ཀུན་བཟང༼ཁ༽ དཔེ་སྟོན་སློབ་གྲྭ འཛིན་གྲྭ་-༨
དྲོ་སྐྱིད་ལྡན་པའི་ཁྱིམ་ཚང་ཆུང་ཆུང་ནང་བཞུགས་པའི།།
བརྩེ་དུང་མཛད་མཐའ་མེད་པའི་ཨ་མ་ཡི་ཆེད་དུ།།
དཀར་ཞིང་གཙང་བའི་ཤོག་ངོས་ཆུང་ཆུང་གི་ངོས་སུ།།
ཁྱེད་ཀྱི་ཆེད་དུ་འཕྲིན་ཡིག་ཐུང་ཐུང་ཞིག་འབུལ་ལོ།།
མདང་དགོང་ཉལ་བའི་མཚན་མོའི་རྨི་ལམ་ནང་དུ།།
ཞལ་རས་འཛུམ་མདངས་ཁེངས་པའི་ཨ་མ་ཡི་གྲིབ་གཟུགས།།
གོམ་པའི་འདེགས་འཇོག་རིམ་བཞིན་ཉེ་འགྲམ་དུ་སླེབས་དུས།།
སེམས་ཁོང་རུས་པའི་གཏིང་ནས་དྲོད་འཇམ་ཞིག་ཚོར་བྱུང།།
མ་ཡུམ་དཔེ་སྟོན་སློབ་གྲྭ་ཆུང་ཆུང་ཡི་མཐའ་ན།།
ལུས་ལ་བོད་ཆས་གྱོན་པའི་དབུལ་མོ་ཞིག་མཐོང་བྱུང།།
ཁྱེད་ཀྱི་གླུ་དབྱངས་ལེན་པའི་སྐད་ཆ་དེ་ཐོས་བྱུང།།
སེམས་ཁོང་གཏིང་ནས་ཨ་མ་ཁྱེད་རང་ཡང་དྲན་བྱུང།།
རླུང་བུ་འུར་འུར་ལྡང་བའི་དགུན་ཁ་ཡི་དུས་སུ།།
འཇམ་པོའི་གོས་ཤིག་ཡོད་ན་རང་ཉིད་ཀྱི་མ་གྱོན།།
ཨ་མ་རང་ལ་ཡོད་ཚད་ང་རང་ལ་སྦྱིན་བྱུང།།
ཁྱེད་ནི་ང་ཡི་ཚེ་སྲོག་ལྟ་བུ་ཡང་ཡིན་མོད།།
ཉིན་ལྟར་དཀའ་སྡུག་མནར་བའི་གུས་མོ་ཡི་ཨ་མ།།
དགོང་མོ་ཉལ་དུས་སེམས་ལ་སེམས་ཁྲལ་ཀྱིས་ཁེངས་ཡོད།།
མིག་གཉིས་བཙུམས་ཡང་སེམས་ནང་གུས་མོ་ང་བཞག་ཡོད།།
ག་དུས་ཡིན་ཡང་ང་ཡི་ངོ་གདོང་དེ་དྲན་ཡོད།།
དེ་སྔར་འདས་པའི་ང་ཡི་ནོར་འཁྲུལ་དེ་དྲན་དུས།།
རང་གི་རང་ལ་འགྲམ་ལྕག་ཚ་པོ་ཞིག་བཞུས་འདོད།།
ང་ཡི་ཁ་ནས་འདོན་པའི་ཚིག་རྩུབ་དེ་དྲན་དུས།།
རང་གི་རང་ལ་རྡོག་ཐོས་ཤུགས་ཆེན་ཞིག་བཞུས་འདོད།།
སྔོན་མ་ཁྱེད་ཀྱི་གྲོད་པ་ཆེན་པོ་ནས་ཐོན་དུས།།
ཨ་མ་ཁྱེད་ཀྱི་ང་རང་ཉེ་འགྲམ་དུ་བཞག་ནས།།
ཁྱེད་ཀྱི་བལ་ལས་འཇམ་པའི་ལག་པ་དེ་འཆང་དུས།།
