གཅན་ཡུ་མོ།
ཨ་མ མེས་པོས་བཞེངས་པའི་ལྷ་སའི་པོ་ཏ་ལའི་རྩེ་མོ་ན
ཁ་སང་དྲན་སྣང་གི་གཤོག་འོག་ཏུ་འདར་གྱིན་པའི་གླག་རྒོད་ཅིག
ལོ་རྒྱུས་ཀྱི་ཁྲག་རྒྱུན་གསོན་པོ་ཞིག་དང་མཉམ་དུ་དུར་སྦས་བྱས་སོང་ཟེར
ཨ་མ མཐིང་མདོག་གི་ནམ་མཁའ་སྨག་རུམ་གྱིས་བསྒྲིབས་པའི་དུས་དེར
གནས་དེ་རུ་དྲང་བདེན་གྱི་སྐྱེས་བུ་ཞིག་གིས་རེ་སྨོན་གྱི་མེ་ལྕེ་སྦར་བ་དེ
སེམས་སྐྱ་མོའི་སྙིང་གཏམ་ཁྱོད་ལ་བཤད་པ་རེད་ཟེར
ཨ་མ ངུ་འབོད་ཀྱིས་རྣ་བ་འགས་པའི་རི་ལུང་ན
རེ་ས་དང་སྐྱབས་ཡུལ་མ་མཆིས་པའི་དྭ་ཕྲུག་མང་པོས་སྐྱོ་སྨྲེང་གི་དབྱངས་རྟ་འབྱིན་བཞིན
གཏན་དུ་ཕྱིར་ལོག་མེད་པའི་འཇིག་རྟེན་ཁྲོད་རང་ཉིད་ཀྱི་ཨ་མ་འཚོལ་བཞིན་འདུག་ཟེར
ཨ་མ ཁྱོད་དང་ངའི་ཁྱིམ་གཞི་དྲོན་མོ
ཨ་མ ང་དང་ན་ཟླ་ཚོའི་རྩེད་རྭ་ཆུང་ཆུང
ཨ་མ ཁོ་བོ་དང་འུ་ཅག་གི་ལྟེ་ཁྲག་འཕོ་ས
ཨ་མ་མཐར་ཐུག་ན རྩྭ་ཐང་གི་ལྷིང་འཇགས་དཀྲུགས་པའི་ལོ་ཟླ་ཞིག་ནས
རི་ལུང་དེ་སྙིང་གསོན་པོ་སྟེང་འོག་བརྗེ་སའི་དུར་ཁྲོད་དུ་ཆགས་འདུག་ལ
འཇིག་རྟེན་འདི་ལུས་རིན་ཆེན་ཚེར་མས་འདྲུད་སའི་གཉེར་ལམ་ལྟ་བུ་ཆགས་པ་བཞིན
གཏིང་ཟབ་པའི་རྨ་ཁ་ཞིག་གི་ན་ཟུག་བསྲན་མི་ཐུབ་པའི་དུས་དེ་ནས་བཟུང
རི་ལུང་འདིའི་བདེ་སྡུག་རླུང་ལ་འདྲེས་ཤིང
རིགས་རྒྱུད་ཅིག་གི་ལོ་རྒྱུས་ཁྲག་ལ་འདྲེས་ཏེ
མི་རབས་རེ་རེ་རྫོགས་བཞིན་པ་སུ་ཡིས་ཤེས
ཨ་མ ངས་ཁྱོད་ཡོད་སར་ཐེངས་གསུམ་ལྟ་བཞིན
ཐེངས་གསུམ་ལ་བོས་མྱོང་ཡང
དྲང་བདེན་མེད་པའི་ཁྲིམས་འོག་ན
ལྷིང་འཇགས་ཀྱི་འཚོ་སའི་གཞིས་ཀ་མ་རྙེད
ཨ་མ ཁེ་ཆུང་གི་འཇིག་རྟེན་ཞིག་ཏུ
ཚོར་རྟོག་གི་རྣམ་ཤེས་གདོན་གྱིས་བརླམས་པའི་དུས་རབས་དེར
ངའི་ཕུ་ནུ་ཚོའི་ཀླད་རྩ་ཁྱི་སྤྱང་གིས་འགེམས་པ་བདེན་ནམ
