བཅར་འདྲི་ཞུ་ཡུལ། ཤར་ཕྱོགས་ཁུག་རྟ།
བཅར་འདྲི་ཞུ་མཁན། ཡེ་ཤེས་ལྷ་མོ།
དྲི་བ། བཀྲ་ཤིས་བདེ་ལེགས་ཤར་ཕྱོགས་ཁུག་རྟ་ལགས། ཡང་བསྐྱར་ཐུག་པས་དགའ་བྱུང། དྲི་བ་མགོ་བཙུགས་ན་འགྲིག་གི་རེད་དམ།
ལན། འགྲིག་གི་རེད།
དྲི་བ། མདོ་སྨད་དང་བོད་ཁུལ་གཞན་གཉིས་བསྡུར་ན་མདོ་སྨད་པ་ཚོས་བོད་ཕྱི་ལོག་ཤེས་རྟོགས་བྱས་པ་ག་འདྲ་འདུག
ལན། ཨོ་དེ་ད་དྲི་བ་གལ་ཆེན་ཞིག་རེད། སྤྱི་ཡོངས་ཀྱི་བརྒྱ་ཆ་ལྟ་བུ་ཞིག་གི་ཐོག་ནས་ཞུ་དགོས་ཚེ། ཨ་མདོ་བ་ཚོས་ཕྱི་ལོག་ལ་རྒྱུས་མངའ་བྱས་པ་རྦད་དེ་ཚད་དམའ་བོ་འདུག ལོ་རྒྱུས་ཀྱི་ཆ་ནས་བཤད་ན་དེ་ཁག་མི་འདུག ཨ་མདོ་བ་ཚོས་མི་ཐོག་ནས་མི་ཐོག་གིས་ཡར་ཡུལ་དབུས་ལ་རེ་བ་ཤུགས་ཆེན་པོ་དང། ཡིད་ཆེས་ཆེན་པོ། ཆོས་ཕྱོགས་ནས་དད་པ་བརྟན་པོ། ཞེན་ཁོག་ལྷོད་མེད། ལ་རྒྱ་བརྟན་པོ་གནང་སྟེ་བསྡད་པ་ཡིན་ནའང། ཡ་གའི་གནས་ཚུལ་མ་གོ་བ་དང་གོང་ནས་གནས་ཚུལ་ཏག་ཏག་ཅིག་བསྐྱལ་ཐུབ་མིན་བྱུང་བ་སོགས་ཀྱི་འབྲེལ་བའི་དབང་གིས་ལབ་ན་འདྲ། གང་ལྟར་མི་གཤིས་དང་ལ་རྒྱའི་ཆ་ནས་ལབ་ན་འདྲ། སྐྱིད་སྡུག་ག་འདྲ་ཞིག་བྱུང་ན། གཏམ་རིང་ཐུང་སྣ་ཚོགས་ག་འདྲ་ཞིག་གོ་བ་ཡིན་ནའང། ཡར་དབུས་ལ་བློ་གཏོད་དང་རེ་བ་བྱེད་པ་དེ་རྩ་བ་ནས་ཉམས་ཡོད་པ་མ་རེད། གནས་སྟངས་དེ་འདྲའི་མུར། བོད་གཞིས་དང་བྱེས་ཀྱི་གནས་བབ་འདི་ལྟ་བུ་ཞིག་བྱུང་བས་བློ་གཏོད་དང་ཡིད་ཆེས་ཀྱི་ཚད་དེ་དེ་བས་ཀྱང་ཚད་མཐོ་རུ་ཕྱིན་ཡོད་པ་རེད་དྲན།
འོན་ཀྱང། ལོ་རབས ༩༠ མཇུག་ནས་རིམ་པར་དེ་རིང་སང་ཉིན་གྱི་དུས་ཚོད་འདིའི་བར་ཕྱི་ནང་གི་གནས་ཚུལ་རྒྱུས་ལོན་བྱེད་རྒྱུ་སྟབས་ཇེ་བདེ་དང། དམིགས་བསལ་དེ་རིང་སང་ཉིན་ཕྱི་ནས་ཀི་ཞིག་བཏབས་ན་བྲག་ཆ་ནང་ལ་འཁོར་ཡོང་བ་དེ་འདྲ་རེད། དེའི་ཆ་ནས་དེང་སང་ཕྱི་ལོག་གི་གནས་ཚུལ་ཡག་པོ་མཁྱེན་གྱི་ཡོད་པའི་བཟོ་ལྟ་ཞིག་མཐོང་གི་འདུག མཁྱེན་དགོས་པ་དེ་ཧ་ལས་པའི་གལ་ཆེན་རེད། ང་ལྟ་བུ་ཞིག་ཡིན་ན ༢༠༠༨ ནས་བཟུང་བོད་ནང་ནས་ཕྱི་ལོག་གི་ཤེས་ཡོན། འཕྲོད་བསྟེན། སྤྱི་ཚོགས། དཔལ་འབྱོར་སོགས་སྒོ་གང་སར་ཤེས་རྟོགས་བྱེད་དགོས་ཀྱི་འདུག་ཅེས་ཡིག་ངག་གཉིས་ནས་བཤད་ཁུལ་བྱས་མྱོང། དེ་དུས་ནས་ཕུགས་རྒྱང་རིང་པོར་བསམ་བློ་བཏང་ནས་ཞུས་པ་ཡིན་ལ་ད་ལྟའང་བསམ་ཚུལ་དེ་དོན་ལ་གནས་པ་བདེན་དཔང་བྱེད་ཀྱི་ཡོད་པ་འདྲ། མ་འོངས་པར་ངེད་གཉིས་ཀྱིས་གནད་དོན་འདི་ཚོ་རེ་རེའི་སྟེང་ཁ་བརྡ་ཞིབ་ཚགས་པོ་བྱེད། དཔེར་ན་ཤེས་ཡོན་གྱི་སྐོར་གཅིག་པུ་ནས་ངོ་སྤྲོད་དང་ཚད་གཞི་རང་བཞིན་ཅན་གྱི་ཁ་བརྡ་བྱས་ཆོག་གི་རེད།
