ནམ་མཁའ།༧/༣/༢༠༡༢ལ་ཡོ་རུབ་ནས་བྲིས།
ངའི་སྙིང་གི་གཅེས་ཕྲུག་ཚོ།
དེ་རིང་ནས་བཟུང་ངའི་ཁྱེད་དྭ་ཕྲུག་བཞི་བོ་བཞག་ནས་ས་ཐག་ཧ་ཅང་རིང་པོ་ཞིག་ལ་འགྲོ་དགོས་བྱུང་། འདི་ནི་ཁྱེད་ཚོར་ང་སྙིང་རྗེ་མེད་པར་བཞག་ནས་སོང་བ་ཞིག་གཏན་ནས་མིན། ངས་བོད་མི་ཡོངས་ཀྱི་སྐྱིད་སྡུག་གི་ཆེད་འཛམ་གླིང་འདི་གཉིད་སད་པའི་ཅོང་བརྡ་ཞིག་དཀྲོགས་འདོད་པ་ཡིན། ང་མེད་པའི་ཉིན་མོ་ནས་བཟུང་འཇིག་རྟེན་འདི་ན་ཁྱེད་ཅག་ལ་ཕ་མ་གཅིག་ཀྱང་མེད་པ་ཡང་ཤེས་ཡོད་ལ། དེའི་ཉིན་མོ་ནས་ཁྱེད་ཚོར་ཚ་གྲང་དང་བཀྲེས་ལྟོགས་ཀྱི་སྡུག་བསྔལ་སེལ་མཁན་ཕ་མ་ངེད་གཉིས་བཞིན་དཀའ་ཚོད་ཡིན་མོད། འོན་ཀྱང་ཁྱེད་ཅག་ནར་སོན་པའི་ཉིན་མོ་ཨ་མའི་སེམས་ཁམས་ཆ་ཚང་ཤེས་སྲིད་ལ།དེའི་ཉིན་མོ་ཨ་མའི་སྙིང་སྟོབས་ཀྱང་རྟོགས་ཐུབ། ངའི་གཅེས་ཕྲུག་ཚོ། ད་ནས་བཟུང་ཞོགས་པ་རི་རྩེ་ནས་ཉི་མ་ཤར་དུས་།ཁྱེད་ཅག་ལ་འོ་ཇ་ཚ་བོ་དང་བག་ལེབ་ཚ་བོ་ལག་ཏུ་འཇོག་མཁན་ཞིག་ཨ་མ་བཞིན་མེད་དུས།ཁྱེད་ཚོའི་མིག་མཐའ་ནས་མཆི་མ་ལྷུང་ཞོར་ཕ་མ་གཉིས་འབོད་ངེས་ཡིན།
ཡིན་ཡང་ཁྱེད་ཅག་གི་མིག་ཆུ་དང་ངུ་སྐད་འདིས་ཀྱང་འཛམ་གླིང་མི་དམངས་གཉིད་སད་ཐུབ་པའི་རེ་བ་ཡོད། ཁྱེད་ཚོས་ཨ་མ་འདི་གླེན་མ་ཞིག་རེད་ནམ་ཡང་མ་འདོད། ཕྱི་དྲོ་ཉི་མ་རི་རྩེ་ནས་ནུབ་དུས་ཀྱང་ཨ་མ་ང་དྲན་ནས་མིག་ཆུས་ས་གཞི་བརླན་པར་བཟོ་སྲིད། འོན་ཀྱང་ཁྱེད་ཚོའི་མིག་ཆུ་འདིའི་བོད་མི་ཡོངས་ཀྱི་ལུས་སེམས་ཀྱི་སྡུག་བསྔལ་ཡོད་ཚད་མཚོན་ཐུབ། ད་དུང་ཕ་མ་གཞན་པ་ཚོའི་སོ་སོའི་བུ་ཕྲུག་ལག་ཏུ་ཁྲིད་ནས་འགྲོ་མཐོང་དུས།ཁྱེད་ཚོའི་སེམས་ནས་ཨ་མ་དྲན་སྟེ་ཁ་ནས་དབང་མེད་དུ་ཨ་མ་འཆོར་སྲིད། ཡིན་ཡང་༥༨ལོ་ནས་ད་བར་བོད་མི་མང་པོ་ཞིག་ཁྱེད་ཚོ་བཞིན་དྭ་ཕྲུག་ཏུ་ལུས་མྱོང་།
ཁྱེད་ཚོས་ངའི་ཕ་མ་གཉིས་དང་ངའི་སྤུན་སྲིང་ཚོའི་མདུན་ནས་མིག་ཆུ་དང་ཨ་མ་ང་རང་མ་འབོད། ཁོང་ཚོས་ཁྱེད་ཚོ་མཐོང་ཐེངས་རེ་སེམས་སུ་སྡུག་བསྔལ་གྱི་ཆུ་བུར་བཟོ་སྲིད། ངའི་གཅེས་ཕྲུག་ཆེ་ཤོས་། ཁྱེད་ཀྱི་སྤུན་སྲིང་ཚོར་ཕ་མ་གཉིས་ཀྱི་ཚབ་བྱས་སྟེ་བལྟ་སྐྱོང་བྱེད་དགོས་བ་མ་ཟད།ཁྱེད་ཀྱི་ཨ་མྱེས་རྒན་རྒོན་གཉིས་ཀྱི་ཁ་ལེན་ཚིག་བརྩི་བྱེད་དགོས། ད་རུང་ཁྱེད་ཀྱི་སྤུན་ཆུང་ཤོས་ཀྱིས་ཨ་མ་ཞེས་ངུ་འབོད་བྱེད་དུས་ཁྱེད་རང་གིས་མིག་ཆུ་མི་གཏོང་བར་ཁོ་ལ་ལུས་སེམས་གཉིས་ཀྱིས་གཅེས་དགོས། ད་ཁྱེད་རང་ལོ་བཅུ་གསུམ་ལ་སླེབས་ཡོད་པས་སྤུན་ཆུང་ཚོར་ཕྱོགས་གང་ཐད་ནས་ཕ་མ་གཉིས་ཀྱི་ཚབ་བྱས་སྟེ་སྐྱོང་དགོས་བ་མ་ཟད། སློབ་སྦྱོང་ཕྱོགས་ལ་གང་ཐུབ་ཀྱིས་འབད་པ་བྱོས། མ་འོང་པར་ཨ་མ་ངའི་ལོ་རྒྱུས་འདི་ཡིག་ཐོག་ནས་སྤུན་ཆུང་ཚོར་ངོ་སྤྲོད་བྱེད་རྒྱུ་གལ་ཆེ།
གང་ལྟར་ཁྱེད་ཀྱིས་ངེད་ཕ་མ་གཉིས་ཀྱི་ཚབ་བྱས་ཏེ་།ཁྱེད་ཀྱི་སྤུན་སྲིང་ཚོར་གཅེས་སྐྱོང་བྱེད་དགོས་བའི་འགན་ཆ་ཚང་ཁྱེད་ལ་ཡོད། སྤྱིར་ད་རུང་ཁྱེད་རང་ལོ་ན་ཆུང་ཡང་ཨ་མ་ངའི་ཁ་ཆེམས་འདི་ཆ་ཚང་ཡིད་ལ་བཟུང་།
