྲགས།
ལྕང་སྐྱའི་ཨ་མ་ལྟ་མགུར་འདི་བསམ་གྱིས་མི་ཁྱབ་པ་ཞིག་རེད། འདིའི་དོན་ཡག་པོ་ཞིག་ཧ་གོ་ན། དངོས་ཁམས་དང་སེམས་ཁམས་གང་གི་ཆ་ལའང་། བསམ་གཞིགས་དང་ཉམས་ཞིབ་གཏོང་བར་ཕན་ཐོགས་ཆེན་པོ་འདུག སེམས་པ་མ་སྐྱིད་པ་དེ་འདྲ་རེ་བྱུང་སྐབས། གསུང་འདི་ཡང་ཡང་ཀློག་གི་ཡོད།༼སྣང་བ་ལིང་ལིང་འདི་རང་སོར་བཞག་ནས།།
དགག་རྒྱུ་རྭ་ཅན་ཞིག་འཚོལ་བར་སྣང་སྟེ།། སྒྲིབ་བྲལ་ཨ་མ་ཡི་བཞིན་རས་དེ་ན།།
ལང་ལང་ལིང་ལིང་འདི་ཡོད་སྐད་མི་འདུག།༽ཅེས་པ་འདི་ཅི་འདྲའི་གསུང་གནད་ལ་ཐེངས་པ་ཞིག་རེད་ཨང་།
སྣང་ཚད་ཡོད་པར་ཞེན་ན་རྟག་མཐའ་དང་། །
ཡོད་ཚད་མེད་པར་མཐོང་ན་ཆད་མཐར་ལྷུང་། །
ཉམས་མྱོང་ཅན་གྱི་བླ་མའི་གདམས་ངག་ལས། །
ཨ་མ་རྒད་མོའི་ཞལ་རས་གསལ་མཐོང་དགོས། །
རང་གིས་རྨོངས་པས་བསླུས་པ་ལས། །
ཨ་མས་བསླུས་པ་ག་ལ་ཡིན། །
རང་མིག་ལིང་ཏོག་སྒྲིབ་པ་ལས། །
ཨ་མས་བྲོས་པ་ག་ལ་ཡིན།
སྣང་ཚད་མ་ཞེན་ཐ་སྙད་དུ། །
སྣང་ཙམ་ཡོད་པའི་ཁས་ལེན་བྱོས། །
ཡོད་མིན་མེད་མིན་བར་དེ་ན། །
ཨ་མ་རྒད་མོའི་ཞལ་རས་མཇོལ། །
ཨ་མ་རྒད་མོ་ཡུན་འདྲིས་རིང་། །
རང་ཉིད་འཁོར་བ་མཐའ་མེད་འཁྱམས། །
ཉམས་མྱོང་རྒད་པོ་བླ་མ་ཡིས། །
ཐར་པ་ཨ་མའི་རུམ་ནང་བསྟན། །
བླ་མ་མེད་དུས་ཨ་མས་བསླུས། །
བླ་མ་མེད་པའི་སྔ་རོལ་ན། །
སངས་རྒྱས་མེད་ཅེས་ཅིས་མི་བདེན། །
དེས་ན་བླ་མས་བྱིན་གྱིས་རློབས། །
ཨ་མདོ་རྔ་བ་ན་ཚོང་པ་མང་ཡང་།། ཨ་མདོའི་རྔ་བ་ན་དཔའ་བོ་མོད་ཀྱང་།། རྔ་བ་རྒྱལ་ཁམས་པའི་བློ་མིག་ལྡན་པ།། ཕར་ལ་ལྟོས་ཚོད་ཀྱིས་ཉུང་ཉུང་འདྲ་འདུག།
སྐྱི་སེར་སྤྲོ་ཚུགས་དང་ཨ་འབྲུག་གསུམ་ལས།། བཙན་བྱོལ་རྔ་བ་རུ་ཡིག་འབྲུ་མེད་ལ།། རྔ་བ་རྒྱལ་ཁམས་པའི་རིག་པའི་སྣང་བས།། རྔ་ཡུལ་ཕྱུག་མོ་ལ་རིག་པ་དར་ཤོག།
ཡོད་ཅེས་བྱ་བ་འདི་ཡང་བདེན་པ་དེ།།
མེད་ཅེས་བྱ་བ་འདི་ཡང་བདེན་པར་ངེས།།
སྣང་བར་དངོས་སུ་ཡོད་པའི་བདེན་པ་འདི།།
དཔྱད་མཐར་མེད་པར་གྱུར་པའང་བདེན་པ་ཉིད།།
རྟེན་འབྲེལ་ལྟོས་ནས་གྲུབ་པའི་བདེན་པ་ལ།།
བདེན་པར་འཛིན་པའི་བློ་འདིའང་བདེན་པར་འདུག།
བདེན་པ་བདེན་མཐར་གཏུགས་ནས་དཔྱད་པ་ན།།
བདེན་ཁུངས་སྟོང་བར་འགྱུར་བའང་བདེན་བདེན་འདྲ།།
ཀུན་རྫོབ་བདེན་པ་ཞེས་པ་བདེན་པ་ཡིས།།
དོན་དམ་བདེན་པ་ཞེས་པ་བདེན་པར་གྲུབ།།
ཀུན་རྫོབ་བདེན་པ་ཞེས་པ་བདེན་མིན་ན།།
དོན་དམ་བདེན་པ་སུ་ཡིས་གང་ནས་རྙེད།།
མིག་སྣ་ལྕེ་སོགས་དབང་བོ་བདེན་ཁ་ཆེ།།
གཟུགས་སྒྲ་དྲི་སོགས་ཕུང་བོར་བདེན་ཁ་ཆེ།།
ང་ཡིས་དེ་ལ་བདེན་བཟུང་བདེན་ཁ་ཆེ།།
ང་རང་བདེན་པའི་འཁོར་བར་འཁྱམ་པ་བདེན།།
བདེ་སྡུག་སྣང་བ་རེས་མོས་མྱོང་བ་བདེན།།
སྡུག་ལ་མི་འདོད་སྣང་བ་སྐྱེས་པ་བདེན།།
རྟག་པའི་བདེ་བ་ཞིག་ལ་རེ་བ་བདེན།།
བདེན་པའི་བདེ་བ་འཚོལ་ཕྱིར་རྒྱུག་པ་བདེན།།
བདེན་པའི་དངོས་པོ་མ་ལུས་ཐོ་བཀོད་ནས།།
བདེན་པ་ངོ་མ་གང་ཡིན་བཙལ་བ་བདེན།།
བདེན་པ་མ་རྙེད་བདེན་འཛིན་ཞིག་ལ་ཁད།།
བདེན་པའི་ཐབས་ཤིག་འདི་ནས་རྙེད་ལ་ཁད།།
རྟེན་འབྲེལ་ལྟོས་གྲུབ་ཟེར་པའི་ཟབ་སྐད་དེ།།
སྟོང་ཉིད་དོན་ཞེས་སྒྲ་བོ་ཆེ་སྐད་དེ།།
བདེན་འཛིན་སྣང་བ་ཟློག་ལ་གསུངས་པ་འདྲ།།
སྡུག་བསྔལ་འགོག་ལ་ཕན་ཐོགས་ཡོད་པ་འདྲ།།
མིག་བརྒྱད་པ་ལགས་ཀྱི་འགྲེལ་བཤད་ཤིན་ཏུ་ལེགས། དེང་སང་གི་དགེ་ལྡན་པ་ཚོས་སྣང་བ་ལིང་ལིང་རང་སོར་བཞག་ནས་དགག་རྒྱུ་རྭ་ཅན་འཚོལ་གི་ཡོད་དམ་སྣང་བ་ལིང་ལིང་དེ་དགག་གི་ཡོད་པ་རེད།
རྒན་ལ་དྭགས་པས་གསུངས་བ་ལྟར་སྟོང་པ་ཉིད་ལ་སྟོང་བ་ཉིད་དང་། རྟེན་ཅིང་འབྲེལ་པར་འབྱུང་ལ་རྟེན་ཅིང་འབྲེལ་བར་འབྱུང་ཞེས་འབྲི་བ་དང་བྲིས་པ་ནི་ཁ་སྐད་མ་ཡིན་གསུངས་བ་བདེན་པ་རེད་ལགས། རང་རྒྱུད་ཤར་གསུམ་ཞེས་པའི་ཤར་གྱི་གོ་དོན་ཁུངས་དག་ཅིག་ད་དུང་བརྙེད་མ་སོང་ལགས། ལྕང་སྐྱའི་ལྟ་མགུར་འདིར་སྟོང་ཉིད་ལ་ཨ་མ་རྒན་མོའི་མིང་གིས་སྦྱར་བ་ནི་ཤིན་ཏུ་ལེགས་པར་སེམས། ཤེར་ཕྱིན་གྱི་མདོའི་སྐབས་སུ་སྟོང་ཉིད་ལ་ཡུམ་གྱི་སྒྲས་བསྟན་པ་ལྟར་གོ་རྒྱུ་ཆེན་པོ་ཞིག་ཡོད་ས་རེད། གཞན་རྔ་བ་རྒྱལ་ཁམས་པའི་ཚིགས་བཅད་དང་ཀརྡོ་རབ་འབྱམས་པ་དང་མགོན་པོ་ཕྱག་གཉིས་པའི་ཚིགས་བཅད་དེ་དག་ལ་བལྟས་ཚེ་སོ་སོའི་མྱོང་བ་ལ་བསྐོར་ནས་བྲིས་བ་ཡིན་པའི་གཟོ་ལྟ་ཞིག་ཐོན་ཡོང་གི་ཡོད་སྟབས་གོ་རྒྱུ་བཟང་། སྤོབས་པ་མཐའ་ཡས་ལགས་ཀྱིས་དེང་སང་གི་དགེ་ལྡན་པ་ཚོས་སྣང་བ་ལིང་ལིང་རང་སོར་བཞག་ནས་དགག་རྒྱུ་རྭ་ཅན་འཚོལ་གི་ཡོད་དམ་སྣང་བ་ལིང་ལིང་དེ་དགག་གི་ཡོད་པ་རེད། ཞེས་དྲི་བ་ལ་བདེན་འཛིན་གྱིས་བསླད་པའི་སྣང་བ་ལིང་ལིང་བ་འདི་བཞག་ནས་དགག་བྱ་བདེབ་གྲུབ་གཞན་ཞིག་ལ་ཞེན་པ་དགག་གི་ཡོད་པ་རེད། དཔེར་ན་ང་ཚོའི་མིག་ཤེས་ལ་བདེན་གྲུབ་ཀྱི་སྣང་བ་ཡོད་ཀྱང་འཛིན་པ་མེད་པ་བཞིན་ནོ།།
སྣང་བ་ལང་ལོང་འདི་འགོག་རྒྱུ་མེད་ཅིང་།
སྟོང་པ་ཡན་ཡན་པོའང་བསྒྲུབ་རྒྱུ་མེད་དེ།
སོ་མར་རང་ལུགས་སུ་འཇོག་པ་འདི་ག །
བྱ་བཏང་རི་ཁྲོད་པའི་ཁ་ཟས་ཡིན་ནོ།
མ་འདྲེས་རྒྱུས་མེད་ཀྱི་མགྲོན་པོ་འདྲ་ལ།
འདྲེས་ན་རང་ཉིད་ཀྱི་བཞིན་དང་མཚུངས་པ།
ཤེས་ན་སྐྱེད་བྱེད་ཀྱི་ཕ་དང་འདྲ་མོད།
མ་ཤེས་སྲོག་གཅོད་ཀྱི་བདུད་དུའང་མཚུངས་སོ།
ཇ་འཐུང་ཞོར་དུ་དྲྭ་གྲོགས་ཚོར་རྩེད་མཚར་གྱི་ཚུལ་དུ་ཕུལ་བ་ལགས།
དབུ་མ་འཇུག་པ་ལས་ངོ་བོ་གཉིས་ནི་འཛིན་པར་འགྱུར་གསུངས་བ་ལྟར་གཟུགས་སོགས་ཆོས་ཐམས་ཅད་ཀྱི་སྟེང་ན་ཀུན་རྫོབ་དང་དོན་དམ་པའི་ངོ་བོ་གཉིས་རང་བཞིན་ལྷུན་འགྲུབ་ཏུ་ཡོད། སངས་རྒྱལ་ལ་ལྟོས་ཏེ་ཐ་མལ་བའི་སྣང་བ་ལིང་ལིང་བ་འདི་མེད་ཀྱང་སེམས་ཅན་ལ་ལྟོས་ཏེ་ཡོད་པས་ན། འཇུག་པ་རང་འགྲེལ་ལས་རང་བཞིན་འབའ་ཞིག་མངོན་སུམ་དུ་མཛད་པས་སངས་རྒྱས་ཞེས་བརྗོད་དོ།།ཞེས་གསུངས་བ་ལྟར་འཕགས་པས་གཟིགས་པ་ལ་བརྟེན་ནས་དོན་དམ་བདེན་པ་བཞག་པ་དང་སེམས་ཅན་གྱི་སྣང་བ་ལ་བརྟེན་ནས་ཀུན་རྫོན་བདེན་པ་བཞག་གོ།
རྔ་བ་རྒྱལ་ཁམས་པ་ནས།
སྤྱི་ལོ་ ༢༠༡༡ ཟླ་ ༡༢ ཚེས་ ༡༥ གི་ཆུ་ཚོད་ ༣ སྐར་མ་ ༢༩
རང་རྒྱུད་ཤར་གསུམ་ཞེས་པ་ནི། དབུ་མ་རང་རྒྱུད་པའི་གྲུབ་མཐའ་འཛིན་པའི་རྒྱ་གར་ཤར་ཕྱོགས་ཀྱི་སློབ་དཔོན་གསུམ་སྟེ། ཞི་བ་འཚོས་དབུ་མ་རྒྱན་དང༌། ཡེ་ཤེས་སྙིང་པོས་དབུ་མ་བདེན་གཉིས། ཀ་མ་ལ་ཤཱི་ལས་དབུ་མ་སྣང་བ་བཅས་མཛད་པར་བརྟེན་དེ་ལྟར་གྲགས།
ཞེས་གསུངས་པ་བདེན་པར་མངོན། འོན་ཀྱང་ཡེ་ཤེས་སྙིང་པོ་ཞི་འཚོའི་བླ་མའམ་སྔོན་དུ་བྱུང་། ཏ་ར་ན་ཐའི་ཆོས་འབྱུང་ན། ཨོ་རི་སར་འཁྲུངས། བཧང་གའི་ལའི་སློབ་དཔལ་སྦས་ལས་ཆོས་གསན་པར་བཤད། དབུ་མ་བདེན་གཉིས་ཀྱི་ལུང་མངོན་རྒྱན་འགྲེལ་པ་རྒྱན་སྣང་ན། ཡོད་མེད་འཚོལ་དགོས་པར་སྣང་། དེས་ན་ཡེ་ཤེས་སྙིང་པོ། ཞི་འཚོ། པད་མའི་ངང་ཚུལ་གསུམ་རིམ་བཞིན་བླ་སློབ་ཡིན་པ་བཅས། རྔ་པ་རྒྱལ་ཁམས་པ་སོགས་ལ་ཞུས་པ་བརྟག་དཔྱད་མཛོད།
མཁྱེན་ཡངས་དྲྭ་གྲོགས་ལྷན་རྒྱས་ཀྱིས་དབུ་མའི་ལྟ་མགུར་ཨ་མ་ངོས་འཛིན་ལ་བགྲོ་གླེང་
ཟབ་རྒྱས་གནང་བར་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་གྲངས་མེད་ཞུ་བ་དང་བསྒྲགས་དྲི་བ་དང་བསམ་ཚུལ་ཅུང་ཟད་མཆིས་པ་གཤམ་གསལ།།
དྲི་བ། རྟེན་འབྲེལ་ལྟོས་ནས་གྲུབ་པའི་བདེན་པ་ལ།།
བདེན་པར་འཛིན་པའི་བློ་དེ་ཡང་བདེན་པར་འདུག ཅེས་པའི་དོན་གང་ཡིན་ནམ།།
༡༽བོད་གངས་ཅན་གྱི་གཞན་དྲིང་མི་འཇོག་པའི་མཁས་པའི་དབང་པོ་ལྕང་སྐྱ་རོལ་པའི་
རྡོ་རྗེའི་ལྟ་མགུར་ཨ་མ་ངོས་འཛིན་འདི་ཉིད་རྫོགས་ཆེན་་ལྟར་ཕྱག་ཆེན་ཉམས་སུ་བླངས་པ་ཞིག་མ་ཡིན་པར། གྲུབ་མཐའ་རང་རྐང་ཚུགས་པའི་ལུགས་བཟང་དམ་པ་གང་འདིའི་སྟོང་པ་ཉིད་ཀྱི་དགག་བྱ་བདེན་གྲུབ་ཅེས་པའི་དོན་དེ་མ་འཁྲུལ་བར་རྗེ་བླ་མ་ཤར་རྒྱལ་བ་ཙོང་ཁ་པ་ཆེན་པོའི་
དགོངས་པ་ཇི་མ་ཇི་བཞིན་ངོས་བཟུང་ནས་རང་གི་དགག་བྱ་བཀག་ཤུལ་གྱི་མེད་
དགག་རྟོགས་པར་བྱེད་པའམ་ཉམས་སུ་ལེན་སྟངས་མཆོག་ཏུ་གྱུར་པ་ཞིག་ཡིན་
པས། དེ་ལ་དགག་བྱ་འགོག་ཚུལ་ལམ་བཀག་སྟངས་ཞེས་བརྗོད་ཀྱང་སྐྱོན་གང་ཡང་མེད་
དོ། ༢༽རྗེ་བཙུན་བླ་མ་ཙོང་ཁ་པ་ཆེན་པོ་མཆོག་གི་གསུང་རབ་རྣམས་སུ། ཡང་ནས་ཡང་དུ་སྣང་བ་ལ་གཙིགས་སུ་བྱ་དགོས་པར་ནན་དུ་བཀའ་སྩལ་པས། སྐབས་འདིར་དེ་ལྟར་གསུངས་པ་ནི། མ་བརྟག་མ་དཔྱད་པའི་ཚེ་ན་ཡོད་ཅིང་བརྟགས་ཤིང་དཔྱད་ན་མེད་པའི་སྣང་བ་ལིང་ལིང་དེ་བདེན་གྲུབ་ཏུ་འཛིན་པ་རང་སོར་བཞག་ནས་འགོག་རྒྱུ་རྭ་ཅན་གཞན་ཞིག་མེད་
ཅེས་པའི་དོན་ཡིན་པ་ལས་ལས་འབྲས་སོགས་སྣང་མཐའ་དག་བཀག་ཏེ་མེད་པར་འཛིན་
དགོས་ཞེས་པའི་གོ་བ་ནི་ནམ་ཡང་མ་ཡིན་ནོ།།
འཇམ་དཔལ་དབྱངས་ལས་རྒྱལ་བས་གསན་པ་གང་།།
དཔལྡན་ལྕང་སྐྱ་དམ་པས་གདམས་རྣམས་གནད།།
མཐའ་དག་གངས་ཅན་པ་ལ་རབ་སྩལ་བར་།།
ཡང་དག་དཔྱད་ནས་སྤངས་བླངས་རན་པར་འཚལ།།
ཞེས་བྱ་བ་ནི་བར་སྐབས་ཀྱི་བྱ་དཀའ་བའི་སྡོམ་ཚིག་གོ།།
ལ་དྭགས་བློ་བཟང་འཇམ་དཔལ་ལགས།
སྟོང་པ། རྟེན་ཅིང་འབྲེལ་པར། སོགས་རྗེས་འཇུག་ང་དང་། ལ་ཡིག་མཐར་པ་ཡིན་དགོས་པའི་སྒྲུབ་བྱེད་གཙོ་བོ་གང་དག་ཡོད།
འཇམ་དཔལ་སྙིང་བོ་ཡིས་བྱ་ཞིག་བཏང་བས། །
ཐག་རིང་འཚོལ་བ་ཡི་དཀའ་ལས་བཤོལ་ནས། །
དེའི་དོན་ག་རེ་ཡིན་ནམ།
ཟབ་མོ་རྟེན་འབྱུང་གི་དེ་ཉིད་ངོ་མཚར། །
ཇི་བཞིན་རྗེན་པ་རུ་སྟོན་པའི་བླ་མ། །
བཀའ་དྲིན་འཁོར་མེད་དེ་སྙིང་དབུས་བཞུགས་ཤིག །
གང་དྲན་ཐོལ་བྱུང་གི་ཚིག་གསུམ་སྨྲའོ། །
ཞེས་པ་ནས།
ཀླུ་སྒྲུབ་ཟླ་གྲགས་ཀྱིས་ཞལ་ཆེམས་རླུང་བསྐུར། །
འཇམ་དཔལ་སྙིང་བོ་ཡིས་བྱ་ཞིག་བཏང་བས། །
ཐག་རིང་འཚོལ་བ་ཡི་དཀའ་ལས་བཤོལ་ནས། །
ལྷན་ཅིག་མཐོང་བ་ཡི་མ་རྒན་མཐོང་རེ། །
ཞེས་པ་འདིས་རིགས་པའི་རྒྱལ་པོ་རྟེན་འབྲེལ་གྱི་རྟེན་ཚིག་སོགས་ལ་མ་བརྟེན་པར་ཕྱག་ཆེན་གྱི་གདམས་ངག་ངོ་སྤྲོད་གོ་སོང་ཡང་། ཁ་ཅིག་གིས། ཨ་མ་ངོས་འཛིན་འདི་ཉིད་རྫོགས་ཆེན་་ལྟར་ཕྱག་ཆེན་ཉམས་སུ་བླངས་པ་ཞིག་མ་ཡིན་པར། གྲུབ་མཐའ་རང་རྐང་ཚུགས་པའི་ལུགས་བཟང་དམ་པ་གང་འདིའི་སྟོང་པ་ཉིད་ཀྱི་དགག་བྱ་བདེན་གྲུབ་ཅེས་པའི་དོན་དེ་མ་འཁྲུལ་བར་རྗེ་བླ་མ་ཤར་རྒྱལ་བ་ཙོང་ཁ་པ་ཆེན་པོའི་
དགོངས་པ་ཇི་མ་ཇི་བཞིན་ངོས་བཟུང་ནས་རང་གི་དགག་བྱ་བཀག་ཤུལ་གྱི་མེད་
དགག་རྟོགས་པར་བྱེད་པའམ་ཉམས་སུ་ལེན་སྟངས་མཆོག་ཏུ་གྱུར་པ་ཞིག་ཡིན་
པས། དེ་ལ་དགག་བྱ་འགོག་ཚུལ་ལམ་བཀག་སྟངས་ཞེས་བརྗོད་ཀྱང་སྐྱོན་གང་ཡང་མེད་
དོ། གསུངས་སྟངས་བལྟས་ན་དགེ་ལྡན་པའི་ལུགས་ལ་ཕྱག་ཆེན་གདམས་ངག་ངོ་སྤྲོད་མེད་པའི་བླ་མ་མཆོད་པའི་ཉམས་ལེན་ཡོད་པ་དོན་གྱིས་ཁས་བླང་དུ་སོང་ན། རི་བོ་དགེ་ལུགས་པ་ལ་མདོ་སྔགས་ཟུང་བྲལ་གྱི་བསྟན་པ་མེད་པའི་སྐྱོན་དུ་འགྱུར་ནས། བསྟོད་མ་ཤེས་ནས་སྨད་པར་འགྲོ་ཉེན་མི་འདུག་གམ། སྣྲོན་ངག་ཁྲི་ལགས།
བུམ་པ་བུམ་པས་མི་སྟོང་། བུམ་པ་བདེན་གྲུབ་ཀྱིས་སྟོང་ཞེ་ན། ལན་ཇི་གདབ་རྒྱུ་རེད།
ལན་ཇི་ལྟར་གདབ་རྒྱུ་རེད།
ད་མི་ཤེས།
སྟོང་པ་དང་སྟོང་པ་ཟེར་ནས་བོད་མི་ལ་ཡོད་ཚད་སྟོང་པ་ཆགས་རྒྱུའི་ཉེན་ཁ་འདུག
མི་བདེན་ན།
ས་ལ་རྩི་ཤིང་ནགས་ཚལ་སྟོང་།
ཡུལ་ལ་འགྲོ་བ་སེམས་ཅན་སྟོང་།
མི་ལ་རང་དབང་བདེ་སྐྱིད་སྟོང་།
བཅུ་ཕྲག་ལྔ་ཡི་འབྲས་བུ་སྟོང་།
ཧཧཧ
ཀུ་རེ་ཡིན།
སྤྱིར་སྟོང་ཚུལ་ལ་ཕན་ཚུན་རྟེན་བརྟེན་པས་སྟོང་བ་དང་གཅིག་གིས་གཅིག་སྟོང་བ་དང་ངོ་བོས་སྟོང་བ་སོགས་བདུན་ཡོད་པའི་ནས་ནས་ས་གཞིར་ནགས་ཚལ་གྱིས་སྟོང་བའམ་གཙུག་ལག་ཁང་དགེ་སློང་གིས་སྟོང་བ་ལྟ་བུ་མ་ཡིན་པར་དགག་བྱས་སྟོང་ཚུལ་དེ་རང་རེད། ཀུན་བཏགས་ཀྱི་མིག །རྣམ་བཏགས་ཀྱི་མིག །ཆོས་ཉིད་ཀྱི་མིག་ཅེས་གསུམ་དུ་ཕྱེ་བ་ནི། ཡུམ་གྱི་མདོ་ལས་མིག་ནི་མིག་གིས་སྟོང་ངོ་། རྣ་བ་རྣ་བས་སྟོང་ངོ་ཞེས་སོགས་ཀྱི་སྐབས་ལས་འཕྲོས་ཏེ་ཆོས་ཉིད་ཀྱི་མིག་ཀུན་བཏགས་ཀྱི་མིག་གིས་སྟོང་ཚུལ་གསུངས། དབུ་སེམས་གང་གི་ལུགས་ལ་སྟོང་བ་ཉིད་ཀྱི་སྟོང་གཞི་གང་ལ་བྱ་དགོས་པ་ནི། བློ་འཁྲུལ་བ་ཞིག་གིས་གཞི་གང་ལ་བདག་ཏུ་བཟུང་བ་དེ་ལ་ཟེར། ཚན་རིག་གི་གྲུབ་དོན་མཐར་ཐུག་ཁོན་ཊོན་དངོས་ཁམས་རིག་པས་ང་ཚོ་ལ་སྣང་བ་འདི་དག་ཡུལ་སྟེང་ནས་མི་བརྙེད་པར་ནང་ཤེས་བས་ཕར་བཏགས་ཙམ་ཞིག་ལ་འདོད་པ་དང་ཆ་འདྲ་བ་མང་པོ་ཞིག་བཤད་ཡོད། nothing but, something more གང་ཡང་མི་འདུག་སྟེ་ཡོད་པ་ཟེར་བ་ལྟ་བུ་མིང་བརྡས་བཞག་ཙམ་ལ་སྦྱར་ན་བདེའོ།།
ད་སྟོང་བསམ་སྒོམ་རྒྱུ་མང་དྲགས་པས་སྨྱོན་པ་ཆགས་ཤས་ཆེ།
ལར་ནས་འབྱུང་སོགས་ཀྱི་དངོས་པོ་འདི་དག་ལ་སྲ་ཞིང་འཐས་པའི་ཆ་ནས་ས། རླན་ཞིང་གཤེར་བའི་ཆ་ནས་ཆུ། ཚ་ཞིང་སྲེག་པའི་ཆ་ནས་མེ། ཡང་ཞིང་གཡོ་བའི་ཆ་ནས་རླུང་། གདུང་འདེགས་ཀྱི་དོན་བྱེད་ནུས་པའི་ཆ་ནས་ཀ་བ། ཡལ་ག་ལོ་འདབ་དང་ལྡན་པའི་ཆ་ནས་ཤིང་སྡོང་སོགས་རང་རང་གི་ཐུན་མོང་མ་ཡིན་པའི་མཚན་ཉིད་དེ་ལ་རང་མཚན་ཞེས་འཇོག་སྟངས་གཅིག་དང་གཟུགས་སོགས་ལ་དོན་དམ་པར་འབྲས་བུ་སྐྱེད་པའི་དོན་བྱེད་ནུས་པ་ཡོད་པས་དེ་ལ་རང་མཚན་ཞེས་འཇོག་ཚུལ་གཅིག་དང་བཏགས་དོན་བཙལ་ན་བརྙེད་རྒྱུ་ཡོད་པ་དེ་ལ་རང་གི་མཚན་ཉིད་ཀྱིས་གྲུབ་པ་ཞེས་དབུ་མ་རང་རྒྱུད་པ་མན་ཆད་ཀྱིས་དེ་ལྟར་འདོད་ཀྱང་། སྟོང་བ་རྟེན་འབྲེལ་དུ་འཆར་བ་དང་། རྟེན་འབྲེལ་སྟོང་བར་འཆར་བའི་ཐལ་འགྱུར་བའི་ལུགས་ལ་དེ་ལྟ་བུའི་རང་མཚན་ཞལ་གྱིས་མི་བཞེད་པ་དང་། ཕྱི་ནང་གི་རྟེན་འབྲེལ་རང་བཞིན་མེད་པར་རྟོགས་པའི་བློ་དེས་བློ་གཞན་ལ་ལྟོས་མེད་དུ་མིང་གིས་བཏགས་པ་ཙམ་ལ་རྒྱུ་འབྲས་བྱ་བྱེད་ཀྱི་རྣམ་བཞག་ཐམས་ཅད་འཐད་པར་ངེས་པ་ནི། སྟོང་བ་རྟེན་འབྲེལ་དུ་ཤར་བའི་དོན་དང་། ཕྱི་ནང་གི་དངོས་པོ་རྣམས་ལ་བརྟེན་ནས་བཏགས་པའི་རྟེན་འབྲེལ་དུ་ངེས་པའི་བློ་དེས་གཞན་ལ་ལྟོས་མི་དགོས་པར་རང་བཞིན་གྱིས་སྟོང་པའི་ངེས་ཤེས་ཤུགས་དྲག་པོ་འདྲེན་ནུས་པ་ནི་རྟེན་འབྲེལ་སྟོང་བར་ཤར་བའི་དོན་ཡིན། དེ་ལྟར་སྟོང་བ་རྟེན་འབྲེལ་གྱི་དོན་དུ་ཤར་བ་ན་ལྟ་བའི་དཔྱད་པ་རྫོགས་པ་ཞེས་ཀྱང་བྱ་སྟེ། རྗེ་ཙོང་ཁ་བས། ནམ་ཞིག་རེས་འཇོག་མེད་པར་ཅིག་ཆར་དུ།།རྟེན་འབྲེལ་མི་བསླུར་མཐོང་བ་ཙམ་ཉིད་ནས།།ངེས་ཤེས་ཡུལ་གྱི་འཛིན་སྟངས་ཀུན་འཇིག་ན།།དེ་ཚེ་ལྟ་བའི་དཔྱད་པ་རྫོགས་པ་ལགས།།ཞེས་གསུངས་པ་དང་། མཁས་གྲུབ་ནོར་བཟང་རྒྱ་མཚོས། དེ་ལྟར་སྟོང་པའི་ངེས་པ་སྐྱེས་པའི་ཚེ།།ལས་འབྲས་ལ་སོགས་ཐ་སྙད་ཆོས་རྣམས་ཀུན།།ཡོད་ཚུལ་ཇི་འདྲ་བ་ཞིག་བསམ་པའི་ཚེ།།བཏགས་ཡོད་མིང་རྐྱང་ཙམ་ལ་འཇོག་པ་ཡིན།། རྒྱལ་མཆོག་བདུན་པ་ཆེན་པོའི་གསུང་མགུར་ལས། སྟོང་གསལ་མཁའ་ཡི་ངོས་ནས།།ཚུགས་ཐུབ་བདེན་པ་མེད་ཀྱང་།།རྒྱུ་རྐྱེན་རྟེན་འབྲེལ་མང་པོ།།ཚོགས་པའི་འཇའ་ཚོན་རི་མོ།།གཏད་མེད་ཅིར་འཆར་བའི།།ངོ་མཚར་འདི་ལ་གཟིགས་དང་།།དཔྱད་ན་འདི་ཞེས་བྱ་བའི།།ངོས་བཟུང་ཅི་ཡང་མེད་ཀྱང་།།རྒྱུ་རྐྱེན་ཆ་ཤས་མང་པོར།།བཏགས་ཡོད་མིང་ཙམ་འདི་ལ།།བྱ་བྱེད་ཐམས་ཅད་འཐད་པའི།།སྒྱུ་མ་འདི་ལ་གཟིགས་དང་།།ཞེས་གསུངས་པ་ལྟར་སྟོང་བ་དང་རྟེན་འབྱུང་གཉིས་གཞི་གཅིག་གི་སྟེང་དུ་ཐབས་དང་ཐབས་བྱུང་འཇོག་པའི་ཚུལ་ལོ།།འགའ་ཞིག་གིས་ལྟ་བ་བརྙེད་ན་ལྟ་བའི་དཔྱད་པ་རྫོགས་པས་ཁྱབ་ཟེར་བ་ནི་གནད་འདི་མ་གོ་བའི་འོལ་ཚོད་ཡིན་ཞེས་ལྕང་སྐྱས་གསུངས།། ལིང་ལིང་ཞེས་པ་དགག་བྱའི་ཉམས་ལ་སྦྱར་བ་ཡིན། དཔེར་ན་སྤྱིར་ཀ་བ་ཡོད་ཀྱང་ང་ཚོ་ལ་སྣང་བ་ལྟར་གྱི་ཀ་བ་དེ་ཀ་བ་མ་ཡིན་ཏེ། དེ་རང་ངོས་ནས་གྲུབ་པའི་ཀ་བ་ཡིན་པའི་ཕྱིར་རོ།། འདིའི་ཐད་ནས་མཁས་དབང་དགེ་ཆོས་ཀྱིས། ཐ་སྙད་ཚད་གྲུབ་འཇོག་ལ་བློ་མ་བདེ།།ཞེས་པ་བོད་སྔ་རབས་པས་འདོད་པ་ལྟར་ཐ་སྙད་ཚད་གྲུབ་ལ་དོགས་སློང་མཛད་པ་ལྟ་བུ་རེད། ང་ཚོ་ལ་སྣང་བའི་ཀ་བ་ཡོད་ཀྱང་སྣང་བ་ལྟར་གྱི་ཀ་བ་མེད།
དགེ་བཤེས་ཤེས་རབ་རྒྱ་མཚོས། གཙང་གི་སྟག་ལོ་ཤེས་རབ་རིན་ཆེན་དང་།།ཁམས་ཀྱི་གོ་རམས་བསོད་ནམས་སངྒེ་གཉིས།།མང་ཐོས་ཆེན་པོ་ཡིན་ཡང་དབུ་མ་པས།།ཐ་སྙད་ཚད་གྲུབ་མི་བཞེད་སྨྲ་བ་རྩིང་།།
མཁས་གྲུབ་ནོར་བཟང་རྒྱ་མཚོས།
ལྟ་བའི་དཔྱད་པ་ཡོངས་སུ་རྫོགས་པའི་ཚེ།། རྣམ་པར་ཤེས་པ་དབང་པོའི་ཤེས་པ་ལ།།རང་རང་ཡུལ་གྱི་སྣང་བ་ཤར་ཙམ་དེས།།རིགས་པའམ་རྒྱུ་མཚན་གཞན་ལ་ལྟོས་མེད་དུ།།རང་ཡུལ་སྟོང་པར་ངེས་པའི་ངེས་ཤེས་འདྲེན།།དཔེར་ན་མིག་དབང་བསླད་པའི་སྐྱེ་བོ་ཡིས།།ཟླ་གཉིས་མེད་པར་སྔོན་ནས་ཤེས་པའི་མཐུས།།མིག་ལ་ཟླ་གཉིས་སྣང་བ་དེ་ཉིད་ཀྱིས།།ཟླ་གཉིས་མེད་པའི་ངེས་པ་འདྲེན་པ་བཞིན།།
མཁྱེན་ཡངས་ཀ་རྡོ་རབ་འབྱམས་པ་དང་མིག་བརྒྱད་པ་ལགས་རྣམ་གཉིས་ཀྱིས་ཞིབ་ཅིང་
ཕྲ་བའི་དགོངས་འགྲེལ་གསུངས་གནང་བར་ཐུགས་རྗེ་བཀའ་དྲིན་ཆེ་ཞེས་ལན་བརྒྱར་ཞུ་བ་ལགས་སོ། སྟོང་ཉིད་རྟོགས་པའི་བློ་དང་ལྟ་བའི་དཔྱད་པ་རྫོགས་པའི་བློ་གཉིས་ལ་མུ་གསུམ་ཡོད་དོ།
ཀ་བ་ཐང་ལ་བཀྲམ་འདྲ་སྣང་བ་ལ་བསམ་ནས།།
ཁ་དང་ནང་ཆ་དག་ལ་ཡང་ནས་བསྐྱར་དཔྱད་ན།།
ག་པར་དྲངས་ཀྱང་ལྷགས་་པ་བསམ་གཏན་རབ་འདྲ་བར།
ང་ལ་ཆགས་པ་མཐའ་དག་ཕར་ཕར་ལ་ཡལ་སྙམ།།
སྣྲོན་ངག་ཁྲི་ལགས། སྟོང་ཉིད་རྟོགས་པའི་བློ་དང་ལྟ་བའི་དཔྱད་པ་རྫོགས་པའི་བློ་གཉིས་ལ་མུ་གསུམ་ཇི་ལྟར་འཇོག །སྟོང་བ་རྟེན་འབྱུང་གི་དོན་དུ་སོང་ན་དེ་དེའི་དོན་དུ་རྟོགས་པས་ཨེ་ཁྱབ། ཁྱབ་ན། སྟོང་ཉིད་རྟོགས་མ་ཐག་པ་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་མི་ནུས་ཏེ། དེའི་རྒྱུད་ན་དེ་ལྟར་འཛིན་པའི་ཚད་མ་མེད་པའི་ཕྱིར།
རྩ་བ་ཤེས་རབ་ཀྱི་མཆོད་བརྗོད།
གང་གིས་རྟེན་འཅིང་འབྲེལ་བར་འབྱུང་།།འགག་པ་མེད་པ་སྐྱེ་མེད་པ།།ཆད་པ་མེད་པ་རྟག་མེད་པ།།འོང་བ་མེད་པ་འགྲོ་མེད་པ།།ཐ་དད་དོན་མིན་དོན་གཅིག་མིན།།སྤྲོས་བ་ཉེར་ཞི་ཞི་བསྟན་པ།།རྫོགས་པའི་སངས་རྒྱས་སྨྲ་རྣམས་ཀྱི།།དམ་པ་དེ་ལ་ཕྱག་འཚལ་ལོ།།