གང་ལྟར་ཡང་ནགས་རི་དང་གཙང་བོའི་ཕ་རོལ་ན
ཡིད་ཆེས་ཀྱི་མིག་ཟུང་ཁྱེད་ལ་ཅེར་བའི་སྐྱེས་བུ་ཞིག་གིས
ཁྱེད་ལ་དྲང་བདེན་གྱི་ཁྱིམ་གཞི་ཞིག་ལ་སྟ་གོན་ཡོད་ན་འགྲིག
རྩོམ་ལུས་ཀྱི་བཟང་ངན་བཤད་འདོད་མེད། ཡིན་ནའང་འཇིག་རྟེན་འདིར་སེམས་ཁམས་དྭངས་པའི་སྙན་ངག་པ་ཞིག་དང་ཡང་ན་རྩོམ་པ་པོ་སུ་ཡིན་རུང་། ཚོར་བ་ཡོད་པའི་ཐུན་མོང་གིས་འབྲི་ནུས་པ་དང་བཤད་ཚུལ་གཅིག་པ་ནི་༼ ཨ་མ༽ ཞེས་པའི་སྙན་ངག་འདི་རེད། འདི་ནི་སྒྱུ་རྩལ་དང་ཚིག་གི་སྦྱོར་སོགས་གང་ཐད་ནས་བསྡུར་ཐབས་མེད་པའི་ཐུན་མོང་གི་ལོངས་སུ་སྤྱོད་ཐུབ་པའི་ཕུན་སུམ་ཚོགས་པའི་སྙན་ངག་གཅིག་གོ །
ཨ་དགེ ཨ་ཕ་ཟེར་རྒྱུ་ན་སྙན་ངག་ཨེ་རེད།
ཨ་མ་ཞེས་པའི་སྒྲའམ་ཡང་ན་ཨ་མ་ཞེས་པའི་ཡིག་འབྲུ་གཉིས་པོ་འདི་མཐོང་དུས།
ང་ཡི་སེམས་ལ་སྨྲ་མི་ཤེས་པའི་ཚོར་བ་ཞིག་ལྡང་འོང་།
ཨ་མ་་་ འཇིག་རྟེན་ཁམས་ཀྱི་ཨ་མ་ཡོད་ཚད་རྒྱལ་གྱུར་ཅིག
ནམ་ཡང་རྒྱལ་གྱུར་ཅིག
གཏན་དུ་རྒྱལ་གྱུར་ཅིག
ཨ་ཕ་ཞེས་པ་ལ་ཨ་མ་ཞེས་པའི་ཚིག་གི་ནུས་པ་དེ་འདྲ་རྩ་བ་ནས་མེད། འོན་ཀྱང་དེ་ཡང་སྙན་ངག་རེད།
གཅན་ཡུ་མོས་ཨ་མ་ཞེས་པའི་ཁ་བྱང་བདམས་དོན་མདོར་དྲིལ་ན་གནད་གཉིས་ཀྱི་ངོས་ནས་ལྟ་ཆོག་པར་མཐོང་། ཁོང་མོའི་ཨ་མ་འདིས་དེང་གི་དུས་སུ་བྲང་གི་ནུ་མ་ཁ་ནས་བཅད་དེ་ཨ་མས་མེར་བསྲེག་གཏོང་གིན་པའི་དཔའ་མོ་ཚོའི་ཚབ་མཚོན་ནུས་པ་དང་གཅིག ད་དུང་རང་གི་བརྩེ་བའི་ཨ་མ་མཚོན་པ་དང་གཉིས་ནས་ལྟ་ཆོག་པར་འདུག་པས་སྙན་ངག་འདི་ཤིན་ཏུ་ལེགས་པ་དང་ཁྱད་ཆོས་ཀྱིས་ཕྱུག་པ་ཞིག་རེད་ཅེས་བརྗོད་འདོད་བྱུང་།