བོད་མི་ཡོངས་ལ་རེ་བ་ཞིག་ཡོད་པ་ནི། ཆོལ་གསུམ་ཡོངསཀྱི་བོད་གཞི་བྱེས་ཚང་མ་གཅིག་སྒྲིལ་གྱིས་དེ་རིང་གི་དཀའ་ངལ་འདི་ལས་གྲོལ་བར་འབད་དགོས། ༧གོང་ས༧མཆོག་གི་བཀའ་ཅི་གསུངས་སྒྲུབས་རྒྱུ་གལ་ཆེ། ངའི་དམིགས་ཡུལ་གང་ཡིན་གོང་དུ་བུ་ཕྲུག་ཚོར་བཤད་ཟིན་པས་བསྐྱར་བཤད་མི་བྱེད། ངའི་བུ་ཕྲུག་འདི་ཚོའི་སྐྱིད་སྡུག་ཆ་ཚང་བོད་མི་གཞི་བྱེས་གཉིས་ལ་བཅོལ་བའི་རེ་སྐུལ་བཅས།དྭ་ཕྲུག་བཞི་ཡི་ཨ་མ་རིན་ཆེན་གྱིས།༼འདིར་དྲ་གྲོགས་ཡོངས་སུ་གསལ་བཤད་ཞིག་ལ་རྟོག་བཟོ་ལས་བྲིས་པ་ཞིག་ཡིན༽
ངོ་མ་སེམས་པ་ཧ་ཅང་སྐྱོ་སོང་།ཁྱེད་ཀྱིས་རྟོག་བཟོ་ཡིན་རུང་ཨ་མ་ཞིག་གི་ཚོར་བ་དང་དེའི་སྙིང་སྟོབས་མཐོང་ཐུབ་ཀྱི་འདུག
རྟོག་བཟོ་སེམས་འགུལ་ཐེབས་ཐུབ་ཅིག་བྲིས་འདུག ང་ཚོར་ཁ་ཆེམས་འདི་དང་དེ་འདྲ་ཇི་ཙམ་ཡོད་པ་རེད་ཨང་།
ཉེ་ཆར་རང་ཉིད་གྲོགས་པོ་ཨ་རིར་གནས་སྡོད་ཐེ་ཝན་ཚོང་པ་ཞིག་ཡོད་པ་མཇལ་བྱུང་། ཁོང་གིས་བོད་དོན་ཐོག་སེམས་འཚབ་དང་འབྲེལ་དྲི་བ་འགའ་དང་ལྷན་དུ་ཁ་བརྡ་བྱས། མཐའ་དོན། ཁོས་རྒྱ་མིའི་གཞུང་ལ་མིའི་གྲངས་འབོར་གྱི་ཆ་ནས་མང་དྲགས་པ་དཀའ་ངལ་ཡོད་པས་མི་ག་ཚོད་འཆི་རུང་ཁྱད་པར་རྩ་བ་ནས་མེད་ཅིང་། ལྷག་པར་བོད་པ་ཞིག་གིས་བོད་དོན་ཆེད་ཆེས་མཐོ་ཤོས་ཀྱི་རིན་ཐང་བྲལ་བའི་སྲོག་གི་འགྲོ་སོང་གཏོང་བཞིན་པ་ནི་རྒྱ་གཞུང་གིས་ངོས་ལེན་རྩ་བ་ནས་བྱེད་ཀྱི་མ་རེད་ཟེར། དེས་ན། བོད་པ་ཚོར་མཚོན་ཇི་འདྲའི་གྱོང་ཁ་ཆེན་པོ་ཞིག་རེད་ཨང་།
ཨོ། རྒྱལ་སྤྱིའི་སྙིང་རྗེར་རེ་བོ་ནི་དེ་བས་འུ་ཐུག་པའི་ལས་འགན་ཞིག་རེད། དེས་ན། བོད་པ་རང་ཉིད་ཀྱིས་འགོ་བརྩམས་ནས་གཡོ་འགུལ་ཐེབས་ཐུབ་པའི་གོམ་པ་ཞིག་རྒྱོབ་ཨེ་ཐུབ་བལྟ་རན་རེད།
I AM REALLY SAD WHEN I READ THIS I CRY
ནམ་མཁའ་ལགས། ཁྱེད་ཀྱིས་རྟོག་བཟོ་ཡི་བྲིས་པའི་ཨ་མས་ཁ་འཆམ་ནི་དངོས་ནས་ཡིད་སེམས་འགུལ་ཐུབ་ལ་བསམ་པ་རང་བཞིན་གྲང་ཤར་ལངས་ཡོང་།ད་ལྟའི་གནས་ཚུལ་ལ་ལྟོས་ཡོང་ཚེ་ང་ཚོ་རང་ཉིད་ཀྱིས་རྒྱ་ནག་གཞུང་དང་འབྲེལ་བ་ཅིག་བྱེད་མ་ཐུབ་ཚེ་།ད་དུང་ཁྱེད་ཀྱིས་བྲིས་པ་བཞིན་་ད་ཕྲུག་མང་པོ་ཞིག་ཡོང་རྒྱུ་གསལ་བོར་མཐོང་ཐུབ།དེ་ཕྱིར་རྒྱ་གཞུང་ལ་རེ་སྐུལ་འདྲ་ཞུ་ནསདགེ་ཕན་ཅིག་འདུག་གམ།ཚང་མའི་བསམ་བློ་ཞིབ་མོར་ཅིག་གཏོང་རོགས།ད་ལྟའི་དུས་འདི་ལ་འཆམ་འབྲི་མཁན་ཚང་མས་གཅིག་གི་ཁ་དང་གཅིག་སྣ་ཟེར་ནས་འདུག་རྒྱུ་ལས་ཐབས་གཞན་ཞིག་ལབསམ་བློ་བཏང་མ་རེད་དམ།
ཨ་མས་ཁ་འཆམ་ཞེས་པའི་ཆམས་ལ་བཟོ་རོགས
ངོ་མ་སེམ་སའགུལ་ཐེབས་སོང་། ཨ་མ་ཞིག་གི་སེམས་ཚོར་གསོན་པོ་ཡིག་ཐོག་ཏུ་ཕབ་འདུག ཤུལ་ལུས་བུ་ཕྲུག་ཚོ་ལ་བཅང་བའི་བརྩེ་སེམས་མངོན་འདུག ཅི་དྲའི་སྙིང་སྟོབས་ཅན་རེ་ཡོད་ཨང་། ཨོ་ངས་རྟོག་བཟོ་ཡིན་པ་བརྗེད་འདུག
ངོ་མ་ཁྱེད་ཀྱི་རྩོམ་འདིས་རྟོགས་གཟོ་དང་གང་རུང་ཐེང་གཅིག་ཀློག་དུས་དབང་མེད་དུ་ངུ་འདོད་སྐྱེས་ནས་མིག་ཆུ་ཤོར་སོང་ཡ། ང་ཚོ་བོད་མི་ཚང་མ་གོང་གི་རྩོམ་འདིའི་དོན་བཞིན་བསྟན་སྲིད་དང་དྲ་བདེན་ལ་རྩོད་པའི་ཕོད་པ་ཅན་ཤ་ཐག་ཡིན་ན་ཅི་མ་རུང་།