མཉམ་བཞག་ཟག་མེད་ཀྱི་ཡུལ་གྱི་རང་བཞིན་ལ་ལྟོས་ནས་སྐད་གཅིག་གིས་འགག་པ་མེད་པ་དང་རང་གི་ངོ་བོར་གྱུར་བའི་སྐྱེ་བ་མེད་པ། སྔ་མ་རྒྱུན་ཆད་པ་མེད་པ་དང་དུས་ཀུན་ཏུ་གནས་པའི་རྟག་པ་མེད་པ། ཡུལ་རིང་བ་ནས་ཉེ་བར་འོང་བ་མེད་པ་དང་ཉེ་བ་ནས་རིང་བར་འགྲོ་བ་མེད་པ། དོན་སོ་སོ་བའི་ཐ་དད་མིན་པ་དང་སོ་སོ་བ་མ་ཡིན་པའི་དོན་གཅིག་མིན་པ། ངོ་བོ་ལ་ལྟོས་ནས་ཉམས་འཕེལ་བྱེད་པའི་སྐྱེ་འགག་གཉིས། དུས་ལ་ལྟོས་ནས་རྟག་ཆད་གཉིས། ཡུལ་ལ་ལྟོས་ནས་འགྲོ་འོང་གཉིས། ཟླ་ལ་ལྟོས་ནས་གཅིག་ཐ་དད་གཉིས་ཏེ་མདོར་ན་མཐའ་བརྒྱད་དང་བྲལ་བའི་རྟེན་འབྱུང་དབུ་མའི་ལམ་སྟོན་པར་མཛད་པའི་སྨྲ་བ་ཟླ་མེད་པ་ཐུབ་པའི་དབང་པོ་དེ་ལ་ཕྱག་འཚལ་ལོ།།རྟེན་འབྱུང་གི་དོན་རང་བཞིན་མེད་པ་གསུང་རབ་ཀྱི་སྙིང་པོ་ཡིན་ཚུལ་མགོན་པོ་ཀླུ་སྒྲུབ་ཀྱི་སྟོང་ཉིད་བདུན་ཅུ་བ་ལས། དམ་པའི་དོན་ནི་དེར་ཟད་དོ།།ཞེས་གསུངས་སོ།།
ཐུབ་པའི་བདེན་གཉིས་ཀྱི་དགོངས་དོན་ལ། །
ཀླུ་སྒྲུབ་ཟླ་གྲགས་ཡབ་སྲས་ཀྱི་ཞལ་ཆེམས། །
གྲུབ་ཆེན་ས་ར་ཧ་སོགས་ཀྱི་མན་ངག །
བློ་ངོར་གཅིག་ཚུད་ཅིག་མི་དགོས་སམ། །
རིག་པའི་བུ་ལགས།
ཨ་མ་རྒན་མོའི་ཞལ་རས་ཀྱི་འཛུམ་བག།
མཐོང་ན་དགའ་བའི་བུ་ཆུང་གི་སེམས་པ།།
ཇོ་ཇོ་རྟེན་འབྱུང་གི་རོགས་པ་བྱས་ནས།།
ལན་ཅིག་མཇལ་བའི་གོ་སྐབས་ནི་ལོས་ཡོད།།
ཨ་མ་རྒན་མོ་དེ་ཡུན་རིང་སྟོར་ནས།།
བདག་འཛིན་འགོང་བོ་ཡིས་སྡུག་པོ་བཏང་སོང་།།
ཐ་སྙད་བསླུ་བྲིད་ཀྱི་མགོ་སྐོར་ཐེབས་སོང་།།
རིག་པའི་བུ་ཆུང་ང་སྨྱོན་པ་ཆགས་སོང་།།
རིག་པའི་བུ་ལགས།
ཨ་མ་རྒན་མོའི་ཞལ་རས་ཀྱི་འཛུམ་བག།
མཐོང་ན་དགའ་བའི་བུ་ཆུང་གི་སེམས་པ།།
ཇོ་ཇོ་རྟེན་འབྱུང་གི་རོགས་པ་བྱས་ནས།།
ལན་ཅིག་མཇལ་བའི་གོ་སྐབས་ནི་ལོས་ཡོད།།
ཨ་མ་རྒན་མོ་དེ་ཡུན་རིང་སྟོར་ནས།།
བདག་འཛིན་འགོང་བོ་ཡིས་སྡུག་པོ་བཏང་སོང་།།
ཐ་སྙད་བསླུ་བྲིད་ཀྱི་མགོ་སྐོར་ཐེབས་སོང་།།
རིག་པའི་བུ་ཆུང་ང་སྨྱོན་པ་ལོས་ཆགས།།
ལམ་གཙོའི་སྔ་འགྲེལ་བློ་བཟང་རྒྱལ་བ་དགྱེས་པའི་མཆོད་སྤྲིན་ལས།
འགྲོ་བ་འདི་དག་ཐོག་མ་མེད་པ་ནས།།
འཁོར་བའི་རྒྱ་མཚོ་ཆེན་པོར་འཁྱམས་པའི་ཚུལ།།
འདོད་དང་སྲིད་དང་ལྟ་བ་མ་རིག་པའི།།
ཤུགས་དྲུག་ཆུ་བོ་བཞི་ཡི་རྒྱུན་གྱིས་ཁྱེར།།
ཀུན་ནས་སློང་བྱེད་གཤིས་ཀྱི་དེ་ཉིད་དང་།།
རྒྱུ་དང་འབྲས་བུར་རྨོངས་པའི་མི་ཤེས་པ།།
ཡང་དག་ལྟ་བའི་འོད་ཀྱིས་མ་བསལ་བས།།
བཟློག་དཀའ་ལས་ཀྱི་འཆིང་བ་དམ་པོས་བསྡམས།།
ཟབ་མོའི་གཞུང་ལ་ཐོས་བསམ་མ་བགྱིས་ཕྱིར།།
རང་གི་ངང་གིས་འཆར་བའི་ལྷན་སྐྱེས་དང་།།
གྲུབ་མཐའི་མཐུ་ལས་འོངས་པའི་ཀུན་བཏགས་ཀྱི།།
བདག་འཛིན་ལྕགས་ཀྱི་དྲ་བའི་སྦུབས་སུ་ཚུད།།
ཤེས་རབ་ཉི་མའི་འོད་སྣང་ནུབ་པའི་སྟེང་།།
དད་པའི་ཟླ་བའང་ནག་ཆའི་མཐའ་ལ་ཐུག།
ལེ་ལོ་ཟ་ཟིའི་ཆར་སྤྲིན་རྔམས་མཐུག་པས།།
མ་རིག་མུན་པའི་སྨག་ཆེན་ཀུན་ནས་འཐིབས།།
འཁོར་བའི་ཡ་མཐའ་གཏན་ནས་མ་མཆིས་མོད།།
རྣམ་པར་དཀར་བའི་ལས་ལ་མ་འབད་ན།།
ཐ་མའི་མཐའ་ཡང་རྙེད་པར་མི་འགྱུར་བས།།
མུ་མེད་སྲིད་པར་སྐྱེ་ཞིང་སྐྱེ་བ་རུ།།
བླ་འོག་ངེས་པ་མེད་པར་རིགས་དྲུག་ཏུ།།
ཡང་ཡང་སྐྱེ་ཞིང་ཡང་ཡང་འཆི་བ་ལས།།
གཙང་བདེ་རྟག་བདག་དམ་པས་རིང་བཏང་སྟེ།།
སྡུག་བསྔལ་གསུམ་གྱིས་རྒྱུན་ཆད་མེད་པར་མནར།།
ཆུ་བོས་ཁྱེར་ཞིང་འཆིང་བ་དམ་པོས་བསྡམས།།
དྲ་བར་བཅུག་ཅིང་མུན་པས་ཀླུབས་པ་སོགས།།
ཐར་དཀའི་འགལ་རྐྱེན་བརྗོད་ལས་འདས་པ་ཡི།།
གནས་སྐབས་འདི་འདྲར་གྱུར་བའི་མ་རྣམས་ཀྱི།།
སྐད་ཅིག་རེ་རེའི་གདུང་བའི་ཆ་ཤས་ཀྱང་།།
བརྩེ་ལྡན་འཕགས་པ་རྣམས་ཀྱི་གཟིགས་ངོ་ན།།
ཚེར་མ་ལྟ་བུར་རྩུབ་ཅིང་མི་བཟད་པའི།།
ངང་ཚུལ་བསམ་ནས་སེམས་མཆོག་བསྐྱེད་པར་མཛོད།།
གཏན་ཚིགས་ཐམས་ཅད་བློ་ཡིས་བཏགས་པའི་ཕྱིར། །རྡོ་ཤེར་ཡིད་ལ་ཚད་མར་གྲུབ་པ་གང་། །དགེ་ཆོས་ངོ་ལ་རྫུན་མར་སོང་བ་འདིས། །ཐ་སྙད་ཚད་གྲུབ་འཇོག་ལ་བློ་མ་བདེ། །
ཀརྨ་དགེ་ལེགས་ནས།
སྤྱི་ལོ་ ༢༠༡༡ ཟླ་ ༡༢ ཚེས་ ༡༥ གི་ཆུ་ཚོད་ ༡༩ སྐར་མ་ ༥༠
ལ་དྭགས་བློ་བཟང་འཇམ་དཔལ་ལགས།
སྟོང་པ། རྟེན་ཅིང་འབྲེལ་པར། སོགས་རྗེས་འཇུག་ང་དང་། ལ་ཡིག་མཐར་པ་ཡིན་དགོས་པའི་སྒྲུབ་བྱེད་གཙོ་བོ་གང་དག་ཡོད།
སྤྱིར་བཏང་གཞུངསྔོན་་དཔེ་དག་ན་ཡོད་པའི་དག་ཆ་ཀུན་ལ་མཐོང་རྩིས་བྱས་ཏེ། སོ་སོའི་ཁ་སྐད་བཞིན་སྔར་གྱི་གཞུང་དཔེ་ན་ཡོད་པའི་དག་ཆ་རྣམས་ལ་གཏོར་བཤིག་བྱེད་པ་མི་རུང་བ་ལགས། རྩ་བའི་རྒྱ་དཔེ་བོད་ཀྱི་སྒྲ་སྒྱུར་པ་དག་གིས་གཏན་འབེབས་མཛད་པ་དག་ལ་བལྟས་ཏེ་དེ་རྣམས་ལ་རང་རེ་རྗེས་འཇུག་པས་བོད་ཀྱི་སྐད་ཡིག་སྲུང་བའི་ཆ་ནས་་རྩིས་མཐོང་ཞུ་དགོས། དེ་ལྟར་བཞག་པ་ལ་ཚད་ལྡན་གྱི་བཤད་པ་རེ་མཆིས་ཀྱང་། ཁོ་བོ་བོད་ཀྱི་བརྡ་སྤྲོད་ལ་སྦྱངས་པ་དམན་པས། མཁས་པ་དགྱེས་པའི་སྒྲ་བཤད་ཅིག་ཞུ་མི་ཐུབ་ཀྱང་། ཁོ་བའི་རྣམ་པར་དཔྱད་པ་ལས་འཐོན་པ་བཞིན་ཞུ་ན་འདི་ལྟར་ལགས་པར་བསམ། སྟོང་པ་ཞེས་པ་ཁྱད་ཆོས་ཀྱི་ཚིག་ཡིན་པས། དང་པོ་སྟོངས་པ་ཞེས་པ་ལ་ཕྱིས་སུ་ཡང་འཇུག་ས་ཡིག་བསྡུས་ཀྱང་མིང་མཐའ་མ་བསྡུས་པར་སྟོང་པ་ཞེས་ལུས། རྟེན་ཅིང་འབྲེལ་པར་ཞེས་པ་དེ་སོ་སོར་བརྟེན་ནས་འབྱུང་ཞེས་པའི་དོན་ཡིན། དེ་ཡང་རྩ་བའི་ལེགས་སྦྱར་སྐད་ལ་འབྲེལ་པ་ཞེས་པ་ལྷག་བཅས་ཀྱི་སྒྲ་མཆིས། ལྷག་བཅས་གང་ཡིན་ལ་བོད་བྱ་ཚིག་ཀུན་ལ་འདས་ཚིག་བཀོད་པར་མ་ཟད་ལེགས་སྦྱར་བརྡ་སྤྲོད་དུ། དེ་དག་ལ་འདས་པའི་བྱས་མཐའ་ཞེས་མིང་འདོགས་ཚུལ་མཆིས། དེས་ན་འབྲེལ་པ་ཞེས་པར་ད་ཡང་འཇུག་ཏུ་ཡོད་པས་རྗེས་འཇུག་ཕོ་ཡིས་མིང་མཐའ་ཕོ་ཡིག་པ་དྲངས་པ་ཡིན་ནོ།།
ཐུགས་ལ་བབ་ཚེ་ལེན་པར་མཛོད།
ཐུགས་ལ་མ་བབ་རྩོད་པར་མཛོད།
རྩོད་ལན་འོ་མའི་རྒྱ་མཚོ་ལས།
བོད་བརྡའི་བདུད་རྩི་འཐོན་པ་ཡིན།།
སྟོངས་པ་ལ་སྟོང་པར་ཆགས། འབྲེལད་པ་དེ་འབྲེལ་པ་ལ་བྲིས་ཞེས་གསུངས་འདུག་པ་འདི་ལ། ད་བ་ཡིག་དགའ་མཁན་ཚོས་ཡང་བསྐྱར་ཨུ་ཚུགས་ཀྱིས་ཡང་ཡང་བྲིས་ནས་སྡོད་རྒྱུ་ཡིན་ནམ། ཡང་ན་མཁས་དབང་ལ་དྭགས་འཇལ་ལགས་ཀྱིས་རྗེས་སུ་འསྦྲང་ཐུབ་པའི་སྤོབས་པ་ཅིག་ཡོད་དམ། ཡང་ན། ལ་དྭགས་པ་ལགས་ལ་དགག་ལན་ཚ་ཐག་ཆོད་ཅིག་ཁ་བརྡར་མཆན་བུ་འབྲི་ཐུབ་མཁན་ཡོད་དམ། ཡོད་ན་སྒུག་ནས་བསྡད་ཡོད་ལགས།
ལམ་གཙོའི་སྔ་འགྲེལ་བློ་བཟང་རྒྱལ་བ་དགྱེས་པའི་མཆོད་སྤྲིན་ལས།
གཞི་ལམ་འབྲས་བུའི་ཆོས་དང་གང་ཟག་ལ།།
གཞན་དྲིང་མི་འཇོག་རྡོ་རྗེ་གཟེགས་མ་དང་།།
རྣམ་བདུན་རིགས་པ་ཕྲ་མོའི་སྟོབས་ཤུགས་ཅན།།
གནས་ལུགས་རྟོགས་པའི་ཤེས་རབ་མི་ལྡན་ན།།
རང་གི་དོན་དུ་སྲིད་ལ་སྐྱོ་བ་དང་།།
གཞན་གྱི་དོན་དུ་སངས་རྒྱས་སེམས་པ་གཉིས།།
སྨན་འདོགས་བཟང་པོའི་བསམ་སྦྱོར་ཙམ་ལགས་པས།།
ངེས་འབྱུང་བྱང་ཆུབ་སེམས་ལ་གོམས་བྱས་ཀྱང་།།
རྒྱལ་བས་བསྔགས་པས་ཕན་ཡོན་མཐའ་ཡས་ཤིང་།།
ས་ལམ་བསམ་མི་ཁྱབ་པའི་གཞི་བྱེད་ནའང་།།
བདག་ཏུ་འཛིན་དང་རྣམ་པ་འགལ་བའི་སྒོས།།
སྲིད་པའི་རྩ་བ་གཅོད་པར་མི་ནུས་པས།།
རྟག་བརྟན་གཡུང་དྲུང་འཁྱིལ་བའི་དཔལ་འདོད་ན།།
ངོ་བོ་རྒྱུ་འབྲས་བདེན་པས་སྟོང་བ་དང་།།
ཞི་བའི་སྒོ་མོ་གཉིས་པ་གཞན་མེད་པ།།
དེ་ཕྱིར་རྟེན་འབྲེལ་རྟོགས་པའི་ཐབས་ལ་འབད།།
གྲོལ་བ་དོན་གཉེར་སྐྱེ་བོའི་བརྟག་བྱའི་གཞི།།
ཚོགས་དྲུག་ཡུལ་གྱི་སྣང་བ་ཅི་ཡང་རུང་།།
སོ་སོར་རྟོག་པས་རྣམ་པར་དཔྱད་པ་ན།།
གང་ཞིག་འཁོར་འདས་ཆོས་རྣམས་ཐམས་ཅད་ཀྱི།།
ངོ་བོ་གཉིས་དང་བསྐྱེད་བྱ་སྐྱེད་དང་།།
གདགས་གཞི་འདོགས་བྱེད་རྟེན་དང་བརྟེན་པ་དང་།།
ཆ་དང་ཆ་ཅན་ལ་སོགས་ཐ་སྙད་པའི།།
རྒྱུ་འབྲས་ནམ་ཡང་བསླུ་བ་མེད་མཐོང་ཞིང་།།
ཐོག་མ་མེད་ནས་གོམས་པ་མི་དམན་པའི།།
བརྡ་དང་རྟོག་པས་ཕར་ལ་མ་བཏགས་པར།།
དོན་གྱི་ངོས་ནས་ཚུར་ལ་གྲུབ་སྙམ་དུ།།
དམིགས་པའི་གཏད་སོ་གང་ཡིན་ཀུན་ཞིག་པ།།
དྲི་མེད་ལུང་དང་རིགས་པས་ཕྱུག་པ་དང་།།
མང་ཐོས་དམ་པའི་མགོན་གྱིས་ཟིན་པ་དང་།།
ཤེས་ནས་ཐོབ་པའི་སྐལ་བ་བཟང་པོ་ཅན།།
དེ་ནི་སངས་རྒྱས་དགྱེས་པའི་ལམ་ལ་ཞུགས།།
ཐ་སྙད་ཙམ་དུ་མེ་ལས་དུ་བ་དང་།།
བྱང་ཆུབ་སེམས་ལས་རྫོགས་པའི་སངས་རྒྱས་སོགས།།
གྲ་ཟུར་གཅིག་ཀྱང་ཉམས་པ་མ་མཆིས་པའི།།
སྣང་བ་རྟེན་འབྲེལ་བསླུ་བ་མེད་པ་དང་།།
ཡང་དག་ཏུ་ན་ཀུན་ནས་ཉོན་མོངས་དང་།།
རྣམ་པར་བྱང་བའི་རྒྱུ་དང་འབྲས་བུའི་ཆོས།།
དགག་སྒྲུབ་བྱ་བྱེད་གང་ཡང་མི་འདོད་པའི།།
སྟོང་བ་ཁས་ལེན་བྲལ་བའི་གོ་བ་གཉིས།།
མི་ཕྱེད་མཛའ་བོར་འཐམ་པའི་གནས་མེད་པར།།
འགལ་འདུ་རོང་རོང་ཤར་ནུབ་རི་བོ་དང་།།
ཚ་གྲང་ལྟ་བུར་རང་གི་བློ་ངོ་ན།།
ཇི་སྲིད་སོ་སོར་སྣང་བ་དེ་སྲིད་དུ།།
འཕགས་བོད་གཞུང་ལུགས་རྒྱ་མཚོའི་ཕ་རོལ་ཏུ།།
གྲུབ་མཐའི་གཏིང་ལ་ཐུག་པའི་ཁེངས་དྲེགས་དང་།།
ཐེག་རྩེར་འཛེགས་པའི་རློམ་སེམས་བྱེད་ན་ཡང་།།
ད་དུང་ཐུབ་པའི་དགོངས་པ་རྟོགས་པ་མེད།།
ལམ་གཙོའི་སྔ་འགྲེལ་བློ་བཟང་རྒྱལ་བ་དགྱེས་པའི་མཆོད་སྤྲིན་ལས།
རང་གཞན་གཞུང་ལ་ཞིབ་ཏུ་དཔྱོད་པ་དང་།།
ལྷ་དང་བླ་མར་ཕུར་ཚུགས་གསོལ་འདེབས་དང་།།
ཚོགས་བསགས་སྒྲིབ་སྦྱོང་གནད་དུ་སྨིན་པ་ལས།།
ནམ་ཞིག་རེས་འཇོག་མེད་པར་གཅིག་ཆར་དུ།།
ཕུང་ཁམས་སྐྱེ་མཆེད་གང་གི་སྟེང་དུ་ཡང་།།
ཆ་ལ་བརྟེན་ནས་ཆ་ཅན་བཞག་པ་པ་དང་།།
ཕ་རིར་ལྟོས་ནས་ཚུར་རིར་བཏགས་པ་སོགས།།
རྟེན་འབྲེལ་མི་བསླུ་མཐོང་བ་ཙམ་ཉིད་ནས།།
ཕྱི་རོལ་རྟོག་གེ་སྡེ་ལྔ་ཡན་ཆད་ནས།།
རང་སྡེ་རྣམ་རིག་སྨྲ་བ་མན་ཆད་ལ།།
ལོག་པར་བསྐྱེད་པའི་རྟོག་པ་ལྟར་སྣང་གི།
ངེས་ཤེས་ཡུལ་གྱི་འཛིན་འཛིན་སྟེང་ཀུན་འཇིག་ན།།
སྣང་བའི་ངེས་པས་ཆད་ལྟ་སེལ་བ་དང་།།
སྟོང་བའི་ངེས་པས་རྟག་ལྟ་སེལ་བ་སྟེ།།
སྣང་སྟོང་ཉི་ཚེའི་འཁྱར་པོར་མ་གྱུར་བ།།
དེ་ཚེ་ལྟ་བའི་དཔྱད་པ་རྫོགས་པ་ལགས།།
རིན་ཆེན་དར་རྒྱས་ལགས།
གཏན་ཚིགས་ཐམས་ཅད་བློ་ཡིས་བཏགས་པའི་ཕྱིར།།གཞལ་བྱའི་ཡུལ་དང་འཇལ་བྱེད་ཚད་མ་གཉིས།།ཕན་ཚུན་གཅིག་གིས་གཅིག་ལ་མི་བསླུ་བས།།ཐ་སྙད་ཚད་གྲུབ་མི་འཇོག་རང་དབང་ཅི།།
དེ་ཡང་ཐུན་མོང་ལམ་སྦྱངས་སྔོན་དུ་སོང་ནས་ཐེག་པ་མཆོག་གི་སྣོད་དུ་རུང་བའི་
ཚེ་།གསང་སྔགས་ཉམས་སུ་ལེན་པའི་སྐབས་སུ་དགག་བྱ་ཁེགས་ཤུལ་དུ་བྱང་ཆུབ་སེམས་ཀྱིས་ཟིན་པའི་ངང་ནས་སྟོང་ཉིད་རྟོགས་པའི་གཟུང་རྣམ་ལྷར་ཤར་བ་ཡིན་པས་དགེ་ལྡན་
ལུགས་བཟང་སྨྲ་བ་རྣམས་ལ་མདོ་སྔགས་ཟུང་འབྲེལ་གྱི་བསྟན་པའམ་ཉམས་ལེན་མེད་པར་ཇི་ལྟར་འགྱུར་སྲིད་དམ།།
བདེན་གཉིས་བདེན་རྣམ་འབྱེད་ཀྱི་ཚིགས་བཅད་བཅུ་བདུན་པ།
ཀུན་རྫོབ་དེ་བཞིན་ཉིད་གང་ཡིན།
དེ་ཉིད་དམ་པའི་དོན་གྱིས་བཞེད།བདེན་གཉིས་བདེན་རྣམ་འབྱེད་ཀྱི་ཚིགས་བཅད་བཅུ་བདུན་པ།
ཀུན་རྫོབ་དེ་བཞིན་ཉིད་གང་ཡིན།
དེ་ཉིད་དམ་པའི་དོན་གྱིས་བཞེད།
ཐ་དད་མིན་ཕྱིར་རིགས་དེ་ཡང་།
ཇི་ལྟར་སྣང་བ་བཞིན་དུ་སྣང་།། ༡༧ །།
མངོན་རྟོགས་རྒྱན་སྐབས་གཉིས་པའི་ཚིགས་བཅད། ༢༨ པའི་འགྲེལ་པ་རྒྱན་སྣང་དུ་སློབ་དཔོན་སེང་བཟང་གིས་ལུང་དྲངས་པ་འདི། ནུབ་ཕྱོགས་མཁས་པ་ད་བིད་ཨེཅཀལ་ཞེས་པས་བདེན་གཉིས་རྣམ་འབྱེད་ཨིན་སྐད་དུ་བསྒྱུར་པ་བརྟེན་ནས། རྒྱན་ལེགས་སྦྱར་ཡི་གེ་གཏན་འབེབས་བྱེད་པ་དག་གིས་ཚིགས་བཅད་འདི་བདེན་གཉིས་རྣམ་འབྱེད་ཀྱི་ཡིན་པ་རྟོགས་ཐུབ་མེད་པ་དེ། ཨེཅཀེལ་གྱིས་འབད་པས་བརྩད་བཅད་ཐུབ་པར་སྣང་། ད་དུང་ཚིགས་བཅད་འགའ་རེ་ཡོད་ན་འཚོལ་ངེས་ལགས། འདི་ལ་འགྲེལ་པ་རེ་འབྲི་གྲོགས་མཛོད་ཅིག
ཐ་དད་མིན་ཕྱིར་རིགས་དེ་ཡང་།
ཇི་ལྟར་སྣང་བ་བཞིན་དུ་སྣང་།། ༡༧ །།
མངོན་རྟོགས་རྒྱན་སྐབས་གཉིས་པའི་ཚིགས་བཅད། ༢༨ པའི་འགྲེལ་པ་རྒྱན་སྣང་དུ་སློབ་དཔོན་སེང་བཟང་གིས་ལུང་དྲངས་པ་འདི། ནུབ་ཕྱོགས་མཁས་པ་ད་བིད་ཨེཅཀལ་ཞེས་པས་བདེན་གཉིས་རྣམ་འབྱེད་ཨིན་སྐད་དུ་བསྒྱུར་པ་བརྟེན་ནས། རྒྱན་ལེགས་སྦྱར་ཡི་གེ་གཏན་འབེབས་བྱེད་པ་དག་གིས་ཚིགས་བཅད་འདི་བདེན་གཉིས་རྣམ་འབྱེད་ཀྱི་ཡིན་པ་རྟོགས་ཐུབ་མེད་པ་དེ། ཨེཅཀེལ་གྱིས་འབད་པས་བརྩད་བཅད་ཐུབ་པར་སྣང་། ད་དུང་ཚིགས་བཅད་འགའ་རེ་ཡོད་ན་འཚོལ་ངེས་ལགས། འདི་ལ་འགྲེལ་པ་རེ་འབྲི་གྲོགས་མཛོད་ཅིག
བདེན་གཉིས་རྣམ་འབྱེད་ཀྱི་ཚིགས་བཅད་བཅུ་བདུན་པ།
ཀུན་རྫོབ་དེ་བཞིན་ཉིད་གང་ཡིན།
དེ་ཉིད་དམ་པའི་དོན་གྱིས་བཞེད།
ཐ་དད་མིན་ཕྱིར་རིགས་དེ་ཡང་།
ཇི་ལྟར་སྣང་བ་བཞིན་དུ་སྣང་།། ༡༧ །།
མངོན་རྟོགས་རྒྱན་སྐབས་གཉིས་པའི་ཚིགས་བཅད། ༢༨ པའི་འགྲེལ་པ་རྒྱན་སྣང་དུ་སློབ་དཔོན་སེང་བཟང་གིས་ལུང་དྲངས་པ་འདི། ནུབ་ཕྱོགས་མཁས་པ་ད་བིད་ཨེཅཀལ་ཞེས་པས་བདེན་གཉིས་རྣམ་འབྱེད་ཨིན་སྐད་དུ་བསྒྱུར་པར་བལྟས་ནས་རྙེད།
རྒྱན་སྣང་་ལེགས་སྦྱར་ཡི་གེ་གཏན་འབེབས་བྱེད་པ་དག་གིས་ཚིགས་བཅད་འདི་བདེན་གཉིས་རྣམ་འབྱེད་ཀྱི་ཡིན་པ་རྟོགས་ཐུབ་མེད་པ་དེ། ཨེཅཀེལ་གྱིས་འབད་པས་བརྩད་བཅད་ཐུབ་པར་སྣང་། ད་དུང་ཚིགས་བཅད་འགའ་རེ་ཡོད་ན་འཚོལ་ངེས་ལགས། ཁྱེད་རྣམས་ཀྱི་ནང་ན་མཁྱེན་ལྡན་དག་གིས་འདི་ལ་འགྲེལ་པ་རེ་འབྲི་གྲོགས་མཛོད་ཅིག
ཚངས་དབྱངས་ལེགས།
དེ་བཞིན་རྒྱུ་འབྲས་རྟེན་འབྲེལ་ཟེར་བ་འདི་ལ་ཁྱེད་རྣམ་པས་གོ་བ་ཇི་ལྟར་ལོན་ནམ། འདིར་རྒྱུ་སྟོང་པ་ཉིད་དང་འབྲས་བུ་རྟེན་འབྲེལ་ཡིན་ཟེར་ན་ཨེ་འགྲིགས།
རྒྱུ་གང་ཡིན་སྟོང་པ་དང་རྟེན་འབྱུང་གཉིས་ཀ་ཡིན་དགོས་ཏེ། དབུ་མ་རྩ་བ་ཤེས་རབ། རབ་བྱེད་༢༤པའི་ཚིགས་བཅད་དག་ན།
རྟེན་འབྲེལ་པར་འབྱུང་བ་གང་།
དེ་ནི་སྟོང་པ་ཉིད་དུ་བཤད།
དེ་ནི་བརྟེན་ནས་གདགས་པ་སྟེ།
དེ་ཉིད་དབུ་མའི་ལམ་ཡིན་ནོ།། ༡༨ །།
གང་ཕྱིར་རྟེན་འབྱུང་མ་ཡིན་པའི།
ཆོས་འགའ་ཡོད་པ་མ་ཡིན་པ།
དེ་ཕྱིར་སྟོང་པ་མ་ཡིན་པའི།
ཆོས་འགའ་ཡོད་པ་མ་ཡིན་ནོ།། ༡༩ །།
གཞན་ངོ་རང་ངོའི་ཁྱད་པར་མ་ཕྱེས་པར། །གཅིག་ཏུ་ཚད་མའི་རྣམ་བཞག་འདོད་པ་འདི། །དཔལ་ལྡན་ཀླུ་ཡི་དགོངས་པ་ལས་འདས་ཤིང་། །བོད་ཀྱིས་གསར་བཟོ་བྱས་པའི་དབུ་མའོ། །
ལ་དྭགས་བློ་བཟང་འཇམ་དཔལ་ལགས།
པ་བ་གཉིས་ཀྱི་སྦྱོར་ཚུལ་ནི་ཨ་མདོའི་སྐད་དང་། ལེགས་བཤད་ལྗོན་དབང་སོགས་དང་མཐུན་ཅི་ཐུབ་བྱས་ན་ཤིན་ཏུ་ལེགས་པ་འདྲ།
གཞན་དུ་ན། སྟོང་པ། དང་པོ། ཞེས་སོགས་ལ་པ་ཡིག་དང་། མི་རུང་བ། སྲུང་བ་སོགས་སྐབས་རེ་བ་ཡིག་ཡིན་དགོས་པ་དག་ནི་གཏད་སོ་ཡོད་པའི་རང་ལུགས་ཞིག་ཡིན་མིན་དཔྱད་པར་འཚལ།
རྟེན་འབྲེལ་གྱི་འབྲེལ་འདས་པ་ཕྱིན་ཕྱིར་པ་ཡིག་དགོས་པ་ཡིན་ན། བཀྲལ་པ། འགྲེལ་བ། ཞེས་ཞིབ་ཆ་དགོས་པ་འདྲ།
རིན་ཆེན་དར་རྒྱས་ལགས།
མི་མཐུན་རིགས་དྲུག་གྲོང་གི་མདུན་ས་ན།།བཅུ་ཡིས་འདོད་པ་བརྒྱ་ཡིས་མི་འདོད་པས།།བཅུ་ཡིས་འདོད་པ་ཁས་ལེན་མེད་པས་སྐོངས།།བརྒྱ་ཡིས་འདོད་པ་ཡོད་མིན་མེད་མིན་མཛོད།།བྱེ་སྨྲས་འདོད་པ་མདོ་སྡེས་མི་འདོད་ཅིང་།།སེམས་ཙམ་འདོད་པ་དབུ་མས་མི་བཞེད་པ།།ཚུལ་གསུམ་རྟོག་གེའི་རིགས་པས་ཐད་ཀར་ཆོད།།དེ་ཡང་ཐ་སྙད་ཚད་གྲུབ་ཡོད་པའི་རྟགས།།
ཁ་ཅིག་གིས། རྟེན་འབྲེལ་གྱི་འབྲེལ་འདས་པ་ཕྱིན་ཕྱིར་པ་ཡིག་དགོས་པ་ཡིན་ན། བཀྲལ་པ། འགྲེལ་བ། ཞེས་ཞིབ་ཆ་དགོས་པ་འདྲ། རྒན་མཁས་དབང་འཇམ་དཔལ་ལགས་ཀྱིས་ཡང་བསྐྱར་གསལ་བཤད་ཅིག་དགོས་འདུག་ལགས།
ཐ་སྙད་ཚད་གྲུབ་མེད་ན་ལས་འབྲས་མེད། །
ལས་འབྲས་མེད་ན་འཁོར་འདས་སུ་ཡིས་བྱས། །
སྔོན་གྱི་རྒྱལ་དང་རྒྱལ་སྲས་ཚོགས་རྣམས་ཀྱིས། །ཀུན་རྫོབ་བསླུ་བ་ཅན་དུ་མང་གསུངས་པས། །ཚད་མའི་ཚོད་མ་མང་དུ་ཟོས་པ་གང་། །ཐ་སྙད་ཚད་གྲུབ་འདོད་ཚེ་རྟག་མཐར་ལྷུང་། །དེ་ལ་རྒྱུ་འབྲས་རྣམ་བཞག་འཐད་མ་ཡིན། །ཆོས་རྣམས་ཐམས་ཅད་རྟོག་པས་བཏགས་ཙམ་སྟེ། །འཁོར་འདས་བདེན་མེད་སྒྱུ་མའི་རོལ་བའོ། །
མི་མཐུན་རིགས་དྲུག་གྲོང་གི་མདུན་ས་ན།།བཅུ་ཡིས་འདོད་པ་བརྒྱ་ཡིས་མི་འདོད་པས།།བཅུ་ཡིས་འདོད་པ་ཁས་ལེན་མེད་པས་སྐོངས།།བརྒྱ་ཡིས་འདོད་པ་ཡོད་མིན་མེད་མིན་མཛོད།།བྱེ་སྨྲས་འདོད་པ་མདོ་སྡེས་མི་འདོད་ཅིང་།།སེམས་ཙམ་འདོད་པ་དབུ་མས་མི་བཞེད་པ།།རང་རང་ལུགས་ཀྱི་རིགས་པས་བཏགས་པ་ཙམ། །དེ་ནི་ཐ་སྙད་ཚད་གྲུབ་མེད་པའི་རྟགས།།
དོན་དམ་བདེན་པ་ཐབས་སུ་གྱུར་བ་དང་།།ཀུན་རྫོབ་བདེན་པ་ཐབས་བྱུང་གྱུར་བ་དེ།།ཀླུ་སྒྲུབ་ཞབས་དང་ཟླ་བ་གྲགས་པ་ཡི།།ཐ་སྙད་ཚད་མས་བཞག་པ་མིན་ན་ཅི།།བདེན་པའི་ས་བོན་རྫུན་པར་ཤེས་པ་མེད།།རྫུན་པ་མྱོང་ཚེ་བདེན་སྣང་དེ་ག་རང་།།འདི་ཡང་ཐ་སྙད་ཚད་གྲུབ་མེད་པ་དང་།།ཡོད་མིན་མེད་མིན་འཇོམས་པའི་སྟ་རེ་ཡིན།།གྲུབ་མཐའ་མཁན་པོར་འཁྲུལ་བ་མ་མཆིས་ན།།རྣལ་འབྱོར་བ་ཡི་བློ་ཁྱད་ཅི་ཡིས་འབྱེད།།འཇིག་རྟེན་བླུན་པོའི་བློ་ཡི་སྣང་བ་ལ།།ཚད་མ་བགྲང་ལས་འདས་པ་རྒྱལ་པས་གཟིགས།།མཁོ་ཚད་བཟང་ཚད་ཚད་མར་འདོད་པ་དེས།།སྒྱུ་མའི་གྲོང་ཁྱེར་ཞིག་གམ་མ་ཞིག་རུང་།།མིག་གི་དབང་པོ་འཁྲུལ་ལམ་མ་འཁྲུལ་རུང་།།ནོར་བུའི་བཀོར་མཛོད་རྙེད་པར་གདོན་མི་ཟ།།
རྟེན་ཅིང་འབྲེལ་བར་འབྱུང་བས་ཐམས་ཅད་སྟོང་། །
ཐམས་ཅད་རང་གི་ངོ་བོས་སྟོང་ན་ཡང་། །
སྟོང་པ་རང་ཉིད་ཚད་མས་རྟོགས་ཐུབ་ལ། །
ཡོད་ཚད་ཐ་སྙད་ཚད་མས་གྲུབ་དགོས་པས། །
ཐ་སྙད་ཚད་གྲུབ་བློ་དྭོགས་བློ་འཆལ་རྟགས། །
ཐ་སྙད་ཚད་གྲུབ་བྱ་བ་དམ་བཅས་པས། །གཞན་དུ་སྟོང་ཉིད་ཇི་ལྟར་སྒྲུབ་ན་ཡང་། །རང་ཚུགས་ཐུབ་པའི་དངོས་པོ་འབྱུང་འགྱུར་བ། །ཀླུ་སྒྲུབ་ལུགས་དང་སླར་ཡང་འགལ་བའི་རྟགས། །
བདེན་གཉིས་འཇལ་བའི་རིགས་ཤེས་གོ་འཛོལ་ནས། །ཀུན་རྫོབ་ཐ་སྙད་རྟོགས་པའི་བློ་ཙམ་གྱིས། །དོན་དམ་མྱང་འདས་ཆེན་པོ་ལ་དཔྱོད་པ། །ཐ་སྙད་ཚད་གྲུབ་འདོད་པའི་བློ་འཆལ་རྟགས། །
བཟང་ངན་བླང་དོར་སྲིད་ཚད་ཁས་བླངས་ནས།།ཁས་ལེན་མེད་ཅེས་འགལ་བའི་ཁུར་འཛིན་པ།།ཡོད་མིན་མེད་མིན་སྨྲ་བའི་གངས་ཅན་པའི།།སྨྱུང་བར་གནས་པའི་རྒན་པོའི་ངག་བཅད་ཡིན།།རིགས་པས་བདེན་གྲུབ་འགོག་གི་བུམ་པ་མིན།།ཚད་མས་བུམ་པ་འཇོག་གི་བདེན་གྲུབ་མིན།།བདེན་གཉིས་རྣམ་དབྱེ་ལེགས་པར་མི་ཕྱེད་པ།།ཡོད་མིན་མེད་མིན་སྨྲ་བའི་བའི་གྲུབ་མཐའ་ཡིན།།མེ་ཡི་མཚན་ཉིད་ཚ་ཞིང་སྲེག་པ་དང་།།ཆུ་ཡི་མཚན་ཉིད་རླན་ཞིང་གཤེར་བ་སོགས།།མཚན་མཚོན་བྱ་བྱེད་རྣམ་བཞག་འཇིག་བྱེད་པ།།ཐ་སྙད་ཚད་གྲུབ་མེད་པའི་ངག་འཆལ་ཡིན།།མ་བརྟག་མ་དཔྱད་འཇོག་པ་ཀུན་རྫོབ་ཡིན།།བརྟགས་ཤིང་དཔྱད་ནས་འཇོག་པ་དོན་དམ་ཡིན།།ཡོད་གཉིས་མེད་གཉིས་སོ་སོར་མ་ཕྱེ་བར།།ལྟ་བའི་གྲལ་ལ་བརྫངས་བ་བློ་འཆལ་རྟགས།།
