མདོ་སྨད་སྤྱི་འཐུས་རྨོག་རུ་བསྟན་པའི་ངོ་དེབ་ནས་བླངས།
༢༠༡༢།༥།༢༡་ཉིན་གྱི་ཞོགས་པའི་ཆུ་ཚོད་༧།༣༠་སྟེང་བལ་ཡུལ་ནས་ཁ་པར་སླེབས་ཤིང་། ཚེ་བརྟན་རྡོ་རྗེ་ད་ལྟ་རང་བལ་ཡུལ་ཉེན་རྟོག་པས་བཀག་སོང་ཟེར། ཆུ་ཚོད་༨།༥༠་སྟེང་ཨ་མ་ལྡོམ་པོ་སྐྱིད་དང་། ནད་གཡོག་ཕ་རྒན་ཚེ་མགོན་གཉིས་ཡོད་སར་སོང་། ཨ་མ་ལྡོམ་པོ་སྐྱིད་ཀྱི་མིག་ནང་ལ་མིག་ཆུ་ཁྲོམ་ཁྲོམ་འཁྱིལ་བཞིན་འདང་དགུང་གི་ངའི་རྨི་ལམ་ལྟར་ན་དེ་རིང་ཚེ་བརྟན་ལ་དཀའ་ངལ་ཅིག་བྱུང་ངེས་པ་རེད་འདུག ཕལ་ཆེར་ཁོ་རང་བལ་ཡུལ་དམག་མིས་འཛིན་བཟུང་བྱེད་ས་རེད་ཟེར་བཞིན་མིག་ཆུ་བཏང་སོང་། ཕ་རྒན་ཚེ་མགོན་ལ་ཞོགས་པ་ནས་འབྲེལ་ཡོད་ཀྱིས་ཁ་པར་སླེབས་དེ་ཚེ་བརྟན་བཀག་ཉར་བྱས་པའི་སྐོར་བཤད་འདུག་ཀྱང་ཁོ་བོས་ཨ་མ་ལྡོམ་པོ་སྐྱིད་ལ་གསང་བ་བྱས་ནས་བསྡད་འདུག ངས་ནི་ཨ་མ་ལྡོམ་པོ་སྐྱིད་ལ་སེམས་གསོ་ཅུང་ཙམ་གཏོང་ཁུལ་བྱས་པས་ཨ་མ་ལགས་ཀྱིས་ཡ་ཡ། ངས་ཧྲ་ལ་བྱེད་ངེས། ཨ་ཁུ་ཁྱོད་ཚོས་སེམས་ཁྲལ་མ་བྱེད་ཟེར། ངས་ནི་གནའ་མིའི་གཏམ་དཔེ་ཞིག་ཡིད་ལ་དྲན། ཕ་མའི་སེམས་པ་ཆུ་དང་། བུ་ཕྲུག་སེམས་པ་རྡོ་ཟེར་བ་ཅིའི་ཕྱིར་མ་བདེན། ཨ་མ་ལྡོམ་པོ་སྐྱིད་ལ་མངོན་ཤེས་མེད་ངེས་ཀྱང་། ཉིན་མཚན་ཀུན་དུ་སྙིང་ལ་གདུང་བའི་བུ་ལ་གནས་ཚུལ་ག་རེ་བྱུང་གིན་ཡོད་མེད་སེམས་ཀྱིས་ཤེས་ཀྱིན་ཡོད་པ་རེད།
ཨ་མ་ལྡོམ་པོ་སྐྱིད་ལ་སེམས་གསོ་དང་བདག་སྐྱོང་གང་ལེགས་གནང་རོགས། རྨོག་རུ་བསྟན་པ་ལགས་ཀྱིས་ད་བར་དུ་གང་དགའ་ཅི་ལེགས་གནང་སོང་། ཐུགས་རྗེ་ཆེ། ད་ནི་ཚེ་བརྟན་རྡོ་རྗེ་བལ་དམག་ལག་ནས་ཕྱིར་བླངས་ནས་རྡ་སར་ཕ་མ་མཉམ་འཛོམས་ཤིག་ཡོང་བར་འབད་པ་གནང་རོགས། བཀའ་དྲིན་ཆེ།
སེམས་ཁུར་ཡོད། སྐྱོན་ཆེན་པོ་རང་མི་ཡོངས་གོ
རྨོག་རུ་བསྟན་པ་ཟེར་མཁན་འདི་ཚོགས་པ་འདྲ་མིན་གྱི་མིང་འཁུར་ནས་སྐྱིད་ཚོགས་ནང་རྙོག་གྲ་བཟོ་མཁན་ཞིག་རེད། སྐྱ་མིན་སེར་མིན་འདི་རིགས་ལ་ཡིད་ཆེ་རྩ་བ་ནས་བྱེད་རྒྱུ་མེད།