འདི་ནི་ནམ་མཁའི་རྟོག་བཟོ་ཡིན་ཡང་། འདི་ནི་ཨ་མ་རིན་ཆེན་གྱི་ཁོག་ན་ཡོད་པའི་ཞལ་ཆེམས་དངོས་དེ་ཡིན་ངེས་ཡིན། ང་ཚོའི་སྤུན་ཟླ་མང་པོ་ཞིག་གིས་འདི་ལྟར་ཞལ་ཆེབས་རུམ་གང་རེ་བསྣམས་ནས་ཕེབས་ཀྱིན་ཡོད་མོད། ང་ཚོས་ད་དུང་ཚོར་ཀྱིན་མེད། ང་ཚོ་ཅི་འདྲའི་ལས་ངན་ཞིག་རེད། ཉི་མ་དེ་རིང་ནས་བཟུང་། གུང་ཕྲན་ཏང་གི་དམར་ཕྱོགས་ལས་བྱེད་ཅིག་དང་ཐུག་ན་སོ་ཞིག་མ་གཏོགས་མ་ཐེབས་ཀྱང་མཆོང་ངེས། ཨཨ བོད་མི་ང་ཚོའི་ལས་དབང་འདི་སྐྱོ་བ་ལ། ངོ་མ་མིག་ཆུ་ཤོར་ནས་བཀླགས་ཡོད
རྟོག་བཟོ་ངོ་མ་འདྲ་བོ། ངས་ཀྱང་ཨ་མ་ལྷག་ཏུ་དྲན་ཁི།
ཞལ་ཆེམས་འདི་རྟོག་བཟོ་ཡིན་ཡང་ཁོང་གི་ཞལ་ཆེམས་ཞིག་བཞག་ན་འདི་ལྟར་འབྲི་སྲིད་པ་རེད།
དཔའ་མོ་དེའི་སྙིང་སྟོབས་ལ་ངོ་མ་བསམ་ཕོདཞིག་མི་འདུག།
བཀའ་བློན་ཁྲི་པ།
གཞིས་སུ། དཔའ་བོ་ཞིག་གིས་རང་སྲེག་གིས་རྒྱ་གཞུང་ལ་ངོ་རྒོལ་བྱས། མེ་ལྕེ་དམར་པོའི་ཁྲོད་དུ་༧གོང་ས་མཆོག་གདན་འདྲེན་ཞུ་དགོས། བོད་ལ་རང་དབང་དགོས་ཟེར། དེའི་སྐུ་ཕུང་སྟེང་ན་ དུ་བ་ ད་དུང་འཕྱུར་བཞིན་ཡོད། སྐུ་ཤ་ཚིག་པའི་བསུར་དྲི་ད་དུང་ཡལ་མེད། བྱེས་སུ། བཀའ་བློན་ཁྲི་བས་རང་བསྟོད་བྱེད་འགོ་བརྩམས། ཁོང་ན་རེ། འབོད་ཚིག་དེ་གཉིས་དང་པོ་ངས་བསྒྲགས་པ་ཡིན། དེ་ནས་རང་སྲེག་བྱེད་མཁན་ཇེ་མང་དུ་གྱུར་ཟེར།
གཞིས་སུ། དཔའ་མོ་ཞིག་གིས་རང་སྲེག་གིས་རྒྱ་གཞུང་ལ་ངོ་རྒོལ་བྱས། མེ་ལྕེ་དམར་པོའི་ཁྲོད་དུ་༧གོང་ས་མཆོག་གདན་འདྲེན་ཞུ་དགོས། བོད་ལ་རང་དབང་དགོས་ཟེར། དེའི་དྭ་ཕྲུག་རྣམས་ཀྱི་ངུ་སྒྲ་ད་དུང་ཆད་མེད། དེའི་གཉེན་ཉེ་རྣམས་ཀྱི་འོ་དོད་ད་དུང་གྲག་བཞིན་ཡོད། བྱེས་སུ། བཀའ་བློན་ཁྲི་བས་རང་བསྟོད་བྱེད་འགོ་བརྩམས། ཁོང་ན་རེ། འབོད་ཚིག་དེ་གཉིས་དང་པོ་ངས་བསྒྲགས་པ་ཡིན། དེ་ནས་རང་སྲེག་བྱེད་མཁན་ཇེ་མང་དུ་གྱུར་ཟེར།
གཞིས་སུ། དཔའ་ཕྲུག་ཅིག་གིས་རང་སྲེག་གིས་རྒྱ་གཞུང་ལ་ངོ་རྒོལ་བྱས། མེ་ལྕེ་དམར་པོའི་ཁྲོད་དུ་༧གོང་ས་མཆོག་གདན་འདྲེན་ཞུ་དགོས། བོད་ལ་རང་དབང་དགོས་ཟེར། དཔའ་ཕྲུག་དེའི་བེམ་པོ་ད་དུང་རྒྱ་མིའི་ལག་ན་ཡོད། བེམ་པོ་རྩོད་ལེན་བྱེད་པའི་མི་ཚོགས་ད་དུང་གྲོལ་མེད། བྱེས་སུ། བཀའ་བློན་ཁྲི་པས་རང་བསྟོད་བྱེད་འགོ་བརྩམས། ཁོང་ན་རེ། འབོད་ཚིག་དེ་གཉིས་དང་པོ་ངས་བསྒྲགས་པ་ཡིན། དེ་ནས་རང་སྲེག་བྱེད་མཁན་ཇེ་མང་དུ་གྱུར་ཟེར།
མི་ལ་ཚོར་བ་ཡོད་དགོས། ཚོར་བ་མེད་ན་བེམ་པོ་ཡིན།
ཨ་མ་རིན་ཆེན་ནི་རང་གི་ཆད་པའི་བུ་ཕྲུག་བཞི་ལས་བོད་མི་ས་ཡ་དྲུག་གི་བདེ་སྐྱིད་བསམ་པའི་དཔའ་མོ་ཞིག
ད་ལོང་ཤོགས་བོད་མི་ཚོ།
ནམ་མཁའ་ལགས་ཀྱི་རྟོག་བཟོ་འདིས་ཀློག་གིན་ཀློག་གིན་སེམས་ནང་སྐྱོ་གདུང་གི་ཚོར་བ་ཞིག་སྤྲོད་ཐུབ་ཀྱིས་ལ་དངོས་གནས་ཨ་མ་ཞིག་གིས་བུ་ཕྲུག་བཅངས་པའི་བརྩེ་སེམས་དང་མི་རིགས་ཀྱི་ལ་རྒྱ་དང་སྙིང་སྟོབས་ཀྱང་མཚོན་གིས། དེ་འདྲའི་རླབས་ཆེན་གྱི་ཨ་མ་ཞིག་མི་ཡུལ་འདི་དང་བྲལ་བ་དེ་ཕངས་དགོས་པ་ཞིག་རེད་ལ་མི་རིགས་འདིའི་གྱོང་གུད་ཡང་རེད་བསམ་གིས།