མགོན་པོ་ཀླུ་སྒྲུབ་ཀྱིས། ཐ་སྙད་ལ་ནི་མ་བརྟེན་པར།།དམ་པའི་དོན་ནི་རྟོགས་མི་ནུས།།དམ་པའི་དོན་ནི་མ་རྟོགས་པར།།མྱ་ངན་འདས་པ་འཐོབ་མི་འགྱུར།།
བློ་ཡིས་བཟོས་པའི་དགག་བྱ་གསར་བ་ཞིག །སྒྲ་ཙམ་ཉིད་དུ་བཀག་པ་ལ་འཁྲིལ་ནས། །བཏགས་པའི་དངོས་ལ་རེག་མ་ནུས་པ་འདི། །ཐ་སྙད་ཚད་གྲུབ་འདོད་པའི་བློ་འཆལ་རྟགས། །
དབུ་མ་རྩ་བར། གང་དག་རང་དངོས་གཞན་དངོས་དང་། །དངོས་དང་དངོས་མེད་ཉིད་ལྟ་བ། །དེ་དག་སངས་རྒྱས་བསྟན་པ་ལ། །དེ་ཉིད་མཐོང་བ་མ་ཡིན་ནོ། །
ཚིག་ལ་ཚིག་འཇལ།
བློ་ཡིས་བཟོས་པའི་དགག་བྱ་ངག་འཆལ་ཞིག །
སྒྲོ་བཏགས་ཙམ་ཞིག་བཀག་པ་ལ་འཁྲིལ་ནས། །
ཐ་སྙད་ཤོར་ན་བདེན་སྟོང་མི་མཇལ་བས། །
ཐ་སྙད་ཚད་གྲུབ་འདོད་པའི་བློ་སྤོབས་མཇོལ། །
རིན་ཆེན་དར་རྒྱས་ལགས་ཀྱི་མགུལ་རྒྱན་མཛོད། །
སྣང་བ་ལིང་ལིང་རང་སོར་བཞག་ནས་ནི། །དགག་རྒྱུ་བདེན་གྲུབ་རྭ་ཅན་ཞིག་འཚོལ་དང་། །ཁྱོད་ཀྱིས་བདེན་སྟོང་མཇལ་བར་ཐེ་མི་ཚོམ། །ཀརྡོ་རབ་འབྱམས་པ་ཁྱོད་དགྱེས་དགྱེས་མཛོད། །
གྲུབ་དབང་སྐལ་ལྡན་རྒྱ་མཚོས། གཞན་དག་ལ་མིག་གིས་ཕར་བལྟས་པས། །ད་ལྟར་གྱི་སྣང་ཚུལ་འདི་མིན་པའི།།བློས་བྱས་ཀྱི་བདེན་གྲུབ་རྭ་ཅན་ཞིག །སྡུག་བཙིར་གྱིས་འཚོལ་ལ་གད་མོ་འཆོར། །ཞེས་སོ།
རྗེ་མི་ལས།
མི་མངོན་ནམ་མཁའི་དབྱིངས་ཤིག་ན།།རྫོགས་པའི་སངས་རྒྱས་ཞལ་རྫུན་མཁན།།དྲང་དོན་གྱི་བསླུ་བྲིད་གསུངས་གསུངས་ནས།།ངེས་པའི་དོན་ལ་རྟོགས་དུས་མེད།།
རྗེ་མི་ལས།
ཐ་སྙད་བདེན་པའི་དབང་དུ་ནི།།ཐམས་ཅད་ཡོད་ཅེས་ཐུབ་པས་གསུངས།།དོན་དམ་བདེན་པའི་དབང་དུ་ནི།།རྫོགས་པའི་སངས་རྒྱས་ཉིད་ཀྱང་མེད།།
རིགས་པས་གྲུབ་དང་ཚད་མས་གྲུབ་པ་དང་།།རི་བོང་ཪྭ་གསུམ་ཡོད་པ་མིན་པར་མཉམ།།སོ་སྐྱེའི་བློ་ལ་རྩ་བ་གཏད་ན་ཡང་།།དྲང་ངེས་ཁྱད་པར་འབྱེད་པ་ཨེ་མ་ཧོ།།རྒྱལ་སྲས་ཆེན་པོ་དཔལ་ལྡན་ཞི་བ་ལྷས།།བཏགས་པའི་དངོས་ལ་མ་རེག་གསུངས་བ་དེ།།ཐ་སྙད་ཚད་གྲུབ་འགོག་པའི་དོན་མིན་པར།།དོན་དམ་བདེན་པའི་དགག་བྱ་ངོས་འཛིན་ཡིན།།
འཕགས་པས་སྒྱུ་མར་གཟིགས་པའི་བློ་དེ་ཉིད།།
ས་ལས་སྐྱེས་སམ་ཡང་ན་མཁའ་ལས་ལྷུང་།།
ཚོགས་སྦྱོར་པ་ཡི་རྗེས་དཔག་ཚད་མ་རྣམས།།
འཇིག་རྟེན་བྱེད་པོས་སྐྲུན་ནམ་ཡང་ན་བཙན་ལས་ལྷུན་གྱིས་གྲུབ།།
བྱིས་པའི་དུས་ནས་རིགས་ལམ་སྦྱང་སྦྱང་ནས།།
མཐའ་མར་གཡུག་ནས་རྨི་ལམ་རྟགས་བརྟེན་པ།།
དེད་དཔོན་འགའ་ཞིག་རིན་ཆེན་གླིང་མྱུལ་ནས།།
ནོར་རྣམས་བསྲེགས་ཏེ་ཁྱི་སྐྱག་སྒྲུག་དང་མཚུངས།།
རིགས་པ་སྦྱངས་ནས་གཉེན་དུ་འགྲོགས་པ་ཡི།།
ཐ་སྙད་ཚད་གྲུབ་དོན་ལ་རྨོངས་གྱུར་ན།
མུན་ནག་སྦར་ཡུལ་སྒྱུ་མའི་གྲོང་ཁྱེར་ནས།།
མཐའ་བྲལ་གཉིས་མེད་ཡེ་ཤེས་ཇི་ལྟར་འཁྲུངས།།
དད་པ་ཡོད་ན་ཁྱི་མགོ་གསེར་འགྱུར་ཞེས།།
སྒྲོ་བཏགས་ཙམ་གྱི་གཏམ་དེ་འུད་པོ་ཆེ།།
དབང་རྟུལ་དད་པའི་རྗེས་འབྲངས་ཇི་སྙེད་པ།།
ད་གཟོད་གསེར་གྱི་མཛོད་འཛིན་ལགས་སམ་ཅི།།
ཆོས་སྐོར་ཞིག་བཤད་ཚེ་མི་འདི་ཚོ་མགོ་ཚིག་མཚམས་འཇོག་མི་ཤེས་བ་ལྟ་བུའི་དགའ་བ་དང་མགུ་སྣང་ཡོད་ཀྱང་དོན་དངོས་བོད་བརླགས་མཁན་ཆོས་དང་ཆོས་བྱེད་མི་སྣ་རེད། ད་དུང་མཚམས་མེད་པ་ངན་བྱས་རྒྱན་དུ་འདོད་ནས་འདི་ལྟར་སྨྲ་མཁན་མང་བ་ནི་བོད་ལ་རེ་བ་མེད་པའི་རྟགས་རེད།
པ་བ་གཉིས་ཀྱི་སྦྱོར་ཚུལ་ནི་ཨ་མདོའི་སྐད་དང་། ལེགས་བཤད་ལྗོན་དབང་སོགས་དང་མཐུན་ཅི་ཐུབ་བྱས་ན་ཤིན་ཏུ་ལེགས་པ་འདྲ།
གཞན་དུ་ན། སྟོང་པ། དང་པོ། ཞེས་སོགས་ལ་པ་ཡིག་དང་། མི་རུང་བ། སྲུང་བ་སོགས་སྐབས་རེ་བ་ཡིག་ཡིན་དགོས་པ་དག་ནི་གཏད་སོ་ཡོད་པའི་རང་ལུགས་ཞིག་ཡིན་མིན་དཔྱད་པར་འཚལ།
རྟེན་འབྲེལ་གྱི་འབྲེལ་འདས་པ་ཕྱིན་ཕྱིར་པ་ཡིག་དགོས་པ་ཡིན་ན། བཀྲལ་པ། འགྲེལ་བ། ཞེས་ཞིབ་ཆ་དགོས་པ་འདྲ།
ཀརྨ་དགེ་ལེགས་མཆོག་ལ་སྤྲིངས་་ཡིག
ཁྱེད་རྣམས་ཀྱིས་ང་ཡིག་རྗེས་འཇུག་པ་ཡིག་ཡོད་ན། དེ་འདྲའི་རྗེས་འཇུག་ལ་པ་ཡིག་གིས་ཁྱབ་པར་འདོད་པ་དེའི་དབང་གིས་གཏད་སོ་མེད་པ་ལྟ་བུར་སྣང་ཚོད་ལ། དེ་འདྲ་གཏན་ནས་མ་ཡིན་ཏེ། སྟོང་པ། ཞེས་པ་ཁྱད་ཆོས་ཡིན་པ་དང་། སྟོང་བ། ཞེས་པ་བྱ་ཚིག་ཡིན་པའི་ཁྱད་པར་ཡོད། དེ་བཞིན་དུ། འགྲེལ་བ། ཞེས་པ་བྱ་ཚིག་དང་། འགྲེལ་པ། མིང་ཚིག་ཡིན་པའི་ཁྱད་པར་ཕྱེ་ཐུབ་ན། རྙོག་དྲ་དེ་སངས་ཐུབ་པའི་རེ་བ་དང་།
ལེགས་བཤད་ལྗོན་དབང་དུ།
ང་འ་ར་ལ་མཐའ་མེད་མཐར།
བདག་སྒྲ་ཡར་འགྱུར་བ་དང་ནི།
ཆ་ལ་པ་ཉིད་སྦྱོར་བ་ལེགས།
དིང་སང་གིས་དབུས་གཙང་གི་སྐད་ལ་འཐད་ཀྱང་། ཨ་མདོའི་སྐད་ལ་མི་འཐད་པ་ནི་མཁས་པ་ཆེན་པོ་ཚེ་ཏན་ཞབས་དྲུང་རིན་པོ་ཆེ་དང་། མུ་གེ་བསམ་གཏན་རིན་པོ་ཆེས། ཐོན་མིའི་ཞལ་ལུང་དང་། བློ་གསལ་འཇུག་ངོགས་སུ། ཡི་གེ་དེ་དག་གིས་རྗེས་སུ་མཐའ་གཅིག་ཏུ་བ་ཡིག་དགོས་པར་གསུངས། འོན་ཀྱང་བོད་སྤྱིའི་སྐད་དུ། བ་ཡིག་བདག་སྒྲར་མི་འཐད་པར་མཁས་པ་དེ་དག་མ་བྱོན་གོང་དུ། བ་ཡིག་བདག་སྒྲར་ཡོད་པ་སི་ཏུ་པཎ་ཆེན་གྱིས་དགག་པར་མཛད། དེས་ན། བོད་སྤྱིའི་སྐད་ལ་བདག་སྒྲ་སོགས་གཅིག་འགྱུར་བྱེད་པ་ལ་བོད་སྔ་རབས་པའི་སྐད་བཀའ་འགྱུར་ན་ཡོད་པ་དང་། དེ་བཞིན་དུ། བོད་ཀྱི་ཡུལ་མཐའ་ཤར་རྒྱ་མོ་རོང་དང་། ལྷོ་འབྲས་ལྗོངས་སོགས་ཧི་མ་ལ་ཡའི་ལྗོངས་དང་། ནུབ་སྦལ་ཏི་ཡུལ་སོགས་ནས་བླངས་ནས་བོད་སྐད་བརྡ་སྤྲོད་གཅིག་འགྱུར་བྱེད་དགོས་པར་མཐོང་ངོ་།།
སྣང་བ་རང་སོར་བཞག་ནས། །
དགག་མི་ཐུབ་པའི་ལང་ལོང་། །
གྲུབ་ན་བདེན་གྲུབ་དེ་ཡིན། །
དེ་ཕྱིར་སྣང་ཚད་སྟོང་དགོས། །
སྟོང་ཉིད་ཡིན་པའི་ངོས་ནས། །
སྣང་བ་ལང་ལོང་ཤར་ན། །
སྟོང་བ་མིན་པའི་སྣང་བ། །
ལོགས་སུ་བཞག་པ་ཅི་ཡོད། །
ཡུལ་ཅན་ཤེས་རབ་གཅིག་གིས། །
སྣང་སྟོང་ཐ་དད་མིན་པར། །
གཅིག་ཏུ་འདྲེས་པ་རྟོགས་ན། །
ཡུལ་དང་ཡུལ་ཅན་གཉིས་ཀ །
རོ་གཅིག་ཉིད་ལས་མི་གདའ། །
ལ་དྭགས་བློ་བཟང་འཇམ་དཔལ་ལགས།
ལན་གསུངས་པ་ལ་ཐུགས་རྗེ་ཆེ་ཞུས་པ་ཡིན།
འོན་ཀྱང་། བྱ་ཚིག་གི་མཐའ་དང་། ཁྱད་ཚིག་གི་མཐའ་ལ་པ་ཡིན་དང་། མིང་མཐའ་ལ་བ་ཡིན་པའི་སྒྲུབ་བྱེད་གང་དག་ཡོད། སྔོན་གྱི་བརྡ་སྤྲོད་ཞིག་ན་ཡོད་དམ། སྔོན་གྱི་ཡི་གེ་དག་ལ་དཔྱད་པ་བྱས་ནས་གསུངས་པ་ཡིན།
ལེགས་བཤད་ལྗོན་དབང་གི་བདག་སྒྲ་ཡ་ཆ་ནི། ཕལ་ཆེར་བཀྲལ་བ་གནད་དུ་མ་སོང་པ་འདྲ། དེ་འདྲ་ཡིན་ཙ་ན་ཨ་མདོའི་སྐད་དང་མི་མཐུན་པར་གྱུར་བ་རེད། གལ་ཏེ་ལེགས་པར་བཀྲལ་ནས་དཔྱད་ན་ཨ་མདོའི་སྐད་དང་མཐུན་ལ་ད་གཟོད་ལེགས་བཤད་ཅིག་རེད།
ཅ་ལག་བཅས་པར་ཐ་སྙད་ཙམ་ལས་གཞན།
ཆ་ཤས་མང་དག་བསམ་ནས་མ་བརྟག་པ་།།
ཇ་ཆང་སྤྱད་ལ་བག་དང་བྲལ་བ་རྣམས།།
ཉ་ཕག་ཟས་ལ་ལྷགས་ལྟར་མ་ལགས་སམ།།
ཏ་ཐ་ག་ཐས་ཡངས་དག་གདམས་པ་རྣམས།།
ཐ་རམས་ཕལ་པས་དམ་བཅའ་བྲལ་སྨྲ་བ།།
ད་བར་མང་དག་གདའ་ཡང་རབ་བརྟག་ན།།
ན་ཕྲས་འཇམ་དབྱངས་བྲག་དཔྲལ་པས་འགྲན།།
པ་སངས་འདྲ་རྣམས་མཁའ་ལ་འཕགས་ནས་སླར་།།
ཕ་ལམ་དཔག་ཡས་དག་ལ་འགྲན་དཀའ་བས།།
བ་ལང་ལག་ལྡན་རང་སར་འཇར་མཁན་དག།།
མ་ལ་ཡ་ན་ཆས་སྙམ་བཞད་གད་གནད།།
ཅེས་བྱ་བ་འདི་ནི་སྐབས་དོན་དང་སྦྱར་ཏེ་དབྱངས་ཨ་ངེས་པའི་དབུ་མའི་སྡོམ་
ཚིག་སོགས་ཀ་ཕྲེང་གི་རྩོམ་ལུས་སུ་བཀོད་པའོ།།
མཁྱེན་ཡངས་རིག་པའི་བུ་མིང་རིགས་པས་དབེན།།
རང་ལ་རིགས་པ་བྲལ་ཡང་གཞན་མཁས་པས།།
ལོངས་སུ་སྤྱད་ནས་བོད་དོན་འཛིན་རྣམས་ལ།
བཟོ་ཞིང་དམག་ལྟར་རང་རང་འཇུག་ཡུལ་དུ།།
རང་གི་འཇོན་ཚོད་ལས་རྣམས་ཡལ་བོར་ནས།།
ལྡོག་སྟེ་བོད་དོན་ཚོལ་བ་སྨྱོན་པའི་གཤིས།།
བོད་དོན་བརླགས་དུས་ཁྱེད་རང་གང་དུ་བཞུགས།
བོད་དོན་འགྲུབ་དུས་ཁྱེད་རང་གང་དུ་གཤེགས།།
བོད་་དོན་གཞན་ལ་་དཀྲི་བའི་སྐྱེ་བོ་རྣམས།།
བོད་དོན་བརླགས་མཁན་གཏེ་བོར་རིགས་པས་གྲུབ།།
བོད་ཀྱི་དཔའ་བོ་དཔའ་མོ་ཇི་སྙེད་པའི།།
བོད་ཞེན་ལྷག་བསམ་ཅན་རྣམས་གང་ཡིན་ཅེས།།
བོད་པ་གཟུ་བོར་གནས་པ་སུར་དྲིས་ཀྱང་།།
བོད་ཀྱི་ཆོས་པ་རྒྱལ་སྲས་རྣམས་རེད་ཅེས།།
བོད་མི་སུ་ཞིག་སྨྲ་བར་ཐེ་ཚོམ་བྱེད།།
བོད་ཞེན་ཡོད་ན་དེ་ཚོ་མཁྱེན་ཚོད་རེད།།
བོད་ཞེན་མེད་ན་ཁྱེད་ལྟར་རང་མགོ་བརྡུང་།།
བོད་ཀྱི་ཆབ་དཔལ་རིག་པ་ལས་གཞན་པའི།།
བོད་པའི་མཐར་ཐུག་དོན་ཞིག་ངས་མ་མཐོང་།།
ཁྱེད་ལ་དེ་ལས་གཞན་པའི་བོད་དོན་ཞིག །
ཁྲོམ་ལས་རྙེད་ན་དེ་ནི་ཕྱི་ཚུལ་གྱི།།
བོད་དོན་རེད་ཅེས་སྨྲ་བར་ཁོ་བོ་སྤོབས།།
དེས་ན་ཁྱེད་ཀྱིས་དེ་ལྟར་མི་སྨྲ་བར།།
གཞན་རྣམས་ཁྱེད་ལས་ལྷག་པར་མྱུར་རྟོགས་ནས།།
དེང་གི་དུས་སུ་རིགས་པས་བོད་དོན་སྒྲུབས།།
སྔོན་ཚེ་གླང་དར་བཙན་པོས་ཆོས་རྒྱལ་བསྐྲོངས།།
དེ་ཡི་རྣམ་སྨིན་མཐོང་ཆོས་མྱོང་བར་གྲུབ།།
བར་དུ་ཀླ་ཀློ་དམར་པོས་༸རྒྱལ་དབང་བསྐྲད།།
དེ་ཡི་་རྣམ་སྨིན་རང་ཁྱིམ་ཐལ་བར་བརླགས།
དེང་གི་དུས་སུ་ཀྲུའུ་ཝི་ཇུན་ལ་སོགས།།
བསྟན་དགྲ་རྣམས་ཀྱི་ཆོས་ལ་སྨོད་མོ་འདེབས།།
དེ་ཡི་མཇུག་འབྲས་ཚེ་འདིར་མངོན་འགྱུར་ངེས།
ཀླ་ཀློ་ཕལ་ཆེར་ཚེ་མཇུག་རྒུད་པས་པས་བསྡུས།
༸རྒྱལ་དབང་མཚན་སྙན་དགུང་ནས་དགུང་དུ་འབར།།
བོད་དོན་བདེན་མཐའ་རིགས་པས་གསལ་བར་ངེས།
དེ་དག་ལེགས་པར་བརྟགས་ནས་སྤངས་བླང་མཛོད།།
ཆོས་རྒྱལ་དཀྲོངས་མཁན་གླང་དར་མ་ཡིན་ཏེ།།
གྲོངས་མཁན་ཝས་སྟག་ཡིན་པ་ཀུན་ཏུ་གྲགས།།
གླང་དར་གྲོངས་མཁན་ཆོས་པ་ཡིན་པས་ན།།
དེ་ཡི་འཇུག་འབྲས་བོད་འདི་ཕུང་ལ་སྦྱར།།
བོད་ཀྱི་དབུ་ཁྲིད་བླ་མ་མཛད་མཛད་ནས།།
དམག་གི་བཀོད་ཇིས་མ་རྟོགས་ཕམ་ཁ་བྱུང་།།
ཕམ་པའི་མཐའ་མ་སྐྱབས་བཅོལ་ཞུ་མཁན་ཡང་།།
ཚོང་དཔོན་ཨ་འབྲུག་ཡིན་ལས་ཆོས་པ་མིན།།
བོད་ལ་ཁེ་ཚོང་ཡོད་ན་ཆོས་པས་འཁུར།།
ཁེ་ཚོང་མེད་དུས་ཆོས་པ་ཁུང་དུ་འཛུལ།།
གང་ན་ཁེ་ཚོང་ཡོད་ན་གནས་དེ་རུ།།
ཚོས་དཔོན་འཚང་ཁ་བརྒྱགས་པ་སྔ་ནས་རྟོགས།།
ཁེ་ཚོང་མེད་དུས་ཆོས་སྲིད་སོ་སོར་རེད།།
ཁེ་ཕན་ཡོད་ན་ཆོས་སྲིད་ཟུང་འབྲེལ་རེད།།
ཆོས་དང་སྲིད་ཅེས་འབོད་པའི་སྒྲགས་ཚིག་འདི།།
ཆོས་དཔོན་རྣམས་ཀྱི་ཁེ་ཕན་ལམ་ཁ་རེད།།
བདེན་གཉིས་སོ་སོར་གཏན་འབེབས་པའི། །ཚད་མ་ཡོད་པ་སུས་ཀྱང་སྨྲ། །འོན་ཀྱང་དོན་དཔྱོད་རིགས་པ་ཡིས། །གནས་ལུགས་གཏན་ལ་འབེབས་པའི་ཚེ། །ཐ་སྙད་ཚད་གྲུབ་བློས་མ་ཐོང་། །དེ་ཡིས་ཁྱོད་ལ་འཁྲུལ་བ་བསྐྱེད། །བུམ་པ་བུམ་པས་མི་སྟོང་བར། །བདེན་གྲུབ་གཞན་གྱིས་སྟོང་སྨྲ་ན། །ནམ་ཞིག་འཕགས་པའི་མཉམ་བཞག་སྐབས། །བུམ་པའི་ལྟད་མོར་རོལ་ལམ་ཅི། །ཡང་ན་ཁྱོད་ཀྱི་མཉམ་བཞག་དེ། །བུམ་པའི་འཇིག་རྒྱུ་ཉིད་དུ་ཐལ། །
བུམ་པ་བུམ་པས་མི་སྟོང་སྟེ། །
བུམ་པ་བུམ་པ་ཡིན་ཕྱིར། །
བུམ་པ་བདེན་གྲུབ་སྟོངས་དགོས་ཏེ། །
བུམ་བདེན་གྲུབ་མིན་པའི་ཕྱིར། །
དོན་དམ་དཔྱོད་པའི་སྐབས་སུ་ཀུན་རྫོབ་མེད།།ཐ་སྙད་དཔྱོད་པའི་སྐབས་སུ་དོན་དམ་མེད།།སོ་སྐྱེའི་དབང་བློ་འཁྲུལ་སྣང་འདི་དག་གིས།།གནས་ལུགས་རྗེན་པར་མཐོང་བ་འདོད་མ་ཡིན།།རང་བློ་སྣང་བའི་ཆ་ནས་འཁྲུལ་ན་ཡང་།།འཛིན་པའི་ཆ་ནས་འཐད་པ་བསམ་མི་ཁྱབ།།མཆོག་གསུམ་རྒྱུ་འབྲས་བསླུ་བ་མེད་པའི་ཚུལ།།ཀུན་རྫོབ་ཇི་སྙེད་ཐ་སྙད་ཚད་གྲུབ་ཡིན།།
ཀུན་རྫོབ་བདེན་པ་ཐ་སྙད་ཚད་གྲུབ་རེད། །
དཀོན་མཆོག་དགེ་སྡིག་ལས་འབྲས་སོགས་ལ་སོམས། །
དོན་དམ་བདེན་པ་ཐ་སྙད་ཚད་གྲུབ་སྟེ། །
དོན་དམ་བདེན་པའང་ཐ་སྙད་ཙམ་དུ་ཡོད། །
ཐ་སྙད་ཚད་གྲུབ་མེད་བལྟ་ཆད་མཐར་ལྷུང་། །
འཇུག་པ་ལས། འདི་ནི་གསན་རྒྱ་ཆེ་ཡང་གཞན་གྱིས་ཐུགས་སུ་ཆུད་མི་འགྱུར།།དེའི་ཐད་ཀྱི་རང་འགྲེལ་ལས། སྔོན་གྱི་སློབ་དཔོན་ཕྱོགས་གླང་དང་ཆོས་སྐྱོང་ཞེས་པ་ནས་། ཁོ་བོ་དེ་སྐད་དུ་སྨྲ་འོ།།ཞེས་སློབ་དཔོན་དབྱིག་གཉེན་སོགས་ཀྱིས་ཀྱང་མ་རྟོགས་པར་གསུངས་ན། ད་ལྟ་རང་ཚོ་དཔེ་ཀློག་ཐེབ་ཆག་ཙམ་རེ་བྱས་ནས་ལྟ་བ་ལས་སླ་མདོག་ཁ་བོ་ཁ་ནས་རང་བཞིན་མེད་ཟེར་ཤེས་པ་ཙམ་དང་། བསམ་པའི་ཚེ་སྟོང་སང་ངེ་བ་ཙམ་འཆར་བ་འདི་ལ་ལྟ་བའི་དྲི་ཙམ་ཡང་མེད། ལྟ་བ་ལ་དོན་གཉེར་ཡོད་མདོག་འདྲ་ཡང་སྤྱོད་ཕྱོགས་ལ་སྣང་མེད་བྱས་ན་ཉེན་ཚབས་ཤིན་ཏུ་ཆེ་སྟེ། རྩ་་བ་ཤེས་རབ་ལས། སྟོང་བ་ཉིད་ལ་ལྟ་ཉེས་ན།།ཤེས་རབ་ཆུང་རྣམས་ཕུང་བར་འགྱུར།།ཇི་ལྟར་སྦྲུལ་ལ་བཟུང་ཉེས་དང་།།རིག་སྔགས་ཉེས་བར་སྒྲུབ་པ་བཞིན།།ཞེས་གསུངས་པ་ལྟར་དུག་སྦྲུལ་གསོད་པའི་ཐོག་མར་ཁོང་ཁྲོ་དྲག་པོ་བསླང་ན་དུག་ཐམས་ཅད་ལྕེ་རྩེ་དང་མཇུག་མའི་རྩེ་ལ་འགྲོ་བས་མགོ་མཇུག་བཅད་ན་བར་དེ་སྨན་མཆོག་ཏུ་གྱུར་བ་ཞིག་ཡིན་ཀྱང་དེ་འདྲ་མ་བྱས་པར་རེག་ན་ལུས་ལ་དུག་ཞུགས་ནས་ཁྲག་དང་འདྲེས་ཏེ། དེ་མ་ཐག་སྤྱི་གཙུག་ནས་རྐང་མཐུལ་གྱི་བར་ཁྱབ་ནས་སྦོས་ཏེ་འཆི་བ་ཡིན། རིག་སྔགས་ནི་དངོས་གྲུབ་བརྒྱད་ཀྱི་ནང་ཚན་རལ་གྲི་སྒྲུབ་པའི་ཚེ་སྐབས་ཤིག་ན་རལ་གྲི་འགུལ་པའི་ཚེ་འཛིན་ཤེས་ན་དེས་ལྷ་ཡུལ་སོགས་སུ་འགྲོ་ནུས་ཀྱང་། མ་ཤེས་ན་རང་གི་སྐེ་གཅོད་པ་ལྟར་ཉེན་ཧ་ཅང་ཆེ་བ་ཡིན།
རྗེ་ཙོང་ཁ་བས་འཇམ་པའི་དབྱངས་ལ་ཟབ་མོ་དབུ་མའི་ལྟ་བ་རྙེད་པའི་ཕྱིར་ཡང་ཡང་གསོལ་འདེབས་པའི་སྐབས་ཤིག་ན། ཤེས་རབ་སྙིང་པོར། གཟུགས་སྟོང་པའོ།།ཞེས་སོགས་ཀྱི་སྟོང་ཉིད་བཞི་སྐོར་གྱི་དོན་ལ་ཐུགས་གཏད་པས། བོད་སྔ་རབས་ཀྱི་ལྟ་བ་ཅི་ཡང་ཡིད་ལ་བཟུང་དུ་མེད་པ་དེ་ཀ་ཐུགས་ལ་བདེ་བ་འདྲ་བ་ཞིག་བྱུང་སྟེ། ཐུགས་དེ་ཀའི་མུ་ལ་ཏིང་ངེ་འཛིན་དུ་སོང་ནས། ཚོགས་གྲོལ་ཚེ་གཞན་རྣམས་ཀྱིས་སློང་དགོས་པ་བྱུང་ནས། འཇམ་པའི་དབྱངས་ལ་ངའི་ལྟ་བ་འདི་ཐལ་རང་གང་གི་ལྟ་བར་འདུག་ཅེས་ཞུས་པས་གང་ཡང་མིན་གསུངས། འོ་ན་ཅི་འདྲ་ཞིག་བྱེད་དགོས་ཞུས་པས་ཐེག་པ་ཆེན་པོའི་གཞུང་ལ་ལྟ་རྟོག་གྱིས། དེའི་ནང་ནས་ཀླུ་སྒྲུབ་ཁོ་ན་ཐེག་ཆེན་གྱི་བསྟན་པ་འདི་ལ་དབང་དུ་གྱུར་པ། ཚད་མར་གྱུར་བ་ཡིན་པས་དེའི་གཞུང་རྣམས་དང་། ཟླ་བ་གྲགས་པ་འདི་སྟེང་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་ཚད་མེད་པ་འདས་པའི་ཞིང་གཅིག་ནས་ཀླུ་སྒྲུབ་ཀྱི་བསྟན་པ་འཛིན་པའི་ཕྱིར་སྐྱེ་བ་བཞེས་པ་ཡིན་པས། དེའི་གཞུང་ལ་དཔྱད་པ་ཞིབ་ཏུ་གྱིས་གསུངས། དེའི་ཕྱིར་རྗེའི་གསེར་ཕྲེང་སྔ་རྩོམ་ཡིན་པས་བོད་སྔ་རབས་པའི་ལྟ་བ་གཙོ་བོར་བཟུང་ཡོད་པར་དགེ་ལྡན་པའི་མཁས་གྲུབ་འགས་གསུངས། རྗེ་ཙོང་ཁ་བས་དེ་ལྟར་མཛད་ཀྱང་ལྟ་བ་མ་དགོངས་ནས། ད་ཅིས་ཀྱང་མངའ་བདག་མེ་ཏྲི་པ་དང་། སློབ་དཔོན་ཀླུ་བྱང་ཆུབ་སོགས་ད་ལྟ་རྒྱ་གར་ན་བཞུགས་ཡོད་པས་དེ་དག་གི་དྲུང་དུ་གཏུགས་ཏེ་ལྟ་བ་རྙེད་པ་ཞིག་མ་བྱས་པའི་ཐབས་མི་འདུག་དགོངས་ནས། ལྷོ་གྲོ་བོ་ལུང་དུ་ཕེབས་ཏེ་ལྷོ་བྲག་ནམ་མཁའ་་རྒྱལ་མཚན་ལ་ལམ་རིམ་གསན། དེའི་སྐབས་སུ་ལྷོ་བྲག་གྲུབ་ཆེན་གྱིས་ཕྱག་རྡོར་ལ་བློ་བཟང་གྲགས་པ་འདི་རྒྱ་གར་དུ་འགྲོ་བ་ངས་འགོག་མི་ནུས་པར་འདུག་པས་ཅི་བྱེད་ན་དགའ་ཞུས་པ་ལ་ཕྱག་རྡོར་གྱིས་ཁོང་རྒྱ་གར་ལ་ཕེབས་ན་རྡོ་རྗེ་གདན་གྱི་མཁན་པོ་ཡོང་ཞིང་། རྒྱ་གར་ལ་ཉི་མ་ཤར་བ་འདྲ་བ་འོང་། འོན་ཀྱང་སླར་འཁོར་མི་ནུས་པས་བོད་ཁམས་མུན་པའི་གླིང་དུ་འགྲོ །ལྟ་བའང་ཐུགས་དེ་ཙམ་གནང་མི་དགོས་མྱུར་དུ་རྟོགས་འོང་གསུངས་པ་ཁོང་གིས་རྗེ་ལ་ལན་བསྐྱར། དེའི་ཚེ་རྗེ་རིན་པོ་ཆེས་རྗེ་བཙུན་འཇམ་དབྱངས་ལ་བདག་གཅིག་པུར་བསྒོམ་པ་དགའམ། འཁོར་རྣམས་ཁྲིད་པ་དགའ་ཞུས་པར་གཞན་རྣམས་ཞོག་ལ། འཁོར་དག་པ་རྣམ་བརྒྱད་ཁྲིད་གསུངས་པ་ལྟར་འོལ་ཁ་ཆོས་ལུང་དུ་བྱོན་ནས་ལྟུང་བཤགས་སོ་ལྔ་རེ་ལ་ཐུན་གཅིག་བྱས་པའི་ཐུན་བཞི་ཆག་མེད་མཛད་ཅིང་ཕྱག་འབུམ་སོ་ལྔ་འཚལ། རྡོ་ཡི་མཎྡལ་མཛད། འཚོ་བའང་ཤུག་པའི་འབྲུ་མ་གཏོགས་རྩམ་པ་གཏན་མི་བཞེས་པའི་ཚེ། སྦྱིན་བདག་རྣམས་ཀྱིས་ནན་གྱིས་གསོལ་ནས་ཅུང་ཟད་བཞེས་ནས་ཉིན་མཚན་མེད་པར་དཀའ་སྤྱད་མཛད། ཉིན་གཅིག་གི་མནལ་ལམ་དུ་སངས་རྒྱས་བསྐྱངས་ཡིན་ཟེར་བའི་བཙུན་པ་སྔོ་སེང་ངེ་བ་ཞིག་གིས་གླེགས་བམ་སྔོན་པོ་ཞིག་དབུ་ཐོག་ཏུ་བཞག་ནས་ལན་གསུམ་བྱིན་རླབ་བྱེད་པ་བྱུང་བས། དེའི་ཕྱི་ཉིན་རྒྱུས་མེད་པའི་གླ་བ་ཞིག་གིས་བུདྷ་པཱ་ལི་ཏི་དཔེ་ཁྱེར་བྱུང་ནས་འདི་ལ་གཟིགས་ཟེར་བས། དེའི་ནང་གི་རབ་བྱེད་བཅོ་བརྒྱད་པ་དང་དུས་བརྟགས་པའི་ཐད་ལ་ཞིབ་དཔྱོད་མཛད་པ་ན་བཏགས་ཡོད་མིང་རྐྱང་ཙམ་དང་། དེ་ལ་རྒྱུ་འབྲས་རྟེན་འབྱུང་གི་རྣམ་བཞག་འགལ་མེད་དུ་འཇོག་ཚུལ་ཐུགས་སུ་ཆུད་དེ་རྒྱལ་བ་ལ་ཤེས་ནས་དད་པ་ཐོབ་པས། བསྟོད་པ་ལེགས་བཤད་སྙིང་པོ་ཆུང་བ་འདི་མཛད་པ་ཡིན། དེའི་ཕྱིར་སྟོང་བ་ཉིད་ནི་རྟོགས་དཀའ་ཞིང་རྟོགས་ན་དོན་ཆེ་བ་དང་། འདི་ལ་ཐེ་ཚོམ་ཟོས་བ་ཙམ་གྱིས་ཀྱང་ཕན་ཡོན་རྒྱ་ཆེན་པོ་ཡོད་པར་གསུངས།
ཀརྨ་དགེ་ལེགས་ཀྱིས།
འོན་ཀྱང་། བྱ་ཚིག་གི་མཐའ་དང་། ཁྱད་ཚིག་གི་མཐའ་ལ་པ་ཡིན་དང་། མིང་མཐའ་ལ་བ་ཡིན་པའི་སྒྲུབ་བྱེད་གང་དག་ཡོད། སྔོན་གྱི་བརྡ་སྤྲོད་ཞིག་ན་ཡོད་དམ། སྔོན་གྱི་ཡི་གེ་དག་ལ་དཔྱད་པ་བྱས་ནས་གསུངས་པ་ཡིན།
ལེགས་བཤད་ལྗོན་དབང་གི་བདག་སྒྲ་ཡ་ཆ་ནི། ཕལ་ཆེར་བཀྲལ་བ་གནད་དུ་མ་སོང་པ་འདྲ། དེ་འདྲ་ཡིན་ཙ་ན་ཨ་མདོའི་སྐད་དང་མི་མཐུན་པར་གྱུར་བ་རེད། གལ་ཏེ་ལེགས་པར་བཀྲལ་ནས་དཔྱད་ན་ཨ་མདོའི་སྐད་དང་མཐུན་ལ་ད་གཟོད་ལེགས་བཤད་ཅིག་རེད།
ཀརྨ་དགེ་ལེགས་ལེགས།
ཁྱེད་ཨ་མདོའི་ཁ་སྐད་དེ་གཙོ་བར་འཛིན་མཁན་ཞིག་ཡིན་པ་དང་། བདག་ནི་བོད་སྤྱིའི་སྐད་གཙོ་བོར་འཛིན་མཁན་ཞིག་ཏུ་རེ་བ་ཡིན། རང་རེ་གཉིས་ཀྱི་བར་དུ་རྙོག་དྲ་འདི་སངས་དཀའ་བར་མཐོང་། འབྱུང་ན་ཁོ་བོ་བཞིན་དུ། བོད་སྔ་རབས་པའི་ད་ལྟ་བཀའ་འགྱུར་ན་བསྡོགས་པའི་གླེགས་བམ་མང་དུ་བཞུགས་པ་ནས་གཞུང་དཔེ་གང་ནུས་བཀླགས་ཏེ། ཁྱེད་ཀྱི་བློ་གྲོས་ཀྱི་མེ་ཏོག་རྒྱས་པ་ན། བོད་སྤྱིའི་སྐད་ལ་ཕན་པའི་ལོ་ཏོག་བཟང་པོ་སྐྱེ་ངེས། ཞར་དུ་མདོ་སྨད་པ་མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་འདི་ལྟར་གསུངས་པ་ལ་དགོངས་པ་བཞེས་དགོས་ཏེ།
དེས་ན་ད་དུང་ཡང་རང་རེ་རྣམས་ཇི་སྲིད་བསྟན་བཅོས་ཀྱི་ཐ་སྙད་དང་ཆོས་སྐད་ལ་ཆ་འཇོག་བྱེད་པ་དེ་སྲིད་དུ་བོད་ཡུལ་ཡོངས་རྫོགས་ཀྱི་སྐད་རིགས་ཀྱང་གཅིག་ཏུ་གནས་པ་ཡིན་ཞིང་། དཔེར་ན་ཆོས་སྐད་དུ་བྲིས་པའི་གླེགས་བམ་ཞིག་མངའ་རིས་ནས་ཨ་མདོའི་བར་དུ་འཁྱེར་ཡང་། ཐམས་ཅད་ཀྱིས་ལྷོགས་ཤིང་གོ་ཐུབ་པ་ཡིན། དེ་མིན་དིང་སང་མཐའ་མི་འགའ་ཞིག་གིས། དབུས་ཀྱི་ཕལ་སྐད། ལ་དྭགས་ཀྱི་ཕལ་སྐད་སོགས་སྣང་བ་གང་དྲན་གྱི་སྐད་མཛོད་དང་གླེགས་བམ་སྡེབས་པ་འདི་རིགས། བརྒྱ་ལ་དར་སྲོལ་ཆེ་རུ་སོང་ན། ཡུལ་སོ་སོའི་ཕལ་སྐད་མི་འདྲ་བའི་རྐྱེན་གྱིས་བོད་ཀྱི་སྐད་སྤྱི་ཡང་དུམ་བུར་ཆད་དེ། ནམ་ཞིག་ན་ཡུལ་སོ་སོའི་སྐད་དང་ཡི་གེ་ཕན་ཚུན་བརྡ་མི་འཕྲོད་པ་ཞིག་འོང་ངེས་ལ། སྐད་ཡིག་སོ་སོར་གྱེས་པས། བསམ་འཁྱེར་དང་སྤྱོད་ལམ་སོགས་ཀྱང་ཐ་དད་དུ་སོང་སྟེ། མཐར་བོད་ཀྱི་རིགས་དང་རྒྱལ་ཁམས་རྩ་བ་ཉིད་ནས་སིལ་བུར་འགྲོ་བའི་རྐྱེན་དུ་འགྲོ་བ་ལགས། གལ་ཏེ་ཕལ་སྐད་གསར་པ་དེ་ལྟ་བུ་ཞིག་བོད་ཡུལ་ཀུན་ཏུ་དར་བའི་དབང་དུ་བྱས་ན་ཡང་། རང་ཅག་གི་ཆོས་སྐད་དུ་བྲིས་པའི་མདོ་རྒྱུད་རིག་གནས་ཀྱི་གཙུག་ལག་རྒྱ་མཚོ་ལྟ་བུ་འདི་ཀུན་རིམ་གྱིས་སུས་ཀྱང་མི་གོ་བའི་གླེགས་བམ་གྱི་ཕུང་པོ་ཙམ་དུ་འགྲོ་ངེས་པས། སྲོལ་ངན་འདི་འདྲའི་ཕྱོགས་ལ་ཐམས་ཅད་ཀྱིས་བག་ཟོན་དགོས་པ་ལགས།
ལྷ་ས་ཧོར་ཁང་སྤར་མ། ཤོག་གྲངས། ༣༢
མཁས་དབང་ཆེན་པོ། ལ་དྭགས་པ་བློ་བཟང་འཇམ་དཔལ་ལགས།
བོད་སྔ་རབས་པའི་བཀའ་འགྱུར་པའི་ཟེར་བ་གང་ངོས་འཛིན་བྱེད། གལ་ཏེ་སྡེ་དགེའི་བཀའ་འགྱུར་ལ་ཟེར་བ་ཡིན་ན། དེ་ནི་རྗེ་སི་ཏུ་པཎ་ཆེན་གྱིས་ཞུ་དག་བྱས་པ་ཡིན་པས་པ་མཐའ་ཅན་ཤིན་ཏུ་མང་ངོ་། །སྔོན་གྱི་བཀའ་འགྱུར་རྣམས་བསྡུར་ན་པ་བ་གཉིས་མི་འདྲ་བ་མང་བས་གང་སྤྱི་སྐད་ཡིན། སྤྱིར་སི་ཏུ་པཎ་ཆེན་གྱི་རང་ལུགས་དང་རང་གི་སློབ་མ་གཉིས་པ་བའི་སྐབས་དགོངས་པ་ཁ་ཁར་གྱུར་ཡོད། དེ་བཞིན་དབྱངས་ཅན་གྲུབ་པའི་རྡོ་རྗེ་སོགས་ཨ་མདོ་མ་ཡིན་པ་ཆེས་ཤིན་ཏུ་མང་པོ་ཞིག་གིས་རྗེ་འཇུག་ང་འ་ར་ལ་མཐའ་མེད་དག་གི་མཐར་བ་དང་བོ་འཐོབ་དགོས་པར་གསུང་ཡོད། དེ་ཀ་རང་རང་ལུགས་སུ་བཟུང་ན་ལེགས་པར་སེམས། གཞན་དུ་ན། བྱ་ཚིག་གི་མཐའ། མིང་ཚིག་གི་མཐའ། ཁྱད་ཚིག་གི་མཐའ། བདག་སྒྲ་སོགས་ལ་སྦྱོར་མི་འདྲ་བ་དགོས་ན་དཀའ་ངལ་ཆེ་རུ་བཏང་འདུག
ཡང་སྔོན་གྱི་རྡོ་རིང་གི་ཡི་གེ་ཡིན་ཟེར་བ་ཡིག་ཐོག་ཏུ་ཡོད་པ་དེ་དག་དང་། ཏུན་ཧོང་གཏེར་ཡིག་སོགས་ནའང་ང་འ་ར་ལའི་རྗེས་སུ་བ་སྤྱར་ཡོད་པ་མང་བོ་འདུག དེ་བཞིན་བོན་པོའི་བརྡ་སྤྲོད་པ་དག་ནའང་དེ་འདོད་ཡོད་པ་དུ་མ་མཐོང་བྱུང་། འོན་ཀྱང་བརྡ་སྤྲོད་དེ་དག་དུས་སྐབས་ནམ་བྱུང་བ་ཡིན་མི་ཤེས། ལོ་རྒྱུས་རིང་པོ་ཡོད་སྲིད།
གང་ལྟར་ངས་མཐའ་གཅིག་ཏུ་ཨ་མདོའི་རང་ལུགས་བྱས་ནས་བཤད་པ་མིན།
མུ་མཐུད་དུ་བགྲོ་གླེང་བྱ་འདོད་ཡོད།
༄༅།།བསྟན་འཛིན་ཆེན་པོ་འགྲན་ཟླ་དང་བྲལ་བ་བློ་བཟང་གྲགས་པའི་དཔལ་གྱི་ངང་ཚུལ་མདོ་ཙམ་དུ་བརྗོད་པ་དད་པའི་པདྨོ་རྒྱས་པར་བྱེད་པའི་བསྟོད་ཚིག་གི་ཉི་མ་ཞེས་བྱ་བ་བཞུགས་སོ།།
ན་མོ་མཉྫུ་གྷོ་ཥཱ་ཡ།
བློ་ཆེན་རྒྱལ་བ་རྣམས་ཀྱི་སྤྱན་སྔ་རུ།།བཟང་པོའི་སྨོན་ལམ་རླབས་ཆེན་གྲུབ་པའི་མཐུས།།
གྲགས་པའི་སྒྲ་ཆེན་ཐུབ་བསྟན་འགྲོ་བའི་དཔལ།།བློ་བཟང་གྲགས་པའི་དཔལ་ལ་གུས་ཕྱག་འཚལ།།དཔག་ཡས་ཚོགས་གཉིས་ཀུན་གྱི་རྩེ་མོར་སོན།།བགྲང་ཡས་རྒྱལ་བ་ཀུན་གྱི་རིང་ལུགས་འཛིན།།མཐའ་ཡས་འགྲོ་བ་ཀུན་གྱི་དགེ་བའི་བཤེས།བསམ་ཡས་ཡོན་ཏན་ཀུན་གྱི་གཏེར་ལ་འདུད།།གངས་ཅན་ཤར་ཕྱོགས་ཙོང་ཁའི་སྐྱེད་ཚལ་དུ།།དལ་འབྱོར་ཡོངས་འདུའི་རྩ་བ་རབ་བརྟན་ཅིང་།།ཡོན་ཏན་ཡལ་གས་ཕྱོགས་ཀྱི་མཐའ་འཇལ་བ།།སྙན་གྲགས་དྲི་བསུང་འཕྲོ་བ་ཁྱོད་ལ་འདུད།།དྲི་མེད་མཁྱེན་ཡངས་འཇིགས་བྲལ་གཞོན་བློ་སོགས།།གངས་ཅན་མཁས་པའི་མཁས་པ་ཀུན་བསྟེན་ནས།།སྤྱི་དང་ཁྱད་པར་གཞུང་ལུགས་མཐའདག་ལ།།རྨོངས་པའི་མུན་ཀུན་སངས་པ་ཁྱེད་ལ་འདུད།།སྙོག་བྲལ་ཚུལ་ཁྲིམས་བརྟུལ་ཞུགས་རྒྱ་མཚོ་ཆེར།།མང་ཐོས་ལུང་རིགས་ནོར་བུས་ལྷག་པར་གཏམས།།མཁས་མཆོག་ཀླུ་དབང་ཀུན་གྱིས་གུས་པས་སྟེན།།རྣམ་དཔྱོད་གཏིང་མཐའ་མེད་ལ་གསོལ་བ་འདེབས།།ཁྱོད་བློའི་ཉི་མ་གཞོན་ནུའི་དུས་ཀྱི་ཚེ།།མདོ་དང་རྒྱན་གྱི་པད་ཚལ་རྒྱས་མཐོང་ནས།།བདག་བློ་ཁེངས་བའི་ཀུ་མུད་ལྷག་པར་ཟུམ།།ཟབ་ཡངས་མཁྱེན་པའི་གཏེར་ལ་གསོལ་བ་འདེབས།།བྱང་ཕྱོགས་འདི་ན་ཚིག་ཙམ་བྱང་བའང་དཀོན།།དོན་ལ་སྒྲོ་འདོགས་ཆོད་པ་དེ་བས་དཀོན།།བསྟན་དོན་ཉམས་སུ་ལེན་པ་སྲིད་མཐའ་ཙམ།།འདི་གསུལ་མཐར་ཕྱིན་ཁྱོད་ལ་སྙིང་ནས་འདུད།།ལ་ལ་རིགས་བྲལ་ལུང་གིས་གྲུབ་མཐའ་འཇོག།ཁ་ཅིག་ལུང་མེད་རིགས་པ་ལྟར་སྣང་རྩོམ།།ལུང་རིགས་གཉིས་ཀས་རྒྱལ་བའི་གསུང་རབ་ཀུན།།ལེགས་པར་འབྱེད་པ་ཁྱོད་ལ་གུས་ཕྱག་འཚལ།།ཁ་ཅིག་འདུལ་བ་གཙོར་བྱེད་གསང་སྔགས་སྤོང་།།གཞན་དག་སྔགས་ལ་མོས་བློས་འདུལ་བ་འགོག།རྒྱལ་བའི་བསྟན་པ་མཐའ་དག་འགལ་མེད་དུ།།རྫོགས་པར་ཉམས་སུ་ལེན་མཁས་ཁྱོད་ལ་འདུད།།མཚན་ཉིད་ཕྱོགས་བཟུང་གསང་སྔགས་ཟབ་ཆོས་དང་།།སྔགས་ཀྱི་ཁེངས་ནས་མཚན་ཉིད་ཁ་བཤད་ཙམ།།མདོ་སྔགས་མཐའ་དག་མ་ཚང་རྫོགས་བྱང་དུ།།བགྲོད་ཐབས་མེད་པར་གཟིགས་པ་ཁྱོད་ལ་འདུད།།ལ་ལ་སྤྱོད་པ་ཞིབ་མོས་ལྟ་བ་འགོག།ཁ་ཅིག་ལྟ་བ་མཐོན་པོས་སྤྱོད་པ་འདོར།།ལྟ་སྤྱོད་ཕན་ཚུན་གྲོགས་སུ་ཤར་ནས་ནི།།དོན་འདི་ལྷག་པར་འདོམས་པ་ཁྱོད་ལ་འདུད།།འགའ་ཞིག་བཤད་པ་གཙོར་བྱེད་སྒོམ་ལ་སྨོད།།ལ་ལ་སྒོམ་གྱིས་ཆོག་འཛིན་ལུང་ལ་སྨོད།།བཤད་སྒྲུབ་གཉིས་ནས་ལུང་རྟོགས་དམ་པའི་ཆོས།།འཛིན་ཚུལ་གསལ་མཛད་ཁྱོད་ལ་གུས་པས་འདུད།།མདོ་སྔགས་མཐའ་དག་ཁྱད་པར་རྡོ་རྗེ་ཐེག།རྒྱུད་སྡེ་མཐའ་དག་ཁྱད་པར་བླ་མེད་དོན།།རིམ་གཉིས་མཐའ་དག་ཁྱད་པར་སྒྱུ་ལུས་ལ།།སྔོན་མེད་ལེགས་བཤད་གཏེར་ཆེན་ཁྱོད་ལ་འདུད།།མདོར་ན་ཐུབ་བསྟན་མཐའ་དག་མ་ལུས་པར།།བཤད་སྒྲུབ་གཉིས་ཀྱིས་ཆེས་ཆེར་གསལ་མཛད་པ།།གངས་ཅན་འདི་ན་བསྟན་འཛིན་མཐའ་དག་གིས།།རྟག་ཏུ་བསྔས་པར་འོས་པ་ཁྱོད་ལ་འདུད།།བདག་ཀྱང་དེང་ནས་ཚེ་རབས་ཐམས་ཅད་དུ།།བདག་ཉིད་ཆེན་པོ་ཁྱོད་བཞིན་རྒྱལ་བའི་བསྟན།།བདག་པས་གཞན་གཅེས་ལྷག་བསམ་ཕུལ་བྱུང་གིས།།བདག་གིས་སྲོག་ལྟར་བསྲུང་བར་བྱིན་གྱིས་རློབས།།ཁྱོད་ལ་གཙོར་བྱས་ཧ་ཅང་མཆོག་འཛིན་གྱིས།།ཕྱོགས་ལྷུང་གདོན་གྱིས་ཐུབ་བསྟན་དཀྲུགས་པ་ཡང་།།དག་སྣང་ཕྱོགས་མེད་འབྱོངས་བ་ཁྱོད་ཉིད་ཀྱིས།།མྱུར་དུ་བསལ་ནས་བསྟན་འཛིན་མཐུན་གྱུར་ཅིག།།
ཅེས་་གཙང་སྟག་ཚང་གི་ལོ་ཙཱ་བ་ཤེས་རབ་རིན་ཆེན་རྒྱལ་མཚན་དཔལ་བཟང་པོས་དགེ་འཕེལ་ཆོས་འཁོར་སྒར་དུ་སྦྱར་བའོ།།
ཕྱི་རོལ་ཉན་ཐོས་སྤྱོད་པ་ཞི་ཞིང་འདུལ། །
ནང་དུ་རིམ་གཉིས་རྣལ་འབྱོར་གདེང་དང་ལྡན། །
ཐ་སྙད་ཚད་གྲུབ་སྟོན་མཛད་པ། །
ཐུབ་དབང་གཉིས་པར་གུས་ཕྱག་འཚལ། །
ཀརྡོ་གཉེར་ཕྱག་པ་ལ།
རྟོགས་བྱེད་བློ་ཡི་རིམ་པ་དང་བསྟུན་ནས། །སྣང་བ་འགོག་དང་མི་འགོག་ཁྱད་མེད་པར། །མཐའ་གཅིག་དངོས་པོར་ཡོད་པར་སྒྲུབ་འདི། །ཐ་སྙད་ཚད་གྲུབ་འདོད་པའི་བློ་འཆལ་རྟགས། །
འཇམ་མགོན་བླ་མ་བློ་བཟང་གྲགས་པ་ཡི། །གསུང་གི་གསང་བ་བསམ་གྱིས་མི་ཁྱབ་པ། །དངོས་ཤུགས་ཟུར་གྱིས་འདྲེན་དུ་རུང་བ་ལ། །རྟོག་གེའི་རིགས་པས་འདི་ལྟར་ཡིན་ནོ་ཞེས། །མཐའ་གཅིག་ཁ་ཚོད་གཅོད་པའི་ངན་གཤིས་འདི། །ཚད་མའི་ཚོད་མ་དུག་ཏུ་སོང་བའི་རྟགས། །
བདེན་པར་ཡོད་དང་ཡོད་པའི་ཁྱད་མི་འབྱེད།།བདེན་པར་མེད་དང་མེད་པའི་ཁྱད་མི་འབྱེད།།བུམ་པ་བུམ་པ་ཀ་བ་ཀ་བ་རུ།།འཇོག་པར་མི་ཤེས་ཡོད་མིན་མེད་མིན་ཡིན།།མཁས་པའི་དབང་པོ་སྟག་ཚང་ལོ་ཙཱ་བས།།ཤེས་ནས་དད་པ་ཐོབ་པའི་བསྟོད་ཚིག་འདི།།ཡོད་མིན་མེད་མིན་ངན་གཤིས་དོར་ནས་འདུག།།ཚད་མའི་ཚོད་མ་ཟོས་བའི་བཀའ་དྲིན་རེད།།
ཕན་པའི་སེམས་ཀྱིས་དམ་པའི་ལེགས་བཤད་དག །སྐལ་བཟང་སྐྱེ་བོའི་གཟིགས་མོར་འགྲེམ་མཛད་པ། །ཡ་རབ་དམ་པའི་ངང་ཚུལ་འཛིན་པ་ཅན། །མིག་བརྒྱད་མཚན་གྱིས་བརྗིད་གང་ཡི་གར་འོང་། །
སྟག་ཚང་ལོ་ཙཱས་རྗེ་བཙུན་བླ་མ་ལ། །བརྒལ་བའི་ཁུར་ཆེན་བཅོ་བརྒྱད་བཀལ་བ་དང་། །ཀུན་མཁྱེན་གོ་བོའི་གྲོང་ཙོང་དྲུག་ཅུ་སོགས། །ཚད་མའི་ཚོད་མ་ཟོས་པའི་དྲིན་ཡིན་ནམ། །
སང་ཉིན་གྱི་དགའ་ལྡན་ལྔ་མཆོད་ལ།
དང་པོ་རྒྱ་ཆེན་ཐོས་པ་མང་དུ་བཙལ།།བར་དུ་གཞུང་ལུགས་ཐམས་ཅད་གདམས་པར་ཤར།།ཐ་མར་ཉིན་མཚན་ཀུན་ཏུ་ཉམས་སུ་བླངས།།ཀུན་ཀྱང་ཐུབ་བསྟན་རྒྱས་པའི་ཆེད་དུ་བསྔོས།།བསམ་བཞིན་ཞིང་འདིར་སྐུ་ཡི་བཀོད་པ་ནི།།ཉེ་བར་སྡུད་ལ་ཁྱོད་ཐུགས་གཞོལ་བའི་ཚེ།།དཔའ་པོ་མཁའ་འགྲོའི་ལྷ་ཚོགས་མཆོད་པ་ཡིས།།བསམ་ཡས་ནམ་མཁའ་གང་ལ་གསོལ་བ་འདེབས།།འོད་གསལ་ཆོས་སྐུ་མངོན་དུ་མཛད་གྱུར་པ།།དེ་ཚེ་ཁྱོད་སྐུ་འོད་ཀྱི་གོང་བུར་གྱུར།།བར་དོར་ལོངས་སྤྱོད་རྫོགས་པ་སྒྱུ་མའི་སྐུ།།མཆོག་གི་དངོས་གྲུབ་བརྙེས་ལ་གསོལ་བ་འདེབས།།ལྔ་གསུམ་ས་མོ་གླང་ལ་དགའ་ལྡན་བཏབ།།རེ་གསུམ་ཕག་ལ་བྱམས་པའི་མདུན་སར་གཤེགས།།རྗེས་འཇུག་དགོན་དང་སློབ་མས་ས་སྟེང་ཁྱབ།།སྲིད་ན་འགྲན་ཟླ་བྲལ་བའི་རྣམ་ཐར་ཡིན།།
གངས་ཅན་ཁྲོད་འདིར་གོ་ཤག་སྟག་གསུམ་གྱིས།།ཀླུ་སྒྲུབ་ལུགས་ཀྱི་ཚོད་མ་མ་ཟོས་པར།།རང་ལྟ་མཆོག་ཏུ་བཟུང་ནས་འགྲན་སེམས་ཀྱིས།།རྗེ་བཙུན་བླ་མའི་གསུང་ལ་རྒོལ་བ་གྲུབ་མཐའི་ལུགས།།
མཁས་པའི་དབང་པོ་སྟག་ཚང་ལོ་ཙཱ་བས།།འགལ་བའི་ཁུར་ཆེན་བཅོ་བརྒྱད་བཀལ་བ་ཡང་།།ཡོད་མིན་མེད་མིན་གྲུབ་མཐའི་རྗེས་སུ་འབྲངས་ནས་སླར།།ཤེས་ནས་དད་པ་ཐོབ་པ་མཁས་པའི་ལུགས།།
མཁས་པའི་དབང་པོ་ཤཱཀྱ་མཆོག་ལྡན་གྱིས།།རྗེ་བཙུན་བླ་མའི་འཕྲིན་ལས་ཉིན་བྱེད་འོད།།ཕྲག་དོག་སྦྲང་བུའི་གཤོག་པས་སྒྲིབ་སྙམ་སྟེ།།ཡར་འབྲོག་མཚོ་ཡི་འགྲམ་དུ་གཏེར་རྫུན་སྦས།།
མཁས་པའི་དབང་པོ་གོ་བོ་རབ་འབྱམས་ཀྱིས།།ཟླ་གྲགས་ལུགས་ཀྱི་གཞུང་ལ་མ་བསྟེན་པར།།མཁའ་ལྡིང་མཁའ་ལ་འཕུར་ནས་ནམ་མཁའི་མཐའ།།འཚོལ་བའི་རང་ལྟ་མཆོག་ཏུ་བཟུང་བའི་རྟགས།།
ད་ཨ་མ་ངོ་ཤེས་ལ་ཁད་པ་དེ་ངོ་མི་ཤེས་པ་ཞིག་ཆགས་བཞག འདིར་གླེང་གཞིའི་ཨ་མ་གཅིག་ཡིན་ནའང་ཨ་མའི་ཞལ་རས་མི་འདྲ་བ་བཅོ་བརྒྱད་བྱུང་འདུག དངོས་སུ་ན་རྟོག་བཟོས་ཨ་མ་ཞིག་མ་གཏོགས་ཨ་མའི་ཞལ་དངོས་སུ་མཐོང་མཁན་ཞིག་འདིར་བྱུང་མེད་པ་འདྲ།
ཀརྨ་དགེ་ལེགས་མཆོག
དེ་བཞིན་དབྱངས་ཅན་གྲུབ་པའི་རྡོ་རྗེ་སོགས་ཨ་མདོ་མ་ཡིན་པ་ཆེས་ཤིན་ཏུ་མང་པོ་ཞིག་གིས་རྗེ་འཇུག་ང་འ་ར་ལ་མཐའ་མེད་དག་གི་མཐར་བ་དང་བོ་འཐོབ་དགོས་པར་གསུང་ཡོད། དེ་ཀ་རང་རང་ལུགས་སུ་བཟུང་ན་ལེགས་པར་སེམས། དེ་ལྟར་ཡིན་ན། བུ་སྟོན་མཁས་གྲུབ་རྗེ་སོགས་གྲངམ་མེད་པ་ལྟ་ཅི། ཕྱིས་་ཀྱི་མདོ་སྨད་ཀྱི་མཁས་པ་དགེ་བཤེས་རབ་རྒྱ་མཚོ་དང་། བོད་དང་དེའི་རིག་གཞུང་ལ་ཐུགས་གཅེས་ཤིན་ཏུ་ཆེ་བ་ཡོད་པའི་མཁས་པའི་དབང་པོ་དགེ་འདུན་ཆོས་འཕེལ་གྱི་ཡི་གེའི་དག་ཆ་རྣམས་དང་ཡང་འགལ་བར་མཐོང་ངོ་།།
སྟག་ཚང་ལོ་ཙཱ་བ་ཤེས་རབ་རིན་ཆེན་ནི་རབ་བྱུང་བཅུ་བདུན་པའི་ཤིང་མོ་བྱ་ལོ་སྤྱི་ལོ་༡༤༠༥་ལོར་ཡར་འབྲོག་སྟག་ལུང་དུ་སྐུ་འཁྲུངས། འདས་ལོ་མི་གསལ། ཡོངས་སུ་གྲགས་པའི་དགེ་བའི་བཤེས་གཉེན་མང་པོ་བསྟེན་ནས་མདོ་སྔགས་རིག་ནས་དང་བཅས་པ་སྦྱངས་པ་ཕུལ་ཕྱིན་མཛད་ཅིང་མཁས་པའི་ཚད་མར་འཛིན་སར་གྱུར་ཏེ། ལྷག་པར་དུ་གསོ་བ་རིག་པའི་སྐོར་ལ་མཛད་རྗེས་ཤིན་ཏུ་ཆེ། དུས་ཕྱིས་སུ་ཡར་སྟག་ལུང་དུ་ས་སྐྱའི་དགོན་ལག་ཏུ་གྱུར་བ་ཐར་གླིང་ཆོས་སྡེ་ཕྱག་བཏབ་སྟེ་དགེ་འདུན་སྟོང་ཕྲག་ལྷག་གི་ཚོགས་པ་བསྐྱངས། སྤྱི་ལོ་༡༤༥༥་ལོར་དུས་འཁོར་སྤྱི་དོན་ལྗགས་རྩོམ་མཛད། གསུང་རྩོམ་གཞན་༼ རིག་གནས་ཀུན་ཤེས༽དང་༼གསོ་དཔྱད་བྱུང་ཚུལ་གྱི་སྨན་གྱི་སྤྱི་དོན་དང་བཅས་པ་མཁས་པའི་ཡིད་འཕྲོག ༽༼།སྨན་གྱི་ལག་ལེན་གཅེས་བསྡུས་ཀྱི་ལེའི་བཅུ་པ་རིག་པས་ནད་སེལ། ༽༼གསོ་རིག་མིང་ཚིག་འགའ་ཞིག་དོན་གྱི་བཞིན་རས་སྟོན་པའི་མེ་ལོང་། ༽བསྒྱུར་རྩོམ་ནི་བསྟན་འགྱུར་ལས་༼སྡེབ་སྦྱོར་གྱི་བསྟན་བཅོས།༽བཅས་མཛད། དུ་ཀའི་ལའི་གོས་བཟང་དུ། རིག་པའི་གནས་ཐམས་ཅད་ལ་འཁྲུལ་བའི་དྲི་མ་ཙམ་ཡང་སྤངས་པ་སྟག་ཚང་ལོ་ཙཱ་བ་ཞེས་ཚད་མཐོན་པོས་གདེངས་འཇོག་ཆེན་པོ་གནང་།
ཡིག་ནོར་བཅོས། སྟག་ཚང་ལོ་ཙཱ་བ་ཤེས་རབ་རིན་ཆེན་ནི་རབ་བྱུང་བདུན་པའི་ཤིང་མོ་བྱ་ལོ་སྤྱི་ལོ་༡༤༠༥་ལོར་ཡར་འབྲོག་སྟག་ལུང་དུ་སྐུ་འཁྲུངས།
གོ་རམས་པའི་དབུ་འགྲེལ་གྱིས་ཤུགས་བསྟན་ལ་ཙོང་ཁ་བ་བཀག་པ་འདིས་ཙོང་ཁ་པར་གནོད་ཀྱི་ཡོད་ན། ཅིའི་ཕྱིར་གོ་རམས་པ་བགྲོངས་རྗེས་ད་བར་དགེ་ལུགས་པ་བར་མི་ཆད་པ་ཡོང་བ་དང། ད་ལྟ་ས་སྐྱའི་མ྄ཁས་པ་ང་ཡིན་ཁོ་ཡིན་ཚང་མ་ཙོང་ཁ་པའི་སློབ་མ་གངས་ཅན་མགོན་པོར་གྱུར་བ་ཁོང་གི་སྡོམ་པ་དང་དབངམི་ཐོབ་པར་འགྱུར་བ་འདི་ཡ་མཚན་མ་རེད་པས།
ད་ག་རེ་ཤོད་ཀྱི་ཡོད། སུམ་རྟགས་ཀྱི་རྩ་བ་ལྟར་ན། པ་བ་གཉིས་ཕྲད་རང་དབང་ཅན་རེད། པ་བ་གཉིས་ཀྱི་འཇུག་ཚུལ་ལ་ཆེས་སྔོན་མའི་དེབ་དེ་ཚོའི་ནང་ཡང་འབྲི་ཚུལ་མི་འདྲ་བ་ཅི་རིགས་བྱུང་འདུག སྔོན་མ་སྔོན་མའི་དེབ་མང་ཆེ་བ་དབུས་གཙང་གི་མིས་བྲིས་པ་རེད། རྗེས་འཇུག་མེད་པའི་རྗེས་སུ་པ་བ་གཉིས་ཅི་རིགས་བྲིས་འདུག རྗེས་འཇུག་ལའི་རྗེས་སུའང་པ་བ་གཉིས་ཅི་རིགས་བྲིས་འདུག ར་ཡི་རྗེས་སུའང་དེ་ལྟར་རེད། ཕྲད་གཞན་རྣམས་ད་རུང་དོ་སྣང་མ་བྱུང་།
རྗེས་སུ་རིམ་པས་འབྲི་ཚུལ་མི་མཐུན་པ་དེ་ཚོ་གཅིག་གྱུར་གྱི་ཆེད་དུ། དབྱངས་ཅན་གྲུབ་པའི་རྡོ་རྗེས། ག་ད་བ་ས་ན་མ་པ། ང་འ་ར་ལ་མཐའ་མེད་ལ། བདག་སྒྲ་ཡར་གྱུར་བ་དང་ནི་ཆ་ལ་པ་ཉིད་སྦྱོར་བ་ལེགས། ཟེར་ནས་སྒྲིག་ཞིག་བཟོས་པ་རེད་དེ་དེའི་རྗེས་སུ་འགྲོ་མི་འགྲོ་གཉིས་ཀ་བྱུང་འདུག
དེ་ནས་ཨ་མདོ་ལ་མཚོན་ན་སྐད་རང་གི་ནང་བ་མང་པོ་ཡོད་པ་རེད། རང་གི་སྐད་ཀྱི་གོམས་ལོབས་ལྟར་འབྲི་མཁན་བྱུང་བ་རེད། སུམ་རྟགས་ནང་ཡང་། གོང་གི་ཕྲད་ཀྱི་འཇུག་ཚུལ་དང་ཅུང་མི་མཐུན་པ་ཞིག་བྱུང་བ་ནི། ག་ད་བ་ས་ན་མ་པ། ང་འ་ར་ལ་མཐའ་མེད་བ་ ཟེར་བའི་རྩ་ཚིག་འདི་འདྲ་ཞིག་བྱུང་སྟེ་མང་པོ་ཞིག་ནས་ད་ལྟ་འདི་བཞིན་འགྲོ་གི་འདུག
ད་མདོར་དེད་ན། ད་བར་དུ་པ་བ་གཉིས་ཀྱི་ཕྲད་སྦྱོར་སྟངས་ལ་གཅིག་གྱུར་གྱི་གཞི་འཛིན་ས་ཞིག་ཁྱོན་ནས་བྱུང་མི་འདུག བཀའ་འགྱུར་བསྟན་འགྱུར་ལ་ཁུངས་གཏུགས་ནས་པ་བ་གཉིས་ཀྱི་ཕྲད་སྦྱོར་ཚུལ་གཅིག་གྱུར་བཟོ་ཐུབ་གི་མ་རེད་འདོད། བཟོ་ཐུབ་ན་རྗེས་སུ་ཡི་རང་ཡོད།
ཁུངས་ཡར་ཡར་གཏུགས་ཕྱིན་པ་ཡིན་ན་ད་ལྟ་ཡོངས་སུ་གཅིག་གྱུར་ཆགས་ཟིན་པ་མང་པོ་ཞིག་ཁ་ཆག་སྣ་རལ་ཅན་དུ་འགྱུར་འགྲོ་གི་རེད། རྗེས་མ་རྗེས་མའི་མཁས་པ་ཚོས་སྐད་གསར་བཅད་བྱས། འགྱུར་བཅོས་བྱས། གཅིག་གྱུར་གྱི་གཞི་འཛིན་ས་མེད་པ་དེ་ཚོར་གཞི་འཛིན་ས་བཟོས་ཡོང་བ་དེ་ཚོར་ཕར་ཕྱིར་བཤིག་བརྒྱབ་ནས་སླར་བསྒྱུར་བཅོས་བཏང་ནས་འགྲོ་དགོས་པ་རེད་དམ།
མཁས་པའི་དབང་པོ་གོ་བོ་རབ་འབྱམས་པ་བསོད་ནམས་སངྒེ་ནི་རབ་བྱུང་བདུན་པའི་ས་མོ་བྱ་ལོ་སྟེ་སྤྱི་ལོ་༡༤༢༩་ལོར་ཁམས་འབོམ་ཡུལ་དུ་སྐུ་འཁྲུངས། དགུང་ལོ་བརྒྱད་པར་ཡི་གེའི་འབྲི་ཀློག་དང་བྱམས་ཆོས་སྡེ་ལྔ། རུང་ཊིཀ་ཆ་ཚང་། གཡག་ཊིག་ཆེན་མོ་སོགས་ཐུགས་འཛིན་མཛད། དགུང་ལོ་བཅུ་དགུ་བར་གཙང་དུ་གྲྭ་སྐོར་ལ་ཕེབས། རོང་སྟོན་ཆོས་རྗེ་ཉི་མ་དང་བླ་མ་ཤེས་རབ་དཔལ། འཇམ་དབྱངས་ཀུན་དགའ། མཁན་པོ་མུས་ཆེན། དཀོན་མཆོག་རྒྱལ་མཚན་སོགས་ལས་ལམ་འབྲས་གཞུང་བཤད་གསན་པ་སོགས་མདོ་སྔགས་རྒྱ་མཚོའི་ཕ་རོལ་དུ་སོན། སྐུ་ཚེ་གང་བོར་འཆད་རྩོད་རྩོམ་གྱིས་དུས་འདའ་བར་མཛད། གསུང་རྩོམ་༼ རྟགས་འཇུག་གི་ཊིཀ ༽དང་། ༼ཚད་མ་གྲུབ་པའི་ལེའུ།༽༼ མངོན་སུམ་ལེའུ༽༼ལྟ་བའི་ཤན་འབྱེད་ཐེག་མཆོག་གནད་ཀྱི་ཟླ་ཟེར༽༼དྲིས་ལན་པདྨོ་བཞད་པ༽བཅས་ཆོས་ཙན་དོན་དགུ་ཡོད་པ་པོད་བཅུ་གསུམ་བཞུགས། རབ་བྱུང་བརྒྱད་པའི་ས་མོ་བྱ་ལོ་སྟེ་སྤྱི་ལོ་༡༤༨༩་ལོར་ས་སྐྱ་དགོན་དུ་སྐུ་གཤེགས།
མགོན་པོ་ཕྱག་གཉིས་ལགས།
ཁྱེད་ཀྱིས་ཡག་པོ་གསུངས་འདུག བདེན་པ་མང་པོ་འདུག འོན་ཀྱང་། སུམ་རྟགས་ཀྱི་རྩ་བ་ན། པ་བ་གཉིས་རང་དབང་ཅན་ཡིན་ཞེས་བཤད་དཀའ་མོ་རེད། རྟགས་འཇུག་ཏུ། ཕོ་ཡིས་ཕོ་ཡི་མིང་མཐའ་དྲང་། །སོགས་ཀྱི་ནང་དུ་པ་བ་ཡོད་པ་འདྲ།
ལེགས་བཤད་ལྗོན་དབང་གི་བདག་སྒྲ་ཡ་ཆ་ནི་འགྲེལ་ནོར་བྱས་ཡོད་པ་འདྲ། གལ་ཏེ་འགྲེལ་ནོར་བྱས་མེད་ན་ཕལ་ཆེར་གཅིག་གྱུར་འོངས་ཡོད་པ་འདྲ།
པཎ་ཆེན་ཤཱཀྱ་མཆོག་ལྡན་ནི་བོད་རབ་བྱུང་བདུན་པའི་ས་མོ་སྤྲེལ་ལོ་སྟེ་སྤྱི་ལོ་༡༥༠༧་ལོར་གསང་ཕུའི་ཕར་ཚུགས་སུ་སྐུ་འཁྲུངས། དགུང་ལོ་བརྒྱད་པར་སྐྱོར་མོ་ལུང་དུ་རོང་སྟོན་ཟླ་བའི་སེངྒེ་ལས་རབ་ཏུ་བྱུང་སྟེ་མཚན་ལ་ཤཱཀྱ་མཆོག་ལྡན་གསོལ། དེ་ནས་བཟུང་དགུང་ལོ་ཉེར་གཅིག་བར་དུ་རོང་ཆེན་ཟླ་བའི་སེངྒེ་ལ་བསྟེན་ནས་རྒྱན་དྲུག་མཆོག་གཉིས་ཀྱི་གཞུང་རྣམས་ལ་སྦྱངས་པ་ཕུལ་ཕྱིན་མཛད། དགུང་ལོ་ཉེར་ལྔ་བར་ངོར་ཆེན་ཀུན་དགའ་བཟང་པོ་དང་བྲག་དཀར་སེམས་དཔའ་ཆེན་པོ། མུས་ཆེན་དཀོན་མཆོག་རྒྱལ་མཚན་གསུམ་ལས་བསྙེན་པར་རྫོགས། མཁན་སློབ་དེ་གསུམ་དང་ལྕང་ལུང་བ་གཞོན་ནུ་བློ་གྲོས། པཎ་ཆེན་ནགས་རིན་པ་སོགས་ལས་རྒྱུད་སྡེ་བཞི་དང་གསུང་ངག་སྦྱོར་དྲུག་ཟབ་རྒྱས་ཆོས་ཀྱི་གདམས་པ་མང་དུ་གསན་བཞེས་མཛད། དགུང་ལོ་ཞེ་གཉིས་པར་དགོན་གསེར་མདོག་ཅན་གསར་དུ་བཏབ། དགུང་ལོ་བརྒྱད་ཅུ་བར་དགོངས་པ་གཤེགས། གསུང་རྩོམ་༼ ཚད་མའི་དཀའ་འགྲེལ༽ ༼སྤྱི་དོན་ཆེ་ཆུང་གཉིས ༽༼་རྣམ་རིག་ཊིཀ་ཆེན༽༼ཕར་ཕྱིན་ཊིག་ཆེན༽༼རྩ་འཇུག་ཊིཀྐ ༽༼གཞི་གསུམ་ལས་ཆོག ༽༼སྟོང་ཐུན་ཆེན་མོ༽༼འདུལ་བའི་དཀའ་འགྲེལ༽༼སོ་ཐར་ཊིཀྐ༽༽༼བདེ་མཆོག་རྣམ་བཤད༽ ༼ སུམ་ རྟགས་འགྲེལ་བ ༽སོགས་མང་དུ་བཞུགས།