དྲི་བ། ལགས་སོ་ལགས་སོ། དེས་ན་ཐུགས་རྗེ་ཆེ།
ལན། ད་གང་ལྟར་མདོ་དོན། མདོ་སྨད་ནས་བོད་ཕྱི་ལོག་གི་གནས་ཚུལ་ཤེས་རྟོགས་བྱས་པ་ད་དུང་འདང་གི་མེད་པ་དེ་གསལ་བོ་རེད། ལས་ཀ་ག་རེ་བྱེད་ནའང་ལས་ཀ་དེ་མ་བྱས་གོང་ལས་ཀ་དེ་བྱེད་དགོས་པའི་རྒྱུ་མཚན་ལ་ཡག་པོ་ཞིག་བསམ་བློ་གཏོང་དགོས་པ་འདྲ། བོད་ནས་གསར་དུ་ཕེབས་པའི་གྲོགས་པོ་ཞིག་གིས་ང་ལ་འདི་འདྲ་ཞིག་བཤད་མྱོང། ཁོ་གཞས་པ་ཞིག་དང་སྐད་ཆ་བྱུང་སྐབས། ཁོས་གཞས་པ་དེའི་གཞས་ཞིག་གི་གཞས་ཚིག་སྐོར་ལ་ཁ་བརྡ་བྱས་འདུག ཁོས་ལབ་ན་གཞས་པ་དེས་རང་གི་གཞས་ཚིག་གི་ནང་དོན་གསལ་བོ་རྟོགས་པར་བླངས་འདུག་ཟེར། བསམ་བློ་བཏང་ན། དངོས་གནས་དེང་སང་རླུང་གཡུག་སྟངས་ཤིག་གིས་དེ་འདྲ་མང་པོ་འབྱུང་གི་མེད་འགྲོ་བསམས། དཔེར་ན། བློ་བཟང་སེང་གེར་བསྟོད་གླུ་ཐོག་མ་ནས་གཏོང་མཁན་ང་ཚོ་ཨ་མདོ་བ་ཚོ་རེད་ལ། གང་མིན་ཚད་ལྟ་བུར་བསྒྲགས་ནས་ཨ་ཧ་ལས་པ་དེ་འདྲ་གནང་སོང་ང། མིས་ཀྱང་ཨ་གསར་འདུག་ཅེས་ལབ་ཀི་ཡོད་པ་རེད། གཞས་དེ་ཚོའི་ནང་དུ་ ”ཆོལ་གསུམ་ཆིག་སྒྲིལ་གནང་མཁན།” ༸རྒྱལ་བ་རིན་པོ་ཆེ་དང་མཉམ་དུ་བཞག་སྟེ་” དཔོན་པོ་བཟང་པོ་” ཟེར་བ་ལྟ་བུ་རེད།
ད་དུང་སྐུ་པར་མཆོད་ཁང་ནང་བཞག ཐང་ཀ་དེ་འདྲ་བཟོས་ཏེ་བཤམས་པ་སོགས་ནི་དངོས་གནས་སྐུ་ཞབས་ཞོགས་དུང་གིས་གསུངས་པ་ལྟར་ཤེས་རྨོངས་ཀྱི་གྲོག་རོང་གི་སེམས་ཅན་གྱི་བྱེད་སྟངས་ཞེས་པ་དེ་རང་རེད། བརྩི་བཀུར་བྱེད་དགོས་པ་རེད། བརྩི་བཀུར་བྱེད་འོས་པ་རེད། ཡིན་ནའང། ཚད་གཞི་ཞིག་ངེས་པར་དུ་དགོས་པ་རེད། སྤྱིར་འཇོན་ན་རང་གི་དགྲ་ལའང་བརྩི་བཀུར་བྱས་ཏེ་གོ་ཤེས་ཉན་ཤེས་ཀྱིས་དོན་དག་ག་རེ་ཡིན་ན་ཐག་གཅོད་བྱེད་དགོས་པ་དེ་གལ་ཆེན་རེད།
འོན་ཀྱང་ལོ་ངོ ༦༠༠ ལྷག་གི་ལོ་རྒྱུས་ཡོད་པ་ཙམ་མ་ཟད། སྐུ་ཚེ་འདིའི་དབང་དུ་བྱས་ན་བཀའ་དྲིན་བསམ་བརྗོད་ལས་འདས་པ། འཇིག་རྟེན་སྤྱིའི་དབང་དུ་བྱས་ན་མཁས་པའི་གྲགས་པར་མཁས་པ་རྣམས་ཀྱིས་གཅིག་ཏུ་བཀུར་བ། ༸སྐྱེས་ཆེན་དམ་པ་༸རྒྱལ་བ་རིན་པོ་ཆེ་དང། སློབ་དཔོན་ཟམ་གདོང་རིན་པོ་སོགས་དང་མཉམ་དུ་སྐུ་པར་དང་ཐང་ཀ་སོགས་བཟོ་བ་ནི་རྒྱུས་མེད་པའི་རྟགས་དངོས་མ་དེ་རེད་བ། བྱེད་སྟངས་འདི་ཚོ་རང་གཞན་རོགས་གསུམ་སུས་མཐོང་ན་ཐད་ཀར་ཅང་ལབ་མདོག་མེད་ཀྱང། ཁོག་ནས་ཁོང་དགོད་ཤོར་བ་དང། ཚད་གཞི་འཇལ་བྱེད་ཅིག་ཆགས་འགྲོ་གི་ཡོད་སྟབས། དེ་ཚོ་གཟབ་གཟབ་བྱེད་དགོས་ཀྱི་འདུག ཡར་དབུས་དང་ས་གནས་གཞན་ནས་རྩ་བ་ནས་དེ་འདྲ་གནང་གི་མ་རེད། དེ་ཚོར་ལྟ་དགོས་པ་རེད། མི་ཤེས་ན་མི་ལ་འདྲི་དགོས་པ་རེད་ཝ།
