མི་ཉག་དུང་ཟླ།
༼ཨ་མའི་ཁ་པར་ལ་ཉན་རྗེས་མིག་ཆུ་ཞིག་གི་ཚུལ་དུ་བྲིས།༽
ས་རྡུལ་ཁྲི་མ་འབུམ་གྱི་བར་བརྒལ་ལས་བསྲིངས་བའི།
གོམ་སྟབས་ཤིག་ལ་ཚད་གཞི་ཡོད་རུང་།
ཕྲ་ཕུང་བྱེ་མ་དུང་གིས་བཞེངས་པའི།
གསེར་ཆེན་མེ་ཏོག་ཅིག་ལ་གཙི་འདང་ཡོད་རུང་།
ཨ་མ་རྒན་མོ་ཁྱེད་ཀྱིས་ཁྱོགས་ལ་བཏེགས་པའི།
སྡུག་ཡུས་ཀྱིས་ལྕི་བའི་རི་རྒྱལ་ལྷུན་པོ་དང་།
དྲན་གདུང་གི་མཚོ་མོ་བསྐྱིལ་བའི།
དཀའ་ཚེགས་ཐམས་ཅད་ལ།
སུ་དང་གང་ཞིག་གིས་ཚོད་དཔག་བྱེད་ཐུབ་བམ།
ཕུགས་བསམ་གྱི་མེ་ཏོག་སྙིམ་པ་བྲང་ཁར་རུམ་སྟེ།
རེ་སྒུག་གི་མིག་ཆུ་ཐར་ཐོར་ལས་བསྐྲུན་པའི།
རྡོ་རྗེ་ཕ་ལམ་སྙེམས་ཀྱིན་སྙེམས་ཀྱིན།
གསོལ་འདེབས་དང་དྲན་གདུང་གི་ཆིག་ལབ་མོད་པོ་དབྱངས་སུ་གྱེར་ཏེ།
མཚན་སྙན་གྲགས་དང་ རྒྱུ་འབྱོར་བ།
ད་དུང་ རབ་མཛེས་མཚར་སྡུག་གི་མེ་ཏོག་དཀྱིལ་འཁོར་གྱི།
རྒྱ་སྒོར་འདི་སུ་ཞིག་གི་དོན་དུ་ཕྱེ་ཞིང་ཡོད་དམ།
རྡོག་བརྫིས་དང་སྤར་འབྲད་ཀྱི་རྣམ་འགྱུར་སྣ་ཚོགས་སྟོན་ཅིང་།
སེམས་འགྱུའི་གློག་ཞགས་འཁྱུག་མ་བྲག་ངོས་བཏབ་སྟེ།
ཟོལ་མེད་སྙིང་སྟོབས་ཀྱི་གོ་ཆ་བཙན་པོ།
མར་ལས་རྟ་རྔ་བཏོན་པའི་ཚུལ་གྱིས།
ཨ་མ་རྒན་མོའི་མ་འོངས་པའི་རྨི་ལམ་ཞིམ་པོ།
རྒྱང་རིང་རྒྱང་རིང་ཞིག་ནས།
སུ་ཞིག་གིས་ཚབ་བྱེད་དེ་རྨི་བཞིན་ཡོད་ན།
གོང་གོ་རྒྱ་སྒོར་༼ རྒྱ་སྒོ ༽ལ་བཅོས་རོགས།
དུང་བརྡ་ལགས། གོང་གོ་རྒྱ་སྒོར་ཞེས་པའི་{གོང་གོ}དེ་མིང་རྐྱང་ཞིག་གམ་ཡང་ན།
ཡང་མི་ཉག་དུང་བརྡ་ཟེར་བའི་མི་བུ་དེའི་ལག་པ་འཛིན་ཐུབ་མེད་ཚོད་རེད། ལག་པ་བསྡད་མ་ཐུབ་ནས་བོད་ལ་ཁ་པར་ཞིག་བཏང་ནས་མཐའ་མའི་གྲུབ་འབྲས་མིག་ཆུ་རྡོག་པོ་ཞིག་ལས་ཅི་ཐོབ་སོང་། སྙན་ངག་ཧ་ཅང་ཡག་གི་ ཐེངས་གཉིས་བཀླགས་ཡིན བྲོ་བ་ཟེར་ནོ་ཡོད་ཀི