༡༠༡༽ རིན་ཆེན་དར་རྒྱས་ནས།
ཀརྡོ་གཉེར་ཕྱག་པ་ལ།
རྟོགས་བྱེད་བློ་ཡི་རིམ་པ་དང་བསྟུན་ནས། །སྣང་བ་འགོག་དང་མི་འགོག་ཁྱད་མེད་པར། །མཐའ་གཅིག་དངོས་པོར་ཡོད་པར་སྒྲུབ་འདི། །ཐ་སྙད་ཚད་གྲུབ་འདོད་པའི་བློ་འཆལ་རྟགས། །
དེའི་ལན་དུ།
རྟོགས་བྱེད་བློ་ཡི་རིམ་པ་དང་བསྟུན་ནས། །
སྣང་བ་འགོག་དང་མི་འགོག་ཁྱད་མེད་དང་། །
དངོས་པོར་ཡོད་པར་གྲུབ་དང་ཐ་སྙད་དུ། །
ཚད་གྲུབ་དབྱེ་སེལ་མི་ཤེས་ཤེས་འཆལ་རྟགས། །
ཧ་ཧ་སྐུ་རྕེད་ཡིན་ནོ་རིན་དར་ལགས། །
རྒན་ལ་དྭགས་པ་ལགས། སྐུ་ཉིད་ཀྱིས། སྟོང་པ། ཞེས་པ་ཁྱད་ཆོས་ཡིན་པ་དང་། སྟོང་བ། ཞེས་པ་བྱ་ཚིག་ཡིན་པའི་ཁྱད་པར་ཡོད། དེ་བཞིན་དུ། འགྲེལ་བ་ཞེས་པ་བྱ་ཚིག་དང་། འགྲེལ་པ་ཞེས་པ་མིང་ཚིག་ཡིན་པའི་ཁྱད་པར་ཕྱེ་ཐུབ་ན། ཞེས་པའི་དོན་གོ་མ་སོང་། དཔེ་ཁ་ཤས་ན་སྟོང་བ་ཉིད་དང་ཁ་ཤས་ན་སྟོང་པ་ཉིད་ཅེས་གསུངས་འདུག་ན། བདེན་གྲུབ་ཀྱིས་སྟོང་བ་དང་བུམ་པས་སྟོང་བ་ལྟ་བུ་བྱ་ཚིག་ལ་སྦྱར་ན་བདེ་བ་དང་། བདེན་གྲུབ་ཀྱིས་སྟོང་བ་དེའི་ཁྱད་པར་དུ་བྱས་ནས་སྟོང་པ་ཉིད་ཟེར་བ་ཨེ་ཡིན།
ཐ་སྙད་ཚད་གྲུབ་ཅེས་པ་འདི་ཡི་དོན་ནི། དོན་དམ་དཔྱོད་བྱེད་བློ་ངོར་དོན་དམ་ཡོད་པའམ་ཚད་མས་གྲུབ་པ་ལྟར། ཐ་སྙད་པའི་ཚད་མའི་ངོར་ཀུན་རྫོབ་ཀྱང་ཐ་སྙད་དུ་ཡོད་པམ་ཐ་སྙད་པའི་ཚད་མས་གྲུབ་པ་གོ་དགོས་པའི་དོན་དུའོ། །
ཐ་སྙད་ཚད་གྲུབ་འདོད་པའི་སྐྱེས་བུ་ལ། །
ཆད་མཐའི་བར་ཆད་ཡོང་བའི་གོ་སྐབས་བྲལ། །
ཞེས་ཀྱང་སྨྲའོ། །
འདིར་རྣམ་གླིང་པཎ་ཆེན་གྱིས་ར་ཡིག་ལ་དོན་གྱི་ཕྲད་ལ་མི་འདོད་པ་འདྲ། པྲ་ཏིའི་སུམ་ཅུ་བའི་འགྲེལ་བར། ར་ཡིག་ཉམས་པ་ཡིན་གསུངས་པ་དེ་ལ་གསུང་གི་ཡོད་འདྲ། པ་ཡིག་སྦྱོར་ཚུལ་ཡོངས་གྲགས་ཀྱི་དབང་དུ་བྱས་ན་རྗེས་འཇུག་ལ་ལྟོས་བའི་ཕྲད་གཞན་དབང་ཅན་ཡིན་པར་གྲུབ་ཏེ། དཔེར་ན། རྟག་པ། རྐང་པ། ལག་པ། བཤད་པ། འགྲོ་བ། ལྟ་བུ། བ་ཡིག་ནི་བདག་པོའི་སྒྲ་ལ་འཇུག་པར་གསུང་མཁན་ཡོད་ཀྱང་ཁྱབ་ཆུང་བར་སེམས། འགྲོ་བ་ལྟ་བུའི་བ་ཡིག་ནི་རྟགས་མཚུངས་འདྲེན་པ་དང་བརྗོད་བདེ་འདྲེན་པ་གཉིས་ཀ་ཡིན་ཆོག་གི་རེད།
ཐ་སྙད་ཚད་གྲུབ་ནི། མི་ལའི། རྫོགས་པའི་སངས་རྒྱས་ཞལ་རྫུན་མཁན།།ཞེས་པའི་རྫུན་དེ་དང་། ལྕང་སྐྱའི་ཨ་མའི་རྫུན་ཚིག་ཟེར་བ་དེ་ལ་འཇོག་གི་ཡོད་པ་འདྲ། རྟེན་འབྲེལ་བསླུ་མེད་བསྙོན་མེད་ཀྱི་མིང་ཙམ་པོ་དེ་ལ་འཇོག་པར་སེམས། མཐུན་སྣང་དུ་གྲུབ་པའི་ཡོངས་གྲགས་ཀྱི་བུམ་པ་དང་ཀ་བ་དེ་ག་རང་འཇོག་གི་ཨེ་ཡོད། དེ་ལྟར་ཡིན་ན་ཐལ་འགྱུར་བ་དང་དངོས་སྨྲ་བ་གཉིས་ལ་ཆོས་ཅན་མཐུན་སྣང་ཡོད་པར་ཐལ་བའི་སྐྱོན་མི་འབྱུང་ངམ།
མཁས་གྲུབ་དགེ་དཔལ་སེ་ར་རྗེ་བཙུན་དང་། ། འཇམ་དབྱངས་དགའ་བློ་ལ་སོགས་དཔུང་སྤྲད་ནས། །གནམ་ལྕགས་འཁོར་ལོ་ལྟ་ངན་མུན་སེལ་སོགས། །མིང་བྱང་རྫིག་པོས་ས་སྐྱའི་མཁས་པ་ལ། །རྒོལ་བའི་ཁུར་མང་ཕྲག་ཏུ་བླངས་ན་ཡང་།།ཐམས་ཅད་རྗེས་བརྗོད་བྲག་ཆའི་རོལ་མོ་ལས། །གནད་དུ་འགྲོ་བའི་རིགས་པས་དབེན་པར་གྲགས། །དེང་སང་བཀའ་རྙིང་གཡུང་དྲུང་བོན་དང་བཅས། །བློ་གསལ་མང་པོ་གོ་བོའི་རིགས་ལམ་ལ། །ཤིན་ཏུ་མོས་པ་རྒྱུ་མཚན་མེད་པ་མིན། །
སྣང་ཚུལ་དང་གནས་ཚུལ་མི་མཐུན་པ་ལ་བརྫུན་པ་ཟེར་བ་ལྟར། དབུ་མ་བའི་ངོ་ལ་སྣང་བའི་བུམ་པ་དེ་བུམ་པ་ཡིན་པ་དང་། ང་ཚོའི་ངོ་ལ་སྣང་བའི་བུམ་པ་དེ་བུམ་པ་མིན་ཟེར་གྱི་ཡིན་ནམ། ཡང་ན་བདེན་མེད་ཀྱིས་ཁྱད་པར་དུ་མ་བྱས་པའི་བུམ་པ་ཞིག་ཡོད་ཟེར་གྱི་ཡིན། བུམ་པ་ཡོད་ཀྱང་བདེན་གྲུབ་ཏུ་མེད། ཡོད་ཚུལ་དེ་ཐ་སྙད་དུ་ཡོད་ཚུལ་དེ་རེད། གཞི་གྲུབ་ན་ཐ་སྙད་དུ་ཡོད་པས་ཁྱབ། དོན་དམ་དུ་ཡོད་པས་ཡོད་གོ་མི་ཆོད། ཐ་སྙད་དུ་མེད་པས་མེད་གོ་ཆོད། །ཐ་སྙད་ཚད་གྲུབ་ཟེར་བ་ཆོས་ཅན་མཐུན་སྣང་ལ་སྦྱར་ན་མེད་ཟེར་ན་ཆོག་མོད། སོ་སོ་སྐྱེ་བོ་ལ་ཐ་སྙད་པའི་ཚད་མ་མེད་ཟེར་ན་རྒྱུ་འབྲས་ཀྱི་རྣམ་བཞག་འཇིག་པར་འགྱུར་བ་དང་། ས་ཆུ་མེ་རླུང་བཞིའི་རང་རང་གི་དོན་བྱེད་པ་བསླུ་མེད་དུ་འཇོག་ཤེས་ཀྱང་སེམས་ཅན་རང་རང་གི་ལས་ཀྱི་དབང་གིས་སྣང་ཚུལ་མི་འདྲ་བ་དང་ཡི་དྭགས་ལ་ཆུ་རྣག་ཏུ་སྣང་བ་དང་ཉི་མ་གྲང་བའི་རེག་བྱར་ཚོར་བ་སོགས་བསམ་གྱིས་མི་ཁྱབ།
རྩོད་གཞིའི་ཆོས་ཅན་བདེན་གཉིས་གང་རུང་ལ། །མ་སྦྱར་ཡོད་ཅེས་རྐྱང་བར་དམ་བཅས་ཚེ། །མི་འདོད་བཞིན་དུ་བདེན་དངོས་བྱུང་བ་འདི། །ཀླུ་སྒྲུབ་ལུགས་ཀྱི་ཚད་མར་ཉེ་མ་ལགས། །
མཁས་དབང་མིག་བརྒྱད་པས་བཤད་པ་དེར་ལན་ཞིག་ཞུ་རྒྱུ་ཡོད་ཀྱང་ད་ལྟ་དུས་ཚོད་མི་འདུག རྗེས་ནས་ཡིན་ད།
མིག་བརྒྱད་པ་ལགས།
པ་ཡིག་ཕྲད་གཞན་དབང་ཅན་ཡིན་པར་འདོད་ཀྱིན་དུ་རྗེས་འཇུག་ང་ཡིག་གི་མཐར་བ་འཐོབ་ཡོད་པ་ཨེ་ཡོད། བ་ཡིག་བདག་སྒྲ་ཡིན་ཁྱབ་ཆུང་བའི་དོན་ཅི་ཡིན་གསལ་བོད་གསུང་བར་ཞུ།
རྩོད་ཟླ་བྲལ་བ་དགེ་ལེགས་དཔལ་བཟང་གིས།།རུང་ཆེན་ཤཱཀྱ་རྩོད་པས་ཕམ་པར་མཛད།།རིགས་པའི་རྣོ་ལྕགས་འབར་བའི་རྩོད་ངག་གིས།།གངས་ཅན་མཁས་པའི་ང་རྒྱལ་ཟིལ་གྱིས་མནན།།སྨྲ་བའི་ཁྱུ་མཆོག་སེ་ར་རྗེ་བཙུན་པས།།ཀརྨ་མི་བསྐྱོད་རྡོ་རྗེའི་མཚན་ཅན་ལ།།གསུང་ལན་ཀླུ་སྒྲུབ་དགོངས་རྒྱན་ཕུལ་བ་ན།།བསྟན་འཛིན་བུ་སློབ་མཐུན་པའི་མཆོད་སྤྲིན་གྱུར།།
མཁས་པའི་དབང་པོ་ཤཱཀྱ་མཆོག་ལྡན་གྱིས།།ལུགས་གཉིས་རྣམ་འབྱེད་ཅེས་པའི་གཞུང་བརྩམས་ནས།།རྩ་འཇུག་གཞུང་གིས་དབུ་མ་མ་བསྟན་པས།།སྒོམ་པས་ཉམས་སུ་བླངས་བྱ་མིན་ཞེས་གསུངས། །སྨྲ་བའི་ཁྱུ་མཆོག་སེ་ར་རྗེ་བཙུན་པས།།གཞུང་ལུགས་རྒྱ་མཚོ་དཀྲུགས་པ་གཟིགས་ནས་ནི།།བརྒལ་ལན་ལྟ་ངན་མུན་སེལ་ཞེས་པ་བརྩམས།།སྟོང་ཉིད་བདུད་རྩིའི་དཔལ་དེ་མཛེས་བར་བྱེད།།
མཁས་པའི་དབང་པོ་གོ་བོ་རབ་འབྱམས་པས།།ཧ་ཤང་ལུགས་ཀྱི་ལྟ་བ་བཟུང་ནས་ནི།།ཊཱིཀ་ཆེན་དགོངས་པ་རབ་གསལ་དགག་པའི་ཕྱིར།།དབུ་མ་འཇུག་པའི་དཀའ་འགྲེལ་བྱ་བ་བརྩམས།།དེ་ལ་སྨྲ་བའི་ཁྱུ་མཆོག་རྗེ་བཙུན་པས།།གྲུབ་མཐའི་ནང་འགལ་བརྒྱ་ཕྲག་གཟིགས་ནས་ནི།།རྟག་ཆད་མཐའ་ལས་གྲོལ་བའི་ཟླ་གྲགས་ལུགས།།གསལ་བར་སྟོན་པའི་ལྟ་ངན་མུན་སེལ་བརྩམས།།
་
མིག་བརྒྱད་མིག་ལ་སྐྱོན་འདི་འདུག །
ཕྱོགས་བརྒྱད་ལེགས་པར་མཐོང་ཐུབ་ཀྱང་། །
ཕྱོགས་གཉིས་ད་དུང་མཐོང་མི་འདུག །
དོན་གཉིས་རྟོགས་པའི་བློ་མི་འདུག
ཀརྨ་དགེ་ལེགས་ལགས།
བ་ཡིག་ཕྲད་ཅིག་ཡིན་པར་མི་འདོད་ལ། ཕྲད་ཡིན་པར་རྩ་འགྲེལ་གང་ནས་ཀྱང་བཤད་མེད་པ་སྙམ། རྐང་པ་ཞེས་པ་ང་ཡིག་གི་རྗེས་སུ་པ་ཐོབ་པ་ནི་བརྗོད་བདེ་ཡིན་པར་སེམས།
ཀརྨ་དགེ་ལེགས།
ལག་པ་བདེ་ཡང་ཁ་མི་མཁས།།
ཁ་མཁས་ཀྱང་ལག་པ་མི་བདེ།།
འཇིག་རྟེན་ཤེས་ཀྱང་དཔེ་ཆ་མི་མཁས།།
དཔེ་ཆ་མཁས་ཀྱང་འཇིག་རྟེན་མི་ཤེས་པས།།
དཔེ་ཆའི་ནང་གི་འབུ་ལྟ་བུའི།
རིག་པའི་བུ་ཆུང་འདི་ཡི་ཚོད་མ་ཟིན།།
ཡིད་དཔྱོད་རྟོག་གེའི་དྲི་མ་ཡོངས་བཏང་བའི། །ཅིར་ཡང་མི་རྟོག་འཕགས་པའི་ཏིང་ངེ་འཛིན། །ཐ་ཤལ་ཧ་ཤང་སྒོམ་དུ་བརྩི་བ་འདི། །ཀླུ་སྒྲུབ་ལུགས་དང་འགལ་བའི་རང་རྟགས་ཡིན། །སྨྲ་བསམ་བརྗོད་བྲལ་ཆོས་ཀྱི་དབྱིངས་ཆེན་པོ། །མཐའ་བྲལ་ཉིད་དུ་མཁས་རྣམས་རབ་བཞེད་ཀྱང་། །སྤྲོས་བྲལ་ལྟ་བ་གདོན་དུ་བཟུང་བ་འདི། །ཀླུ་སྒྲུབ་ལུགས་དང་འགལ་བའི་རང་རྟགས་ཡིན། །
ཀརྨ་དགེ་ལེགས་ལགས།
རྟགས་འཇུག་སྐབས་ཀྱི་སྒྲ་མཚུངས། རྟགས་མཚུངས། བརྗོད་བདེ་དེ་ཚོའང་གཞན་དབང་ཅན་ཅང་མ་རེད། དེ་ཚོ་རང་དབང་ཅན་རེད། བརྗོད་པ་བདེ་མིན་གྱི་དབང་དུ་སོང་བ་རྐྱང་ཡིན་པ་ཅུང་ཟད་བརྟག་དང་ཤེས་ངེས་རེད། སྒྲ་མཚུངས་པས་བརྗོད་པ་བདེ་བ། རྟགས་མཚུངས་པས་བརྗོད་པ་བདེ་བ་སོགས་གཙོ་བོ་བརྗོད་པ་བདེ་མིན་གྱི་དབང་གིས་རེད།
དཔེ་བཞག་ན། ད་བ་སའི་རྗེས་སུ་ཀྱི་དང་ག་ད་བ་སའི་རྗེས་སུ་ཀྱང་ཐོབ་ཚུལ་འདི་ལ་བརྟག་དང་། རྗེས་འཇུག་ད་བ་ས་རྣམས་དག་པར་བཀླག་ན་དེའི་རྗེས་སུ་ཀྱི་འཇུག་པ་བདེ་བ་ཡོད་པ་མ་གཏོགས་གི་དང་གྱི་ཡི་སོགས་མ་ཡིན་ནོ། ག་ད་བ་སའི་རྗེས་སུ་ཀྱང་ཐོབ་ཚུལ་ཡང་དེ་ལས་མ་འདས། དགུན་ཁ། དབྱར་ཁ། དཔྱིད་ཀ སྟོན་ཁ་སོགས་ཀྱང་དེ་བཞིན་ནོ།
ཅིར་ཡང་མི་རྟོག་ཟེར་ནས་ལ་ལས་ལོ་གསུམ་ཟླ་གསུམ་ལ་སྨྲ་བཅད་ནས་སྒོམ་ཟེར་རྒྱུ་དོན་དུ་ལ་ལས་ཕྱག་ཆེན་སྒོམ་ཟེར་དོན་བླུན་པོ་དུད་འགྲོར་སྐྱེ་ཉེན་ཡོད་གསུངས་པའང་བདེན་ཁི།
མཁས་པ་བོད་ཀྱི་མཁས་དག་པར་མཛད་པ་ཡོངས་ལ་ཞུ་བ།
པ་མཐའ་ཅན་གྱི་མིང་། དཔེར་ན། རྐང་པ། ཁང་པ། ངང་པ། པང་པ། དཔུང་པ། ལུང་པ། ཁྱད་ཆོས་ནི། སྟོང་པ། བཟང་པོ། རིང་པོ། ཞེས་པ་ལྟ་བུ། དེ་དག་གཉིས་ཀྱི་ནང་ནས་གཅིག་དགར་བ་ལ། སྟོང་བ། བཟང་བ། རིང་བ། ཞེས་དང་། དེ་བཞིན་མང་པོའི་ནང་ནས་གཅིག་དགར་བ་ལ། སྟོང་ཤོས། བཟང་ཤོས། རིང་ཤོས། ཀརྡོ་གཉེར་ཕྱག་པས་བཀོད་པ་ལྟར་ལགས། བདག་སྒྲ་ལ། ཚོང་པ། ཞིང་པ། རོང་པ། ཞེས་པ་ལྟ་བུ།
བ་མཐའ་ཅན་གྱི་མིང་། སྣང་བ། འབྱུང་བ། འོང་བ། ལོང་བ། འདི་དག་གི་བྱ་ཚིག་མིང་དུ་སྟོན་པ་ནའང་འདི་ཉིད་རང་དུ་གནས།
སྟོང་ཞེས་པ་བྱ་ཚིག་མིང་དུ་བྱེད་ན་བ་ཡིག་འབྲི་བ། དཔེར་ན། སྟོང་བ། འདི་ལ་ད་ལྟ་འདས་མ་འོངས་བསྐུལ་ཚིག་སྨོན་ཚིག་རིམ་བཞིན། སྟོང་ སྟོངས་ སྟོང་ སྟོངས། ཞེས་དང་། འགྲེལ་བ། འགྲེལ་ བཀྲལ་ དགྲེལ་ ཁྲོལ།
ཀ་རྨ་དགེ་ལེགས་ལེགས་ཀྱིས།
སྤྱིར་སི་ཏུ་པཎ་ཆེན་གྱི་རང་ལུགས་དང་རང་གི་སློབ་མ་གཉིས་པ་བའི་སྐབས་དགོངས་པ་ཁ་ཁར་གྱུར་ཡོད། ཅེས་པར་འབྱུང་ན་དཔེ་ཆ་དག་གི་ཁུངས་དགོད་པར་མཐོང་།
དེ་བཞིན་འ་དང་། ར། ལ། དབྱངས་ཡིག་གི་མཐའ་རྣམས་ལ་རང་རེས་རྣམ་པར་དཔྱད་པ་མཛད་པ་གལ་ཆེ། འདི་ཡིས་བོད་སྤྱིའི་སྐད་བསྲུང་ཐུབ་པའི་རེ་བས་བརྩོན་པར་བྱེད་པ་ལགས་སོ།།
མཁས་པ་བོད་ཀྱི་མཁས་དག་པར་མཛད་པ་ཡོངས་ལ་ཞུ་བ། ཞུས་དག མཁས་པ་བོད་ཀྱི་སྐད་དག་པར་མཛད་པ་ཡོངས་ལ་ཞུ་བ། ཞེས་ཀློག་པར་མཛོད།
མགོན་པོ་ཕྱག་གཉིས་པ་ལགས།
རྟགས་འཇུག་ལས།
ཕོ་ཡིས་ཕོ་ཡི་མིང་མཐའ་དྲང་། །
མོ་ཡིས་མོ་ཡི་མིང་མཐའ་དྲང་། །
མ་ནིང་གིས་ནི་མ་ནིང་ངོ་། །
མིང་མཐའ་དེ་དག་ཉིད་ཀྱིས་ནི། །
དེ་ཉིད་རང་གི་སྒྲ་མཐུན་པའི། །
ཆོས་དངོས་ལས་དང་བྱེད་པ་དང་། །
སྦྱིན་དང་འབྱུང་ཁུངས་འབྲེལ་བ་དང་། །
གནས་དང་བོད་པའི་སྒྲ་ཡང་དྲང་། །
གཞན་ཡང་སླར་བསྡུ་ལྷག་བཅས་དང་། །
འབྱེད་སྡུད་བསྣན་དང་བདག་པོ་དང་། །
དགག་སྒྲུབ་རྒྱན་དང་དུས་ལའང་འཇུག །
ཅེས་སོགས་ཀྱི་གོ་དོན་ལ་ལེགས་པར་སོམས་དང་། སྤྱིར་ཕྲད་གཞན་དབང་ཅན་རྣམས་རྟགས་མཐུན་དང་སྒྲ་མཐུན་གཉིས་གང་རུང་གིས་འདྲེན་དགོས་པ་དང་། དེ་གཉིས་གང་རུང་མ་ཡིན་ན་དམིགས་བསལ་ཅན་དང་། དམིགས་བསལ་ལའང་དབྱེ་བ་གཉིས་ཡོད་པ་འདྲ།
ལ་དྭགས་པའི་གསུངས་བ་མངོན་པ་བཏོད་དོ།
མིག་བརྒྱད་པ་ལགས།
པ་བ་སོགས་ནི་མིང་མཐའ་དང་བདག་སྒྲ་ཡིནའང་། ཕྲད་ཡིན། ཕྲད་ཡིན་མིན་ལ་རྩོད་པ་མེད། ཕྲད་རང་དབང་ཅན་དང་། གཞན་དབང་ཅན་གང་ཡིན་ལ་རྩོད་པ་ཡོད།
ལག་བདེ་ཁ་བདེ་ཞིག་ལ། །
ཁ་རྩོད་བྱ་རྒྱུ་མ་དྲན། །
ཆོས་དང་འཇིག་རྟེན་གཉིས་ཀར། །
གོ་མྱོང་ཐོས་མྱོང་ལོས་ཡོད། །
མིག་གཉིས་མ་གཏོགས་མེད་ཀྱང་། །
ཕྱོགས་བརྒྱད་མཐོང་བའི་མི་ཚད། །
སྟེང་འོག་གཉིས་ཀྱང་རིག་ཚར། །
སྟོང་གཞིའི་སྟེང་དུ་ལོག་པར་སྒྲོ་བཏགས་པའི།།ཞེན་ཡུལ་དགག་བྱ་ཡིན་གྱི་སྟོང་གཞི་མིན།།ཀླུ་སྒྲུབ་ལུགས་ཀྱི་དགོངས་པ་མ་ལོན་པར།།ཡོད་མིན་མེད་མིན་བར་ནས་དབུ་བོ་འཁོར།།ཅི་ཡང་མེད་པའི་ལྟ་བའི་རྗེས་འབྲངས་ནས།།ཟླ་བའི་ལུགས་ཀྱི་རང་རྒྱུད་འགོག་ཚུལ་དང་།།མིང་རྐྱང་བཏགས་ཡོད་ཙམ་དུ་འཇོག་པའི་ཚུལ།།ལེགས་པར་མ་ཕྱེད་རང་སྐྱོན་འགེབས་པ་ཙམ།།ད་ལྟའི་ཚད་མ་དགག་བྱ་ཡིན་ན་ནི།།སྡེ་བདུན་མདོ་དང་བཅས་པའི་གཞུང་ལུགས་ནས།།རྟོག་གེའི་ལམ་ནས་ཆོས་ཉིད་ལ་འཁྲིད་པའི།།ཕྱོགས་གླང་ཆོས་གྲགས་སོགས་ལ་སྐུར་བ་ཐོབས།།སྔགས་ལམ་མཐོན་པོར་སོན་པའི་རྣལ་འབྱོར་བར།།ཐ་མལ་རྣམ་རྟོག་དགག་བྱ་ཡིན་མོད་ཀྱང་།།ཉ་དང་ཉུང་མ་གཅིག་ཏུ་བསྲེས་བ་འདི།།ཀླུ་སྒྲུབ་ལུགས་དང་འགལ་བའི་རང་སྐྱོན་ཡིན།།གྲུབ་མཐའ་བཞི་དང་མདོ་སྔགས་ཁྱད་པར་དང་།།རྣལ་འབྱོར་ངོ་དང་ཕལ་བའི་ཁྱད་པར་ལ།།ཆུ་དང་འོ་མ་འདྲེས་བ་ལྟར་སྣང་བ།།ཀླུ་སྒྲུབ་ལུགས་དང་འགལ་བའི་རང་སྐྱོན་ཡིན།།
ལ་ལས་ཚེག་བར་བརྩིས་ནས་འཐོབ་ཐང་བཤད། །
ལ་ལས་རྒྱན་དང་མིང་མཐའ་བྱ་ཚིག་ལ། །
པ་བའི་སྦྱོར་ཚུལ་མི་འཐུན་བཤད་པ་དེ། །
འུ་ཐུག་དང་ནི་ཨུ་ཚུགས་ཙམ་མ་གཏོགས། །
ལུང་དང་རིག་པའི་སྒྲུབ་བྱེད་དཀའ་མོ་འདུག །
མཁས་དབང་མང་པོས་གསུངས་པའི་སྡོམ་ཚིག་དང་། །
བསྟུན་ནས་པ་བའི་སྦྱོར་ཚུལ་བཤད་གྱུར་ན། །
རྙོག་འཛིང་མེད་པའི་འཐད་ཕྱོགས་དེ་ལས་མེད། །
དེ་རིང་ནི་བོད་གངས་ཅན་གྱི་སྟོན་པ་རྗེ་ཙོང་ཁ་བ་ཆེན་པོ་སྐུ་གཤེགས་པའི་ཉིན་མོ་དགའ་ལྡན་ལྔ་མཆོད་རེད། ཞོགས་ཀའི་ཆུ་ཚོད་དྲུག་པའི་སྟེང་ཚོགས་ཆེན་གྱི་ཚོགས་བརྡ་བརྒྱབ་སོང་། ང་རང་ནི་ཚོགས་ལ་འགྲོ་དགོས་བསམ་ཀྱང་གཉིད་མཐུག་པོ་འདིས་ཚོགས་ལ་འགྲོ་ཐུབ་བཅུག་མ་སོང་། ཁ་སང་དགོང་དྲོ་འདུག་ཡུན་རིང་སོང་བ་འདྲ། ཞོགས་ཚོགས་གྲོལ་སྐབས་དགེ་འདུན་མང་མང་གིས་དམིགས་བརྩེ་མ་གདངས་ལ་གྱེར་ནས་ཕེབས་ཡོང་བ་དང་རྣ་བར་ཧ་ཅང་སྙན་པ་ཞིག་ཏུ་ཚོར་བྱུང་ལ། དང་པོར་ཚོགས་ཆེན་ནས་སྐྱོར་བརྡ་དང་གཉིས་པར་གྲྭ་ཚང་སོ་སོར་དགུང་དྲོ་ཚོགས་མཆོད་འབུལ་བ་དང་ཡང་ལཱ། གློག་སྒྲོན་སོགས་སྦར་ནས་དུས་ཆེན་སྲུང་བརྩི་བྱེད་པ་ཡིན། བླ་མ་འདས་པའི་ལོ་ཟླ་ཚེས་གྲངས་དག།ངེས་བར་བཟུང་སྟེ་མཆོད་པ་རབ་བྱེད་ན།།ཤིན་ཏུ་མི་བཟད་གཤིན་རྗེའི་གྲོང་ལས་ཐར།།དེས་ན་བླ་མའི་རྣམ་ཐར་རྫོགས་པར་འགྱུར།།ཞེས་གསུངས་པ་ལྟར་ཡུལ་ལུང་སོ་སོའི་ཚེས་གྲངས་ལྟར་དགའ་ལྡན་ལྔ་མཆོད་ཆེན་མོ་ཡོངས་སུ་གྲགས་པ་འདི་ལ་ཆོས་ལུགས་རིས་མེད་ཀྱི་སྲུང་བརྩི་བྱེད་འོས་པ་ཞིག་ལོས་ཡིན།།
ཀརྨ་དགེ་ལེགས།
བ་ཡིག་ཕྲད་ཡིན་ན། ཀ་ནས་ཨའི་བར་ཕྲད་ཡིན་དགོས་པ་མ་ཡིན་ནམ། རང་རང་གི་མིང་གི་ཆ་ཤས་སམ་མིང་མཐའ་ལ་འཇུག་པ་གྲངས་ཀྱིས་མི་ལང་། ཕྲད་ནི་ཚིག་གི་བར་མཚམས་སྦྱོར་བ་ཞིག་ལ་ཟེར་གི་ཡོད་པ་འདྲ་ཞིག་མཐོང་བས་གསལ་བོར་མ་ངེས་ལགས།
གློག་སྒྲོན་སོགས་སྦར་ནས་དུས་ཆེན་སྲུང་བརྩི་བྱེད་པ་ཡིན། ཞེས་པ་སུམ་བཅུ་དུས་དྲན་བཞིན་བཞིན།འདིར་ཡང་དུས་ཆེན་ལས་དུས་དྲན་ཞེས་བྲིས་ན་མི་ལེགས་སམ། བློ་བཟང་རྒྱལ་བའི་བསྟན་པ་རྒྱས་འགྱུར་ཅིག །
སོ་སྐྱེས་བློ་ལ་འཆར་བའི་ཤེས་བྱ་ཀུན། །འཕགས་པའི་ཡེ་ཤེས་ངོ་ན་ཡོད་གྱུར་ན། །དེ་ཉིད་ཀུན་རྫོབ་འཇོག་བྱེད་ལ་ཐལ་བ། །ཀླུ་སྒྲུབ་ལུགས་དང་འགལ་བའི་རང་སྐྱོན་ཡིན།།རྒྱུ་འབྲས་རྣམ་གཞག་བརྩི་བར་ཁ་གཡར་ནས། །སྟོང་ལས་སྣང་བ་གཙོ་ཆེར་བྱས་པ་འདིས། །དེ་གཉིས་ཟུང་དུ་འཇུག་ཚུལ་ནོར་བ་ནི། །ཀླུ་སྒྲུབ་ལུགས་དང་འགལ་བའི་རང་སྐྱོན་ཡིན།།ངོ་བོ་གནས་འགྱུར་ཇི་བཞིན་མ་རྟོགས་པས། །སེམས་འདི་ཁྱབ་བྱེད་རྣམ་མཁྱེན་ཁྱབ་བྱ་རུ། །དོགས་པ་མེད་པར་སྙེམས་བཅས་སྒྲོག་པ་འདི། །ཀླུ་སྒྲུབ་ལུགས་དང་འགལ་བའི་རང་སྐྱོན་ཡིན།།
སོ་སྐྱེས་ས་དང་སངས་རྒྱས་ས་གཉིས་ལ། །གནམ་སའི་ཁྱད་པར་ཡོད་པ་མ་ཤེས་ནས། །འཇིག་ལྟ་ཅན་གྱི་རྒྱལ་བ་འདོད་པ་འདི། །ཀླུ་སྒྲུབ་ལུགས་དང་འགལ་བའི་རང་སྐྱོན་ཡིན།།
སོ་སྐྱེས་བློ་ལ་འཆར་བའི་ཤེས་བྱ་ཀུན། །འཕགས་པའི་ངོ་ན་ཡོད་པ་གཅིག་ཀྱང་མེད།།དེ་ཉིད་ཀུན་རྫོབ་འཇོག་བྱེད་མི་འདོད་པས།།ཀླུ་སྒྲུབ་ལུགས་དང་འགལ་བ་ག་ལ་སྲིད།།རྒྱུ་འབྲས་རྣམ་གཞག་བསླུ་མེད་འཇོག་ཤེས་པས། །སྣང་སྟོང་ཉེ་རིང་མེད་པའི་དབུ་མའི་ལམ།།སྣང་སྟོང་འགལ་མེད་འཇོག་པ་མ་ནོར་བས།།ཀླུ་སྒྲུབ་ལུགས་དང་འགལ་བ་ག་ལ་སྲིད།།ངོ་བོ་གནས་འགྱུར་ཇི་བཞིན་མ་རྟོགས་པས། །སེམས་འདི་ཁྱབ་བྱེད་རྣམ་མཁྱེན་ཁྱབ་བྱ་རུ། །དོགས་པ་མེད་པར་སྙེམས་བཅས་སྒྲོག་པ་འདི། །སྔ་རབས་ལུགས་ཀྱི་རྗེས་ཟློས་བྱས་པ་ཙམ།།
སོ་སྐྱེས་ས་ནས་སངས་རྒྱས་སར་འགྲོ་བའི། །གཞི་ལམ་འབྲས་བུའི་ཁྱད་པར་ཕྲ་མོ་ཀུན།།རྟོག་གེའི་ལམ་ནས་སྒྲུབ་པ་སྡེ་བདུན་མདོ། །ཀླུ་སྒྲུབ་ལུགས་དང་འགལ་བ་ག་ལ་སྲིད།།
རྒྱན་དྲུག་གཞུང་གི་རྗེས་སུ་མི་འབྲངས་ལ།།གྲུབ་མཐའ་བཞི་ཡི་རྗེས་སུ་མི་འབྲངས་བར།།བོད་པ་རང་གིས་ལྟ་བའི་བཤད་སྟངས་ལ།།སྔ་རབས་དབུ་མ་ཞེས་པ་དུང་དཀར་འདོད།།
རྒྱལ་བའི་ས་ན་ཆོས་ཉིད་འབའ་ཞིག་དང་།།སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པ་དང་།།དབྱིངས་རིག་དབྱེར་མེད་ཆ་དང་ཆ་ཅན་སོགས།།བྱ་བྱེད་རྟེན་དང་བརྟེན་པ་མེད་ནམ་ཅི།།གནས་ལུགས་སོ་སྐྱེའི་སྤྱོད་ཡུལ་མིན་པ་དང་།།དགག་པའི་ཕྱོགས་ནས་ངོ་སྤྲོད་བྱེད་པ་འགལ།།འཕགས་པས་ཡོད་པའི་ཕྱོགས་ནས་མཇལ་བ་དང་།།རང་ལུགས་ཁས་ལེན་ཅི་ཡང་མེད་པ་འགལ།།རྣམ་རྟོག་གེགས་ཀྱི་གཙོ་བོ་ཡིན་པ་དང་།།བདག་གཉིས་མེད་པའི་རྣམ་རྟོག་སྒོམ་པ་འགལ།།བཟང་རྟོག་ངན་རྟོག་སོ་སོར་མི་འབྱེད་དང་།།སྤང་གཉེན་གནོད་བྱ་གནོད་བྱེད་ས་ལམ་འགལ།།ཅིར་ཡང་མི་རྟོག་མཆོག་ཏུ་འདོད་པ་དང་།།སོ་སོར་རྟོག་པའི་ཤེས་རབ་འཚོལ་བ་འགལ།།ཐ་སྙད་དོན་ལ་འཇུག་ཐབས་ཡིན་པ་དང་།།དེ་ཡི་རྣམ་བཞག་ཁས་མི་ལེན་པ་འགལ།།
རྒན་ལ་དྭགས་པ་དང་ཕྱག་གཉིས་པ་སོགས་པ་བ་རྩོད་མཁན་དག་ལ་ཞུ་རྒྱུ།
སྤྱིར་བདག་སྒྲ་དང་མིང་མཐའི་པ་བ་དེ་དག་ཐད་གནའ་ནས་ད་བར་མི་མཐུན་པ་བྱུང་བ་རེད་ལ། མཁས་པ་རེ་རེས་བརྟགས་ནས་སྡོམ་ཚིག་བརྒྱབ་པ་ལའང་ཡོངས་གྲགས་ཀྱིས་ཁས་ལེན་པ་ཞིག་བྱུང་མི་འདུག ད་དུང་ཅི་ཙམ་བརྩད་ཀྱང་གྲུབ་དོན་འདི་རེད་ཅེས་ཀུན་གྱིས་ཐུན་མོང་དུ་ཁས་ལེན་པ་ཞིག་ཡོང་དཀའ་ངེས་རེད། དེ་ལས་ཁོ་བོའི་བསམས་པར་རྗེས་འཇུག་ག་ད་བ་ས་ན་མ་དག་ལ་རྩོད་པ་མི་འདུག་སྙམ། དེ་བཞིན་ང་འ་ར་ལ་མཐའ་མེད་ཅན་བདག་སྒྲ་ཡར་གྱུར་ལ་བ་ཐོབ་པའང་རྩོད་དགོས་མི་འདུག རྩོད་པ་འབྱུང་ས་གཙོ་བོ་རྗེས་འཇུག་ང་འ་ར་ལ་མཐའ་མེད་ཆར་གྱུར་པའི་རྗེས་སུ་པ་དང་བ་གང་ཐོབ་མིན་དེ་རེད། ཡུལ་སོ་སོའི་ཀློག་སྟངས་དབང་གིས་འདིའི་ཐད་ཐུན་མོང་དུ་ཁས་ལེན་ཞིག་ཡོང་མི་སྲིད་པས་པ་དང་བ་གང་སྦྱོར་འདམ་ང་ཅན་དུ་བཞག་ན་གང་འདྲ་འདུག གང་ལྟར་པ་བ་གང་བྱས་ཀྱང་དོན་མི་གོ་བ་དང་དོན་འཁྲུལ་འགྲོ་བའི་དཀའ་ངལ་ནི་མི་འདུག རང་ངོ་ལ་བདེ་མ་བདེ་ཙམ་རེད། དེ་མིན་ངེས་པར་དུ་གཏན་ལ་འབེབས་དགོས་འདུག་དགོངས་ན་མུ་མཐུད་རྩོད་ཅིག་དང་། གང་ལྟར་སུས་སུ་ལའང་བདེན་ཁ་སྤྲོད་མི་སྲིད་པ་ཟུར་བལྟས་ལེབ་མཐོང་རེད།