དྲི་བ། ཁྱེད་དང་བློ་བཟང་སེང་གེའི་བར་ལ་སྐད་ཡིག་གི་འཐབ་རྩོད་ཅིག་བྱུང་བ་རེད་ཟེར། དེ་ག་འདྲ་འདུག
ལན། ཧཧཧཧ། ངེད་གཉིས་བར་ལ་སྐད་ཡིག་གཅིག་པུའི་འཐབ་རྩོད་མ་རེད། དེ་ཚོའི་སྐོར་ཞིབ་རྒྱས་ཤེས་ཡོན་སྐོར་ཁ་བརྡ་བྱེད་དུས་ཞུས་ཆོག་གི་རེད། ངས་ལོ་ཁ་ཤས་གོང་༼བཀའ་བློན་འདི་གཉིས་ཀྱིས་ངར་༸པཎ་ཆེན་རིན་པོ་ཆེ་དྲན་བཅུགས་སོང་༽ཞེས་རྩོམ་ཡིག་ཅིག་བྲིས་པ་ཡིན། དེ་ལ་མང་པོས་དོ་སྣང་གནང་སོང། དེ་དག་གིས་རྐྱེན་བྱས་ཏེ་རྩོད་པ་ལབ་ན་འདྲ། རྙོག་དྲ་ལབ་ན་འདྲ། སྨྲ་བརྗོད་རང་དབང་གི་གནད་དོན་དང་འབྲེལ་བའི་དཀའ་ངལ་ཞིག་བྱུང་བ་རེད། བློ་བཟང་སེང་གེ་ལགས་ཀྱིས་སང་ཉིན་བཀའ་བློན་བདམས་དགོས་པའི་དེ་རིང་དགོང་དྲོའི་ཆུ་ཚོད ༥། ༣༠ སྟེང་ང་ཁོང་གི་ལས་ཁུངས་སུ་ལ་བཅར་ཡིན། དེ་ཕལ་ཆེར་ཐེངས་དང་པོ་ཡིན། སྐབས་དེར་ངས་ཁོང་ལ་བོད་ཡིག་སྦྱང་དགོས་པ་དང་བོད་སྐད་སྤུས་དག་བསྐྱོན་དགོས་པ། བོད་ནང་གི་བོད་མི་དེ་ཚོས་རང་གི་སྐད་ཡིག་སྲོག་ལས་གཅེས་པས་ངེས་པར་དུ་བོད་སྐད་ཡིག་ཡག་པོ་སྦྱང་རོགས་ཞེས་ཞུས་པ་ཡིན་ལ། དེ་སྔ་རྒྱབ་སྐྱོར་མེད་དོན་ཡང་རྒྱུ་མཚན་འདི་རང་ཡིན་ལ་ད་ལྟའང་ནམ་ཞིག་བོད་སྐད་ཡིག་གི་གནས་ཚད་ཡག་པོ་མ་ཆགས་པར་རྒྱབ་སྐྱོར་བྱེད་འདོད་མེད་ཅེས་ཞུས་པ་ཡིན།
ཡིན་ནའང། བློ་ཕམ་པ་ཞིག་ལ་ཕྱིས་སུ་གོ་ཐོས་ལ། ངའི་བསམ་ཚུལ་དེ་ལྷག་བསམ་རྣམ་དག་དང་བོད་སྤྱིའི་དོན་དག་ཡིན་ནའང། བློ་བཟང་སེང་གེ་ལགས་ནས་བཀའ་བློན་ལྷན་རྒྱས་སྟེང་ངའི་བསམ་ཚུལ་ལ་ངོས་འཛིན་ཡག་པོ་བྱས་མི་འདུག དེ་གནས་ཚུལ་གཅིག་རེད། གོང་དུ་བཤད་པའི་རྩོམ་དེ་འབྲི་སྐབས་གྲོས་ཚོགས་འཚོགས་བཞིན་པ་རེད། སྐབས་དེར་གྲོས་ཚོགས་ནང་ཡི་གེ་མང་པོ་ཀློག་དགོས་སྟབས། བློ་བཟང་སེང་གེ་ལགས་དང་བདེ་སྐྱིད་ཆོས་དབྱིངས་ལགས་གཉིས་ཀྱིས་ཁྱོན་ནས་ཚིག་མཚམས་གཅོད་ཕྱོགས་ཙམ་ཡང་མ་ཤེས་པར་ཡང་ནས་ཡང་དུ་བསྐྱར་ཟློས་བྱས་ནས་མར་མ་སླེབས་པ་རེད། སྐབས་དེ་ག་རང་ལ་བོད་ནས་མི་གཉིས་མཉམ་དུ་འབར་སོང་ཞེས་གནས་ཚུལ་འབྱོར་སོང། དེའི་ཉིན་ངས་དྲ་ཐོག་ནས་ཚོགས་འདུར་ཉན་གི་ཡོད། དྲ་ཐོག་ནས་ངས་གནས་ཚུལ་གཉིས་ཀ་མཉམ་དུ་དོ་སྣང་བྱུང་བ་རེད། ཕར་ཚུར་ཕྱོགས་གཉིས་ཀྱི་འདིར་གནས་ཚུལ་དེ་འདྲ་ཞིག་ཡིན་དུས་ང་དེའི་བར་དུ་ཟགས་སོང་བ་ལྟ་བུས། དངོས་གནས་རང་༸པཎ་ཆེན་རིན་པོ་ཆེ་དྲན་སོང་ལ། ཅི་བྱེད་འདི་བྱེད་ནི་མེད་པས་བསམ་ཚུལ་དེ་ཉིན་དེ་ག་རང་ལ་ཤར་མར་བྲིས་པ་ཡིན། ང་ད་དུང་ཡང་དེའི་ཐད་བསམ་ཚུལ་དེ་ག་རང་ཡིན།