དྲ་གྲོགས་ཁྱེད་ཕེབས་པར་ངོ་མ་དགའ་ནི་ཞིག་རེད། དེ་སང་སྙན་པོ་དང་ཡག་པོ་ཡོད་མེད་ལ་མ་ལྟ་བར་གང་ཐུབ་ཀྱིས་འབྲི་རྒྱུར་འབད་བརྩོན་བྱེད་ཀྱིན་ཡོད།
ང་ཡི་ཡོད་ཚད་ཨ་མ་ལགས་ད་རེས་ཁྱེད་སླར་ཡང་དྲན་བྱུང་། ཨ་མའི་སྐོར་བྲིས་པའི་སྙན་རྩོམ་ག་དུས་མཐོང་ནའང་ངས་ཨ་མ་རང་ལྷང་ལྷང་དྲན། དྲན་པ་ཙམ་མ་ཟད་ཉིད་ཀྱིས་བསྐྱངས་པའི་བཀའ་དྲིན་དེ་ཚོ་གསལ་ལྷམ་མེར་ཡིད་ལ་འཆར་གྱིན། ད་ལྟ་ཨ་མ་རང་འཛམ་གླིང་འདི་་ནང་བཞུགས་ཡོད་ཀྱང་སྐལ་མེད་ཀྱི་བུ་ཆུང་ངར་དྲིན་ཆེ་བའི་ཨ་མ་ཁྱེད་དང་མཉམ་དུ་སྡོད་རྒྱུའི་ལས་སྐལ་མེད། འོན་ཀྱང་རྒྱང་རིང་བུ་ཆུང་ངས་་་་་་ཨ་མ་རང་་་་་་ཚེ་ལྷག་རིང་པོར་འཚོ་ཞིང་རྣམ་དཀར་ཆོས་མཐུན་གྱི་བྱ་བ་མཐའ་དག་གེགས་མེད་ལྷན་ཅིག་འགྲུབ་པ་དང་། མི་རིང་བར་ཨ་མ་ཁྱེད་ཀྱི་ཟླ་ཞལ་དངོས་མཇལ་ཐུབ་པའི་བཀྲ་ཤིས་སྨོན་འདུན་ཞུ་བཞིན་ཡོད།
དཀོན་མཆོག་གིས་མཁྱེན། ང་ཡི་ཨ་མ་བདེ་ཐང་ངང་གནས་པར་ཤོག །ངེད་མ་བུ་གཉིས་འགྱོགས་མྱུར་ལྷན་འཛོམ་ཡོང་བར་ཤོག
འཇིག་རྟེན་འདི་ནང་མ་བུའི་བརྩེ་དུང་ནི་མཚོ་ལས་ཀྱང་ཟབ་པར་ཤོག །མ་གྱུར་སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག །སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་གྱུར་ཅིག །སྡུག་བསྔལ་མེད་པའི་བདེ་བ་དང་མི་འབྲལ་བར་གྱུར་ཅིག །ཉེ་རིང་ཆགས་སྡང་གཉིས་དང་བྲལ་བའི་བཏང་སྙོམས་ལ་གནས་པར་གྱུར་ཅིག །
དྲ་གྲོགས་རང་དབང་ལགས་དང་མགར་མི་ནག་གཉིས་ཕེབས་པར་བཀའ་དྲིན་ཆེ གོང་གི་རྒྱ་སྒོར་འདི་རྒྱ་སྒོ་ལ་བཅོས་ཞེས་པའི་ཁུལ་ཡིན་ཡང་ནོར་བ་སྒང་ལ་ནོར་བ་ཞིག་བཟོས་འདུག