ཨ་ར་དཀར་པོ་ལགས།
ལེགས་བཤད་ལྗོན་དབང་རང་ལུགས་སུ་བཟུང་ན་ལེགས་པར་སེམས་མོད། འགྲེལ་ལུགས་ལ་ཞིབ་ཆ་དགོས་འདུག གལ་ཏེ་ཚེག་བར་བརྩིས་པའི་ལུགས་དེ་རང་ལུགས་སུ་འཛིན་ཐུབ་པ་དཀའ་མོ་རེད། དེ་ལ་རྒྱུ་མཚན་དུལ་འབྲུ་ཙམ་ཡང་མི་འདུག
དགོན་པའི་སྲང་བར་ན་བོད་ནས་དུས་དབང་ལ་ཡོང་མཁན་རྒས་འཁོགས་མང་པོ་དང་ཧི་མ་ལའི་རི་རྒྱུད་ནས་ཡོང་བའི་ཆོས་ཞུ་བ་དང་དད་ལྡན་པ་མང་པོ་མཚང་ཁ་ཤིག་ཤིག་གིས་དེ་རིང་དགའ་ལྡན་ལྔ་མཆོད་ལ་མཆོད་མཇལ་འགྲོ་བ་དང་། ཁ་སང་དགུང་དྲོར་ས་གནས་བདེ་འཇགས་ནས་དེ་རིང་ནས་བཟུང་ཟླ་གཅིག་གི་རིང་མཚན་མོའི་ཆུ་ཚོད་བཅུ་བ་ནས་དགོན་པའི་སྲང་བར་མི་གཅིག་ཀྱང་འགྲོ་ཆོག་གི་མེད་པའི་རྒྱང་བསྒྲགས་བྱས་སོང་། མི་མེད་ས་ནས་དགོན་པ་དང་གཞིས་ཆགས་ཁག་ལ་རྐུན་མ་འཛུལ་བའི་དོགས་ཟོན་བྱེད་པ་དང་ཉེ་སྔོན་གྲྭ་ཤག་གི་སྒོ་ལྕགས་གཏོར་ཏེ་ནང་ལ་ཡོང་ནས་དངུལ་དང་ལག་ཐོགས་ཁ་པར་རྐུན་མའི་ལག་ཏུ་ཤོར་བའི་གནས་ཚུལ་ཁ་ཤས་ཀྱང་བྱུང་འདུག །ས་གནས་ཉེན་རྟོག་དཔོན་ལ་འབྲེལ་གཏུགས་བྱས་ནས་དགོན་པ་སྐོར་སྲུང་བྱེད་མཁན་བཞག་ནས་བྱ་ར་བྱེད་རྒྱུ་ཡིན་འདུག་ལ། ཁམས་ཚན་སོ་སོའི་ངོས་ནས་བྱ་ར་བྱེད་མཁན་ལ་གླ་སྤྲད་ནས་སྐོ་འཇོག་བྱ་དགོས་པའི་བརྡ་ལན་བསྐྱལ་འདུག །
ཁང་བརྩེགས་མཐོན་པོ་འོག་གི་བརྗིད་ཉམས་འདིས།།
བསྟན་པའི་སྦྱིན་བདག་དད་པ་ལོག་པ་དང་།།
རྐུན་བུ་རྣམས་ཀྱིས་འཇབ་རྐུན་བྱེད་དོགས་ནས།།
ཐ་སྙད་ཚད་གྲུབ་འཇོག་པར་བློ་མ་བདེ།།
གྲྭ་རྐྱང་རྣམས་ཀྱིས་ཐོས་བསམ་བྱེད་བྱེད་ནས།།
དུས་དབང་འགྲོ་བའི་སྒོར་མོ་མ་ལོངས་བས།།
གཞན་ལ་གཡར་བོར་ཞུས་བའི་ངང་ཚུལ་འདིས།།
ཐ་སྙད་ཚད་གྲུབ་འཇོག་པར་བློ་མ་བདེ།།
བླ་བྲང་རྫུག་པོ་འོག་གི་སྤྲུལ་སྐུ་དང་།།
ཐོས་བསམ་སྙིང་རུས་བྱེད་པའི་གྲྭ་རྐྱང་གཉིས།།
དབུལ་ཕྱུག་ཙམ་གྱིས་མཐོ་དམན་ཤོར་བ་ལས།།
ཐ་སྙད་ཚད་གྲུབ་འཇོག་ལ་བློ་མ་བདེ།།
ཆོས་ཉིད་འབའ་ཞིག་མ་གཏོགས་པ། །
ཆོས་ཅན་གཏད་ནས་མ་གྲུབ་པར། །
དབྱིངས་རིག་ཆ་དང་ཆ་ཅན་དང་། །
བྱ་བྱེད་རྟེན་དང་བརྟེན་པ་ཞེས། །
བསྐུར་འདེབས་དེ་ནི་ཁྱོད་ཀྱིས་བྱས། །
གནས་ལུགས་བློ་ཡི་ཡུལ་མིན་པས། །
དགག་སྒྲུབ་གཉིས་ཀ་གནས་ལུགས་མིན། །
ང་ལ་ཁས་ལེན་མེད་པས་ན། །
ང་ནི་སྐྱོན་མེད་ཁོ་ན་ཞེས། །
འཕགས་པའི་ཡུལ་ལ་མ་གྲགས་སམ། །
གཉིས་སུ་འཛིན་པའི་རྣམ་རྟོག་དེ། །
གེགས་ཀྱི་གཙོ་བོ་ཡིན་མོད་ཀྱང་། །
བདག་མེད་རྟོགས་པའི་ཤེར་རབ་དེ། །
རྣམ་རྟོག་ཡིན་འདོད་ནོར་བ་རེད། །
བཟང་ངན་གཉིས་འཛིན་རྣམ་རྟོག་དེ། །
ཆོས་ཉིད་གཤིས་ལ་མ་གྲུབ་ཀྱང་། །
སོ་སོ་སྐྱེ་བོའི་ས་ཉིད་ན། །
བཟང་ངན་དབྱེ་བ་ཅི་ལ་མེད། །
དེ་བཞིན་སྤངས་གཉེན་ས་ལམ་སོགས། །
སྐབས་ཤན་ཕྱེས་ནས་བཤད་ཐུབ་ན། །
དང་པོ་ཐ་སྙད་ལ་བརྟེན་ནས། །
དམ་པའི་དོན་དེ་རྟོགས་དགོས་ཀྱང་། །
མཐར་ཐུག་སྨྲ་མེད་བསམ་མེད་ཡིན། །
གྲུ་ལ་བརྟེན་ནས་རྒྱ་མཚོ་རྒོལ། །
ཕ་རོལ་ཕྱིན་ཚེ་དོར་དགོས་ཞེས། །
དཔེ་དེ་མདོ་ལས་ལེགས་པར་གསུངས། །
རྒྱ་མཚོའི་ཕ་རོལ་མི་བརྒལ་བར། །
ད་དུང་མཚོ་ལ་གནས་འདོད་ན། །
གྲུ་དེ་གཅིས་པར་སྐྱོང་བར་རིགས། །
འཁོར་བ་མཚོ་ལས་གྲོལ་འདོད་ན། །
མཐར་ཐུག་དམིགས་ཡུལ་གྲུ་དེ་མིན། །
འཕགས་རྒྱུད་ན་ཡང་བཟང་ངན་རྣམ་རྟོག་ཡོད།།ཡེ་ཤེས་ལ་ཡང་མཆོག་དམན་ཁྱད་པར་ཡོད།།སོ་སྐྱེའི་རྒྱུད་ལའང་ཡེ་ཤེས་མཆོག་དམན་ཡོད།།རྣམ་རྟོག་ལའང་བཟང་ངན་གཉིས་ཀ་ཡོད།།
སྐྱེ་འཕགས་རྒྱུད་ཀྱི་བྱམས་སྙིང་སེམས་བསྐྱེད་སོགས།།ཐོས་བསམ་སྒོམ་པའི་བཟང་རྟོག་མཐའ་ཡས་ཤིང་།།ངན་རྟོག་ལའང་སྒྲིབ་གཉིས་མི་དགེ་དང་།།ལུང་མ་བསྟན་སོགས་ངན་རྟོག་མཐའ་ཡས་སོ།།
འཕགས་པའི་རྒྱུད་ཀྱི་མཁྱེན་པའི་ཡེ་ཤེས་ཀྱིས།།བདེན་བཞིའི་ཁྱད་ཆོས་བཅུ་དྲུག་རྙེད་པ་དང་།།དེ་ཡི་ལྡོག་ཟླ་བཅུ་དྲུག་རྙེད་མ་ཡིན།།བདེན་མེད་རྙེད་ལ་བདེན་གྲུབ་རྙེད་མི་སྲིད།།
སོ་སོ་སྐྱེ་བོའི་རྒྱུད་ཀྱི་ཚད་མས་ཀྱང་།།རྙེད་འོས་རྙེད་ལ་རྙེད་འོས་མིན་པ་ཞིག།འཕགས་པའི་ཡེ་ཤེས་ཀྱིས་ཀྱང་རྙེད་མི་སྲིད།།
གང་ལ་སྟོང་པ་ཉིད་རུང་བ།།དེ་ལ་ཐམས་ཅད་རུང་བར་འགྱུར།།ཞེས་དངོས་སྨྲ་བ་ལ་དབུ་མ་བས་རང་མཚན་གྱིས་གྲུབ་པའི་རང་བཞིན་སྟོང་བའི་ཕྱོགས་ལ་འཁོར་འདས་ཀྱི་རྣམ་བཞག་རུང་བར་ཡང་དང་ཡང་དུ་གསུངས་ལ། ཚད་མས་གཞལ་བྱ་མཇལ་བའི་བྱ་བྱེད་མི་རུང་བར་འཛིན་པ་རང་གི་བློ་གྲོས་ཀྱི་སྐྱོན་ཡིན། རྩོད་ཟློག་ལས། གལ་ཏེ་ངས་དམ་བཅའ་ཡོད།།དེས་ན་ང་ལ་སྐྱོན་དེ་ཡོད།།ཅེས་བ་གང་ལ་རང་མཚན་གྱིས་གྲུབ་པའི་ཁས་ལེན་ནམ་དམ་བཅའ་ཡོད་ན་ང་ལ་སྐྱོན་དེ་ཡོད་ཅེས་པ་དང་། རྩོད་ཟློག་ལས། ང་ལ་དམ་བཅའ་མེད་པས་ན།།ང་ནི་སྐྱོན་མེད་ཁོ་ན་ཡིན།།ཞེས་པའི་དམ་བཅའ་དང་ཕྱོགས་མེད་པའི་དོན་ནི་འཇུག་འགྲེལ་གྱིས་བཤད་པ་ལྟར་རང་མཚན་གྱིས་གྲུབ་པའི་ཕྱོགས་དང་དམ་བཅའ་ལ་མེད་པ་ལ་བྱའོ།།ཁས་ལེན་མེད་པ་དང་ཕྱོགས་མེད་པ་ཙམ་ལ་བྱེད་ན་རྩོད་ཟློག་གི་རྩོད་པ་འོངས་དོན་མེད་པའི་ཕྱིར། སྤྱིར་གནས་ལུགས་བློ་ཡི་ཡུལ་མིན་པ་དང་རྟགས་ཀྱིས་བསྒྲུབ་བྱ་སྒྲུབ་པའི་བྱ་བྱེད་ཀྱི་རྣམ་བཞག་ཁས་མ་བླངས་ན་དབུ་མའི་གཞུང་ཀུན་དང་འགལ་བའི་ཕྱིར་རོ། །དབུ་མ་འཇུག་པ་ལས། རྟོག་རྣམས་ལོག་པར་གྱུར་པ་གང་ཡིན་ཏེ།།རྣམ་པར་དཔྱོད་པའི་འབྲས་བུར་མཁས་རྣམས་གསུངས། །ཞེས་རྣམ་པར་དཔྱོད་པའི་འབྲས་བུར་གསུངས་པ་དང། དབུ་མ་ཚིག་གསལ་ལས། ཁོ་བོ་ཅག་ནི་འདི་མེད་པར་སྒྲུབ་པ་མ་ཡིན་གྱི། འོ་ན་ཅི་ཞེ་ན། འདི་གཞན་གྱིས་ཡོད་པ་ཉིད་དུ་ཡོངས་སུ་བརྟགས་པ་འགོག་པ་ཡིན་ནོ།།ཞེས་པའི་དོན་ལ་བོད་སྔ་རབས་པ་ཁ་ཅིག་གིས། གཞན་ལུགས་བཀག་པ་ཙམ་ཡིན་གྱི་རང་བཞིན་མེད་པ་སྒྲུབ་པ་མིན་ཞེས་བཤད་པ་ལ། འདིའི་ཡོད་དང་མེད་ཅེས་བ་རང་བཞིན་མེད་པ་ལ་མ་སྦྱར་ན་དབུ་མ་ཐལ་རང་གཉིས་ཀའི་སྟོང་ཉིད་ཀྱི་དགག་བྱའི་ས་མཚམས་འཇོག་དཀའ་བར་ཐལ་བའི་ཕྱིར།
སྔ་རབས་ཕལ་ཆེར་སྣང་བ་སྟོང་པར་སྒྲུབ། །སྟོང་པའི་རང་མདངས་འགག་མེད་སྣང་བར་ཤར། །དེ་ཡིས་སྟོང་པ་རྟེན་འབྱུང་དུ་ཤར་བའི། །དཔལ་མགོན་ཀླུ་སྒྲུབ་ལུགས་བཟང་གསལ་བར་བྱས། །ཕྱི་རབས་ཁ་ཅིག་སྣང་བ་མི་སྟོང་སྒྲུབ། །བདེན་གྲུབ་གཞན་གྱིས་སྟོང་པའི་དགག་རྐྱང་སྨྲ།།དེ་ཡིས་སྣང་སྟོང་འགལ་འདུར་སོང་བ་ཡིས། །དཔལ་མགོན་ཀླུ་སྒྲུབ་ལུགས་བཟང་རྙོག་པར་བྱས། །
མ་དཔྱད་ཅུང་ཟད་དཔྱད་དང་ཤིན་ཏུ་དཔྱད། །བར་མར་ལུས་ནས་མེད་སྟོང་ཕྱང་ཆད་ལ། །ལམ་གྱི་དམིགས་པ་མཐར་ཐུག་ཡིན་སྨྲ་བ། །ཀླུ་སྒྲུབ་ལུགས་དང་འགལ་བའི་རང་རྟགས་ཡིན། །དོན་དམ་སྟོང་ཉིད་དགག་ཆ་ཙམ་བཟུང་ནས།།སྐུ་དང་ཡེ་ཤེས་ཡོན་ཏན་གྱིས་དབེན་པ། །ཤིན་ཏུ་ཕྲ་བའི་ཆད་མཐར་ལྷུང་བ་འདི། །ཀླུ་སྒྲུབ་ལུགས་དང་འགལ་བའི་རང་རྟགས་ཡིན། །སུ་ལ་ཕོག་ན་དེ་ལ་ཞུས་པ་ཡིན། །དགོངས་པ་ཚོམ་ན་དགོངས་དག་ཞུ་བ་ཡིན། །
འཕགས་པ་རྣམས་ཀྱི་མཉམ་བཞག་དང་། །
རྗེས་ཐོབ་གཉིས་ལ་ཁྱད་པར་ཡོད། །
ཡེ་ཤེས་རང་གི་ངོ་བོ་ན། །
མཆོག་དམན་ཁྱད་པར་མེད་མོད་ཀྱང་། །
ཇི་བཞིན་རྟོགས་དང་མ་རྟོགས་ལ། །
ཁྱད་པར་ཡོད་པ་སྨོས་མ་དགོས། །
རྣམ་རྟོག་ལ་ནི་བཟང་ངན་གྱི། །
དབྱེ་བ་ཡོད་པ་སུས་མི་འདོད། །
རྣམ་པར་མི་རྟོགས་ཡེ་ཤེས་ལ། །
མཆོག་དམན་དབྱེ་བ་ག་ལ་གྲུབ། །
དམིགས་མེད་བརྩེ་བ་ཆེན་པོ་དང་། །
དམིགས་བཅས་གཉིས་ལ་ཁྱད་པར་ཡོད། །
སོ་སྐྱེའི་རྒྱུད་ན་མཆོག་དམན་གྱི། །
ཡེ་ཤེས་ཡོད་པ་རྟགས་མ་གྲུབ། །
ཡེ་ཤེས་དང་ནི་རྗེས་མཐུན་ཙམ། །
མཆོག་གི་ཡེ་ཤེས་ག་ལ་ཡིན། །
ཐ་སྙད་ལ་ནི་མ་བརྟེན་པར།
དམ་པའི་དོན་ནི་རྟོགས་མ་ཡིན།
དམ་པའི་དོན་ནི་མ་རྟོགས་པར།
མྱ་ངན་འདས་པ་རྟོགས་མ་ཡིན།། རྩ་ཤེས། རབ་བྱེད་ ༢༤ ཚིགས་ ༡༠
དེ་དང་མཐུན་པར་དཔལ་ཟླ་བ་གྲགས་པས། དབུ་མ་འཇུག་པའི་སེམས་བསྐྱེད་༦ ཚིགས་
ཐ་སྙད་བདེན་པ་ཐབས་སུ་གྱུར་པ་དང་།
དོན་དམ་བདེན་པ་ཐབས་བྱུང་གྱུར་པ་སྟེ།
དེ་གཉིས་རྣམ་དབྱེ་གང་གིས་མི་ཤེས་པ།
དེ་ནི་རྣམ་རྟོག་ལོག་པས་ལམ་ངན་ཞུགས།། ༨༠ །།
ཐ་སྙད་ལ་བྱེད་སྟངས་བྱེད་ལུགས་སྐོར། དིང་སང་གདན་ས་ཁག་ཏུ་སྲུང་སྐྱོབ་ཆེད། རྒྱ་གར་ཉེན་རྟོག་པ་ལ་བཅོལ་དགོས་པའི་གནས་ཚུལ་ཐོས།
ཡོད་མདོག་མདོག་བྱས་ཏེ། ངོམས་ན་རྐུན་མས་རྐུ་འཕྲོག་བྱེད་པའི་གཏམ་བརྒྱུད་མང་། ཨ་རིའི་ཆོས་ཚོགས་ཤིག་ན། མ་ཎི་ལག་བསྐོར་ཡོད་པ་རྣམས་ཟངས་ལ་གཡའ་ཆགས་ནག་པོར་སོང་། བོད་ཀྱི་བསམ་ཡས་ཀྱི་མ་ཎི་ལག་བསྐོར་དག་ལ་གསེར་ཆུ་བསྐུས་འདུག་བྱས་པས། ཨ་རི་པ་ཀུན་གྱིས་ཡོད་མདོག་མདོག་ངོམས་སོ་བརྒྱབས་ན། རྐུན་མ་གདན་འདྲེན་ཞུ་བ་ཡིན་ཞེས་བཤད། བདེན། སྔོན་རྒྱ་གར་གྱི་ལྷ་ཁང་རྣམས་ན་གསེར་དངུལ་ཡོ་བྱད་མང་པོ་ཀླ་ཀློའི་ཇག་པ་བྱུང་བའི་རྒྱུར་གྱུར་པ་ལོ་རྒྱུས་ན་གསལ། འབྲས་སྤུངས་བློ་གསལ་གླིང་འདུ་ཁང་རྒྱབ་པ་ན། འདུ་ཁང་དུ་སྒྲིག་པ་དངུལ་ཏིང་ཚགས་རྒྱབ་ཡོད་པ་རེ་ལ་རྒྱ་གར་སྒོར་མོ་༢༢༠༠༠རེ་གནས་པར་ཞལ་འདེབས་སློང་བ་ན། བདག་རང་གིས་ཀྱང་མ་ཉུང་ཞལ་འདེབས་ཕུལ་པ་བསོད་ནམས་གསོག་པའི་རྒྱུར་གྱུར་ཀྱང་། ད་ལྟའམ་མ་འོངས་པ་ན་རྐུན་ཇག་གདན་འདྲེན་ཞུ་བའི་རྒྱུར་འགྱུར་བས། དེ་འདྲའི་རིགས་ལ་གཟབ་གཟབ་དགོས་པར་སྣང་། ཨ་མདོ་དགེ་བཤེས་ཤིག་གི་སྔོན་མ་ཞིག་རྒྱ་གར་དུ་་དོ་སྒམ་རྫིག་པོ་ཞིག་ནང་ལ་དངུལ་ཏིང་སོགས་ཡོད་པ་དེ་ལ་མིག་གཟུགས་ཏེ། སྒམ་དེ་དམིགས་བསལ་གྱིས་རླངས་འཁོར་ཐོག་ནས་རྐུན་མས་ཁྱེར་འདུག ཨ་ཁ་ཁ།
ཨ་ར་དཀར་པོ་སོགས་ལ་ཞུ་བ།
བདག་ནི་བརྡ་སྤྲོད་སྐོར་ལ་འཆད་མི་སྤྲོ། གཞུང་དཔེ་ཁུངས་ལྡན་ཡོངས་གྲགས་དེ་རྣམས་ཀྱི་རྗེས་སུ་འབྲང་བ་ལ་འབད་རྩོལ་བྱེད་པ་ལགས་སོ།།
སྔ་རབས་ཕལ་ཆེར་སྣང་སྟོང་ཉེ་རིང་གིས། །ཧ་ཤང་ལུགས་ཀྱི་སྟོང་པའི་རང་མདངས་ཤར། །སྟོང་པ་རྟེན་འབྱུང་ཤར་བ་མ་རྟོགས་ནས། །དཔལ་མགོན་ཀླུ་སྒྲུབ་ལུགས་བཟང་རྙོག་པར་བྱས། །ཕྱི་རབས་ཁ་ཅིག་ངན་སྨྲས་ཆགས་སྡང་གིས།།བསྟན་པ་འཛིན་པའི་མཐའ་ལ་ཐུག་གྱུར་ཏེ།།ཟླ་བས་རང་རྒྱུད་འགོག་ཚུལ་མ་ཤེས་པར།།ཆད་ལྟ་བ་དང་སྟོང་པའི་དགག་རྐྱང་སྨྲ།།
སྟོང་ཉིད་དཔེ་ལ་ནམ་མཁའ་འཇོག་པ་ལྟར།།དགག་བྱ་བཅད་ཙམ་སྟོང་བའི་མེད་དགག་དེ།།ཟླ་བའི་ཞབས་ཀྱི་དགོངས་པ་རྨ་མེད་པ།།སྣང་སྟོང་གྲོགས་སུ་སོང་བའི་ཀླུ་སྒྲུབ་ལུགས།།འདི་ནི་ཡོད་ཉིད་འགོག་གི་མེད་ཉིད་མིན།།ཞེས་པའི་དོན་བཞིན་འགལ་འདུར་མ་སོང་བར། །མཉམ་བཞག་ངོ་ན་ཀུན་རྫོབ་མ་གཟིགས་པ།།སྟོང་ཉིད་མེད་དགག་ཡིན་པའི་དཔེ་རུ་སོང་།།
༼ སོ་སྐྱེའི་རྒྱུད་ན་མཆོག་དམན་གྱི། །
ཡེ་ཤེས་ཡོད་པ་རྟགས་མ་གྲུབ། །
ཡེ་ཤེས་དང་ནི་རྗེས་མཐུན་ཙམ། །
མཆོག་གི་ཡེ་ཤེས་ག་ལ་ཡིན། ། ༽
ཉན་རང་རྒྱུད་ཀྱི་ཚོགས་སྦྱོར་དེ།།
ཡེ་ཤེས་མིན་ན་ཅི་ཞིག་ཡིན།།
ལམ་དང་ཡེ་ཤེས་དོན་གཅིག་པར།།
མཁས་གྲུབ་སྨྲ་བའི་ཉི་མས་བཞེད།།
འཕགས་ལམ་མ་ཐོབ་གང་ཟག་ལ།།
སོ་སོ་སྐྱེ་བོ་ཞེས་པ་ལྟར།།
ཡང་ན་ཉན་རང་ཚོགས་སྦྱོར་པ།།
སོ་སོ་སྐྱེ་བོ་མིན་ནོ་ལོ།།
འཇམ་མགོན་བླ་མ་བློ་བཟང་གྲགས་པ་ཡིས།།མཁས་པ་གཞན་གྱི་གཞུང་ལ་དཔྱད་པའི་ཚེ།།སྔོན་གྱི་ཁ་ཅིག་ཕྱིས་ཀྱི་ཁ་ཅིག་ཅེས།།གུས་འདུད་ཚུལ་གྱིས་མིང་བཟུང་མི་མཛད་ཅིང་།།གངས་ཅན་ཁྲོད་འདིར་རྒྱ་ནག་ཧ་ཤང་གི།ལྷམ་གོག་ཡ་གཅིག་ལུས་པའི་རྟེན་འབྲེལ་ལ།།ངན་རྟོག་བཟང་རྟོག་ཐམས་ཅད་འབུར་འཇོམས་པའི།།ཧ་ཤང་ལྟ་བ་རྗེས་ཟློས་བྱེད་པ་མང་།།
གངས་རིའི་མུ་ཁྱུད་བསྐོར་བའི་བོད་ཡུལ་དུ།།སྡོམ་བརྩོན་འཁོར་ལོས་བསྒྱུར་བ་བཙུན་པའི་སྡེ།།སྔོན་དང་ཕྱིས་ཀྱི་མཁས་དབང་དེ་དག་གི།མཛད་རྗེས་ནམ་མཁའི་མཐར་ཡང་གཞལ་ནུས་མིན།།ལྟ་བའི་ཆ་ནས་ཚིག་སྒྲོས་མང་ན་ཡང་།།ཆོས་དབྱིངས་གདོད་མའི་ཞལ་རས་མཇལ་བ་ན།།དགག་བྱ་བཅད་ཙམ་ཐམས་ཅད་རོ་གཅིག་པའི།།ཨ་མ་རྒན་མོའི་བཞིན་རས་ལྷག་པར་མཛེས།།
སྒྲ་དང་ཚིག་གིས་ཇི་བཞིན་གཞལ་མིན་པའི། །ཆོས་ཉིད་བསམ་མི་ཁྱབ་པར་གསུངས་ན་ཡང་།།རྟོག་བྲལ་དཀྱུས་མས་མྱོང་བར་འདོད་པ་འདིས། །ཨ་མ་རྒན་མོའི་བཞིན་རས་མཇལ་མ་ལགས། །སྣང་བ་ཐམས་ཅད་འགལ་འདུར་མཐོང་བ་ལས། །སྟོང་དང་མི་སྟོང་གཉིས་ལས་འདས་པའི་དོན། །རྣམ་དག་དབུ་མ་མིན་པར་སྨྲ་བ་འདིས། །ཨ་མ་རྒན་མོའི་བཞིན་རས་མཇལ་མ་ལགས། །
གང་ཡང་ཡིད་ལ་མི་བྱེད་ཧ་ཤང་སྒོམ། །ཅིར་ཡང་མི་འཛིན་ཕ་རོལ་ཕྱིན་པའི་སྒོམ། །དེ་གཉིས་ཚིག་དོན་གཉིས་ཀར་མི་མཚུངས་ཀྱང་།།འདྲ་བར་སྨྲ་བ་སྒོམ་མ་མྱོང་བའི་སྐྱོན། །
འཇམ་མགོན་བླ་མ་བློ་བཟང་གྲགས་པ་ཡིས།།དང་པོའི་ལས་ཅན་རྣམས་ལ་ཐུགས་རྗེ་ཡི། །ཕྱག་ཡངས་བརྐྱངས་ནས་བདེན་སྟོང་མེད་དགག་སོགས།།ཁམས་དབང་མོས་པར་མཐུན་པའི་གདམས་པ་དག །ཕྱིས་སུ་ཁོང་གི་རྗེས་འཇུག་རློམས་པ་འགས། །ངེས་དོན་ཉིད་དུ་བཟུང་ནས་འཁྲུལ་བ་བསྐྱེད། །རང་རང་འདོད་པའི་ཕྱོགས་སུ་འཐེན་ཁྱེར་གྱིས། །ཡིག་ཆ་འཛིན་པ་བཞི་ཡང་མི་མཐུན་བྱུང་། །
མིག་བརྒྱད་ལ།
ཇི་སྲིད་འཕགས་ལམ་མ་ཐོབ་པར། །
དེ་སྲིད་སོ་སྐྱེ་ཡིན་མོད་ཀྱང་། །
ཉན་རང་ཚོགས་སྦྱོར་གཉིས་ཀ་ལ། །
ཟུང་འཇུག་ཡེ་ཤེས་འདྲེན་པའི་རྒྱུ། །
སྒོམ་ལས་བྱུང་བའི་ཤེས་རབ་དང་། །
དཔེ་ཡི་ཡེ་ཤེས་ཙམ་མ་གཏོགས། །
དོན་གྱི་ཡེ་ཤེས་མིན་པར་བཞེད། །
མཁས་གྲུབ་སྨྲ་བའི་ཉི་མ་དེ། །
སུ་ཡིན་ང་ཡིས་མི་ཤེས་ཀྱང་། །
ལམ་དང་ཡེ་ཤེས་དོན་གཅིག་མིན། །
སྨྲ་བསམ་བརྗོད་མེད་ཤེས་རབ་ཕ་རོལ་ཕྱིན།།མ་སྐྱེས་མ་འགགས་ནམ་མཁའི་ངོ་བོ་ཉིད།།སོ་སོ་རང་རིག་ཡེ་ཤེས་སྤྱོད་ཡུལ་བ།།དུས་གསུམ་རྒྱལ་བའི་ཡུམ་ལ་ཕྱག་འཚལ་ལོ།།
སྒྲ་དང་ཚིག་གིས་ཇི་བཞིན་བརྗོད་མེད་ཀྱང་། །ཆོས་ཉིད་ངེས་ངོར་ཀུན་རྫོབ་མི་སྣང་བས།།ཚོགས་སྦྱོར་རྟོག་བློས་མྱོང་བར་གྲུབ་པ་འདི། །ཨ་མ་རྒན་མོའི་བཞིན་རས་མཇལ་བའི་རྟགས། །སྣང་བ་ཐམས་ཅད་འགལ་འདུར་མ་མཐོང་བར།།ཡོད་ཚད་སྟོང་བ་ཉིད་དུ་འཛིན་པའི་བློ།།ཡོད་མིན་མེད་མིན་རྗེས་སུ་རྒྱུགས་པ་འདིས།།ཨ་མ་རྒན་མོའི་བཞིན་རས་རྙོག་པར་བྱས། །
ཅི་ཡང་ཡིད་ལ་མི་བྱེད་པའི། །
ཧྭ་ཤང་ལྟ་ངན་ཚར་གཅོད་པའི། །
སྔ་རབས་ངེས་པོའི་རྗེས་འབྲངས་རྣམས། །
ཧྭ་ཤང་ལྟ་བར་འདྲ་འོ་ཞེས། །
བསྐུར་འདེབས་བྱས་པ་འོས་མ་ཡིན། །
གཅིག་ན་ལོ་རྒྱུས་ཕྱོགས་ལ་རྨོངས། །
གཉིས་ན་སྤྲོས་བྲལ་ལྟ་བར་རྨོངས། །
གསུམ་ན་ཕྱོགས་ཞེན་དབང་དུ་ཤོར། །
མཐོན་པོའི་ས་ལ་གནས་གྱུར་བའི། །
སྐྱེས་བུ་དམ་པ་དེ་དག་ནི། །
དོན་ལ་ནོར་འཁྲུལ་ཡོད་མི་སྲིད། །
གདུལ་བྱའི་མོས་བློ་དང་བསྟུད་པའི། །
དམ་ཆོས་འཆད་ཚུལ་ཡོད་པ་ནི། །
གང་ལ་གང་འདུལ་ཞེས་པ་དང་། །
དེ་ལ་དེར་སྟོན་གྲགས་པ་བཞིན། །
དམ་པ་རྣམས་ཀྱི་ཁྱད་ཆོས་ཡིན། །
ཡི་དམ་ལྷ་ཡིས་རྗེས་བཟུང་བའི། །
སྐྱེས་བུ་ཀུན་ལ་ཕྱག་བྱས་ནས། །
རང་རང་དད་པའི་བླ་མ་དང་། །
ཆོས་རྒྱུད་དེ་ཡི་ལུགས་བཞིན་གྱིས། །
གལ་ཏེ་ལྟ་བ་རྩོད་འདོད་ན། །
དང་པོ་རང་གི་རྒྱུད་ལ་རྟོགས། །
བྱམས་དང་སྙིང་རྗེ་མི་ལྡན་པའི། །
སྟོང་ཉིད་ལྟ་བ་ཡོད་རབས་མེད། །
ད་འགྲོ་རན་སོང་། རེ་ཞིག་དེ་ཙམ་མོ། །
བདེན་གཉིས་ནམ་མཁའི་མཐོངས་ན་མཁྱེན་རབ་ཀྱི།།འོད་སྣང་རྨོངས་བའི་མུན་སེལ་སྟོང་འབར་བས།།མུ་སྟེགས་རྩ་རྩེའི་ཟིལ་བ་འཇིག་མཛད་པ།།ནང་གི་ཉི་མས་སྙིང་ལ་དགེ་ལེགས་སྦྱིན།།རྣམ་རྟོག་འབུར་འཇོམས་བྱེད་པའི་རྣལ་འབྱོར་བས།།ཀུན་རྫོབ་ཚད་མས་གྲུབ་པ་མ་དམིགས་ན།།ཙོང་གི་པགས་པ་རེ་རེ་བཤུས་ནས་མཐར།།ཙོང་རྡོག་མེད་པ་སྟོང་ཉིད་ཡིན་ནོ་ལོ།།
སྒྱུ་མ་མཁན་གྱིས་སྒྱུ་མའི་གླང་པོ་དེ།།གླང་པོ་མིན་པ་རང་ངོའི་ཁས་ལེན་ཡིན།།སྒྱུ་མའི་གླང་པོ་གླང་པོར་ཁས་ལེན་པ།།གཞན་ངོར་ཁས་ལེན་ཡིན་གྱི་རང་ངོ་མིན།།ཁ་ནས་ཐམས་ཅད་མེད་ཅེས་སྨྲས་ན་ཡང་།།ཞེ་ནས་སེམས་ཀྱིས་དེ་ལྟར་མི་འཛིན་པས།།དེ་ལ་དགག་སྒྲུབ་བྱེད་པ་མི་རིགས་པ།།ཐ་སྙད་ཚད་གྲུབ་འདོད་པའི་ལུགས་དང་མཐུན།།
ལམ་དང་ཡེ་ཤེས་མཁྱེན་པ་དང་།།
མངོན་རྟོགས་རྣམས་ནི་དོན་གཅིག་ཡིན།།
མིན་ན་བྱང་སེམས་ཚོགས་ལམ་པར།།
ཡེ་ཤེས་མེད་པར་ཐལ་བའི་སྐྱོན།།
སྔགས་ཀྱི་དཔེ་ཡི་འོད་གསལ་དང་།།
དོན་གྱི་འོད་གསལ་ཁྱད་པར་ནི།།
མངོན་སུམ་རྟོགས་དང་མ་རྟོགས་ཀྱི།།
སྟོང་ཉིད་འཛིན་པའི་བློ་ལ་བྱེད།
ཐ་སྙད་ཚད་གྲུབ་ཡིན་ཙང་དཔལ་མགོན་ཀླུ་གྲུབ་མཆོག་གིས།
ཐ་སྙད་༼ཐ་སྙད་ཚད་གྲུབ་༽ལ་ནི་མ་བརྟེན་པར། །
དམ་པའི་དོན་ནི་རྟོགས་མ་ཡིན། །
དམ་པའི་དོན་ནི་མ་རྟོགས་པར། །
མྱ་ངན་འདས་པ་རྟོགས་༼ཐོབ་མི་འགྱུར་༽མ་ཡིན། །
གསུངས་པ་ལ་དཔྱད་པར་མཛོད་ལགས།
གཟུང་དང་འཛིན་པའི་རྟོག་ཚོགས་མ་དག་པར། །ཡུལ་ལ་སེམས་ཀྱི་འཇུག་པ་ཙམ་མཐོང་ནས། །ཁྱོད་ཀྱིས་སེམས་དང་བྲལ་བའི་འཕགས་པ་དེས། །ཅི་ཡང་མི་མཁྱེན་སྙམ་པའི་དོགས་པ་བཟུང་།།ཆོས་ཉིད་ངོས་ནས་ཡེ་ཤེས་ཡོད་དང་མེད། །གང་དུ་ཁས་ལེན་བྱ་བ་མི་རིགས་ཀྱང་།།སྒྲ་རྟོག་ཙམ་དུ་རྣམ་མཁྱེན་བཞག་ཆོག་པས། །སེམས་དང་བྲལ་བཞིན་རྒྱལ་བས་ཆོས་ཀུན་གཟིགས། །
སྒྲ་ལ་བརྟེན་ནས་ཆོས་ཉིད་རྟོགས་རུང་ཞིང་།།སྒྲ་ཡིས་ཐད་ཀར་དེ་ཉིད་མི་བརྗོད་ཀྱང་།།མཐའ་གཅིག་བརྗོད་པར་འདོད་པའི་ཕྱོགས་འཛིན་ན། །དེ་འདྲའི་འདོད་ཚུལ་མུ་སྟེགས་པ་དང་མཐུན། །
ཙོང་རྡོག་མི་སྟོང་བདེན་གྲུབ་རྭ་ཅན་གྱིས།།སྟོང་ཕྱིར་དེ་ཡི་པགས་པ་བཤུ་མི་ནུས། །གཅིག་དང་དུ་མ་བྲལ་བའི་གཏན་ཚིགས་ཀྱིས། །སྟོང་པར་མི་ནུས་སྣང་བ་ལིང་ལིང་པོ། །ཁྱོད་ཀྱི་མཉམ་བཞག་ཡེ་ཤེས་བགོ་སྐལ་མཛོད། །