ཉེ་ཆར་བོད་ནང་གི་གསར་འགྱུར་ཞིག་གཤམ་གསལ་དྲ་རྒྱ་རུ་འདུག
http://www.freetibet.org/newsmedia/young-tibetans-make-stand
ཨ་མ་ལགས་ཁྱེད་ཀྱི་སྙིང་སྟོབས་དང་བློས་གཏང་ལ་རྗེས་སུ་ཡི་རང་དང་། དེ་ནི་རླབས་ཆེན་ཞིག་ཡིན། དེ་ལས་ཀྱང་རླབས་ཆེ་བ་ནི་རང་ཉིད་ཀྱི་ཕྲུ་གུ་རྣམས་ཚད་ལྡན་གྱི་བོད་མི་ཞིག་དང། ལྷག་པར་གནའ་དེང་གི་ཤེས་ཡོན་གཉིས་ཀ་ལྡན་པ་ཞིག་བཟོ་ཐུབ་རྒྱུ་དེ་ཡིན། དེས་བོད་མི་རིགས་ཀྱི་འཆི་གསོན་གྱི་གནས་སྐབས་འདིར་ཕན་ཐོགས་པའི་བྱ་བ་རླབས་ཆེན་ཞིག་བསྒྲུབ་ཐུབ་ངེས།
ཐུགས་རྗེ་ཆེ།
ཨ་མ་ཞེས་པའི་ཚིག་དེ་ནི་ཅི་འདྲའི་ཡིད་དུ་འོང་བ་ཞིག་རེད། ང་ལ་མཚོན་ན་ལོ་ངོ་ཉི་ཤུ་ལ་མཇལ་སྤྲད་མེད་པའི་དྲིན་ཆེན་མ་ཡི་ཞལ་རས་ནམ་ཉིན་ཀུན་ཏུ་དྲན་ཞིང་མཚན་མོའི་གཉིད་ཐེབས་ཀྱང་ཅོག །རྒྱུན་དུ་ཁ་པར་གྱི་ནང་ནས་ཡུམ་ཆེན་ལ་བཀའ་མོལ་ཞུ་སྐབས་དངོས་སུ་མཇལ་བ་ལྟ་བུའི་དགའ་བདེའི་ཚོར་སྣང་གིས་ལུས་ཀྱི་སྟོད་སྨད་ཀུན་ཏུ་ཁྱབ་པ་དང་། ཁ་པར་འཇོག་སྐབས་སྐྱོ་སྣང་གི་མིག་ཟུང་མཆི་བས་གང་བ་སོགས་ནི་རྒྱུན་གཏན་གྱི་གནས་ཚུལ་ཞིག་ཡིན། གནས་ཚུལ་དེ་འདྲའི་འོག ཨ་མ་ཞིག་གིས་ཕ་མེད་པའི་ཕྲུ་གུ་བཞི་རྒྱབ་ཏུ་སྐྱུར་ནས་རང་གི་རྒྱལ་ཁབ་དང་། རྩ་དོན་ཆེད་དུ་རང་ལུས་མེ་སྲེག་གཏོང་བ་ནི་བསམ་ཡུལ་ལས་འདས་སོང་། ད་ང་ཚོས་གང་བྱེད་དགོས་རེད། གཟི་རྗིད་དང་རླབས་ཆེན་གྱི་ཡུམ་ཆེན་དེས་སྐུ་གཟུགས་ཞུགས་མེར་མ་ཕུལ་གོང་ལ་སོ་སོའི་ཕྲུ་གུ་དང་། རྒྱལ་ཁབ་གཉིས་ལས་གཅིག་འདེམས་པའི་ཐ་མའི་ཐག་གཅོད་སྐབས་སུ་སྐྱོ་གདུང་གི་སེམས་ཚོར་གང་འདྲ་ཞིག་བྱུང་ཡོད་དམ། མ་ཡུམ་་ཁྱོད་རྟག་ཏུ་རྒྱལ་གྱུར་ཅིག
ཐེངས་གཅིག་ཀློག་གིན་མཉམ་དུ་མིག་ཆུ་ཐེངས་གཅིག་ཤོར་སོང་། དངོས་ནས་ཨ་མའི་ཁ་ཆེམས་འདི་འདྲ་བཞག་ཡོད་སྲིད། གལ་སྲིད་བཞག་མེད་ན་ཡང་ཨ་མའི་སེམས་ཚོར་འདི་འདྲ་ཞིག་ཁྱེར་ནས་ཕེབས་ཡོད་སྲིད།
གུས་བས་བསམ་ན་སྒྲུང་འདི་རྟོག་བཟོ་ཙམ་མ་རེད། འདི་ད་ལྟའི་བོད་ནང་གི་གནས་སྟངས་རིམ་པ་ཞིག་རེད་འདོད་ཀྱིན་ཡོད། དེ་བས་ཀྱང་ག་ལེར་འུ་ཅག་མཆན་འདེབས་མཁན་དང་ཨམ་ཅོག་ཅོར་ནས་བོད་ནང་གི་གྲགས་འགུལ་ལ་ཉན་གོམས་དུ་སོང་བའི་དྲེད་པོ། ཡུལ་གྱར་བོད་པ་ཚོའི་སེམས་རྩར་ཡང་འཁྱག་སོབ་སོབ་ཀྱི་གཏམ་རྒྱུད་འདི་དང་དེ་བཞིན་འབྱུང་ངེས་རེད་ལ། དེ་དུས་རྒྱ་ནག་པོ་མིན་རུང་རྒྱ་དཀར་རོ་འམ་ཡང་ན་མིག་ལྫང་ཁུ་མགོ་སེར་པོ་གང་རུང་གིས་ཡུལ་གྱར་བོད་མི་ཚོ་ལུང་བའི་མཐའ་ལ་སྙིག་བའི་རྐྱེན་ཀྱིས་ཡིན་སྲིད། སྐབས་དེ་དུས་འཇོན་པོ་དང་རྒོད་པོ་ཕྱུགས་པོ་ཚོས་རུས་རྐང་བརྗེ་ཡོད་ལས་ཆེ་མོད། དེ་འདྲའི་རྒོད་པོ་མེད་སོང་བ་མིན་འགྲོ་ཐམས་ཆད་རང་ཤུ་རྒྱག་རྒྱུ་ལ་ཐེ་ཚོམ་ཅི་ཡང་མི་འདུག འཇིག་རྟེན་འདི་ན་འུ་ཚང་གི་ཁ་ཆེམས་ཅི་ཙམ་མོད་རུང་གཏམ་རྒྱུད་རང་ཡིན་རྒྱུ་རེད།
༧༽ བྱ་ཁུ་ལོ་ནས།
སྤྱི་ལོ་ ༢༠༡༢ ཟླ་ ༣ ཚེས་ ༤ གི་ཆུ་ཚོད་ ༡༣ སྐར་མ་ ༡༦
བུ་ཆུང་གི་གཏམ།
ཨ་མ།
ང་བསམ་མེད་བྱིས་པ་བྲང་འབྱར་ཅིག་ཡིན་རུང།
