འདུས་བྱུང་ཕུན་ཚོགས་ཚེ་རིང་།
རང་ལས་གཞན་གཅེས་ཐུགས་རྒྱུད་བཟང་། །
བཅོས་མིན་བྱམས་བརྩེའི་ཤེས་རབ་ཅན།།
མ་ཡུམ་ཁྱེད་ནི་རྟག་ཏུ་དྲན།།
འཇིག་རྟེན་འདི་རུ་ཁྱེད་ལས་གཅེས།།
ཡོད་ཅེས་བྱ་བ་བཅོས་མ་འདྲ།།
རྒྱང་རིང་མི་ཡུལ་གྱར་བའི་དུས།།
ཁྱེད་ཀྱི་བྱམས་བརྩེ་ལྷག་པར་དྲན།།
ཨ་མ་མེད་པའི་དྭ་ཕྲུག་ཚོས།།
ད་ཚོད་ཁྱེད་ཀྱི་བཀའ་དྲིན་དྲན།།
ཁྱེད་ལས་ལྷག་པ་མེད་པ་དེ།།
ཁྱེད་རང་མེད་དུས་གཞི་ནས་ཤེས།།
ཨ་མ་ཞེས་པའི་ཚིག་རྐང་ལ།།
འཇིག་རྟེན་འདི་རུ་འགྲན་ཟླ་དབེན།།
ཁྱེད་ལས་དྲིན་ཅན་སུ་ཞིག་མཆི།།
བྱམས་ལྡན་ཨ་མ་བཀའ་དྲིན་ཅན།།
བསམ་བཞིན་བསམ་བཞིན་སེམས་པ་ལ།།
དགའ་སྐྱོ་འདྲེས་མའི་ཚོར་བ་སྦྱིན།།
ཁྱེད་ལས་ལྷག་པ་སུ་ཞིག་ཡོད།།
བརྩེ་བའི་ཨ་མ་བཀའ་དྲིན་ཅན།།
རྒྱང་རིང་མི་ཡུལ་གྱར་བའི་དུས།། ཞེས་པར་ངའི་ཕལ་སྐད་དུ།་ཁྱར་པ་ཞེས་ཡ་བྲལ་བའི་དོན་ཡིན་ཅིང་།། ཆོས་སྐད་དུ་ཡང་དེ་ལྟར་ཡིན་པར་སེམས།་ ཁྱར་ཁྱོར། ཞེས་འདུལ་བ་མདོར་ཡོད་་པ། བོད་ལེགས་ཚིག་མཛོད་ན་བཀོད་དོ།
༄༅། ཨ་མ་འདྲ་བའི་བྱམས་སྐྱོང་མེད།། ཨ་མ་འདྲ་བའི་བརྕེ་བ་མེད།།
ཨ་མ་འདྲ་བའི་གདུང་བ་མེད།། ཨ་མ་དགེ་རྒན་དང་པོ་ཡིན།།