མཛེས་ཤིང་ལྟ་ན་སྡུག་པའི་འཛུམ་མདངས་ཏེ་མངོན་ཡོད།།
མཚན་མོ་ང་རང་ངུས་པའི་སྐད་སྒྲ་དེ་དྲག་དུས།།
ཨ་མ་ཁྱེད་རང་མྱུར་དུ་ངའི་འཁྲིས་སུ་ཡོང་ནས།།
པང་དུ་བཀྱག་ནས་བོད་གཞས་སྙན་མོ་ཡང་བཏང་སོང།།
ཁྱེད་ནི་ཧ་ཅང་བཀའ་དྲིན་ཆེན་པོ་ཞིག་རེད་ཨང།།
བཀྲེས་ལྟོགས་མནར་བའི་ཨ་མ་ཁྱེད་རང་གི་སྐུ་གཟུགས།།
ཧ་ཅང་སྐམ་པའི་རླུང་བུ་ཆུང་ཆུང་ཡང་འཁྱེར་སྲིད།།
ལུས་ཀྱི་ཤ་སྐམ་པའི་ཁ་ངོ་ཉི་འོད་ཀྱི་འཚིག་ཡང།།
ཁྱེད་ཀྱི་ང་ཡི་ཆེད་དུ་ཁ་ལག་ཡང་འཚོལ་མྱོང།།
ཨ་མ་ཁྱོད་དང་མཉམ་དུ་སྡོད་པ་ཡི་དུས་སུ།།
ཁ་ལོག་མིག་ལོག་བྱས་ནས་དུས་ཚོད་དེ་བསྐྱལ་ཡིན།།
ད་ལྟ་འགྱོད་པ་དྲག་པོ་སྙིང་དབུས་ནས་བཤགས་སོང།།
རྗེས་སུ་བྱམས་བརྩེས་སྐྱོང་བའི་དམ་བཅའ་ཞིག་བཞག་འདོད།།
ཨེ་མ་ལྷོ་བྱ་ཁྲུང་ཁྲུང་དཀར་མོ་རང་སྤུན་གསུམ།།
ང་ཡི་ཨ་མ་བཞུགས་པའི་ས་ཕྱོགས་སུ་ཨེ་འགྲོ།།
གུས་མོས་བྲིས་པའི་འཕྲིན་ཡིག་ཐུང་ཐུང་འདི་འཁྱེར་རོགས།།
སྐུ་མཁྱེན་ང་ཡི་བརྩེ་བའི་ཨ་མ་ལ་གནང་རོགས།།
ཚད་མེད་དྲིན་གྱེས་བསྐྱངས་པའི་དྲིན་ཆེན་ཨ་མ།།
བཀའ་དྲིན་ཟད་མཐའ་མེད་པའི་གུས་མོ་ཡི་ཨ་མ།།
སྐུ་ལས་ཚད་མེད་བསྐྱོན་པའི་གུས་མོ་ཡི་ཨ་མ།།
ཁྱེད་ལ་བསྐྱར་དུ་བཀའ་དྲིན་རྗེས་དྲན་ཞིག་བྱེད་དོ།།
། དཔེ་སྟོན་པའི་སློབ་གྲྭ་ཆུང་ཆུང །
།དངས་གཙང་བའི་ཤོས་ངོ་ཆུང་ཆུང །
། སྐྱིད་ལྡན་པའི་ཁྱིམ་ཚང་ཆུང་ཆུང །
། ཕ་རྒྱུད་པའི་བོད་མོ་ཆུང་ཆུང །།
ཐུགས་རྗེ་ཆེ་ཅོ་ནོར་བུ་ལགས། ཁྱེད་ཀྱི་གུས་མོ་ང་ལ་སེམས་ཤུགས་སྤར་བ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ།།
ཁྱེད་ཀྱི་ཚིག་བཅད་དེ་ཐོས་དུས །
གུས་པའི་སེམས་ཁྱེད་ལ་ཤོར །