འབྲོང་བུ་ཟླ་བ་ཚེ་རིང།
བྱམས་བརྩེ་ཡི་འོ་མཚོ་མཁའ་རུ་འཕྱོ། འོད་སྣང་གི་གཟི་དཔལ་གྱེན་དུ་འབར། གཏིང་ཟབ་ཀྱི་དགོངས་པ་ནམ་མཁར་ཕྱོགས། རེ་འདུན་གྱི་དམིགས་པ་རྒྱང་དུ་གཏད། ཨ་མ་ལགས། གངས་ཅན་བོད་ཀྱི་ཨ་མ། ཉིད་ཀྱི་ཕྱག་ཟུང་ཐོད་དུ་བཏེགས་པའི་བར་དོ་ནས། ཕ་མེད་མ་མེད་ཀྱི་དྭ་ཕྲུག་མང་པོས། བརླག་ཟིན་པའི་བླ་སྲོག་ལ་གཡང་འབོད་བྱས་ཤིང། ཤི་ཟིན་པའི་རེ་བ་ཞིག་ལ་སྲོག་དབུགས་བསྣན། སྡུག་བསྔལ་དང་གདུང་བ། མྱ་ངན་དང་དུ་ཁ། མནར་གཅོད་དང་བརྙས་བཅོས་མོད་པའི་ཁོར་ཡུག་ནས་ཐར་བའི་དྭ་ཕྲུག་ཚོས། ཉིད་ཀྱི་གསེར་མདོག་གི་གཟི་བྱིན་འཐུང་ཞོར། ཉིད་ཀྱི་མ་ལྟར་བརྩེ་བའི་དུང་བ་འཐུང་ཞོར། ཉིད་ཀྱི་གཟིགས་པ་རིང་བའི་བཀའ་སློབ་ལ་ཉན་ཞོར། ཉིད་ཀྱི་ཕྱག་ཟུང་ལ་འཇུས་ནས། མེ་ཏོག་བཀྲ་བའི་འཇིག་རྟེན་དང་། འགྲན་རྩོད་རྒོད་པའི་སྤྱི་ཚོགས་ལ་བལྟ་བཞིན། གངས་རིའི་གཟི་དཔལ་ལ་རྒྱང་བལྟ་བྱེད་བཞིན་གདའ།
ཨ་མ་ལགས། རྗེ་བཙུན་པདྨ། ཉིད་ཀྱི་གཟིགས་པ་ཤིན་ཏུ་རིང་བས། གཉན་འཕྲང་གི་དུས་སྐབས་དང། རྙོག་འཛིང་གི་སྤྱི་ཚོགས། ལོ་རྒྱུས་ཀྱི་དམྱལ་ཁམས་ཤིག་ནས། གངས་ཕྲུག་སྟོང་ཕྲག་གི་ལས་དབང་ལ་འོད་སྣང་སྦྱིན་ཞིང། གངས་རིའི་འཛིན་མའི་ཁྱོན་ལ་རེ་འདུན་བསྣན། རེ་འདུན་གསར་པ་ཞིག་གི་ལྡིང་ཁང་ནས། ཉིད་ཀྱི་མཚན་སྙན་གླིང་དུ་གྲགས་ཤིང། ཉིད་ཀྱི་མཛད་པ་ལྷག་པར་རྒྱས། ཁྱེད་ཀྱིས་གངས་ལྗོངས་ཀྱི་ཤི་གསོན་དང་། གངས་ཕྲུག་གི་འབྱུང་འགྱུར། གངས་ཅན་པའི་ལས་དབང། ད་དུང། གངས་རིའི་གསར་བསྐྲུན་བཅས་ལ་དམིགས་ནས། དཀའ་སྡུག་གི་ལོ་ཟླ་ཞབས་ཀྱིས་བཅགས་ཤིང། ཁོད་ཡངས་པའི་བགྲོད་ལམ་མངོན་པར་བཏོད།