མཉམ་བཞག་ལ་བཟླ་རྗེས་ཐོབ་ཤན་འབྱེད་ཀྱི།།དབྱེ་བའི་ཁྱད་པར་དག་ལ་རྨོངས་གྱུར་ནས། །ཐ་སྙད་ཚད་མའི་ས་ཡི་ཡོལ་གོ་རུ།།དོན་དམ་ནམ་མཁའ་ཤོང་བར་རློམས་འདི་མཚར། །
བདེན་གཉིས་ཟུང་འཇུག་རྡོ་རྗེའི་ཐོ་བ་ཡིས།།མཐའ་གཉིས་བཅོམ་པའི་དབུ་མའི་ལམ་བཟང་པོ།།སྐུ་གཉིས་རེ་སྐོང་ནོར་བུའི་ཁྲིར་འཛེགས་པ།།ཡིད་གཉིས་ཐེ་ཚོམ་མེད་པའི་གྲུབ་མཐའ་ཡིན།།བཟང་ངན་རྣམ་རྟོག་ཁྱད་པར་མི་འབྱེད་པར།།དགེ་སྡིག་བླང་དོར་འཛོལ་བའི་གཏན་ཚིགས་ཀྱིས།།ཐ་སྙད་ཚད་གྲུབ་འགོག་པའི་ཐོ་བ་ཡིས།།ཨ་ཕའི་མགོ་བོར་བསྣུན་པ་ཡ་རེ་ང་།།འཁྲུལ་བྲལ་མཉམ་བཞག་བློ་ཡི་དམིགས་པ་དང་།།འཇིག་རྟེན་བླུན་པོའི་བློ་ཡི་སྣང་བ་ལ།།བདེན་གྲུབ་ཡོད་དང་མེད་པའི་ཁྱད་མེད་ན།།རྟ་ལ་ཞོན་ནས་རྟ་ཉིད་བརྗེད་པ་བཞིན།།
མཉམ་བཞག་ངོ་ན་ཆོས་ཉིད་འབའ་ཞིག་ལས།།སེམས་དང་བྲལ་བའི་འཕགས་པ་མིན་པས་ན།།ཅི་ཡང་མི་མཁྱེན་སྙམ་པའི་དོགས་པ་ཆུང་།།གཉིས་སྣང་དམིགས་པ་མེད་པར་རབ་ཏུ་ཞི།།ཀུན་རྫོབ་སྣང་མེད་དོན་དམ་སྣང་བཅས་ཏེ།།ཡུལ་དང་ཡུལ་ཅན་རྣམ་བཞག་མི་འདོད་ན།།ཆོས་ཉིད་མཇལ་བ་ཁས་ལེན་མི་རིགས་པས།།འཁོར་བའི་སྲིད་མཐའ་གཅོད་པ་ག་ལ་སྲིད།།
སྟོབས་བཅུའི་ཡེ་ཤེས་མངའ་བའི་གཟིགས་ངོ་ལ།།ཀུན་རྫོབ་སྣང་བ་མི་འགོག་ལྷང་ངེར་མཁྱེན།།བྱང་སེམས་འཕགས་པའི་མཉམ་བཞག་གཟིགས་ངོ་ན།།ཀུན་རྫོབ་སྣང་བ་མཐའ་དག་ཡོངས་སུ་ནུབ།།གནས་གྱུར་དོན་དང་རྣམ་རྟོག་ལོག་པའི་དོན།།སེམས་དང་བྲལ་བའི་འཕགས་པ་ཡོད་བདེན་ན།།བེམ་རིག་རྒྱུན་ཆད་འདོད་པའི་བྱེ་སྨྲའི་ལུགས།།རྣམ་ཤེས་མེད་སྨྲ་མུན་པའི་མདའ་འཕེན་མཛོད།།
སྣང་སྟོང་ཟུང་འཇུག་རྟོགས་པའི་ཕ་རོལ་ན། །ལམ་ཞེས་བྱ་བ་ལོགས་སུ་མ་མཆིས་ཀྱང་།།ཚོགས་གཉིས་ཕན་ཚུན་འབྲེལ་མེད་བསྒྲུབས་པ་འདི། །ཡིད་གཉིས་ཐེ་ཚོམ་ཅན་གྱི་གྲུབ་མཐའ་ཡིན།།
གཟུང་འཛིན་ལས་འདས་རྒྱལ་བའི་མཁྱེན་པ་ལ། །དོན་དུ་གཉིས་སྣང་ཡོད་པར་འདོད་པ་ཡིས། །གཉིས་མེད་ཡེ་ཤེས་འཁྲུལ་བློར་བསྒྲུབས་པ་འདི། །ལོག་རྟོག་མུན་པར་འཕྱན་པའི་རང་རྟགས་ཡིན། །
ཏིང་འཛིན་གཉིས་སྣང་ནུབ་པའི་འཕགས་པ་ལ།།རང་གི་སེམས་དང་དེ་ཡི་སྟོང་བ་ཉིད།།ཆུ་ལ་ཆུ་བཞག་རོ་གཅིག་སོང་བའི་ཚེ།།མཉམ་རྗེས་རེས་འཇོག་སོང་བ་སེམས་ཅན་སྐབས།།བདེན་གཉིས་གཅིག་ཆར་གཟིགས་པའི་སངས་འཕགས་ལ།།མཉམ་རྗེས་རོ་གཅིག་སོང་བའི་མཐུ་ལས་ནི།།ཆོས་ཉིད་གཟིགས་པའི་ངོ་ན་ཀུན་རྫོབ་ཀུན།།ལག་མཐུལ་སྐྱུ་རུ་ར་བཞིན་གཟིགས་པའི་ཁྱད།།སྟོབས་བཅུ་མངའ་བའི་བློ་ཡིས་མ་དམིགས་ན།།བསམ་མི་ཁྱབ་པའི་མཁྱེན་ཚུལ་མཐའ་ཡས་པ།།སྒྲིབ་བཅས་སེམས་ཅན་སྒྲིབ་སྤངས་སངས་འཕགས་ཀྱི།།ཁྱད་པར་ཕྲ་མོ་འཇོག་པ་ག་ལ་འཐད།།གཅིག་གི་ལས་ལའང་ཐུན་མོང་ཐུན་མིན་གཉིས།།སྣང་བ་ལའང་ཐུན་མོང་ཐུན་མིན་གཉིས།།སྣང་བའི་ཡུལ་ལའང་ཐུན་མོང་ཐུན་མིན་གཉིས།།རྒྱལ་དང་རྒྱལ་སྲས་རྣམས་ཀྱིས་ས་ལེར་གཟིགས།།
སློབ་དཔོན་ཟླ་བའི་ཞབས་དང་ལེགས་ལྡན་གཉིས།།མྱུ་གུའི་སྟེང་དུ་མཐའ་བཞིའི་སྐྱེ་བ་སོགས།།ཡོད་མེད་རྩོད་པ་དགག་བྱའི་ཁྱད་པར་ཡིན།།མྱུ་གུ་གུ་ཚད་གྲུབ་བཀག་པ་ག་ལ་ཡིན།།ཁྱད་གཞི་མེད་པའི་ཁྱད་ཆོས་འཚོལ་བ་ལ།།སྣང་སྟོང་ཟུང་འཇུག་རྟོགས་པའི་ལམ་མེད་པས།།ཚོགས་གཉིས་ཕན་ཚུན་འབྲལ་མེད་བསྒྲུབས་པ་འདི། །ཡིད་གཉིས་ཐེ་ཚོམ་མེད་པའི་གྲུབ་མཐའ་ཡིན།།
མེད་དགག་བདེན་སྟོང་ཙམ་ལ་མགོ་འཁོར་ནས། །ཡོད་མེད་ལས་འདས་སྤྲོས་བྲལ་ལྟ་བ་ལ། །ནན་གྱིས་རྒོལ་བའི་གྲུབ་མཐའ་སྨྲ་བ་གང་།།དབུ་སེམས་གང་གི་གྲལ་དུ་མ་ཚུད་ལུས། །ཇི་སྲིད་སེམས་ནི་ནམ་ཡང་འཇུག་པའི་བར། །ཤེས་བྱའི་སྒྲིབ་པ་གཏན་ནས་མི་ཡལ་ན། །སེམས་བཅས་སངས་རྒྱས་ཁོ་ནར་འདོད་པ་འདིས། །ཁྱོད་ཀྱི་ལུགས་ལ་ཆོས་སྐུ་ཡོད་མ་ཡིན། །
སེམས་ཀྱི་རང་བཞིན་འོད་གསལ་ཕྱག་རྒྱ་ཆེ།།ཟབ་བརླིང་བདེ་བར་གཤེགས་པའི་སྙིང་པོ་གང་།།སྦྱོང་བྱེད་འཇུག་རུང་ཆོས་སྐུའི་གཞིར་བཞུགས་པས།།སྲིད་པའི་མཐའ་མ་མེད་སྙམ་སུ་ཞིག་དོགས།།ལས་ཉོན་སྐྱེ་འཆི་བརྒྱུད་པའི་འཁོར་བ་འདི།།འབད་པས་སྤངས་ན་མཐའ་མེད་མ་ཡིན་ཞིང་།།ལེ་ལོར་ལུས་ན་མཐའ་ཡོད་མ་ཡིན་པའི།།རྗེས་སུ་འགྲོ་ལྡོག་རིག་པའི་སྙིང་པོར་ལོངས།།ཀུན་རྫོབ་སྣང་བས་སྟོང་བ་མི་འགོག་ཞིང་།།དོན་དམ་སྟོང་བས་སྣང་བ་མི་འགོག་པའི།།བདེན་གཉིས་འགལ་མེད་ཟུང་འཇུག་འོད་སྣང་གིས།།མཐའ་བྲལ་དབུ་མའི་ལམ་བཟང་གསལ་བར་བྱས།།ཡོད་མེད་ལས་འདས་སྤྲོས་བྲལ་ཁས་བླངས་ནས།།ཆོས་ཉིད་མ་ཡིན་དགག་ཏུ་གྱུར་བ་འདི།།ཀླུ་སྒྲུབ་ལུགས་ལས་རིང་དུ་བརྒལ་བས་ན།།ལྟག་ཆུ་ཆད་པའི་རྫིང་བུ་ཇི་བཞིན་ནོ།།
གསལ་བའི་ངོ་བོ་སྟོང་པར་མི་ཤེས་ཤིང་།།སྟོང་པའི་རང་བཞིན་གསལ་བར་མ་རྟོགས་ནས། །དོན་དམ་གཏན་འབེབས་རྟག་ཏུ་ཀུན་རྫོབ་ལ།། རེ་བ་འདི་ཡི་ཟུང་འཇུག་ཡ་མ་བརླ།། འཁོར་ལོ་བར་མཐའི་དགོངས་པ་མི་འགལ་བས། །འོད་གསལ་སྟོང་པའི་ཐོག་ཏུ་མ་བཀྲོལ་ནས། །ངེས་དོན་བཀའ་ལ་དྲང་དོན་ཞྭ་བསྐོན་པ། །དེ་འདྲའི་ལུགས་ཀྱི་ཆོས་སྐུ་དགག་རྐྱང་ཙམ། །སྐུ་དང་ཡེ་ཤེས་ཡོན་ཏན་གྱིས་དབེན་ཕྱིར།།སེམས་ཀྱི་རང་བཞིན་འོད་གསལ་ཕྱག་རྒྱ་ཆེ།།ཟབ་བརླིང་བདེ་གཤེགས་སྙིང་པོར་བཏགས་པ་ཡང་།།ཁྱི་ལ་སེང་གེའི་མིང་གིས་འབོད་དང་མཚུངས། །
མ་རིག་སེམས་ཀྱི་སྣང་ཆ་རྣམ་རྟོག་དང་།།མ་རིག་བསླད་པ་མ་ཞུགས་སྤྲོས་བྲལ་ལ།།གསལ་སྟོང་འཛིན་མེད་ངོ་བོར་ངོ་ཤེས་པའི།།རིག་པ་ཆོས་རྒྱུད་བཞི་ཀས་ཁས་ལེན་ཅིང་།།འོན་ཀྱང་ཤེས་རིག་གཉིས་ཀྱི་ཁྱད་པར་དང་།།གསལ་རིག་མིན་པའི་རྣམ་རྟོག་བཙལ་དགོས་ན།།སྣང་ཆ་འཁོར་བ་སྟོང་ཆ་མྱང་འདས་སོགས།།ཀླུ་སྒྲུབ་ལུགས་དང་འགལ་མིན་དཔྱོད་པ་གཅེས།།གསལ་བ་སེམས་ཀྱི་མཚན་ཉིད་མ་ཤེས་བར།།སྟོང་བ་སེམས་ཀྱི་རང་བཞིན་རྙེད་དཀའ་བས།།གསལ་སྟོང་གཉིས་མེད་གནས་ལུགས་བརྗོད་བྲལ་ལ།།དགག་བྱ་བཅད་ཙམ་མེད་དགག་འཇོག་པ་དཀའ།།གཞོན་ནུའི་འདོད་ཆགས་ལྐུག་པའི་རྨི་ལམ་དང་།།གནད་ལ་ཕྲུག་དང་དབང་པོའི་བདེ་བ་ལ།།བརྗོད་བྲལ་འཛིན་མེད་ལྟ་བ་ཡོད་དམ་ཅི།།འཁོར་འདས་དབྱེར་མེད་ལྟ་བ་ཡོད་དམ་ཅི།།གཟུང་འཛིན་འཁྲུལ་ངོར་སྣ་ཚོགས་སྣང་བ་ཀུན།།བདེན་པར་མེད་པའི་ངེས་ཤེས་རྒྱུན་བསྐྱངས་ནས།།མཉམ་བཞག་གསལ་རིག་ཙམ་གྱི་ཉམས་མྱོང་དང་།།རྗེས་ཐོབ་དྲན་པ་གསལ་བར་འབྱུང་བ་ལ།།དགག་བྱ་བཅད་ཙམ་མེད་དགག་འཇོག་དཀའ་བས།།དབུ་མའི་ལྟ་བ་ལས་ཀྱང་སེམས་ཙམ་པའི།།ལྟ་བ་གོང་དུ་སོང་བ་ལྟ་བུ་ལ།།དབུ་སེམས་གང་གི་ལུགས་དང་མཐུན་མིན་དཔྱད།།
རྗེ་བཙུན་མི་ཕམ་པས། གང་ཞིག་ཡོད་པ་མི་མཐོང་མེད་མཐོང་བ།།དེ་འདྲའི་མུན་ནག་རྣམ་པ་དེ་གང་ཞིག།།ཅེས་གསུངས་པ་ལྟར། སྐྱེ་བོ་རྨོངས་བ་གང་ཞིག་ཡོད་པ་རང་བཞིན་གྱིས་མེད་པར་ཁས་ལེན་གྱི། མེད་པར་ཁས་མི་ལེན་པ་དང་། བུམ་པ་ཡོད་པར་ཁས་ལེན་གྱི་བདེན་གྲུབ་ཏུ་ཁས་མི་ལེན་པའི་ཞིབ་ཆ་ཀླུ་སྒྲུབ་དང་། འཕགས་པ་ལྷ། སངས་རྒྱས་བསྐྱངས། ཟླ་གྲགས་བཞིས་ཡང་དང་ཡང་དུ་མཛད་པ་མི་མཐོང་ཞིང་། མེད་པ་དམའ་ས་ནས་བཤད་ན་སྨྱུང་གནས་བླ་མ་དང་མགོན་མེད་ཟས་སྦྱིན་གཉིས་ཀྱང་ཁས་མི་ལེན་ཞིང་། མཐོ་ས་ནས་བཤད་ན་ཀླུ་སྒྲུབ་དང་ཟླ་གྲགས་གཉིས་ཀྱིས་ཀྱང་ཁས་མི་ལེན་པའི་ཁུངས་མང་པོ་མཐོང་བའི་ཕྱིར།
ཡོད་པ་པ་རྣམས་བདེ་འགྲོར་འགྲོ །
མེད་པ་པ་རྣམས་ངན་འགྲོར་འགྲོ །ཞེས་པའི་ཚིག་ཅིག་ཀྱང་གོ་མྱོང་ཡང་ཡོང་ཁུངས་ད་ལྟ་མི་དྲན།
ལམ་རིམ་ཆེན་མོར། རྟོག་པ་གང་ཡིན་ཐམས་ཅད་འཁོར་བར་འཆིང་བྱེད་ཡིན་པས་སྟོང་ཉིད་སྒོམ་པའི་ཚེ། རྟོག་པ་ཐམས་ཅད་དགག་གོ་ཞེས་སྨྲ་བ་དེ་ལ་འདི་ལྟར་ཡང་དཔྱད་པར་བྱ་སྟེ། ཅི་སོ་སོ་སྐྱེ་བོ་སྟོང་པ་ཉིད་སྒོམ་པ་པོ་དེ་ལ་སྟོང་པ་ཉིད་བདག་མེད་པའི་དོན་དེ་མངོན་གྱུར་ཡིན་ནམ་ལྐོག་གྱུར་ཡིན། དང་པོ་ལྟར་ན་གང་ཟག་དེ་འཕགས་པར་འགྱུར་ཏེ། བདག་མེད་པའི་དོན་མངོན་སུམ་དུ་རྟོགས་པའི་ཕྱིར། ཞེས་རྗེ་རིན་པོ་ཆེས་རྒོལ་བ་མཛད་པའི་དགོངས་གཞི་ནི་སྤྱིར་རྟོག་པ་ཐམས་ཅད་ལས་གྲོལ་མི་དགོས་པར་བསྟན་པ་མ་ཡིན་པར། སོ་སོ་སྐྱེ་བོ་རིམ་གྱིས་པ་དག་གིས་སྒྲ་རྟོག་ལ་མ་བརྟེན་པར་ཆོས་ཉིད་ཐད་ཀར་དུ་རྟོགས་དཀའ་བ་ལ་དགོངས་པ་ཙམ་དུ་སོང་ན། རྟོག་པ་སྤང་བྱ་མ་ཡིན་པར་བཞེད་པ་ག་ལ་ཡིན། སོ་སོ་སྐྱེ་བོས་རེ་ཞིག་ཆོས་ཉིད་དོན་དམ་པ་མངོན་སུམ་དུ་མ་རྟོགས་པ་ལ། རྟོགས་བྱེད་ཀྱི་ཐབས་སུ་རྒྱུ་མཚན་དང་གཏན་ཚིགས་དང་སློབ་དཔོན་གྱི་མན་ངག་སོགས་ཀྱིས་སོ་སོར་རྟོག་པའི་ཤེས་རབ་ཙམ་རྒྱུད་ལ་སྐྱེས་པ་ན། མཐར་རྩོལ་བཅས་ཀྱི་སོ་སོར་རྟོག་པ་ཉིད་ཀྱང་ཞི་ནས་རྩོལ་མེད་མི་རྟོག་པའི་ཏིང་ངེ་འཛིན་ཞིག་ཅིས་ཀྱང་རྒྱུད་ལ་འཆར་དགོས་ཏེ། འོད་སྲུངས་ཀྱིས་ཞུས་པར། འོད་སྲུངས་འདི་ལྟ་སྟེ། དཔེར་ན་ཤིང་གཉིས་རླུང་གིས་དྲུད་པ་དེ་ལས་མེ་འབྱུང་སྟེ་བྱུང་ནས་ཤིང་གཉིས་སྲེག་པ་དེ་བཞིན་དུ། འོད་སྲུངས་ཡང་དག་པར་སོ་སོར་རྟོག་པ་ཡོད་ན་འཕགས་པའི་ཤེས་རབ་ཀྱི་དབང་པོ་སྐྱེ་སྟེ། དེ་སྐྱེས་པས་ཡང་དག་པའི་སོ་སོར་རྟོག་པ་དེ་ཉིད་སྲེག་པར་བྱེད་དོ། །ཞེས་སོ། །
བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་དང་དྲང་ངེས་སྣ་ཚོགས་གསུངས་པ་ཐམས་ཅད་ཀྱང་སངས་རྒྱས་ཀྱི་དགོངས་ཚོད་དང་གདུལ་བྱའི་བསམ་ཚུལ་མ་མཐུན་པའི་དབང་གིས་ཡིན་ཏེ། སྔོན་ལ་སྒྲ་རྟག་མི་རྟག་དང་བདག་ཡོད་མེད་སོགས་འགལ་བ་རྣམས་ཀྱི་བདེན་རྫུན་དང་འཐད་མི་འཐད་མི་དཔྱོད་པར་རང་འདོད་གང་ཡོད་ཀྱི་འདམ་ང་བྱེད་ཆོག་པའི་རང་ཚུགས་བརྟན་པོར་བཟུང་ན། གནས་ལུགས་རྙེད་པར་དཀའ་ཞིང་གང་དྲན་དྲན་དུ་འགྱུར་བའི་ཕྱིར། ཚད་མའི་ཚོད་མ་སྡེབ་ཁ་ཡག་པོ་ཞིག་བསྒྲིགས་ནས་ཟོས་ན་མཐོང་སྣང་ལ་མཛེས་ཤིང་ཟ་སྙིང་འདོད་པ། མགོ་མཇུག་མ་ལྡོག་པའི་ངང་ནས་ཟོས་ན་བྲོ་བ་ཆེ་ལ། གཟུགས་པོར་འཕྲོད་པ། རེ་རེ་བཞིན་ངོ་འཕྲོད་པའི་སྒོ་ནས་ཟོས་ན་དང་ག་འདྲེན་ཞིང་ཚོད་མའི་ཕན་ནུས་ཀྱང་ངོ་ཤེས་བར་འགྱུར། དེ་མིན་ཐམས་ཅད་གཅིག་ཏུ་བསྲེས་ནས་ཧམ་ཟ་བྱེད་ན་གང་འདྲ་ཡོང་བཤད་དཀའ། མགོ་བསྡུས་གྲྭ་ནས་བཟུང་གཅིག་ཐ་དད་དང་ལྡོག་པ་ངོས་འཛིན། ཡིན་མིན་དང་ཡོད་མེད་ཀྱི་རྣམ་བཞག་དེ་ཚོ་རིམ་པས་བསླབས་ནས་ཚུལ་གསུམ་རྟོག་གེའི་རིགས་པ་ལ་སྦྱང་ན་ཤེས་རབ་ཇེ་ཟབ་ཏུ་འགྲོ་བར་ཕན་ཐོགས་ཡོད་པ་དང་དེ་ནས་སེམས་སེམས་བྱུང་གི་ངོས་འཛིན། བློ་འཁྲུལ་བ་ཡིན་མིན་དང་གཞལ་བྱ་འཇལ་བའི་རིམ་པ་ཚིག་གི་ལམ་ནས་སྦྱང་ན་བློ་སྐྱེད་བཟང་པོ་ཐོབ་ངེས་ཡིན་པར་མ་ཟད། སེམས་གསལ་རིག་གི་ངོ་བོ་ཇེ་གསལ་དུ་འགྲོ་བར་ཕན་ཐོགས། དེ་ནས་བློ་མཐོ་དམན་གྱི་དབང་གིས་བཞག་པའི་གྲུབ་མཐའི་རྣམ་བཞག་དེ་ཚོ་ཡག་པོ་ཞིག་ཤེས་ན་དགག་བྱ་ངོས་འཛིན་པར་ཕན་ཐོགས། དེ་ནས་ཕར་ཕྱིན་གྱི་དངོས་བསྟན་སྟོང་ཉིད་ཀྱི་རིམ་པ་དང་སྦས་དོན་མངོན་རྟོགས་ཀྱི་རིམ་པ་འཕགས་སེང་གི་ལུགས་ལྟར་སྦྱང་བ་བྱེད་ན་ཨ་མ་སྟོང་བ་ཉིད་ཀྱི་ཞལ་རས་མཇལ་བར་ཕན་ཐོགས། དེ་ནས་ལྟ་བ་དེ་གཞི་ལ་བཞག་ནས་སྔགས་རྒྱུད་སྡེ་བཞི་དང་ཁྱད་པར་སྔགས་བླ་མེད་ཀྱི་བསྐྱེད་རྫོགས་ཀྱི་ལམ་ལ་བསླབས་ན་འོད་གསལ་མ་བུ་མཇལ་བར་ཕན་ཐོགས། མ་མཐར་ཡང་བག་ཆགས་ཁྱད་པར་ཅན་རེ་འཇོག་ཐུབ། རང་ཅག་གི་བློ་འདི་ལ་ཡར་སྐྱེད་མེད་པ་ཞིག་ག་ལ་ཡིན་ཏེ་མ་ཡིན་མོད། ཐོག་མ་མེད་པ་ནས་ཉོན་མོངས་དུག་གསུམ་གྱི་གཡོགས་ནས་ཨ་མ་སྟོང་བ་ཉིད་ཀྱི་ཞལ་རས་མཇལ་མ་ཐུབ་པའི་དབང་གིས་རིགས་དྲུག་གི་འཁོར་བར་འཕྱན།
མི་སྟོང་སྣང་བ་རྟག་པའི་གཞི་རུ་སོང་།།མི་སྣང་སྟོང་པ་ཆད་པའི་ཕྱོགས་སུ་གོལ། །རྟག་ཆད་གཉིས་ཀ་ཟུང་དུ་འཇུག་ཚུལ་དེ། །དཔལ་ལྡན་ཀླུ་ཡི་དགོངས་པ་ཡིན་ནོ་ལོ། །
ཚད་མའི་ཚོད་མ་སྡེབ་ཁ་ཡག་པོ་ཞིག །བསྒྲིགས་ནས་ཟོས་ན་སྣང་བ་སྤྲོ་མོད་ཀྱང་།།དེང་སང་འགའ་རེ་བསྡུས་གྲྭའི་ཁྲོན་པ་རུ། །ཉལ་བའི་བག་ཆགས་ཤིན་ཏུ་ཨ་འཐས་པས། །སྤྲོས་བྲལ་ལྟ་བའི་ནམ་མཁའ་ལ་སྡང་བའི། །སྒྲོ་སྐུར་ཅ་ཅོ་འདོན་པ་ཁྲེལ་བའི་རྒྱུ། །
རྒྱ་ནག་མཁན་པོ་ཧ་ཤང་གིས་མདོ་ལུང་བརྒྱད་བཅུ་དྲངས་ནས་ཁྱི་དཀར་ནག་གིས་སོ་བརྒྱབ་པ་ལྟར་ངན་རྟོག་དང་བཟང་རྟོག་གང་ཡིན་སྤང་བྱར་འདོད་པ་རྒྱུ་མཚན་ལོས་ཡོད། རྣམ་རྟོག་མཐར་ཐུག་གི་སྤང་བྱ་ཡིན་པས་སོ།། བྱང་ཆུབ་སེམས་འགྲེལ་དང་རྒྱུད་བླ་མ། དབུ་མ་འཇུག་པ། ལམ་སྒྲོན་སོགས་ལས། རྣམ་རྟོག་མ་རིག་ཆེན་པོ་སྟེ།།འཁོར་བའི་རྒྱ་མཚོར་ལྟུང་བར་བྱེད།།ཅེས་པའི་རྣམ་རྟོག་ནི་བདེན་འཛིན་གྱི་མ་རིག་པ་ཡིན་པར་རྗེ་ཙོང་ཁ་བས་བཞེད་ལ། གལ་ཏེ་རྟོག་བློ་ཐམས་ཅད་སྤང་བྱ་ཡིན་ན། བྱང་སེམས་འཕགས་པའི་རྒྱུད་ཀྱི་བྱམས་སྙིང་རྗེ་དང་སེམས་བསྐྱེད། ཚོགས་སྦྱོར་གྱི་ལམ་ཐམས་ཅད་དང་དགེ་བའི་སེམས་སེམས་བྱུང་ཉི་ཤུ་རྩ་ལྔ་དང་ཐོས་བསམ་སྒོམ་གསུམ་གྱི་བཟང་རྟོག་ཐམས་ཅད་སྤང་བྱར་ཐལ་བའི་སྐྱོན་འབྱུང་བས་ན། དེ་དག་སྤང་བྱ་མ་ཡིན་ཏེ། སངས་རྒྱས་པ་ལ་དེ་དག་མེད་དུ་མི་རུང་བ་ཡིན་པའི་ཕྱིར། སེམས་ཅན་ཐམས་ཅད་དང་པོ་ཉིད་ནས་སངས་རྒྱས་ཡིན་ན་སྤང་བྱ་རྒྱུད་ལྡན་གྱི་སངས་རྒྱས་ཤིག་འཇོག་དཀའ་བས་སྤང་བྱར་འཇོག་པ་དོན་མེད་པས་དཔྱད་པར་བྱ།
ས་སྐྱ་བ་དག་གིས་ལམ་འབྲས་ཀྱི་ལྟ་བ་ཐལ་རང་གི་ལྟ་བ་ལས་མཐོ་བར་བཞེད་པ་དང་ཉན་རང་གིས་ཆོས་ཀྱི་བདག་མེད་མ་རྟོགས་པར་བཞེད་པ་དང་། པན་ཆེན་ཕྱོགས་ལས་རྣམ་རྒྱལ་གྱི་རྣམ་ཐར་ངོ་མཚར་རྒྱ་མཚོ་ལས། རོང་ཊིག་པས་ཟླ་བ་གྲགས་པ་འཕགས་ཡུལ་དུ་སྐྱེས་པའི་མཁས་པ་ཡིན་པ་མ་གཏོགས་ཁོའི་གཞུང་ཐམས་ཅད་ནང་འགལ་གྱི་ཕུང་པོ་ཡིན། ཀུན་བཏགས་ཀྱི་བདག་འཛིན་བཀག་པས་བདག་འཛན་མཐའ་དག་མི་ཁེགས་པ་དང་། ཀུན་བཏགས་ཀྱི་སྐྱེ་བ་བཀག་པས་སྐྱེ་བ་མཐའ་དག་ཁེགས་པར་འདོད་པར་ནང་འགལ་ཡིན་ཞེས་ཟེར་བ་ལ་བོ་དོང་འཇིགས་བྲལ་གྱིས་བརྩད་ནས་ཕམ་པར་བྱས་ཚུལ་གསལ། ཤཱཀྱ་མཆོག་པས་དབུ་མ་རྣམ་ངེས་ཀྱི་སྐབས་སུ་ཀླུ་སྒྲུབ་དང་ཟླ་གྲགས་ཀྱི་གཞུང་ཚད་ལྡན་དུ་བྱས་ཀྱང་། ལུགས་གཉིས་རྣམ་འབྱེད་ཀྱི་སྐབས་སུ་ཀླུ་སྒྲུབ་ཟླ་གྲགས་ཀྱིས་མེད་དགག་ཆད་སྟོང་བཤད་པ་ཉམས་སུ་ལེན་མི་རུང་ཞེས་བཤད་པས་རང་ལུགས་ཀླུ་སྒྲུབ་ཀྱི་རྗེས་སུ་མི་འབྲངས་བ་ཡིན་པར་ཤེས་ཐུབ། རང་རྐྱ་ཐུབ་པའི་རྫས་ཡོད་ཀྱིས་སྟོང་བ་གང་ཟག་གི་བདག་མེད་ཕྲ་མོར་བཞག་པ་དང་། སངས་རྒྱས་ལ་སེམས་སེམས་བྱུང་མེད། ལས་འབྲས་ཀྱི་རྟེན་དུ་གྱུར་བའི་བདག་མེད་ཅེས་བཤད་པ་སྔ་ཕྱི་ནང་འགལ་བྱུང་བ་དང་། མང་ཐོས་ཀླུ་སྒྲུབ་རྒྱ་མཚོས་རྒྱུད་བླ་མ་སེམས་ཙམ་ལུགས་སུ་བཀྲལ་བ་དང་། ངོར་ཆེན་ཀུན་བཟང་བས་སྟོང་ཉིད་སེམས་སུ་བཞེད་པར་ངེས་ལ། སེམས་ཅན་ཐམས་ཅད་ལ་རང་འཁྲུངས་སུ་ཡོད་པའི་ང་དང་ང་ཡིར་འཛིན་པའི་འཇིག་ལྟ་ལྷན་སྐྱེས་ཀྱི་ཞེན་ཡུལ་ནི་གང་ཟག་གི་བདག་ཏུ་འཇོག་པ་འདྲ་ལ། དགག་བྱ་བདེན་དངོས་མེད་པས། དེ་དཀག་པའི་བདེན་མེད་ཀྱང་དོན་ལ་མེད་པའི་ངེས་ཤེས་རྙེད་དགོས་པར་བཤད་པ་སོགས་ས་ལུགས་ཀྱི་ཡིག་ཆ་མང་པོ་དེ་དང་འདྲ་བ་ཤས་ཆེ།
རྗེ་བཙུན་རེད་འདའ་བའི་བཤེས་སྤྲིངས་འགྲེལ་བར། དངོས་པོ་རྣམས་ནི་མཐའ་བཞིའི་སྐྱེ་བ་དང་བྲལ་བས་རྐྱེན་འདི་པ་ཙམ་གྱི་རྒྱུ་དང་རྐྱེན་ལ་རག་ལས་ཏེ་འབྱུང་བ་ཡིན་ལ། དེ་ཉིད་ནི་མཐར་འཛིན་གྱི་ལྟ་བ་ཐམས་ཅད་ཀྱི་གཉེན་པོ་རྟེན་དང་འབྲེལ་བར་འབྱུང་བ་དབུ་མའི་ལམ་ཞེས་བྱ་སྟེ། ཞེས་དང་། དེ་དག་ནི་རྟེན་ཅིང་འབྲེལ་བ་ཡིན་པའི་ཕྱིར་རང་བཞིན་མེད་པ་ཡིན་ལ། ཞེས་གསུངས་པ་རྗེ་ཙོང་ཁ་བའི་གསུང་དང་ཤིན་ཏུ་མཐུན།
ཕར་ཕྱིན་མཚན་ཉིད་པ་ནི། མཐོང་ལམ་ཆོས་ཉིད་ཀྱི་བདེན་པ་མཐོང་བ་ཡིན་པས། མཐོང་ལམ་གྱི་རྟོགས་བྱ་རྟོགས་ནས་བཟུང་ས་བཅུའི་རྒྱུན་མཐའི་བར་ན། མཉམ་བཞག་སྤྲོས་བྲལ་དང་། རྗེས་ཐོབ་ལ་ཕ་རོལ་ཏུ་ཕྱིན་པ་བཅུ་པོ་རྫོགས་དགོས་ཤིང་། དེའང་ས་དང་པོར་སྦྱིན་སོགས་ལ་དངོས་སུ་མགོ་དང་ཡན་ལག་གཏོང་ནུས་པ། རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་དུ་ཤར་བས། མཉམ་བཞག་སྣང་མེད་རྗེས་ཐོབ་སྒྱུ་མའི་དཔེ་བརྒྱད་ཀྱི་རྣམ་པས་ཕ་རོལ་ཏུ་ཕྱིན་པ་རྫོགས་པར་བྱེད་པ་སྟེ། དེའི་དུས་སུ་སྦྱིན་སོགས་སྟོང་འགྱུ་ཙམ་མ་ཡིན་པར། ངོ་བོས་སྟོང་ཀྱང་། རྣམ་པའི་ཆ་ནས་སྦྱིན་པ་དང་ཚུལ་ཁྲིམས་ལ་སོགས་པའི་རྣམ་པར་ཤར་བ་སྟོང་པའི་བྱ་བྱེད། སྟོང་པའི་ཡོ་ལང་།རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་དུ་ཤར་བས།འབྲས་བུ་གནས་སྐབས་ཀྱི་ས་བཅུ་ནས་འབྲས་བུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་རྫོགས་པར་བྱེད་པ་ཡིན་ནོ། །
རྒྱལ་བུ་དཀོན་མཆོག་འབངས་ཀྱིས། གཟུགས་སྒྲ་ཉིད་ཀྱང་སྤྲོས་བྲལ་སྟེ། །སྤྲོས་བྲལ་ཉིད་ཀྱང་གཟུགས་སྒྲར་ཤར། །གཟུགས་སྒྲ་ཉིད་ལས་ལོགས་ཤིག་ཏུ། །སྤྲོས་བྲལ་ལོགས་སུ་མ་དམིགས་སོ། །སྤྲོས་བྲལ་ཉིད་ལས་ལོགས་ཤིག་ཏུ། །གཟུགས་སྒྲ་ལོགས་སུ་མ་དམིགས་སོ། །ཞེས་སོ། །
འཇམ་མགོན་གཉིས་པ་ས་སྐྱ་པཎ་ཊི་ཏ་ཀུན་དགའ་རྒྱལ་མཚན་གྱིས་ཚད་མ་རིགས་གཏེར་བརྩམས་པ་དེའི་གཞུང་བཤད་ཀྱི་ཆུ་བོ་འབབ་པའི་རྒྱུན་ལས་བྱེ་མདོ་མདོ་དབུ་སེམས་ཀྱི་འདོད་པ་མི་འདྲ་བའི་རྣམ་བཞག་གི་རླབས་ཕྲེང་ཆད་མེད་དུ་གཡོ་བ་ལུང་རིགས་ལ་སྦྱངས་མཁན་ཞིག་ཡིན་ན་སུས་ཀྱང་བསྙོན་དུ་མེད་ལ། རྗེ་བཙན་བསོད་ནམས་རྩེ་མོས། སྐྱེས་ཐོབ་བློ་གྲོས་མཆོག་ལྡན་རབ་ཏུ་བརྟན་པའི་གཞི།།རྟོག་གེའི་གཞུང་ལུགས་མང་ཐོས་སྲ་བརྟན་བརྩེགས་པའི་སྤོ།།བདེ་བར་གཤེགས་གསུང་དྲི་མེད་ལུང་གི་ཁ་བ་ཡིས།།རྣམ་པར་དཀར་གྱུར་ཐོས་པའི་གངས་ཀྱི་རི་ཡི་རྩེར།།ཞེས་པ་ནས། ཨེ་མ་ལྷག་པའི་ཤེས་རབ་བསླབ་ལྡན་ས་སྟེང་ན།།དོ་ཟླ་ཀུན་སྤངས་སེངྒེ་དང་མཚངས་རྟོགས་གྱུར་ནས།།སྟོན་ཕྱིར་སྟོན་པ་སངས་རྒྱས་བླ་མ་དོན་ལྡན་མཚན།།ཕྱྭ་པ་ཆོས་ཀྱི་སེངྒེའི་ཞབས་ལ་མགོས་ཕྱག་འཚལ།།ཞེས་སོགས་ཕྱྭ་པ་ཆོས་སེང་ལ་བསྟོད་པ་རྒྱ་ཆེར་མཛད་ཅིང་རིགས་པའི་གཞུང་ལུགས་ཀྱི་འཕྲིན་ལས་དར་སྲོལ་ཆེ་བས་ལུང་རིགས་དང་འགལ་བའི་གྲུབ་མཐའ་ནི་ས་སྐྱའི་རང་ལུགས་སུ་བྱེད་པའི་གོ་སྐབས་མེད་པའི་ཕྱིར་རོ།། ས་སྐྱ་བ་ལ་ནང་གསེས་ཀྱི་ལྟ་གྲུབ་མི་མཐུན་པ་མང་དུ་ཡོད་པ་ཡང་སྨོས་ཅི་དགོས། མ་ཟད་རྗེ་ཙོང་ཁ་བས་བླ་མའི་གཙོ་བོ་རྗེ་བཙུན་རེད་མདའ་བ་སོགས་ལ་བརྟེན་ནས་དབུ་ཚད་ཀྱི་གཞུང་ལ་སྦྱངས་བ་གཙོ་བོར་མཛད་དེ། དབུ་ཚད་ཀྱི་འཆད་ཉན་ས་སྐྱ་ནས་བརྒྱུད་པ་རིང་བརྒྱུད་དང་བླ་མ་དབུ་མ་བ་ལ་བརྟེན་ནས་རྗེ་བཙུན་འཇམ་དབྱངས་ལ་དངོས་སུ་དབུ་མ་གསན་པ་ཉེ་བརྒྱུད་གསུངས།
