པདྨ་དཔལ་དབྱངས།
• རྒྱང་རིང་གི་ཨ་མ་དགའ་སྒྲོན་གྱི་སྤྱན་དུ།
ཨ་མ་ལགས།
ཁྱེད་ཀྱི་འཛུམ་མདངས།
ང་ཡི་འདྲེན་བྱེད་ལ།
མིག་ཆུ་དང་ལྷན་དུ་ཤར་སྐབས།
ཨ་མ་ལགས། ངས་ཁྱེད་རང་དྲན།
ཁྲུམ་ཁྲུམ་དུ་བཞུར་བའི་མིག་ཆུ།
མཁུར་ཚོས་ལས་མུ་ཏིག་བཞིན་ས་ལ་ཐོར།
ཨ་མ་ལགས།
ང་དང་ཁྱེད་རང་།
མིག་ཆུ་དང་གྱེས་པའི་ཚུགས་ཀ་དེར།
ཕྱིར་དྲན་རེ་བྱས་ཚེ།
ངོ་མ་ ང་ལས་དབང་ལ།
ཞེན་པ་གཏིང་ནས་ལོག།
ཨ་མ་ལགས། ཁྱེད་ཉིད་དྲན།
དྲན་དྲགས་པའི་དབང་གིས།
ངས་སྡུག་གིས་འོ་དོད་གྱེར་ཞིང་།
རེ་ལྟོས་ཀྱི་མིག་ཟུང་མཆི་མས་ཞར།
ཨ་མ་ལགས།
ངེད་གཉིས་བྲལ་ཡུན་རིང་སོང་།
རིང་དྲགས་པའི་དབང་གིས།
ད་ཆ་ངའི་སྣང་ངོ་རུ།
ཁྱེད་ཉིད་རབ་རིབ་ཞིག །
དེ་ལྟར་ནའང་།
ཨ་མ་ ཁྱེད་ནི།
ངའི་ཡིད་ཀྱི་བདེ་བ་དང་སེམས་ཀྱི་འཁྲེང་ས་ཞིག །
ཨ་མ།
ལས་དབང་ལ་བཀོད་སྒྲིག་ཅིག །
གལ་ཏེ་སྲིད་ན།
ཁྱེད་དང་ངེད་གཉིས།
ལྷན་འཛོམས་ཀྱི་དགོད་སྒྲ་སྙན་མོ།
མྱུར་ནས་མྱུར་དུ་ཐོས་ན་དྲན།
༅༅། སྲས་ཀུན་དགའ་ནོར་བུ་རང་བཙན་ཚོགས་འདུར་ཞུགས་པར་གནད་ཅི་ཡོད་།
སུ་ཡིན་ཡང་བོད་དོན་ལ་ཕན་ན་འགྲིགས། ལྟ་བ་ག་རེ་འཁྱེར་ཡང་འགྲིགས།
ཡིན་ཡང་བཀའ་དྲིན་ལ་བསམ་བཞེས་མེད་པར། དྲིན་ཅན་ལ་ལོག་འཇལ་།
བཀའ་དྲིན་དཔག་ཏུ་མེད་པ་༧གོང་ས་སྐྱབས་མགོན་ཆེན་པོར་མཚན་སྨད་ཞུ་མཁན་ལ་
ནམ་ཡང་འགྲིགས་ཐབས་མེད་པ་། ལུས་ངག་ཡིད་གསུམ་ནས་མཐའ་གཅིག་ཏུ་ངོ་རྒོལ་བྱེད་ཀྱི་རེད།
༧གོང་ལ་མཆོག་ལ་མཚན་སྨད་ཞུ་མཁན་སུ་རེད་། རྒྱ་གུང་དྲན་དང། རྒྱུགས་ཁྱི་དོལ་ཚོགས་པ་རེད།
དེ་མིན་ཀླད་སྟོང། ལྐུགས་སྟོང། བྲོད་སྟོང་། སྒོ་གསུམ་ཀར་སྟོང་པ་ཡིན་མཁན།
སྦལ་པ་རྒྱ་མཚོར་རྐྱལ་རྩེད་བྱེད་མཁན་རེ་གཉིས་ཡོད་པའང་ ཧ་གོ་བ་གྱིས།
ཀླད་སྟོང་ལ་ལྐོག་རྔན་སྤྲད་ཡང་ཡོང་སྲིད་པས་སུ་ཡིན་ཧ་གོ་བ་གྱིས།