ངས་ག་རེ་བསམ་གི་ཡོད་ལབ་ན། སྐུ་ཞབས་ཅིན་ཕིན་གྱིས་རྒྱ་ཡིག་ཡག་ཆོད་ཅིིག་མཁྱེན་པ་ཡིན་དུས་ཨིན་ཡིག་མ་མཁྱེན་ནའང་ཨ་རིར་འགྲོ་དུས་སྐད་བསྒྱུར་ཁྲིད་ཆོག་གི་རེད། ཨིན་ཡིག་དང་འབྲེལ་བའི་གནས་ཚུལ་ཕུལ་མཁན་བསྐོ་བཞག་བྱས་ཆོག་གི་རེད། སློབ་སྟོན་ཞུ་ས་མང་པོ་གདན་འདྲེན་ཞུས་ཆོག་གི་རེད། དེ་བཞིན་ཨའོ་པཱ་མས་ཀྱང་རྒྱ་ཡིག་ཤེས་ཀི་མ་རེད། རྒྱ་ནག་གི་གནས་ཚུལ་མི་ཤེས་རྩ་བ་ནས་བསམས་མྱོང་ཡོད་པ་མ་རེད་ལ། དེ་ག་རང་རེད་ཀྱང་རེད། ང་ཚོས་ཡོང་ན་མི་ཡོང་ན། ཤི་ན་གསོན་ན། རྩ་བ་དང་དཀྱིལ་སྙིང་ལ་རང་གི་ཁྱད་ནོར་དག་འཇོག་དགོས་པ་འདི་ལ་གཡོལ་ཐབས་གཏན་ནས་ཡོད་པ་རེད་དྲན། སོང་ཙང་གཉའ་ཁྲི་ནས་༸བཅུ་བཞི་པ་ཆེན་པོའི་བར་གྱི་བྱུང་རབས་ལ་བལྟས་ནའང་འདྲ། དེ་རིང་སང་ཉིན་གྱི་བོད་ནང་གི་ལྷག་བསམ་དང་སེམས་ཤུགས་ལ་བལྟས་ནའང་འདྲ། མདོ་དོན་ལོ་རྒྱུས་དང་དངོས་ཡོད། མ་འོངས་པར་འགན་ཁུར་ནས་བཀའ་བློན་དང་སྤྱི་འཐུས་ཀྱི་འོས་ཆས་ནང་”རང་གི་སྐད་དང་ཡི་གེར་རང་རྐྱ་འཕེར་བ་” ཟེར་བ་ཞིག་ངེས་པར་དུ་འཇུག་དགོས་ཀྱི་འདུག་ཅེས་སྐབས་དེ་དུས་ནས་བཤད་མྱོང། ངའི་རྩོམ་ཡིག་དེའི་ནང་དུའང་དེ་བཀོད་ཡོད་བསམས་སོང། གང་ལྟར་གནས་ཚུལ་དེ་འདྲ་རེད། རྗེས་མ་ད་དུང་བཤད་ཆོག་གི་རེད། ད་མང་པོ་བཤད་ན། ང་ལ་རྒྱ་མིའི་སོ་པ། ཆོལ་ཁའི་ཕྱོགས་རིས་ཅན་ཞེས་དྲ་འབུ་ཚོས་གསོད་ཀྱི་ཡིན་ཟེར་གི་རེད། ཧཧཧཧཧ དེ་ཙམ་ཡིན།
དྲི་བ། ཐུགས་རྗེ་ཤིན་ཏུ་ཆེ། ཤར་ཕྱོགས་ཁུག་རྟ་ལགས། ངས་གོ་བ་བྱས་ན་ཁྱེད་ཀྱིས་རྩོམ་ཡིག་༼སེང་གེ་བཀའ་ཤག་གི་མདུན་ལམ་༽ཟེར་བ་ཞིག་བྲིས་ཏེ་རྙོག་དྲ་ལངས་པ་རེད་ཟེར།
ལན། དེ་ཡང་བདེན་པ་རེད། ཡིན་ནའང། དོན་དག་འདི་རྗེས་ལ་བྱུང་བ་རེད། ངས་གོང་དུ་ཞུས་པ་དེ་གཞུང་ཞབས་ཀྱི་ལས་དོན་ཐོག་དགོངས་ཚུལ་གང་ཡོད་ཁྱེར་ཤོག་ཅེས་ལྷན་ཁང་ཚང་མར་བཀོད་ཁྱབ་བཏང་སྐབས། ངས་ད་ལྟ་དྲན་གི་མི་འདུག་སྟེ། དོན་ཚན་མང་པོ་ཡོད་པའི་བསམ་འཆར་ཞིག་བློ་བཟང་སེང་གེ་ལགས་ལ་ངས་དངོས་སུ་ཡིག་ཐོག་ནས་ཕུལ་བ་དང་ཞོར་དུ་བློ་བཟང་སེང་གེའི་བོད་སྐད་ཡིག་གི་གནས་ཚད་ཐད་བསམ་འཆར་ཞིག་ཀྱང་བཤད་པ་དེ་རེད། ༼སེང་གེ་བཀའ་ཤག་གི་མདུན་ལམ་༽་ཞེས་པའི་རྙོག་དྲ་རྗེས་ལ་རེད། དེའི་སྐོར་ནི་དེ་བས་ཀྱང་སྒྲུང་ལྟ་བུ་ཞིག་ཡིན་ན། ཧ་ཅང་ཉན་སྤྲོ་བོ། གནས་བབ་མང་པོ་ཞིག་གི་ངོ་གདོང་རང་བཞིན་གྱིས་གསལ་བཏོན་གནང་བའི་རྙོག་དྲ་ཡ་མཚན་ཅན་ཞིག་རེད་ལ། དེའང་གཙོ་བོ་ཁྲིམས་སྒྲིག་བེད་སྤྱོད་ལོག་པར་གནང་བ་དང། བཙན་བྱོལ་ནང་གི་བོད་མིའི་སྨྲ་བརྗོད་རང་དབང་དང་ཐད་ཀར་འབྲེལ་བ་ཡོད་སྟབས། བོད་ནང་གི་བོད་མི་ཚོས་དམིགས་བསལ་མཁྱེན་དགོས་པའི་དོན་དག་ཅིག་རེད།