ཨ་མ་རྒན་མོའི་མིག་ཆུའི་ཕྲེང་རྡོག་རེ་རེ་ལས
ཤ་ཉེ་སྤུན་ཟླའི་ངུ་སྐད་རེ་རེ།
ཨ་མཆོད་གྱི་མ་ཎི་དབྱངས་རྟ་རེ་རེ་ལས
དྲིན་ཅན་མ་ཁྱོས་
ཟླ་ཁ་ཤས་ལས་མ་སོན་པ་ང་དང
ཕུ་བོ་ནུ་མོ་ཚང་མ་སྐྱུར་ནས་བུད་སོང་པ་ངས་ཤེས་སོང
ད་དུང་
ཉི་མ་དེ་རིང་ནས་བཟུང་
ངེད་བུ་སྤུན་བཞི་བོ་ཕ་མ་མེད་པའི་དྭ་ཕྲུག་ཞིག་ཏུ་གྱུར་བའང་ངས་ཤེས་སོང
ཨ་མ་ཁྱོས་འདི་ལྟར་
མི་རིགས་ཤིག་ཆེད་དུ་འབྱུང་བ་མེ་ཡི་ན་ཟུག་སྲན་ཏེ
སྤྱང་ཚོགས་ཀྱི་མེ་མདའི་འོག་ནས
སྙིང་རྗེ་བྲལ་བའི་ཤན་པའི་མདུན་ནས
ལ་རྒྱའི་མེ་ལྕེ་དགུང་ལ་འཕྱོ་བཞིན
སྙིང་སྟོབས་ཀྱི་་ཁུ་ཚུར་དགུང་ལ་འཕྱྱར
འདོད་པའི་སྐད་སེང་འབྲུག་ལྟར་བསྒྲགས་ཏེ
རྒྱལ་བ་རིན་པོ་ཆེ་བོད་ལ་ཕེབས་དགོས
བོད་ལ་རང་དབང་དགོས་ཞེས
མི་རིགས་ཤིག་གི་དཔའ་མོ་དང་
དུས་རབས་ཤིག་གི་ཅོང་བརྡ་རུ་གྱུར་བའང་ངས་ཤེས་སོང
ཨ་མ་
སེམས་བདེ་མོ་བྱོས་ཏེ་ཕེབས་དང
ངེད་བུ་སྤུན་བཞི་བོས་ཨ་མ་ཁྱེད་ཀྱི་རེ་བ་གཏོང་གཟེད་དུ་མི་གཏོང
དྭ་ཕྲུག་ངས་གནམ་སྔོན་པོ་དཔངས་ལ་བཞག་ནས
མགོན་དཀོན་མཆོག་སྐྱབས་སུ་བཅོལ་ནས
མགོ་ནག་རྩམ་གཟན་བོད་མིའི་བདེན་མཐའ་སེལ་བར་དུ
ངའི་ལུས་ངག་ཡིད་གསུམ་གྱིས་དམ་བཅའ་བཞག་ཡིན
ངའི་དྲིན་ཅན་གྱི་མ་ལོ
བདེ་བར་ཕེབས་དང
དེ་རིང་ནས་ཨ་ཕ་དང་ཁྱེད་གཉིས་མཉམ་དུ་འཛོམས་ཐུབ་པ
དྭ་ཕྲུག་ང་བློ་བདེ་པོ་བྱུང་སོང
ཤུལ་ལས་ཀྱི་ཕ་མ་རྒན་རྒོན་གཉིས་ཀ་
ངེད་བུ་སྤུན་བཞི་བས་ཨ་མ་ཁྱེད་རང་བཞིན་གུས་བཀུར་དང་བྱམས་སྐྱོང་གནང་ངེས
ཨ་མ་ངས་ཁྱོད་དྲན་གི་་་་་་་་་ཨ་མ
གྲོས་ཆོད་དོན་ཚན་བཅུ་བདུན་
1951པའི་ ལྕགས་ཡོས་ ཟླ་བ་ལྔ་པའི་ཚེས་ཉེར་གསུམ་ཉིན་པེ་ཅིན་ཆིན་ཀྲེང་ཕོ་བྲང་དུ་ཕྱོགས་གཉིས་ཀྱི་འཐུས་མི་རྣམས་འཚོགས་ནས་འབའ་པ་ཕུན་ཚོགས་དབང་རྒྱལ་གྱིས་སྐད་སྒྱུར་བརྒྱུད་ནས་བོད་ཞི་བས་བཅིངས་འགྲོལ་འབྱུང་ཐབས་སྐོར་གྱི་གྲོས་མཐུན་དོན་ཚན་བཅུ་བདུན་ལ་མིང་རྟགས་འགོད་པའི་མཛད་སྒོ་གཟབ་རྒྱས་འཚོགས། བོད་ཞི་བས་བཅིངས་འགྲོལ་འབྱུང་ཐབས་སྐོར་གྱི་གྲོས་མཐུན་དོན་ཚན་བཅུ་བདུན།
༼དང་པོ། ༽
བོད་མི་དམངས་མཐུན་སྒྲིལ་བྱས་ཏེ་ཕྱི་རྒྱལ་བཙན་དབང་རྒྱལ་ཁབ་ཀྱི་བཙན་ཤུགས་བོད་ནས་མཐར་སྐྲོད་གཏོང་དགོས།
བོད་མི་དམངས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་མེས་པོའི་རྒྱལ་ཁབ་ཁྱིམ་ཚང་ཆེན་པོའི་ནང་ལོག་དགོས།
༼གཉིས་པ།༽
མི་དམངས་བཅིངས་འགྲོལ་དམག་བོད་དུ་བསྐྱོད་དེ་རྒྱལ་ཁབ་བརྟན་པོར་སྲུང་རྒྱུ་ལ་བོད་ཀྱི་ས་གནས་སྲིད་གཞུང་ནས་རོགས་རམ་ལྷུར་ལེན་བྱེད་རྒྱུ།
༼གསུམ་པ། ༽
ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་ཚོགས་ཀྱི་ཐུན་མོང་རྩ་འཛིན་གྱི་མི་རིགས་སྲིད་ཇུས་གཞིར་བཟུང་སྟེ་ཀྲུང་དབྱང་མི་དམངས་སྲིད་གཞུང་གི་གཅིག་སྒྲིལ་གྱི་འགོ་ཁྲིད་འོག
བོད་ཀྱི་མི་དམངས་ལ་མི་རིགས་ཀྱི་ས་གནས་རང་སྐྱོང་ལག་ལེན་བྱེད་རྒྱུའི་དབང་ཆ་ཡོད།
༼བཞི་པ། ༽
བོད་ཀྱི་ཆབ་སྲིད་ལམ་ལུགས་དེ་མུས་ལ་ཀྲུང་དབྱང་གིས་བཅོས་བསྒྱུར་མི་བྱེད་པར།