རེད་ཡ། བ་གམ་ཐགས་སུ་བཀྲ་བའི་ལྡིང་ཁང་ན་ཀ་ཁའི་དབྱངས་རྟ་ཤིན་ཏུ་མཐོ་ས་ནི་བོད་ཕྲུག་ཁྱིམ་སྡེ་རེད་ལ། ཤེས་བྱའི་སྐྱེད་ཚལ་ན་འཕུར་ལྡིང་གི་གར་ལ་རྩེན་བཞིན་པ་ནི་ཁྱེད་ཀྱིས་བསྐྱེད་བསྲིངས་གནང་བའི་མ་འོངས་བོད་ཀྱི་སོན་རྩ་ཚོ་རེད། སློབ་གླིང་འདི་ན་ཚད་ལྡན་གྱི་སློབ་གསོ་དང། དུས་བསྟུན་གྱི་བསླབ་བྱ། ད་དུང། དེང་དུས་ཀྱི་ཤེས་བྱ་འཛོམས་པས། གཉོམ་ལག་རྒྱས་བཞིན་པའི་སློབ་ཕྲུག་ང་ཚོས་། ལག་ཟུང་མཐོ་རུ་བཏེགས་ཏེ། ཤེས་ཡོན་མངོན་པར་སྦྱངས་ཏེ། རིག་གསར་ལེགས་པར་བསླབས་ཏེ། འབྱུང་འགྱུར་གྱི་གངས་ལྗོངས། འོད་སྣང་སྟོང་ལྡན་དུ་བཟོ་ཆོག། ཨ་མ་ལགས། རྗེ་བཙུན་པདྨ།
ཨ་མ་རྗེ་བཙུན་པདྨ།
ཁྱེད་བཀའ་དྲིན་ཆེ་བའི་བདག་ཉིད་ལོས་ཡིན།
འོན་ཀྱང་བོད་ཡིག་ལ་མཐོང་ཆུང་གནང་བའི་རྒྱུ་མཚན་གང་ཡིན།
ཤེས་ཡོན་སྲིད་བྱུས་གསར་པར་དགག་དགོས་པའི་གནད་ཅི་ལ་ཐུག
ངས་བལྟས་ན། སྒེར་འཁོན་སྤྱི་ལ་བཀབ་ནས་དེའི་བར་དུ་མང་པོ་ཞིག་རྩེད་ཆས་སུ་བསྒྱུར་བཞིན་པར་བསམ།
ཨ་མ་རྗེ་བཙུན་པདྨ། ཅི་འདྲའི་བཀའ་དྲིན་ཆེ་བའི་ཡུམ་ཞིག་རེད་ཨང་།
ད་དུང་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་
དགའ་བསུ་ཞུ།
ཨ་མ་རྗེ་བཙུན་པདྨའི་བོད་ཡིག་ལ་མཐོང་ཆུང་གནང་བ་མིན་ལ་ཤེས་ཡོན་སྲིད་བྱུས་ལ་དགག་པ་དེ་བའི་ཀྱང་མ་ཡིན། ཟུར་ནས་བལྟས་ན་གླེན་པ་མཁས་ཞེས་བཤད་སྲོལ་ཡོད་པ་ལྟར་ ཁ་ནས་བཤད་ན་སླ་ཡང་ལག་ལེན་ལ་ཁེལ་དུས་བསམ་བློ་འཁོར་ས་མང་བོ་ཞིག་ལོས་ཡོད། ཁོང་གི་ཕྱག་ན་ཡོད་པའི་བུ་ཕྲུག་སྟོང་ཕྲག་མང་པོའི་འཚོ་བའི་མདུན་ལམ་ལ་གཟིགས་དགོས་པ་ནི་ཆེས་དོན་ངོས་ཞིག་ལོས་ཡིན། གཞན་ཤེས་ཡོན་སྲིད་བྱུས་ལ་ངེས་པ་རྙེད་ཡོད་མདོགས་ཀྱིས་མི་མང་ཚོགས་སར་སྐད་གསང་མཐོན་པོའི་གཏམ་བཤད་གནང་མཁན་དག་གི་བུ་ཕྲུག་ད་ཆ་མེ་བོའི་དཔེ་སྟོན་སློབ་གྲྭར་མི་འཇོག་པར་ཕྱི་རྒྱལ་དང་རྒྱ་གར་སློབ་གྲྭར་སྐྱལ་བཞིན་པ་ཇི་རེད། དཔེ་སྟོན་སློབ་གྲྭའི་སློབ་མའི་ཡོང་ཁུང་ནི་ད་ཆ་གཞི་ཆགས་ཁག་གི་སློབ་ཡོན་ལ་དཀའ་ངལ་ཡོད་པ་ཚོ་རེད། རྒྱུ་མཚན་དཔེ་སྟོན་སློབ་གྲྭར་སློབ་ཡོན་མི་དགོས་པ་དེ་ལ་ཐུག་ཡོད། ང་ཚོའི་སྐྱོ་བོ་ཚོའི་བུ་ཕྲུག་གི་ཚོད་ལྟ་བྱེད་བཞིན་པ་འདི་ཇི་འདྲའི་ཡིད་སྐྱོ་བ་ལ། ཡང་ཅིག་བཤད་ན་ཤེས་ཡོན་སྲིད་བྱུས་ལ་ངེས་པ་རྙེད་པའི་ཤེས་རིགས་བཀའ་བློན་གྱིས་ཀྱང་ཁུང་གི་བུ་བོད་ཡིག་སློབ་སའི་འཁོར་ཡིག་དུ་མ་བཏང་པར་ཨ་རིར་བཏང་བ་འདི་ག་རེ་ཡིན་ན།???????????????
ཨ་མ་རྗེ་བཙུན་པདྨ་ལགས། ཁྱེད་ནི་གངས་ཅན་པ་ཡོངས་ཀྱི་ངེས་དོན་གྱི་ཨ་མ། ལྷད་མེད་བྱམས་བརྩེ་ལྡན་པའི་ཨ་མ། གངས་ཅན་པའི་བུ་ཕྲུག་རྣམས་དཀའ་སྡུག་གི་གནས་ལས་སྐྱོབ་པར་ཞུམ་མེད་སྤོབས་པ་བརྟས་པའི་ཨ་མ། ཁྱེད་ནི་དུས་རབས་འདིར་བྱམས་ལྡན་ཨ་མ་ཀུན་གྱི་མིག་དཔེར་ལྟ་བའི་ཡང་དག་པའི་ཨ་མ་ལགས། ཁྱེད་ཀྱི་རླབས་ཆེན་གྱི་བཞེད་དགོངས་མཐའ་དག་གཞན་ཕན་གྱི་རོ་བཅུད་ལྡན་པས་ཐུགས་རེ་གང་ཡོད་གེགས་མེད་ཡིད་བཞིན་འགྲུབ་པ་དང། ཁྱེད་ཉིད་ལ་གངས་ཅན་པའི་ཨ་མའི་མཚན་སྙན་ལྡན་པས་སྐུ་ཚེ་བསྐལ་བརྒྱར་བརྟན་པའི་སྨོན་འདུན་ཞུ
གོང་དུ་གཅིག་གིས་ཨ་མ་ལགས་ཀྱིས་བོད་ཡིག་ལ་མཐོང་ཆུང་གནང་སྐོར་འོབ་ཙམ་ཞིག་གསུངས་སོང་། དེའི་སྐོར་རྒྱུ་མཚན་ར་འཕྲོད་དམ་དོགས་གཞི་འདྲ་བྱུང་ཡོད་ན་གསལ་ཁ་ཞིག་གཏོད་དང་། ང་ཚོར་བསམ་བློ་གཏོང་ས་ཞིག་འདུག དེ་མིན་མ་འགྲིག་རབས་མ་གསུངས་ན་ལེགས།
བསམ་པ་དག་བཤད་བཞག་ན་འགྲིག་གི་ཡོད་པ་མ་རེད། བཤད་པ་དེ་ལ་རྒྱུ་མཚན་དགོས་པ་རེད། དེ་བས། ལྷ་རྒྱལ་ལོ་ཞེས་མཚན་འཛིན་པ་ཅན་ནས་གོང་དུ་གསུངས་བའི་ལྡོག་ཕྱོགས་ཀྱི་གནད་དོན་དེ་དག་ལ་ཁུངས་ལྡན་གྱི་འགྲེལ་བཤད་ཅིག་གནང་རོགས་གནང།