རྩོམ་ཡིག་དེའི་ནང་གཙོ་བོ་ངས་བློ་བཟང་སེང་གེ་ལགས་ཀྱི་ཁས་ལན་དམ་བཅའ་ཆེ་ཁག་བདུན་ལ་དབྱེ་ཞིབ་དང་དེའི་མདུན་ལམ་བཤད་ཡོད། ད་ལྟ་ཁོང་གི་དུས་ཡུན་རྫོགས་ལ་ཉེ། ཁོང་ལྟ་བུའི་མི་གསར་པ་ཞིག་སླར་ཡང་འོས་འདེམས་བྱེད་ལའང་ཉེ་བ་རེད། དེའི་རྐྱེན་གྱིས་བོད་ཀྱི་མདུན་ལམ་ལ་ངས་སེམས་ཁྲལ་བྱས་འདུག་གམ། བློ་བཟང་སེང་གེ་ལགས་ཀྱིས་ཐུགས་ཁྲལ་བྱས་ཡོད་མེད་གཞིས་ལུས་རྒྱ་ཆེའི་མི་མང་གིས་མཁྱེན་པ་ཡིན་ན། ང་མི་ཁེར་རྐྱང་རྒྱབ་མེད་དཔུང་མེད་ཅིག་གི་འདོད་པ་ཚིམས་སོང་བ་ཡིན། དེའི་སྐོར་ཐེངས་རྗེས་མར་ཞིབ་ཚགས་པོས་ལན་བཏབས་ཆོག ཁྱེད་ཀྱིས་དྲི་བ་གྲ་སྒྲིག་ཡག་པོ་བྱོས།།
དྲི་བ། ལགས་སོ་ཐུགས་རྗེ་ཆེ།
ལན། རྗེས་སུ་མཇལ་ཡོང།
ཤར་ཕྱོགས་ཁུག་རྟ་ལགས། ངོ་མ་གནད་ལ་ཁེལ་བའི་སྐད་ཆ་འགའ་བཤད་འདུག་ ཨོ་ལེ་མོ་ ངས་བལྟས་ན་ཁྱོད་རང་མདོ་སྨད་སྤྱི་འཐུས་ལ་ལངས་པ་ལས་རང་དབང་ཅན་གྱི་བསམ་བློ་བ་དང་རྩོམ་པ་པོ་བྱས་ན་ཧ་ཅང་འཐུས། འདི་ནི་བདག་གིས་ཁྱོད་ལ་དགའ་མི་དགའ་དང་འགྲིག་མི་སྒྲིག་གི་སྐད་ཆ་གང་ཡང་མིན། གང་ཡིན་ཟེར་ན་རྩོམ་ཡིག་ཅུང་འབྲི་ཤེས་པ་དང་སྐད་ཆ་ཙམ་བཤད་ཤེས་པ་ཙམ་གྱིས་སྤྱི་འཐུས་ལ་འདུག་གི་ཡིན་ཟེར་ན་ཅུང་འོས་ཚོད་ཅིག་མ་རེད། ད་ལས་མདོ་སྨད་སྤྱི་འཐུས་ལངས་མཁན་མང་ཆེ་བས་མདོ་སྨད་མི་མང་གི་འཐུས་ཚབ་བྱེད་མཁན་མི་འདུག རབ་ཡིན་ན་རྗེས་ཕྱོགས་ནས་ཆབ་སྲིད་ཀྱི་ལྟ་བ་དང་ཆབ་སྲིད་ལ་དོ་སྣང་ཧ་ཅང་ཡོད་མཁན་རེ་བྱུང་ན་དེ་དག་སྤྱི་འཐུས་སུ་ཡོང་ན་ཧ་ཅང་འཐུས། དེ་མིན་རྩོམ་པ་པོ་དང་སྙན་ངག་པ་ དགོན་པའི་འཛིན་སྐྱོང་པ། ཚོང་པ་སོགས་མདོ་སྨད་སྤྱི་འཐས་སུ་ལངས་ཡོང་ན་འདི་ནི་ཚབ་སྲིད་ཀྱི་སྤྱི་འཐུས་མིན་པར་རྩོམ་པ་པོ་དང་སྙན་ངག་པ། དགོན་པའི་འཛིན་སྐྱོང་དང་ཚོང་པ་སོགས་ཀྱི་སྤྱི་འཐུས་ཤིག་ལས་རྒྱ་དམར་ཚང་ལ་ཡ་ལན་ཞིག་འདེབསཐུབ་པ་ཁག་པོ་ཆགས་འདུག དེ་འདྲ་སོང་ཙང་། བོད་བྱོལ་བོད་གཞུང་ཆབ་སྲིད་ཀྱིས་ཕམ་པའི་བཙན་བྱོལ་བ་ཞིག་ཡིན་པར་མ་བརྗེད་པར་བྱོས།