པན་ཆེན་བློ་བཟང་ཆོས་རྒྱན་གྱི་ཞལ་སྔ་ནས། ལྷན་ཅིག་སྐྱེས་སྦྱོར་གའུ་མ། །ལྔ་ལྡན་རོ་སྙོམས་ཡི་གེ་བཞི། །ཞི་བྱེད་གཅོད་ཡུལ་རྫོགས་ཆེན་དང་།།དབུ་མའི་ལྟ་ཁྲིད་ལ་སོགས་པ། །སོ་སོར་མིང་འདོགས་མང་ན་ཡང་།།ངེས་དོན་ལུང་རིགས་ལ་མཁས་ཤིང་།།ཉམས་མྱོང་ཅན་གྱི་རྣལ་འབྱོར་པས། །དཔྱད་ན་དགོངས་པ་གཅིག་ཏུ་འབབ། །ཅེས་སོ། །
ཐ་སྙད་བསླུ་ཆོས་འདི་ཡི་ཕ་རོལ་ན།།ཨ་མ་སྟོང་བ་ཉིད་ཀྱི་ཞལ་རས་མཛེས།།ཇོ་ཇོ་ཉིད་རྟེན་འབྱུང་ཉིད་ཀྱིས་ངོ་སྤྲད་པས།།རིག་པའི་བུ་ཆུང་རྣལ་འབྱོར་བསམ་པ་བདེ།།འོན་ཀྱང་ཅིར་སྣང་རང་གྲོལ་རྐྱེན་དང་བསྲེས།།དུག་གསུམ་མི་སྤོང་རང་བབས་བཞག་ནས་ནི།།འཛིན་མེད་གྲོལ་བའི་ལྟ་བ་ཁྲེགས་ཆོད་ལ་།།ཨ་མ་རྒན་མོས་བཞིན་རས་གཉེར་མས་བསྡུས།།མཐེབ་མཛུབ་ཉིད་ཀྱིས་འགྲམ་པ་བཙིར་ནས་ནི།།མིག་གི་གཡས་གཡོན་གཉིས་ནས་ཇི་ལྟ་དང་།།ཇི་སྙེད་ཡེ་ཤེས་གློ་བུར་འཇལ་ཟེར་བས།།ཨ་མ་རྒན་མོ་གཏིང་ནས་གད་མོ་ཤོར།།དབང་པོའི་སྒོ་དང་སྣ་བུག་གཡས་གཡོན་ནས།།སྦྲིད་ཚེ་ཡེ་ཤེས་འཕེལ་བ་འདོད་པ་ལ།།སྨྱོ་རྫས་བཙན་པོ་བསྟེན་དང་ཁྱད་མེད་པས།།ཨ་མ་རྒན་མོ་སེམས་ཁྲལ་གཏིང་ནས་ལངས།།དེ་འདྲའི་ཡེ་ཤེས་འཆར་བ་སྟབས་བདེ་ན།།ཐུབ་པས་སྔོན་ལ་མིག་འབྲས་མ་བཙིར་བར།།ལོ་དྲུག་དཀའ་སྤྱད་མཛད་པ་དོན་མེད་པས།།ཨ་མ་རྒན་མོ་ཞལ་རས་ནག་པོར་སོང་།།
རྫོགས་ཆེན་ལུགས་ལ་རིག་པ་ཡེ་ཤེས་དང་།།བསྲེས་ནས་ཤ་རུས་རྡོས་བཅས་ཕུང་པོ་འདི།།ཀ་དག་ས་ལ་གཤེགས་པར་བཞེད་པས་ན།།འཇུག་པའི་རླུང་སེམས་དབུ་མར་མི་སྡུད་པས།།དགོངས་པ་གཅིག་ཏུ་འབབ་ཚུལ་རྙེད་པར་དཀའ།།
ཉམས་མྱོང་ཅན་གྱི་རྣལ་འབྱོར་པས། །
དཔྱད་ན་དགོངས་པ་གཅིག་ཏུ་འབབ། །
ཡིན་ལོག་མིན་ལོག་བསྡུས་གྲྭའི་བོང་རྒན་དེས། །ཡོད་མེད་ལས་འདས་ལྟ་བའི་སེང་གེ་ལ། །འགྲན་འདོད་གླེན་རྒྱུགས་ཅི་ལྟར་བྱེད་ན་ཡང་།།རྒྱལ་བའི་དཔང་རྟགས་ཐོབ་པའི་དུས་མ་མཆིས། །
རྫོགས་ཆེན་ལུགས་ཀྱི་སེམས་རིག་ཤན་འབྱེད་པའི། །རིག་པ་དེ་ནི་རང་བྱུང་ཡེ་ཤེས་ཡིན། །གསལ་རིག་སེམས་ཀྱི་འགྱུ་བ་ཡེ་ཤེས་དང་།།བསྲེས་ནས་ཤ་རུས་རྡོས་བཅས་ཕུང་པོ་འདི།།ཀ་དག་ས་ལ་གཤེགས་པར་བཞེད་པ་དེ། །མིག་བརྒྱད་པ་ཡི་རྟོག་པའི་རྫོགས་ཆེན་འདྲ། །ཁྱོད་ཀྱི་རླུང་སེམས་དབུ་མར་སྡུད་པ་དེ།།རྒྱུ་སྟོང་ནང་དུ་རླུང་བུ་ཞུགས་པ་འདྲ།།དེ་ཡིས་ཡེ་ཤེས་རྟོགས་པ་རྒོད་རེ་བྲོ། །ཨ་མ་རྒན་མོ་བྲོས་ལ་ཁག་ཅི་ཡོད། །
ཤ་རུས་རྡོས་བཅས་དག་ནས་ཀ་དག་སར།།ཕུང་པོ་འོད་སྐུར་གྲོལ་བ་རྫོགས་ཆེན་ལུགས།།རྡོ་རྗེའི་ལུས་ལ་གནད་དུ་བསྣུན་པ་ཡིས།།རླུང་སེམས་དྷཱུ་ཏཱིར་ཐིམ་པ་གསར་མའི་ལུགས།།བུམ་སྣང་ནམ་མཁའ་ལྟ་བུའི་རིག་པ་ལ།།འབྱུང་བའི་ལུས་ཞིག་བློ་ཟད་ཆོས་ཟད་ཀྱི།།སེམས་ཀྱི་ཆོས་ཉིད་ངང་དུ་ཐིམ་པས་ན།།ཀ་དག་ས་ལ་གཤེགས་པ་མ་ཡིན་ནམ།།ཐོས་བསམ་སྒོམ་པའི་རྣམ་རྟོག་གཅོད་བྱེད་པའི།།ཀ་དག་ངང་ན་ཡེ་ཤེས་རང་ཆས་སུ།།ཀུན་གཞི་ཕྲ་མོ་དར་དཀར་ཡོལ་བ་ཙམ།།ལམ་གྱི་ཆོས་ཟད་འབྲས་བུ་འདོད་པ་མཚར།།ཤེས་སྒྲིབ་ཟད་པས་སེམས་དང་སེམས་བྱུང་འགག།།སྐུ་དང་ཡེ་ཤེས་སྣང་བ་གཏན་ལོག་པའི།།འདུས་བྱས་ཡོན་ཏན་མེད་པར་སྨྲ་བ་འདིར།།ཨ་མ་རྒན་མོ་གཅིག་བུར་འདུག་ནས་དོགས།།
ལུས་གནས་ལུས་ལས་མ་སྐྱེས་པའི། །ཡེ་ཤེས་ཡོད་པར་མི་འདོད་བཞིན། །རྡོ་རྗེའི་ལུས་ལ་བསྣུན་ནོ་ལོ། །རླུང་སེམས་དྷཱུ་ཏཱིར་ཐིམ་སྐད་དེ། །རྒྱུ་སྟོང་ནང་ལ་རླུང་ཞུགས་འདྲ།།དེ་ལ་བདེ་སྟོང་ཡེ་ཤེས་ཆེ། །སྐྱེ་བའི་རྒྱུ་མཚན་འཇོག་ཏུ་མེད། །
༢༡༤༽ རིན་ཆེན་དར་རྒྱས་ནས།
ལུས་གནས་ལུས་ལས་མ་སྐྱེས་པའི། །
ཡེ་ཤེས་ཡོད་པར་མི་འདོད་བཞིན། །
རྡོ་རྗེའི་ལུས་ལ་བསྣུན་ནོ་ལོ། །
རླུང་སེམས་དྷཱུ་ཏཱིར་ཐིམ་སྐད་དེ། །
རྒྱུ་སྟོང་ནང་ལ་རླུང་ཞུགས་འདྲ།།
དེ་ལ་བདེ་སྟོང་ཡེ་ཤེས་ཆེ། །
སྐྱེ་བའི་རྒྱུ་མཚན་འཇོག་ཏུ་མེད། །
འདིའི་ལན་དུ།
ལུས་གནས་ལུས་ལས་མ་སྐྱེས་ཀྱང་། །
ཡེ་ཤེས་ཡོད་པར་འདོད་དགོས་ཏེ། །
རྡོ་རྗེའི་ལུས་ལ་བསྣུན་ནུས་ན་། །
རླུང་སེམས་དྷཱུ་ཏཱིར་ཐིམ་ཚུལ་ནི། །
རྣམ་རྟོག་བརྒྱད་ཅུ་བཙན་བཀག་གིས། །
དེ་ལས་བདེ་སྟོང་ཡེ་ཤེས་སྐྱེས། ། །
སྐྱེ་བའི་རྒྱུ་མཚན་ཤིན་ཏུ་མང་། །
རྒྱལ་དབང་ལྔ་བ་ཆེན་པོས། སངས་རྒྱས་གཞན་ནས་རེ་བའི་མཁས་རློམ་གྱི། །སྟོང་བཤད་ཤར་འདྲེར་ནུབ་ཏུ་གླུད་གཏོང་ཚུལ། །མཐོང་ཚེ་ཟག་བཅས་ཕུང་པོ་འོད་སྐུ་རུ། །གྲོལ་འདི་གསང་ཆེན་རྙིང་མའི་ཁྱད་པར་ཆོས། །ཞེས་སོ།
ཀརྡོ་གཉེར་ཕྱག་པ་ལགས།
ལུས་གནས་ལུས་ལས་མ་སྐྱེས་པའི། །
ཡེ་ཤེས་འདོད་ན་རྩོད་དུ་མེད། །
ལུས་སེམས་དུས་མཉམ་ཡོད་པར་འདོད་བཞིན་དུ། །
རྒྱུ་འབྲས་འདོད་པ་ཧ་ཅང་མི་ཐལ་ལམ། །
ལུས་ལས་མ་སྐྱེས་རང་རྒྱུན་སྔ་མ་ལས། །
སྐྱེས་ཤིང་རང་འདྲ་ཕྱི་མའི་རྒྱུ་ཡང་བྱས། །
དེ་ཕྱིར་རྐྱེན་མེད་རང་འབྱུང་རྟག་པར་བཏགས། །
དཔལ་ས་ར་ཧ་པས། མཁས་པ་རྣམས་ཀྱིས་བསྟན་བཅོས་འཆད་པ་ན། །ལུས་ལ་ཡེ་ཤེས་ཡོད་པ་མ་རྟོགས་སོ། །ཞེས་སོ།
རྒྱལ་བ་ཀློང་ཆེན་པའི་ཡིད་བཞིན་མཛོད་ལེའུ་ཉི་ཤུ་པ་ལས།།གང་ལ་གནད་མེད་སྤྲོས་བྲལ་ཚིག་ཏུ་ཤོར།།རྟོག་པའི་བཟོ་རྒྱས་མཐའ་བྲལ་གདེངང་བཅས་ཏེ།།རྣམ་རྟོག་ཅི་སྐྱེས་སྐྱེ་འགག་གྲངས་འདེབས་ཀྱང་།།གནས་ལུགས་དོན་དང་རྒྱང་རིང་གནམ་ས་བཞིན།།ཞེས་པ་ནས། དེ་འདྲའི་ལམ་ངན་མདོ་རྒྱུད་དང་འགལ་བས།།ཐར་བ་འདོད་ན་རིང་དུ་སྤངས་བར་བྱ།།ཞེས་གསུངས་པ་ལྟར་མིང་ལ་དོན་དུ་ཞེན་ན་སེམས་ཙམ་པའི་གཟུང་འཛིན་གཉིས་མེད་ཀྱི་ཤེས་པ་དང་ཁྱད་པར་མི་རྙེད། དོ་ཧ་སྐོར་གསུམ་ལྟ་བུ་སྒྲ་ཇི་བཞིན་པར་བཤད་པ་དང་ཚད་ལྡན་མ་ཡིན་པར་བཤད་པའི་ཚུལ་གཉིས་བྱུང་ཡོད་ལ། རྗེ་ཙོང་ཁ་བས་ཚད་ལྡན་ཡིན་ཀྱང་སྒྲ་ཇི་བཞིན་པ་མིན་ཞེས་གསུངས། ཕྱག་རྫོགས་ཀྱི་བླ་མ་ཁ་ཅིག་གིས་སྟོང་ཉིད་སྒོམ་པ་ལ་སེམས་ངོ་འཕྲོད་པ་ཞེས་པའི་ཐ་སྙད་བཏགས་ནས། དང་པོ་ཉིད་ནས་སེམས་ཀྱི་ངོ་བོའི་སྟེང་དུ་བཞག་ནས་ཅིར་ཡང་མི་རྟོག་པར་སྐྱོང་ནུས་པ་ལ་ཅིག་ཆར་བ་དང་། སེམས་ངོ་བཙལ་ནས་སྒོམ་དགོས་པ་ལ་རིམ་གྱིས་པའི་ཐ་སྙད་བྱས། སྟོང་ཉིད་ལ་ཐ་སྙད་སྣ་ཚོགས་བཏགས་པ་ཚིག་གི་བརྗོད་པ་ཙམ་ལས་ལྟ་བའི་ངོ་ཐོག་རང་ལ་རྩོད་པ་མེད་པ་ཉམས་མྱོང་ཅན་གྱིས་རྣལ་འབྱོར་བས་དཔྱད་ན་དགོངས་པ་གཅིག་ཏུ་འབབ་ཚུལ་ལོ།།
རང་རང་རྟོག་ངོར་འཐད་ན་ངེས་དོན་སྨྲ །རང་བློར་མི་མཐུན་དྲང་དོན་ཉིད་དུ་འགྲེལ། །ཚིག་གི་ལྷན་པ་མང་པོས་གནད་སྒྲིབ་པ། །རྟོག་གེ་ཟོལ་མའི་ངང་ཚུལ་ཡིན་པར་བཤད། །
རྒྱ་གར་གྲུབ་ཆེན་བརྒྱད་ཅུ་འདྲེན་ཚུལ་དང་གྱ་བཞི་འདྲེན་ཚུལ་ལུགས་གཉིས་བྱུང་མོད། འགལ་བ་མེད་དེ། བརྒྱད་ཅུ་ཕོ་དང་བཞི་མོ་ཡིན་པའི་དབང་དུ་བྱས་ནས་གྲུབ་ཆེན་གྱ་བཞི་བྱུང་། གྲུབ་ཆེན་ཀུན་གྱི་མེས་པོ་གྲུབ་ཆེན་ས་ར་ཧས་་དོ་ཧ་སྐོར་གསུམ་བརྩམས་ནས་ཕྱག་ཆེན་གྱི་བསྟན་པ་དར། བོད་ལ་མར་བ་ལོ་ཙཱ་ནས་བརྒྱུད་པའི་ཕྱག་ཆེན་གྱི་བསྟན་པ་འཛིན་པའི་བསྟན་འཛིན་རྗེ་མི་ལ་དང་སྒམ་པོ་པ་སོགས་དེ་མཚུངས་ས་རྙིང་དང་དགེ་ལྡན་པའི་བར་དུ་དར་ཞིང་། ཡུལ་གྲུ་གཞན་ལས་ཀྱང་རྒྱ་བོད་གཉིས་ལ་གྲུབ་བརྙེས་ས་ཐོབ་ཀྱི་སྐྱེས་ཆེན་དམ་པ་མང་དུ་བྱུང་ཡོད་པ་ཡང་མངོན་གསལ་རེད། དབུ་སེམས་གང་རུང་གི་ལྟ་བ་མ་བརྙེད་པར་མཆོག་གི་དངོས་གྲུབ་ཐོབ་པ་ཤེས་བྱ་ལ་མི་སྲིད་པ་ཡིན་པས། མངོན་ཤེས་དང་རྫུ་འཕྲུལ་ཐོབ་པ་ཙམ་ལ་ལྟ་བ་དེ་དག་མི་དགོས་བར་ཞི་གནས་ཀྱི་དམིགས་པ་ཙམ་གྱིས་འགྲུབ་ཐུབ་པ་ཡིན། ལ་ལས་རྣམ་རྟོག་སྤང་བྱར་འདོད་པ་དང་ལ་ལས་རྣམ་རྟོག་ཆོས་སྐུར་འདོད་པའི་ཚིག་སྒྲོས་མང་བ་དང་། མཉམ་མེད་ཇོ་བོ་ཆེན་པོས། ཆོས་ཐམས་ཅད་སེམས་ཀྱི་རང་བཞིན། སེམས་སྟོང་བ་ཉིད་ཀྱི་རང་བཞིན། སྟོང་ཉིད་ཡེ་སྟོང་སྤྲོས་བྲལ་དུ་རྟོགས་པ་ནི་ཡེ་ཤེས་ཏེ། ང་ཨ་ཝ་དྷུ་ཏི་པ་ཆེན་པོའི་བུ་ཡིན་པས་ཤེས་པ་ཡིན། ཞེས་གསུངས་པ་ལྟར་གྲུབ་མཐའ་དབུ་མའི་རྗེས་སུ་མ་འབྲངས་བར་སྟོང་ཉིད་རྟོགས་པ་ཤེས་བྱ་ལ་མི་སྲིད། ཡེ་ཤེས་ཟེར་བ་ཡང་གདོད་མ་ནས་ཤེས་པའི་རང་བཞིན་དུ་གནས་པས་ཡེ་ཤེས་ཟེར། ཐར་ལམ་དུ་བསླེབས་པའི་གང་ཟག་ལ་ཡེ་ཤེས་ཡོད་ཀྱང་ཐར་ལམ་དུ་མ་བསླེབས་པའི་གང་ཟག་ལ་ཡེ་ཤེས་མེད་ཀྱང་ཤེས་པ་ཡོད།
རྒྱན་དྲུག་མཆོག་གཉིས་གཞུང་ལུགས་གཞིར་བཟུང་ནས།།གཞན་རྣམས་དེ་དང་སྦྱར་ཏེ་དཔྱད་དགོས་གསུངས།།ཚད་མའི་ཚོད་མ་སྡེབ་ཁ་བསྒྲིག་ཤེས་ན།།མཐུན་མིན་ཚོད་མའི་ངོས་ནས་ཐག་ཆོད་བྱེད།།
དཔེ་ཆར་དེ་ཙམ་མ་བལྟས་པར་ལྷག་པའི་ལྷ་མཁའ་སྤྱོད་མ་ལྟ་བུ་བསྒྲུབས་ནས་གྲུབ་པ་བརྙེས་པའི་གང་ཟག་མང་པོ་འདུག་ག དཔེར་ན་སྤྱི་ལོ་༡༩༣༠གཡས་གཡོན་གྱི་ཁམས་སྒ་ཡུལ་གྱི་མཁའ་སྤྱོད་མའི་གྲུབ་ཐོབ་ཆེན་པོ་ནྰ་ལུང་སངས་རྒྱས་བཟང་པོ་ལྟ་བུ་རེད། གྲུབ་ཐོབ་དེ་ཚོས་སྟོང་ཉིད་རྟོགས་སྟངས་ཤིག་གསུངས་དང་། རིན་དར་དང་མིག་བརྒྱད་གཉིས་ལ་ཞུས་པ་ཡིན།
སྡོམ་གསུམ་རབ་དབྱེ་ལས། ད་ལྟའི་ཕྱག་རྒྱ་ཆེན་པོ་དང་།།རྒྱ་ནག་ལུགས་ཀྱི་རྫོགས་ཆེན་ལ།།ཡས་བབས་དང་མས་འཛེགས་གཉིས།།རིམ་གྱིས་པ་དང་ཅིག་ཅར་བར།།མིང་འདོགས་བསྒྱུར་བ་མ་གཏོགས་པ།།དོན་ལ་ཁྱད་པར་དབྱེ་བ་མེད།།
རྣམ་ཐར་དུ་ཀཱུ་ལའི་གོས་བཟང་དུ། ས་ཞུ་དམར་པོ་གྱོན་ཚད་ཀྱིས་ལམ་འབྲས། ཨུ་རྒྱན་པད་ཞྭ་གྱོན་ཚད་ཀྱིས་རྫོགས་ཆེན། པཎ་ཞྭ་སྣེ་རིང་གྱོན་ཚད་ཀྱིས་ལམ་རིམ་འཆད་མི་ཤེས་ཞེས་གསུངས། དེར་མ་ཟད། རིས་མེད་གྲུབ་མཐའི་བུར་ཤིང་འོ་མ་སོགས།།འདྲ་མིན་མངར་བའི་ཁྱད་པར་ཀུན་མྱོང་བ།།གཅིག་ཏུ་གདམས་པར་ཤར་བ་ངག་གི་དབང་།།ཞེས་གསུངས་པ་ལྟར་འོ་མ་དང་བུར་ཤིང་མངར་བ་ཙམ་དུ་འདྲ་ཡང་མངར་ཚུལ་མི་འདྲ་བ་ལྟར། གྲུབ་མཐའ་སོ་སོའི་གཞུང་རྣམས་བརྗོད་དོན་མི་འདྲ་ཡང་། འཐད་པའི་ཆ་གདམས་ངག་ཏུ་འཆར་དགོས་པ་འདྲ་མཉམ་ཡིན།
མཁའ་སྤྱོད་མའི་གྲུབ་ཐོབ་ཆེན་པོར་གྲགས་པ་ནྰ་ལུང་སངས་རྒྱས་བཟང་པོ་ལྟ་བུས་སྟོང་ཉིད་རྟོགས་ཡོད་མེད་དང་གྲུབ་ཐོབ་ཡིན་མིན་བཤད་ཚོད་མ་ཐུབ་ཀྱང་། དུས་གསུམ་གྱི་སངས་རྒྱས་རྣམས་ལམ་སྟོང་ཉིད་སྒོམ་པ་ལ་བརྟེན་ནས་འཚང་རྒྱ་དགོས་པར་ཤེར་སྙིང་ལས་གསུངས་པ་ལྟར་རེད། གྲུབ་པ་ལའང་རབ་འབྲིང་ཐ་གསུམ་ཡོད་པ་རྒྱུད་སྡེ་ནས་གསུངས་ལ། སྟོང་ཉིད་རྟོགས་པའི་རྟགས་མཚན་དབུ་མ་འཇུག་པ་ལས་གསུངས་པ་ལྟར་གང་ལའང་ཆགས་ཞེན་མེད་པར་བྱམས་སྙིང་རྗེས་དྲངས་བའི་ཐབས་ཀྱི་ཆས་ཁྱད་པར་དུ་བྱས་ནས་ནུས་པ་གོང་འཕེལ་འགྲོ་ཚུལ་ཞིག་གསུངས་ཡོད་པ་རེད། དཔེར་ན། ཤར་རིའི་རྩེ་ནས་ཉི་མ་རྫོགས་པར་ཤར་བ་དེ་དང་དཀྱིལ་དུ་བསླེབས་པ་གཉིས་ངོ་བོ་ལ་ཁྱད་མེད་ཀྱང་ས་གཞི་དྲོས་པའི་ནུས་པའི་ཁྱད་ཡོད་པ་ལྟ་བུ་རེད། སྟོང་ཉིད་རྟོགས་པའི་ནུས་པ་ཇེ་ཆེར་ཐབས་ཀྱི་སྒོ་ནས་འགྲོ་ཚུལ་དེའི་མིང་ལ་མངོན་རྟོགས་རྒྱན་ལས་ཡོངས་སུ་སྦྱངས་བ་ཞེས་བཏགས་ཏེ། པཱ་ར་སཾ་ག་ཏེ་ཞེས་པའི་སཾ་ནི་ཤོ་དྷ་ལ་བྱས་ན་ཡོངས་སྦྱང་ལ་འཇུག །སཎྟན་བྱས་ཚེ་རྒྱུན་དུ་ཞེས་པ་ལ་འཇུག་པས་ཡུན་བསྲིངས་ནས་གོམས་ཏེ་གོང་འཕེལ་དུ་གཏོང་དགོས་པའི་དོན་དུ་འགྲོ །
ལུས་གནས་ལུས་ལས་མ་སྐྱེས་པའི། །ཡེ་ཤེས་ཏི་ལ་ཀ་ཞེས་པ།།སྙིང་གར་གནས་པར་རྒྱུད་ལས་གསུངས། །དེ་ལ་གནད་དུ་བསྣུན་པ་སྟེ། །ཞི་བདེ་ལྷན་ཅིག་སྐྱེས་པའི་སྒོས། །ཉམས་སུ་བླངས་པ་ལ་བརྟེན་ནས། །གྲུབ་པའི་ས་་མཐོར་གཤེགས་པ་མང་།།དེ་ལ་མཐའ་གཅིག་དབུ་མ་ཡི། །དཔྱད་སྒོམ་ཁོ་ན་སྔོན་སོང་དུ། །དགོས་པའི་ངེས་པ་མ་མཆིས་ཏེ། །མཁའ་སྤྱོད་མ་ཡི་གྲུབ་ཐོབ་པ། །ནྰ་ལུང་སངས་རྒྱས་བཟང་པོ་བཞིན། །
ཐོས་བསམ་སྒོམ་པ་སྔོན་དུ་མ་སོང་བར།།ཞི་གནས་ཙམ་གྱིས་གྲུབ་མཐོར་གཤེགས་པ་དེར།།གསུང་རབ་རྒྱུད་སྡེའི་དོན་དང་འགལ་བས་ན།།མཚོ་ཆེན་མ་མཐོང་ཁྲོན་པའི་རུས་སྦལ་གཏམ།།
བློ་གྲོས་མི་ཟད་པའི་མདོ་ལས་གསུངས་པ་ལྟར་ཐམས་ཅད་རྣམ་པར་དག་པའི་ལམ་གཅིག་དང་སྤང་བྱ་ཡང་རིགས་གཅིག །སྤངས་པ་ཡང་རིགས་གཅིག་དགོས་པའི་ཕྱིར། ལམ་གང་ལ་ཡང་གཞི་ལ་ཡོད་པ་ཞིག་ཐབས་མཁས་ཀྱིས་ལམ་དུ་སློང་ཤེས་ན་མྱུར་བར་གསུངས་པ་ལྟར་གཞན་སེམས་མཁྱེན་པའི་མཁས་གྲུབ་ཆེན་པོ་རྣམས་ཀྱིས་གང་ཟག་རེ་རེ་ཙམ་སྨིན་གྲོལ་ལ་བཀོད་པའི་གསུང་སྒྲོས་ཀྱི་བརྡ་མི་འདྲ་བ་ཡོད་མོད་ཀྱང་དེ་ཙམ་ལ་ཞེན་ནས། མདོ་སྔགས་སྤྱིའི་བརྡ་དང་གྲུབ་མཐའ་གཞིག་ཏུ་མི་རུང་སྟེ། ལུང་རིགས་རྣམ་དག་གིས་བཞག་པའི་རིང་ལུགས་འདི་ཉིད་སྔོན་ཆད་གྲྭ་ས་ཆེན་པོ་རྣམས་ཀྱི་བཀའ་དྲིན་ལས་བརྡ་སྐད་ཆལ་ཆོལ་དུ་སོང་བ་མེད་ཅེས་མསས་པའི་གསུང་རྒྱུན་ན་ཡོད་པ་རེད། དེས་ན་སྟོན་པས་ལུང་བསྟན་པ་ལྟར་རྒྱན་དྲུག་མཆོག་གཉིས་ཀྱི་གཞུང་ལུགས་ལ་འཇུ་དགོས་པ་ནི་གལ་ཆེ།
དང་པོ་ལམ་གཙོའི་དགོངས་པ་ལོག་པར་བཤད། །བར་དུ་ལྕང་སྐྱའི་ལྟ་མགུར་དཀྱོག་ནས་བཤད། །ཐ་མ་དོ་ཧ་རྣམ་གསུམ་ཡོན་པོར་བཤད། །དེ་ལྟའི་རྟོག་གེ་ཟོལ་མའི་བཞིན་རས་ཅན། །མི་མཁས་མཁས་པར་བརྫུ་བ་དེང་སང་མོད། །གཞུང་ལུགས་མཐའ་རྒྱ་ཆོད་པ་བསྔགས་འོས་ཀྱང་། །ང་རྒྱལ་སྣོན་མར་སོང་ན་ཅང་མི་མཛེས། །གངས་ལྗོངས་སྒྲུབ་བརྒྱུད་ཤིང་རྟ་བརྒྱད་པོ་ལ། །རང་རང་ལུགས་ཀྱི་མན་ངག་བྱིན་རླབས་ཅན། །ཉམས་སུ་བླངས་ནས་གྲུབ་པའི་སར་གཤེགས་པ། །གཅིག་མིན་མང་དུ་ཡོད་པ་སུ་ཡིས་འགོག །
མུ་སྟེགས་བྱེད་ཀྱིས་སྲིད་རྩེ་ཐར་པར་རློམ།།
བྱེ་མདོ་གཉིས་ཀྱིས་བདེན་་གྲུབ་ཆོས་སུ་བསྙོན།།
རྣམ་རིག་པ་སོགས་སྟོང་ཉིད་བདེན་གྲུབ་སྨྲ།།
ཐལ་རང་ལྟར་སྣང་རང་ལྟ་མཆོག་ཏུ་འཛིན།།
དང་པོར་ལྕང་སྐྱའི་ལྟ་མགུར་ལེགས་པར་བཟུང་། །བར་དུ་ལམ་གཙོའི་དགོངས་དོན་ཐང་མར་བརྡལ། །ཐ་མ་རང་ལུགས་གཙང་མ་སྐྱོང་ཤེས་པའི།།དེ་ལྟའི་རྟོག་གེའི་སྲོལ་ལ་བརྟེན་པ་འཐད། །ཨ་མའི་རྨི་ལམ་ཨ་ཕའི་ཉམས་སྣང་ལ།།ཡོད་མིན་མེད་མིན་ཆང་གིས་ར་བཟི་བས།།ཉ་དང་ཉུང་མ་གཅིག་ཏུ་བསྲེས་བསྲེས་ནས།།ཐ་སྙད་ཚད་གྲུབ་དོན་ལ་ལོག་པར་བཟུང་།།རིན་ཆེན་གཏམ་གྱི་སྦྱོར་བས་མཛེས་པ་ལ།།ང་རྒྱལ་སྣོན་མར་སོང་ན་མི་མཛེས་ཀྱང་། །རྒྱན་དྲུག་གཞུང་ལུགས་དཔང་པོར་བཞག་ནས་རྩོད།།གྲུབ་མཐའ་འཁྲུལ་བ་ཡིན་མིན་རིགས་པས་དཔྱོད།།ཚུལ་གསུམ་རྣམ་རྟོག་འགོག་པའི་རང་ལུགས་དང་།།མན་ངག་བྱིན་རླབས་ཁྱད་པར་མ་ཕྱེ་བར། །སྤྲོས་བྲལ་ཉམས་སུ་བླངས་ནས་ཕྱང་ཆད་པ།།སྲིད་རྩེའི་ལྟ་བར་སོང་བ་མང་དུ་གྲུབ།།
ཁ་ཅིག་སྤྲང་པོ་ཁྱི་མང་གིས་རུབ་ཚེ།། སྤྲང་དབྱུག་གར་ཕོག་བྱེད་པའི་ངང་ཚུལ་བཞིན། །མཐོ་དམན་ཀུན་ལ་ཀླན་ཀ་འཚོལ་བ་དེས། །རང་ཉིད་མཁས་པ་ཡིན་པའི་ཆེ་ཁྱད་ངོམ། །རྒྱན་དྲུག་གཞུང་ལུགས་དཔང་པོར་བཞག་ནས་ནི། །རྩོད་པར་ནུས་ན་དགེ་མཚན་ཆེ་མོད་ཀྱང་།།ཕལ་ཆེར་ཁྱི་ཡི་དཔང་པོར་བྱི་བ་དང་། །དེ་ཡི་དཔང་པོར་སྦུར་ནག་བཙུགས་པ་བཞིན། །མཐའ་རུ་དེད་ན་རང་ལྟ་མཆོག་འཛིན་ལ།།ཐུག་ཕྱིར་དེ་འདྲའི་རྩོད་པ་ངལ་བའི་རྒྱུ། །གལ་ཏེ་རིན་ཆེན་གཏམ་གྱི་སྦྱོར་བ་ལ། །དྲང་པོའི་ལམ་ནས་འཇུག་འདོད་ཡོད་སྲིད་ན། །ལུང་རིགས་སྒྱུ་རྩལ་འགྲན་ལ་སུ་མི་མོས། །ལེགས་བཤད་ཆོས་ཀྱི་མཆོད་པ་ཡིན་པའི་ཕྱིར། །
ཐོག་མར་མདོ་རྣམས་སྒྲ་བཞིན་བཟུང་བས་ནོངས།།
བར་དུ་རྒྱན་དྲུག་གཞུང་ལུགས་འབྱེད་ལ་རྨོངས།།
མཐའ་མར་མདོ་སྔགས་ཟབ་ཁྱད་མཉམ་དུ་བསྲེས།།
དོན་དུ་རང་ངོ་མ་ཟིན་གཞན་ངོར་སྐྱེལ།།
བླ་ན་མེད་པའི་་མདོ་ལས།།
དགེ་སློང་དག་གམ་མཁས་རྣམས་ཀྱིས་།།
སྲེག་བཅད་བདར་བའི་གསེར་བཞིན་དུ།།
ལེགས་པར་བརྟག་ལ་ང་ཡི་བཀའ།།
བླང་བར་བྱ་ཡི་གུས་ཕྱིར་མིན།།
ཞེས་གསུངས་པ་ལྟར་དོན་ལ་གང་གནས་པ་དེ་ཡང་དག་པར་འཛིན་པ་ལས་བླུན་པོ་
ཨུ་བཙུགས་ཅན་བྱེད་མི་ཉན་ལ་མཁས་པ་ཁེངས་དྲེགས་ཅན་དེ་བས་ཀྱང་བྱ་མི་རུང་སྟེ།།
ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ཤར་ཙོང་ཁ་པ་ཆེན་པོའི་ཞལ་སྔ་ནས།།
རིགས་པ་དང་འགལ་བའི་གྲུབ་མཐའ་ཁས་བླངས་ན་སྨྲ་བ་པོ་ཚད་མའི་སྐྱེ་བུར་མི་རུང་ངོ། ཞེས་དང་། ཡུལ་གངས་ཅན་གྱི་འགྲན་ཟླ་བྲལ་བའི་ཤིང་རྟའི་སྲོལ་འབྱེད་ཆེན་པོ་རྗེ་ཐམས་བཅད་མཁྱེན་པ་བློ་བཟང་གྲགས་པའི་༼རིན་པོ་ཆེ་གསུམ་གྱི་གཏམ་གྱི་སྦྱོར་བ་༽ལས
རིགས་ལམ་རྣམ་པར་འབྱེད་པའི་རྣམ་དཔྱོད་དང་།།
གཞུང་ལུགས་གདམས་པར་ཤར་བའི་ཉམས་ལེན་དང་།།
ཚིག་སྦྱོར་ཚུལ་ལ་མཁས་པའི་ངག་གི་དཔལ།།
ས་སྟེང་འདི་ན་རིན་ཆེན་རྣམ་གསུམ་སྣང་།།ཞེས་དང་།
མདོ་སྔགས་གཞུང་ལུགས་མཐའ་དག་གི་མཁས་པའི་དབང་པོ་ལྕང་སྐྱ་རོལ་པའི་རྡོ་རྗེའི་
ཞལ་སྔ་ནས།།
ཐོས་བསམ་ཕྱོགས་སུ་མ་ལྷུང་ཞིང་།།
གཞུང་ལུགས་གདམས་པར་ཤར་བ་ཡི།།
མཉན་འོས་རིགས་པའི་ལམ་སྨྲ་བ།།
དེ་ཉིད་ལ་ནི་༼མཁས་པ་༽ཟེར།།
ཉོན་མོངས་དབལ་ནི་ཆོག་པ་དང་།།
རང་དང་གཞན་རྒྱུད་འདུལ་བར་ནུས།།།
ལྟ་སྒོམ་འཁྲུལ་བྲལ་གདེངས་ལྡན་པ།།
དེ་ཉིད་ལ་ནི་༼གྲུབ་པ་༽ཟེར།།
མཁས་པས་གྲུབ་པ་མ་བཅོམ་ཞིང་།།
གྲུབ་པས་བཙུན་པ་མ་བཅོམ་པར།།
བསྟན་ལ་ཕན་པ་སྒྲུབ་པ་ལ།།
སྐྱེས་བུ་དམ་པ་ཞེས་ཀྱང་ཟེར། ཞེས་གསུངས་པའི་ཕྱིར།།
ནོར་བཅོས།
ཐམས་བཅད་མཁྱེན་པ་ཞེས་པའི་སྔོན་འཇུག་བ་དོར་གནང་མཁྱེན།།
དེ་མིན་ངོ་བོ་ཡེ་དག་གི་སངས་རྒྱས་དང་། གློ་བུར་འཕྲལ་དག་གི་སངས་རྒྱས་གཉིས་མཚུངས་སམ་ཡང་ན་དེ་གཉིས་ལ་ཁྱད་པར་
མུ་ག་ཚོད་ཡོད་ལན་ཞིག་གནོངས་རོགས་གནང་།
ཐ་སྙད་ཚད་གྲུབ་ཡོད་པ་པ་ཡི་ལུགས། །
ཚད་གྲུབ་མེད་དྭོགས་དྭོགས་པ་ཅན་གྱི་རིགས། །
ཚད་གྲུབ་འདོད་ཕྱིན་བདེ་འགྲོ་བདེ་བར་འགྲོ །
སྟོངས་པའི་ཞོར་ལ་ཚུལ་ཁྲིམས་ཤོར་ན་ལྷུང་། །
དེ་བས་བག་ཆེན་རྣམས་ཀྱིས་གཟབ་པར་རིགས། །