ཏཱ་ལའི་བླ་མའི་སྔར་ཡོད་གོ་གནས་དང་དབང་ཆ་ཡང་ཀྲུང་དབྱང་ནས་བསྒྱུར་བཅོས་མི་བྱེད།
དཔོན་རིགས་མཐོ་དམན་རྣམས་ཀྱང་སྔར་བཞིན་གནས་རྒྱུ།
༼ལྔ་པ། ༽
པཎ་ཆེན་ཨེར་ཏེ་ནིའི་སྔར་ཡོད་གོ་གནས་དང་དབང་ཆ་རང་འཇགས་གནས་དགོས།
༼དྲུག་པ། ༽
ཏཱ་ལའི་བླ་མ་དང༌། པཎ་ཆེན་ཨེར་ཏེ་ནིའི་སྔར་ཡོད་གོ་གནས་དང་དབང་ཞེས་པ་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པ་དང༌། པཎ་ཆེན་ཨེར་ཏེ་ནི་སྐུ་ཕྲེང་དགུ་པ་མཐུན་པོའི་སྐབས་ཀྱི་གོ་གནས་དང་དབང་ཆའོ།
༼བདུན་པ།༽
ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་ཚོགས་ཀྱི་ཐུན་མོང་རྩ་འཛིན་ནང་ཐག་བཅད་པའི་ཆོས་ལུགས་ལ་དད་པ་རང་མོས་བྱས་ཆོག་པའི་སྲིད་ཇུས་ལག་ལེན་བྱས་ཏེ།
བོད་ཀྱི་མི་དམངས་ཀྱི་ཆོས་ལུགས་ལ་དད་པ་དང༌། ཡུལ་གོམས་གཤིས་ལུགས་ལ་བརྩི་འཇོག་བྱེད་རྒྱུ་དང༌།
དགོན་པ་གྲྭ་ཚང་གི་ཡོང་སྒོར་ཀྲུང་དབྱང་ནས་བསྒྱུར་བཅོས་མི་བྱེད།
༼བརྒྱད་པ།༽
བོད་ཀྱི་དམག་སྒར་རིམ་གྱིས་བཅིངས་འགྲོལ་དམག་ལ་ཚུར་བསྒྱུར་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་སྲུང་དྲག་ཤུགས་ཀྱི་ཆ་ཤས་ཤིག་ཏུ་བསྒྱུར་རྒྱུ།
༼དགུ་པ།༽
བོད་ཀྱི་དངོས་ཡོད་གནས་ཚུལ་གཞིར་བཟུང་སྟེ་རིམ་གྱིས་བོད་རིགས་ཀྱི་སྐད་ཆ་དང༌། ཡི་གེ་སློབ་གྲྭའི་སློབ་སྦྱོང་བཅས་གོང་འཕེལ་གཏོང་རྒྱུ།
༼བཅུ་པ།༽
བོད་ཀྱི་དངོས་ཡོད་གནས་ཚུལ་གཞིར་བཟུང་སྟེ་རིམ་གྱིས་བོད་ཀྱི་སོ་ནམ་དང༌། ཕྱུགས་ལས། བཟོ་ལས། ཚོང་ལས་རྣམས་གོང་འཕེལ་དུ་བཏང་ནས་མི་དམངས་ཀྱི་ལྟོ་གོས་སོགས་ཇེ་ལེགས་སུ་གཏོང་རྒྱུ།
༼བཅུ་གཅིག་པ།༽
བོད་ཀྱི་ལམ་ལུགས་སྣ་ཚོགས་ལེགས་བཅོས་བྱེད་རྒྱུའི་སྐོར་ལ་ཀྲུང་དབྱང་ནས་བཙན་ཤེད་ཀྱིས་མི་བྱེད་པར། བོད་ས་གནས་སྲིད་གཞུང་རང་ནས་ལེགས་བཅོས་བྱེད་རྒྱུ་དང༌།
མི་དམངས་ཀྱིས་ལེགས་བཅོས་བྱེད་དགོས་ཞུ་དུས། བོད་ཀྱི་འགོ་བྱེད་རྣམས་དང་གྲོས་བསྡུར་གྱི་ཐབས་ཤེས་ལ་བརྟེན་ནསཐག་གཅོད་རྒྱུ།
༼བཅུ་གཉིས་པ།༽ སྔར་ཕན་གྱི་བཙན་དབང་རྒྱལ་ཁབ་དང་གོ་མིན་ཏང་ལ་འབྲེལ་བ་བྱེད་པའི་དཔོན་རིགས་ཀྱིས་ཕྱི་རྒྱལ་བཙན་དབང་རྒྱལ་ཁབ་དང་གོ་མིན་ཏང་གི་འབྲེལ་ཐག་མཐར་ཕྱིན་པ་བཅད་དེ། ད་ཕྱིན་ངོ་ལོག་དང་སྐྱོན་གནོད་མ་བྱས་ན་ལས་ཚན་རང་འཇགས་བྱེད་ཆོག་པར་སྔར་བྱས་ལ་རྩད་གཅོད་མི་བྱེད།
༼བཅུ་གསུམ་པ།༽
བོད་བསྐྱོད་མི་དམངས་བཅིངས་འགྲོལ་དམག་གིས་གོང་གསལ་དོན་ཚན་རྣམས་ཀྱི་སྲིད་ཇུས་ལ་སྲུང་བརྩི་བྱེད་རྒྱུར་མ་ཟད། ཉོ་ཚོང་དྲང་འཇོག་གིས་མི་དམངས་ཀྱི་ཁབ་སྐུད་ཙམ་ཡང་གང་བྱུང་ལེན་མི་ཆོག
༼བཅུ་བཞི་པ།༽
ཀྲུང་དབྱང་མི་དམངས་སྲིད་གཞུང་གིས་བོད་ས་གནས་ཀྱི་ཕྱི་འབྲེལ་ལས་དོན་མཐའ་དག་གཅིག་གྱུར་གྱིས་བྱེད་རྒྱུ་དང༌། འདྲ་མཉམ་གཉིས་ཕན། ཕན་ཚུན་གྱི་མངའ་ཁུལ་དང་རང་བཙན་གྱི་དབང་ཆ་ལ་བརྩི་འཇོག་ཐོག་ཉེ་འདབས་རྒྱལ་ཁབ་དང་ཞི་མཐུན་གྱིས་གནས་རྒྱུར་མ་ཟད། དྲང་འབྲེལ་གྱི་ཚོང་ལས་འཛུགས་རྒྱུ་དང་གོང་འཕེལ་གཏོང་རྒྱུ། ྄