ཡར་དབུས་དང་ས་གནས་གཞན་དག་ནས་དེ་འདྲ་བྱེད་གི་མ་རེད་ཟེར། ཧཧཧཧ ད་ཁྱོད་ཀྱིས་ཡར་དབུས་ལ་དཔེ་ལེན་རྒྱུ་ཡིན་ན་མོའུ་ཀྲུའོ་ཞུའི་འདྲ་པར་གིས་ཐང་ཀ་བཟོས་ནས་བསྟོད་གླུ་ཐོང་། ཡར་དབུས་ནས་དེ་འདྲ་བྱེད་གི་རེད། ངོ་མ་རྒྱ་རྟ་རང་རེད། རྒྱ་གུང་ཁྲན་ལ་བསྟོད་པ་དང་ངོ་དགའ་བྱེད་དགོས་ན་ཨང་དང་པོ་དབུས་རེད། འདོ་སྨད་ནང་དུ་ཉུང་ཤོས་ལས་མེད་པའི་ནང་གི་རྒྱ་དར་གནམ་ལ་ཕྱར་མཁན་ཁུག་རྟ་རེད།
སྐད་ཆ་བཤད་ཤེས་ཀྱི་འདུག་གམ། བློ་སེང་ལ་ཡ་འགྲན་ཐུབ་ས་རེད་དམ། འུག་པའི་སྐད་ཆ་འདྲ་ཞིག་བཤད་ནས་ངོ་མི་ཚ་ནས། ཁྱོད་འདྲ་ཞིག་འདོ་སྨད་སྤྱི་འཐུས་ལང་ན་འདོ་སྨད་ལ་མི་རྫོགས་སོང་ནི་ཡིན་རྒྱུ་རེད།
ཁ་ཏྭ་དང་ཕག་པའི་བགྲོ་གླེང་ལྟ་བུ་འདི་དུས་ཚོད་ཆུད་ཟོས་སུ་འགྲོ་བྱད་རེད་འདུག
རྗེས་ནས་ཀློག་གི་མིན།
གནད་ལ་འཁེལ་བ་ཞིག་གསུང་འདུག་་་་དགའ་བསུ་ཡོད་་་་
་་དྲ་འབུ་འདི་ཚོའི་སེམས་ཁུང་ཁབ་མིག་ལས་ཀྱང་དོག་འདུག་ཀ་་་་དོན་དགའ་ཟེར་བ་འདིས་སློབ་སྦྱོང་ཡག་པོ་ཞིག་བྱས་ནས་དྲ་ཐོག་ཏུ་ཡོང་ན་ལས་་་ད་ལྟ་སྔ་དྲགས་མེད་འགྲོ་་་་ཅིག་བྱས་ན་ཁོ་རང་གི་གོམས་གཤིས་ཡིན་རྒྱུ་རེད་་་་སྤྱིར་བཏང་དྲ་འབུ་མང་ཤོས་ཀྱིས་རྩོམ་ཡིག་ཅིག་སླེབས་མ་ཐག་ཁ་བརྡུང་གཏོང་རྐྱང་བྱེད་ཀྱིན་འདུག་པས་དེ་ནི་རྟགས་ཤིག་བསྟན་གི་ཡོད་པ་མ་རེད་དམ
ཧ་ཧ་ཧ། དངོས་གནས་ཆབ་ཚ་ལ། དགོད་ཁ་གྲ་མ་ཞིག་བསླངས་སོང་།
ཁུག་རྟ་འམ་ཁ་རྟའི་སྐྱག་དྲི་ལས་དོན་དགའི་གཏམ་དེ་སྙན། དོན་འདུས་པ་གནད་ལ་འཁེལ་བ་སོགས་ཅི་རིགས་ཀྱིས་རྒྱན་འདུག་ག ཧི་ཧི་ཧི་ཧི།
གང་ལྟར་བོད་སྤྱི་ལ་ཕན་པའི་ལས་ཀ་བྱེད་མཁན་དང་རྩོམ་ཡིག་འབྲི་མཁན་ཚང་མར་རྒྱབ་སྐྱོར་ཡོད། ངའི་ངོས་ནས་བཤད་ན་དེར་ཆཽལ་ཁ་དང་། ཆོས་ལུགས་ཀྱི་དབྱེ་མཚམས་གང་ཡང་མེད། འོན་ཀྱང་། ཆཽལ་ཁའི་འཐེན་ཁྱེར་དང་། ཆོས་ལུགས་ཀྱི་འཐེན་ཁྱེར་བྱས་ཏེ་རྩོམ་འཆལ་སྤེལ་མཁན་རིགས་ལ་ནམ་ཡང་རྒྱབ་སྐྱོར་མེད་ཁར་ཁ་གཏད་དུ་ལང་རྒྱུ་ཡིན། དེ་མིན་བོད་སྤྱི་པའི་བདེ་དོན་ཆེད་བསམ་གཞིགས་བྱེད་མཁན་དང་། དཀའ་ལས་རྒྱག་མཁན་ཚོར་ཆོལ་ཁའི་དབྱེ་མཚམས་མེད་པར་རྒྱབ་སྐྱོར་བྱེད་དགོས་པ་དེ་དུས་ལ་བབ་པའི་འོས་འགན་རེད། དེ་མིན་མི་ཀླད་སྟོང་བྱབ་ཆུང་འགས་ཆོལ་ཁ་གཙུག་ཏུ་ཁྱེར་སྟེ་རང་ཉིད་ཀྱི་ཆོལ་ཁོངས་མཆོག་དང་། ཆཽལ་ཁ་གཞན་གཉིས་དམན་པར་བལྟ་བ་ནི་ངོ་མ་མི་དེར་ཙི་ཙིའི་མིག་ལས་མེད་པའི་རྟགས་རེད། གང་ལྟར། སྒེར་ཚུགས་ཀྱི་བསམ་བློ་དང་། དྲང་བདེན་གྱི་རང་ཤིས་ཁྱེར་ནས་སྤྱི་དོན་སྒྲུབ་མཁན་ཡིན་ཕྱིན་ཚང་མར་དགའ་བསུ་དང་གུས་བཀུར་ཡོད།