ཨ་མ་ལྡོམ་པོ་སྐྱིད་ལ་རྒྱབ་སྐྱོར་ཡོད། ཡིན་ནའང་སེམས་པོ་མབྱེད། རང་ཉིད་ལ་བདག་བྱོས།
སྙིང་སྟོབས་ཅན་གྱི་གངས་ཅན་པ་ཞིག་ཡིན་ཕྱིན་གནང་སྟངས་དེ་ལས་ལྷག་བྱེད་རྒྱུ་མེད་པ་ལྟ་བུ་རེད།
ཨ་མ་ལགས། སེམས་ཆུང་བྱེད་མི་དགོས། བུ་ཁོང་རང་གིས་མཁྱེན་བཞིན་དུ་ངལ་བ་དང་དུ་བླངས་ནས་བྱས་པ་ཡིན་པས་ཁོང་གི་ལུས་པོར་བཟོད་དུ་མེད་པའི་དཀའ་སྡུག་ཡོད་ངེས་ཀྱང་སེམས་པར་སྤྱི་དོན་དུ་བསམ་ནས་སྤྲོ་སྣང་ཞིག་ཡོད་སྲིད།
ཨ་མ་ལྡོམ་པོ་སྐྱིད་ལགས། སེམས་འཁུར་མ་གནང་རོགས། རྒྱལ་ཁབ་དང་མི་རིགས་ཀྱི་དོན་ཆེན་ཆེད་བུ་ཡིས་བྱས་རྗེས་འཇོག་བཞིན་ཡོད་པས་སེམས་ཁྲལ་ནམ་ཡང་མ་བྱེད་རོགས། ང་ཚོ་ནམ་ཡང་ཁྱོད་ཚོ་དང་མཉམ་དུ་ཡོད། ཁོང་མ་བུ་གསུམ་གྱི་ལས་འགུལ་རྒྱབ་སྐྱོར་གནང་མཁན་དང་ཨ་ཁུ་རྨོག་རུ་ཚང་མར་ཐུགས་རྗེ་ཆེ།
རླབས་ཆེན་གྱི་ལས་འགུལ་ལ་རྒྱབ་སྐྱོར་བྱས་པའང་རླབས་ཆེན་ཡིན། བོད་རྒྱལ་གྱུར་ཅིག
གླིང་ཚང་མ་སྨད་གསུམ་ལ་ནམ་ཡང་སེམས་གསོ་ཡོད།
ཞོར་ལ་་་་་་་མི་ཁ་ཤས་ཀྱི་ཁྱི་ཁ་བཙུམ་རོགས་གནང་།
རང་གི་བཤད་པའི་སྐད་ཆ་རང་གིས་འགན་འཁུར་དགོས།
ཁུངས་ལོང་མེད་པའི་སྐད་ཆ་མ་བཤད་རོགས།
བརྩེ་བའི་ཨ་མ་ལགས་སེམས་ཁྲལ་མ་བྱེད་ཉིད་ཀྱི་ལ་རྒྱ་དང་ཆོད་སེམས་ལ་ངས་ནམ་ཡང་རྩི་བཀུར་བྱེད་ཀྱིན་ཡོད།
ཁྱེད་ལྟ་བུ་བོད་མི་རིགས་ཀྱི་གཟི་བརྗིད་ཉག་ཅིག་རེད་ཅེས་བཤད་ཆོག་འདུག་་་་་ཉིད་ཀྱི་བྱམས་སེམས་ཀྱི་མིག་ཆུའི་ཐུག་པ་རེ་རེ་
ཕྲན་ཆུང་ངའི་སེམས་ཁུངས་སུ་ལྷུང་དུས་དབང་མེད་དུ་ཁྱེད་ལ་ཨ་མ་ཞེས་བརྗོད་འདོད་འདུག་་དངོས་གནས་བརྗོད་འདུག་ཨ་མ་ལགས་ཨ་མ་ལགས་ཁྱེད་ཀྱི་ལུས་ཕུང་ལ་བདག་སྐྱོང་བྱོས། འདི་ནི་བུ་ཆུང་ངའི་རེ་བ་ཡིན། ངས་ནམ་ཡང་ཁྱེད་ཨ་མ་ངོ་མ་ཞིག་ཏུ་རློམ་གྱིན་འདུག ཨ་མ་ཨ་མ་ཨ་མལགས་ཀྱེེེཻ་ཀྱཻ།