ཁོ་མོ་ནི་རང་གི་ཚོར་བས་སྙན་ངག་འབྲི་ཞིང་་་་སྙན་ངག་གིས་རང་གིས་ཚོར་བ་འབྲི་བའི་སྙན་ངག་གི་ལངས་ཕྱོགས་མངོན་གསལ་ཅན་ཞིག་རེད་་་་དེ་བས་ངས་མོ་རང་གི་སྙན་ངག་ལ་དུས་རྟག་ཏུ་ཞིབ་བལྟ་བྱེད་ཀྱི་ཡོད་ཅིང་་་ཞིབ་ཏུ་བལྟས་པའི་བསམ་ཚུལ་རྣམས་མོ་རང་ལ་ཐད་ཀར་བཤད་འདོད་ཡོད།
ད་དུང་ཕྱོགས་གཞན་ཞིག་ནས་བསམ་ན་དྲང་བདེན་མེད་པའི་ཁྲིམས་འོག་ན་འཚོ་བའི་ཨ་མ་སྟེ་བོད་གཞིས་བཞུགས་མི་མང་དང་རང་ཉིད་ཀྱི་ཡུམ་ཆེན་མ་གཉིས་སུ་སྤྱར་བའི་བསྡུས་གཟིགས་ཤིག་ཀྱང་རེད་སྙམ་མོ།
བྲིས་ཡོད་པ་ནི་མངོན་པར་བསྟོད་དོ།
སེམས་ཁྲལ་ལྷག་མ་ཞིག་གི་ངོས་ནས་བཙན་བྱོལ་སྤྱི་ཡི་སྙན་ངག་པའི་སྡེ་ལ་གཞིགས་ན། བོད་ནང་ནས་དགུང་ལ་འཕྱོ་བའི་མེ་ལྕེ་ལྟ་བུ་ཡི་སྙན་ངག་འབྲི་མཁན་དང་འབྲི་ཐུབ་མཁན་ཉུང་ཉུང་དང་ཧ་ཅང་ཉུང་ཉུང་རེད་ཨང་། ཡོད་པ་ཉག་ཅིག་ནི། སྐྱོ་མུག་དང་དྲན་གདུང་། རེ་སྒུག་ལ་སོགས་འདི་དང་འདི་འདྲ་བའི་བརྗོད་དོན་ཙམ་རེད།
མདོར་ན། བཙན་བྱོལ་སྙན་ངག་ལ་ཟུངས་དང་ཤུགས་མི་འདུག། སྟོབས་དང་བཅུད་མི་འདུག།
ད་དུང་། ཁྱ
ད་དུང་། ཁྱོད་ཚོས་གསལ་བོར་ཤེས་ཀྱིན་མེད་ན། དཔལ་དོན་གྲུབ་རྒྱལ་དུས་རབས་ཀྱི་སྙན་ངག་དག་ལ་གཟིགས་ཏེ་མྱོང་རོལ་བྱེད་དང་། ཁྱོད་ཀྱིས་སྙན་ངག་ཁྲོད་ཀྱི་སྟོབས་དང་ཟུངས་ནི་ཅི་ཞིག་ཡིན་པ་རྟོགས་ངེས།
ཨ་ཁ ཁཨ་ཁཁཁཁཁཁ སྙན་ངག་ལ་སྙིང་སྟོབས་ལ་མི་འདུག། སྙན་ངག་ལ་སྙིང་སྟོབས་ལ་མི་འདུག། སྙན་ངག་ལ་སྙིང་སྟོབས་ལ་མི་འདུག། སྙན་ངག་ལ་སྙིང་སྟོབས་ལ་མི་འདུག། སྙན་ངག་ལ་སྙིང་སྟོབས་ལ་མི་འདུག། སྙན་ངག་ལ་སྙིང་སྟོབས་ལ་མི་འདུག། སྙན་ངག་ལ་སྙིང་སྟོབས་ལ་མི་འདུག། སྙན་ངག་ལ་སྙིང་སྟོབས་ལ་མི་འདུག། ཨང་།
ཨ་མ།
ཨ་མ་བྱིས་པའི་སྲོག་ཤིང་། །
ཨ་མ་ནང་གི་ཀ་བ། །
ཨ་མ་ནང་མིའི་དཔོན་མོ། །
ཨ་མ་ཡོད་ན་མེད་ན། །