ངྷ་སའི་ཁུངས་འཁྱོལ་གྱི་མེད་པའི་བློ་བཟང་སེང་གེའི་བཀའ་ཤག་གིས་ཤར་ཕྱོགས་ཁུག་རྟ་ལྐོག་བསོད་མ་བྱས་ན་དེས་དགའ། ཆོལ་ཁའི་སྐད་ཆ་འདི་ཡག་པོ་མེད་ནའང། བློ་བཟང་སེང་གེ་ནི་མ་གཞི་ནས་ཆོལ་ཁའི་ཕྱོགས་རིས་ཀྱིས་ཐོན་སྐྱེད་དང་བཙོ་སྦྱངས་བྱས་པའི་དངོས་པོ་གོང་ན་མེད་པ་དེ་རེད། ཉེ་ཆར་རྒྱ་གར་གི་རྩོམ་པ་པོ་དེས་བཤད་ན་ཁོས་ཨ་སྒོར་ག་ཚོད་ག་ཚོད་ཅིག་གང་ནས་ཁྱེར་ཡོང་མིན་ཡང་གསལ་བོ་མི་འདུག་གཱ།། ཧཧཧཧཧ
ཁུག་རྟ་ཡག་པོ་གསུང་འདུག་ཐུགས་རྗེ་ཆེ
སྤྱི་མཐུས་ནང་བློ་སེང་ལ་ཁ་གཏད་བཅོག་མཁན་ཤར་ཁུག་ཁྱེད་རང་དགོས་འདུག སྤྱི་མཐུས་གཞན་ཚང་མ། གཙོ་བོས་ཇི་ལྟར་བཀའ་བརྩལ་པ།། དེ་དག་ཐམས་ཅད་བདག་གིས་བགྱིས། གསུངས་པ་བཞིན་རེད་འདུག
༼དེའང་གཙོ་བོ་ཁྲིམས་སྒྲིག་བེད་སྤྱོད་ལོག་པར་གནང་བ་དང། བཙན་བྱོལ་ནང་གི་བོད་མིའི་སྨྲ་བརྗོད་རང་དབང་དང་ཐད་ཀར་འབྲེལ་བ་ཡོད་སྟབས། (བོད་ནང་གི་བོད་མི་ཚོས་དམིགས་བསལ་མཁྱེན་དགོས་པའི་དོན་དག་ཅིག་རེད།)༽
གོང་གི་འདི་རེད་ཡ། ཁུག་རྟ་ལས་ངན་པོའི་ཐབས་ཇུས་ཡོད་ཚད་འདི་རེད། བོད་ནང་གི་བོད་མིས་དམིགས་བསལ་གྱིས་མཁྱེན་ན་ག་རེ་ཡོད་པ་རེད། མ་མཁྱེན་ན་ག་རེ་ཡོད་པ་རེད།
བཙན་བྱོལ་བ་དང་བོད་ནང་གི་བོད་མི་བར་ལ། དབྱེན་དཀྲུག་དང་རེ་བ་མེད་པ། ཕན་ཚུན་འགལ་ཟླ་ལ་གཏོང་ཐུབ་ན། དེ་ནས་རྒྱ་ཁྱི་འདིས་རྔ་མ་དབྱུག་གི་དབྱུག་གི་རྒྱ་ནང་ལ་ལོག་འགྲོ་འདོད་ཡོད་པ་རེད།
སྤྱིར་ཁྱོད་ཀྱིས་སྨྲ་བརྗོད་རང་དབང་ཟེར་བའི་མིང་ཙམ་ལས་དོན་དེ་ཤེས་མེད་བ་འདྲ། ཤེས་ཡོད་པའི་དབང་དུ་བཏང་ན། ཁ་ཡོད་ཚད་པོ་ག་རེ། གང་དུ། ག་དུས། ག་ཚོད་གདང་གདང་ཞིག་ག་ལ་ཡིན།
མྱི་འདི་ཚོ་ལ་འདི་འདྲའི་བསམ་བློ་མེད། བཟང་ན་ངན་ན་ང་ཚོའི་བོད་རེད། སྐྱིད་སྡུག་གཅིག་ཡིན། ང་ཚོ་བོད་ཡིན། བོད་སེམས་བོད་ཡིན།
འདི་ཚོ་ལ་ཅིག་ཡོད་པ་ནི། ང་མ་ཐོབ་ན་ཁོ་ལ་མི་སྤྲད། ང་མ་རྒྱལ་ན་ཁོ་ཡང་རྒྱལ་མི་ཆོག། ང་རང་གི་འདོད་པར་མི་མཐུན་པའི་བྱ་བ་ལས་ན་མྱི་རྫོད་བདག་རྫོད་བྱེད་ཀི་ཡིན། བོད་ཟེར་བ་འདི་སྐྱོར་ནི་མ་ན་དཀྲུག་དགོས་ཟེར་ནིའི་འདྲེ་ཡིན་པས། རྒྱ་འདྲེ་འདི་ཚོ་ཕྱི་རྒྱལ་ཨ་རི་ལྟ་བུ་ཞིག་ལ་ལྟོ་གཡོ་ནིར་གཏོང་ཤོག། རྡ་ས་དང་གཞིས་བྱེས་གཉིས་ལ་ཕན་པའི་མྱི་མ་རེད།
དྲི་བ་དྲི་ལན་ཡག་པོ་གནང་འདུག་དགའ་བསུ་ཡོད།