༼བཅོ་ལྔ་པ།༽ གྲོས་མཐུན་འདི་ཉིད་ལག་ལེན་བསྟར་བའི་འགན་ལེན་ཕྱིར་ཀྲུང་དབྱང་མི་དམངས་སྲིད་གཞུང་གིས་བོད་དུ་དམག་སྲིད་ཨུ་ཡོན་ལྷན་ཁང་དང་ས་གནས་དམག་སྒར་གྱི་དམག་སྤྱི་ཁང་འཛུགས་རྒྱུ་དང༌། ཀྲུང་དབྱང་གིས་བཏང་བའི་ལས་བྱེད་མ་ཚད། བོད་ཁུལ་གྱི་ལས་བྱེད་ཀྱང་གང་མང་རུག་སྟེ་ལས་ཀ་བྱེད་རྒྱུ། དམག་སྲིད་ཨུ་ཡོན་ལྷན་ཁང་ནང་འགྲོ་མི་རྣམས་བོད་ཀྱི་ས་གནས་སྲིད་གཞུང་དང༌། ཡུལ་ཕྱོགས་སོ་སོ། དགོན་པ་གཙོ་ཆེ་བ་བཅས་ནས་རྒྱལ་ཁབ་ལ་ཤ་ཞེན་ཡོད་པ།
ཀྲུང་དབྱང་མི་དམངས་སྲིད་གཞུང་ནས་བསྐོས་པའི་འཐུས་མི་དང༌། གནད་ཡོད་ཀྱི་ཕྱོགས་ཚང་མ་མཉམ་གྲོས་ཐོག་ནས་མིང་ཐོ་ཕུལ་ཏེ་ཀྲུང་དབྱང་མི་དམངས་སྲིད་གཞུང་ལ་བསྐོ་བཞག་གནང་བ་ཞུ་རྒྱུ།
༼བཅུ་དྲུག་པ།༽
དམག་སྲིད་ཨུ་ཡོན་ལྷན་ཁང་དང༌། ས་གནས་དམག་སྤྱི་ཁང༌། བོད་བསྐྱོད་མི་དམངས་བཅིངས་འགྲོལ་དམག་གི་འགྲོ་སོང་ཀྲུང་དབྱང་མི་དམངས་སྲིད་གཞུང་ནས་གཏོང་རྒྱུ། བོད་ས་གནས་སྲིད་གཞུང་ནས་མི་དམངས་བཅིངས་འགྲོལ་དམག་ལ་འབྲུ་དང༌། གཞན་ཡང་ཉེར་མཁོ་སྒྲུབ་རྒྱུ། སྐྱེལ་འདྲེན་བཅས་ལ་རོགས་རམ་བྱེད་རྒྱུ།
༼བཅུ་བདུན་པ།༽གྲོས་མཐུན་འདི་ཉིད་མིང་རྟགས་བཀོད་འཕྲལ་རྩ་བར་བཟུང་སྟེ་ལག་ལེན་བྱེད་རྒྱུ། དེབ་ངོས་ནས་བཤུས་སྟེ་ཤེ་འདོད་ཡོད་མཁན་རྣམས་ལ་བཀོད་པ་ཡིན།
1980སྤྱི་ཟླ་ལྔ་པའི་ཟླ་འཇུག་ལ། ཏང་གི་སྤྱི་ཁྱབ་དྲུང་ཆེ་ཧུའུ་ཡོ་པང་གིས་བོད་ལ་བཅོས་བསྒྱུར་ལས་རིམ་དོན་ཚན་དྲུག་ཡོངས་བསྒྲགས་བྱས་ཤིང། དེ་ནི་གཙོ་བོའི་དོན་ཚན་ཁག་གི་ནང་གསལ་ཡོད་པ་སྟེ། ༼དོན་ཚན་དང་པོ༽ ཀྲུང་དབྱང་གི་གཅིག་གྱུར་འགོ་ཁྲིད་འོག་མི་རིགས་ས་ཁོངས་རང་སྐྱོངས་དབང་ཆ་ཡོངས་སུ་ལག་བསྟར་བྱ་རྒྱུ། གཅིག་གྱུར་གྱི་འགོ་ཁྲིད་འོག་རང་བདག་དབང་ཆ་མེད་པ་བཟོ་མི་ཆོག། དབང་ཆ་འདི་ཉིད་ཆ་ཚང་གི་སྒོ་ནས་དང་གཞན་ལ་ལྟོས་མེད་གྱི་སྒོ་ནས་ལག་བསྟར་བྱ་རྒྱུའི་དགོས་གལ་ཆེན་པོ་ཡོད། བོད་ཀྱི་གནས་སྟངས་དང་མི་འཚམས་པའམ་རྒྱལ་ཁབ་ཀྱི་མཐུན་སྒྲིལ་དང་ཐོན་སྐྱེད་གོང་འཕེལ་ལ་ཕན་འབྲས་མེད་པའི་རིགས་གང་ཡིན་ཡང་ལག་བསྟར་མི་བྱེད་པའམ་བབ་བསྟུན་བསྒྱུར་བཅོས་བྱེད་དགོས། ཏང་ཀྲུང་དབྱང་གི་གཅིག་གྱུར་འགོ་ཁྲིད་འོག་རང་སྐྱོངས་ལྗོངས་ཀྱི་བདག་དབང་ཡོངས་སུ་སྤྱད་ནས་རང་ཉིད་སོ་སོའི་ཁྱད་ཆོས་ལ་གཞིགས་སྟེ་ཁྲིམས་དང་སྒྲིག། གཏན་འབེབས་བཟོས་ནས་མི་རིགས་རང་སྐྱོངས་གི་དབང་ཆ་དང་མི་རིགས་ཀྱི་ཐུན་མོངས་མ་ཡིན་པའི་དབང་ཆ་སྲུང་སྐྱོབས་བྱེད་དགོས། ༼དོན་ཚན་གཉིས་པ༽ བོད་མི་མངས་ཀྱི་འཚོ་བའི་ཆུ་ཚད་ནི་རྒྱལ་ཡོངས་ཀྱི་ཞིང་ཆེན་དང་རང་སྐྱོངས་ལྗོངས་གཞན་དག་དང་བསྡུར་ན་ཧེ་བག་ཆེན་པོ་ཤོར་ཡོད་པ་གཞིགས་ནས་ཤུགས་ཆེན་གྱིས་མི་མངས་ཀྱི་ཁུར་པོ་ཡང་དུ་གཏོང་དགོས་པ་དངལོ་འགའ་ཤས་ནང་དཔྱ་ཁྲལ་བསྡུ་བ་དང་སྲིད་གཞུང་གི་ཉོ་སྒྲུབ་ལས་འགན་རྩ་ཆག་གཏོང་རྒྱུ་རྣམ་པ་ཅི་རུང་གི་བཙན་བསྡུའི་རིགས་ཚང་ངེས་པར་དུ་མེད་པ་བཟོ་དགོས། མི་མངས་ལ་གླ་ཆ་མ་སྤྲད་པར་ལས་ཀ་འཕར་མ་གང་ཡང་བསྐུལ་མི་ཆོག་ལ། ཞིང་པ་དང་འབྲོག་པའི་ཐོན་རྫས་རྣམས་གོང་ཚད་གྲོས་བསྡུར་གྱི་ཐོག་ནས་ཉོ་སྒྲུབ་བྱེད་པའམ། ཐུན་མོངས་གི་དགོས་མཁོ་མཁོ་སྤྲོད་ཀྱི་ཆེད་དུ་བརྗེ་ཚོང་བྱས་ཆོག་ཅིང། རྒྱལ་ཁབ་ཀྱི་ཉོ་བསྡུའི་རིགས་ཚང་མ་རྩ་ཆག་གཏོང་དགོས། ༼དོན་ཚན་གསུམ་པ༽ བོད་ཀྱི་དཔལ་འབྱོར་སྔར་བས་རྒྱུན་མཐུད་དུ་གོང་འཕེལ་གཏོང་རྒྱུའི་ལྟ་ཚུལ་རྩ་བར་བཟུང་སྟེ་ཞིང་ལས་དང། འབྲོག་ལས། དཔལ་འབྱོར་དང་ཚོང་ལས། ནོར་སྲིད། ལག་ཤེས། འཕྲིན་གཏོང་བཅས་ཚུད་པའི་དཔལ་འབྱོར་འཐབ་ཕྱོགས་མཐའ་དག་ཐད། བོད་ཀྱི་གནས་ཚུལ་མཐུན་པའི་དམིགས་བསལ་དང་སྟབས་བསྟུན་གྱི་སྲིད་བྱུས་ངེས་པར་དུ་ལག་བསྟར་བྱེད་དགོས།༼ དོན་ཚན་བཞི་པ་ཆད༽༼དོན་ཚན་ལྔ་པ ༽ སྤྱི་ཚོགས་རིང་ལུགས་ཀྱི་ཁ་ཕྱོགས་རྒྱུན་འཁྱོངས་བྱས་པའི་ཆ་རྐྱེན་འོག། ངེས་པར་དུ་བོད་ཀྱི་རིགས་གཞུང་དང། སློབ་གསོ། ཚན་རིག་བྱ་བཞག་བཅས་པ་ཉམས་པ་སོར་ཆུད་དང། མི་ཉམས་གོང་འཕེལ་གཏོང་རྒྱུར་ཤུགས་སྣོན་རྒྱག་དགོས། བོད་མི་རིགས་ལ་ཡུན་རིང་གི་ལོ་རྒྱུས་དང། ཕུན་སུམ་ཚོགས་པའི་རིགས་གཞུང་ལྡན་ཡོད། ནང་ཆོས་གཙང་མ་དང། ཡིད་དབང་འཕྲོག་པའི་རོལ་མོ་དང་ཞབས་བྲོ། དེ་བཞིན་གསོ་རིག་དང་ལྷ་མོ་སོགས་ཀྱིས་གཙོ་བོ་བྱས་པའི་འཛམ་གླིང་དུ་སྐད་གྲགས་ཡོད་པའི་བོད་ཀྱི་གནའ་བོའི་རིག་གཞུང་ཐམས་ཅད་ལ་གཟབ་ནན་གྱིས་སློབ་སྦྱོང་དང་གོང་འཕེལ་གཏོང་རིན་ཆེན་པོ་ལྡན་ཡོད། བོད་ཀྱི་རིག་གཞུང་ལ་སྣང་ཆུང་དང་ཉམས་དམས་གཏོང་རྒྱུའི་བསམ་ཚུལ་ཅི་མཆིས་པ་ཚང་མ་ནོར་འཁྲུལ་རེད། བོད་ཀྱི་རིག་གཞུང་རྒྱུན་འཛིན་དང་དར་སྤེམ་ཡག་པོ་གཏོང་དགོས། བོད་ནང་སློབ་གསོ་ཡར་རྒྱས་ཡག་པོ་བྱུང་མེད། བོད་ཀྱི་དམིགས་བསལ་ཁྱད་ཆོས་ལ་བསམ་གཞིགས་ཀྱིས་སློབ་གྲྭ་ཆེ་མོ་དང། སློབ་གྲྭ་འབྲིང་བ། སློབ་གྲྭ་ཆུང་བ་བཅས་གཉེར་རྒྱུར་འབད་འབུངས་བྱེད་དགོས། དགོན་སྡེའི་ནང་གི་རིག་དངོས་དང་གསུང་རབ་ལ་གཏོར་སྐྱོན་བྱུང་ཡོད་པས། དེ་དག་ལ་ཏན་ཏན་གྱིས་སྲུང་སྐྱོབས་དང། ལེགས་སྒྲིག། ཞིབ་འཇུག་བྱེད་དགོས། བོད་དུ་ལས་དོན་བྱེད་མཁན་རྒྱ་རིགས་ལས་བྱེད་པ་ཚོས་ངེས་པར་བོད་སྐད་དང་བོད་ཡིག་སློབ་སྦྱོང་བྱེད་དགོས། དེ་ངེས་མཁོའི་སློབ་ཚན་ཞིག་ཡིན་དགོས། དེ་མིན་ཁོང་ཚོ་མངས་ཚོགས་དང་ཁ་བྲལ་རྒྱུ་རེད། གྲངས་ཉུང་མི་རིགས་ལ་དགའ་ཞེན་བྱེད་པ་ཞེས་པ་དེ་སྐད་ཆ་སྟོང་པ་ཞིག་མིན་པས། བོད་རིགས་མི་མངས་ཀྱི་གོམས་གཤིས་དང། ལུགས་སྲོལ། ལོ་རྒྱུས་རིགས་གཞུང་བཅས་ལ་ངེས་པར་དུ་བརྩི་བཀུར་བྱེད་དགོས། ༼དོན་ཚན་དྲུག་པ༽ གྲངས་ཉུང་མི་རིགས་ཀྱི་ལས་བྱེད་པར་འཛིན་པའི་ཏང་གི་སྲིད་བྱུས་ངེས་པར་དུ་ལག་བསྟར་ཡང་དག་པར་བྱས་ནས། བོད་རྒྱ་ལས་བྱེད་ཀྱི་མཐུན་སྒྲིལ་སྔར་བས་དམ་ཟབ་ཡོང་བར་ཤུགས་སྣོན་རྒྱག་དགོས། དྲ་གྲོགས་ཡོངས་ལ་རེ་བསྐུལ་ཞུ་རྒྱུར། དོན་ཚན་བཞི་པ་དེ་འདིའི་ནང་དམིགས་བསལ་འཁོད་མི་འདུག་བས་དགོས་མེད་ཞིག་ཡིན་ནམ་ཡང་ན་བརྩོམ་པ་པོས་འགོད་རྒྱུ་བརྗེད་པ་ཡིན་ན་གང་ལྟར་འགོད་མི་འདུག་བས་ཞིབ་འཇུག་ཡོད་པར་ཞུ།