ཤེས་དགོས་པ་ཞིག་ལ་ཤར་ཁུག་ཟེར་བ་འདིས་ཁོ་རང་ལས་གནས་ཤོར་བའི་ཞེ་འཁོན་གྱིས་སྲིད་སྐྱོངས་བློ་སེང་ལ་དགྲ་བོ་དངོས་ཀྱི་འདུ་ཤེས་བཟུང་ནས་དངོས་ཤུག་རྒྱུད་གསུམ་གང་རུང་ནས་ཁོང་ལ་ངན་སེམས་འཆང་གི་ཡོད། ཁོ་རང་ལ་ཁ་གཏད་གཅོག་པའི་ནུས་པ་མེད་སོང་དུས་དཀྲུག་ཤིང་གི་བྱ་བ་འདྲ་མིན་བརྩམས་ཡོད།
དང་པོ་ཁོས་རྩོམ་པ་པོ་་ཚེ་རིང་འོད་ཟེར་དང་སྲིད་སྐྱོངས་བློ་སེང་གཉིས་ཀྱི་བར་དཀྲུག་གཞི་བཞག་ཡོད།
དེ་ལམ་ལྷོང་མ་བྱུང་དུས་གཉིས་པ་རྒྱ་རི་བློ་གྲོས་རྒྱལ་མཚན་དང་སྲིད་སྐྱོང་གཉིས་ཀྱི་བར་ལ་དཀྲུག་གཞི་བཞག་ཡོད། དེ་ཡང་ལམ་ལྷོང་མ་བྱུང་བ་རེད། གསུམ་པ་་བོད་ནང་གི་ཤེས་ལྡན་པ་དང་མང་ཚོགས་སོགས་ལ་ངན་བསྐུལ་ཐེབས་པའི་སྐད་ཆ་འདི་དག་བཤད་ཀྱི་ཡོད་པ་རེད། འདི་འདྲ་བའི་མི་བསམ་ནག་མ་རབ་ངས་ད་བར་དུ་མཐོང་མ་མྱོང་། ཁ་ནས་རྒྱལ་བ་རིན་པོ་ལབ་པ་མ་གཏོགས་དོན་ལ་ལྟོས་དང་འདི་འདྲ་ཞིག་རེད།
འདི་མདོ་སྨད་སྤྱི་འཐུས་ལ་ཡོང་ས་རེད་དམ།
གྲོགས་པོ་དོན་དགའ་ལགས།
ངས་སྲིད་སྐྱོང་དང་འོད་ཟེར། སྲིད་སྐྱོང་དང་རྒྱ་རི་རིན་པོ་ཆེའི་བར་ལ་དཀྲུགས་ཤིང་ཞིག་རྒྱག་དགོས་ཀྱི་ཡོད་ས་མ་རེད། འོད་ཟེར་ལ་རྫིག་གཏམ་བཤད་མཁན་སྲིད་སྐྱོང་རེད། བཤད་ས་ཨ་རི་ནས་རེད། སྲིད་སྐྱོང་གིས་ཚེ་རིང་འོད་ཟེར་ལགས་བོད་མི་ཕྱེད་ཀ་རེད་མདོག་མདོག་གསུངས་པ་རེད། གསུང་དེ་འབྱོན་སྐབས་ངས་སྲིད་སྐྱོང་གི་རྒྱུད་བྱིན་གྱིས་བརླབས་པ་དེ་འདྲ་མ་རེད།་ཧཧཧ ཕྱེད་ཀས་ཕྱེད་ཀར་འཕྱ་སྨོད་བྱས་པ་ཙམ་རེད།
སྲིད་སྐྱོང་གིས་རྒྱ་རི་བློ་གྲོས་རྒྱལ་མཚན་ཕུད་ས་ཅིག་ནས་ཕུད་བཞག་པ་དེ་ངས་བཀའ་བཀོད་བཏང་བ་དེ་འདྲ་མ་རེད། བཏང་ནའང་ཉན་གི་མ་རེད། སྲིད་སྐྱོང་གི་ཕྱོགས་གཏོགས་ཀྱིས་གནོན་ཤུགས་སྤྲད་དེ་ལོ་མང་པོའི་འཁོན་འཛིན་རྩད་ཡོད་ན་ཐང། དེ་ཁྱིམ་རྒྱུད་ཁ་ཤས་དང། ཡང་ཁེ་ཕན་ཕྱོགས་རིས་ཚོ་ཁག་གི་ལས་ཀ་རེད། ང་དེ་ལ་འབྲེལ་བ་ཡོད་པ་མ་རེད། ཡིན་ནའང། དེང་སང་རྒྱ་བོད་གཉིས་ཀས་སྲིད་སྐྱོང་གིས་རྒྱ་རི་བློ་རྒྱན་རྦད་དེ་བདའ་ས་ཅིག་དེད་པ་དེ་བོད་པ་ཙམ་མ་ཟད། ཐ་ན་རྒྱ་ནག་གི་ཀྲུའུ་ཝེ་ཆོན་ཚུན་གྱིས་གསལ་བོར་བཤད་ཟིན་སྟབས།
ང་ཚོས་གང་ཟག་ཕན་ཚུན་བར་གྱི་དགའ་མིན་དེས་སྤྱི་དོན་བར་ལྡིང་ན་བེད་སྤྱོད་གཏོང་བཞིན་པ་ཤེས་ན་འགྲིག་གི་རེད། ཤེས་སོང་ངམ། ཧཧཧཧཧ
དེ་མིན་ན་བཀའ་ཤག་གི་ཡིག་ཨང་་་༩༨༦་༼ ༧༢ ༽༢༠༡༢་་༡༣་་བཀོད་ཁྱབ་ཅེས་པ་ ཕྱི་ལོ ༢༠༡༢ ཟླ ༨ ཚེས ༡༧ ཉིན་བཏང་བ་དེའི་ནང་སྲིད་སྐྱོང་བློ་བཟང་སེང་གེ་ནས་ལམ་སེང་བྲེལ་སྟབས་ཀྱིས་སྐལ་བཟང་རྒྱལ་མཚན་ཡོ་རོབ་དམིགས་བསལ་སྐུ་ཚབ་དོན་གཅོད་དུ་བསྐོ་དགོས་དོན་ཡོད་པ་མ་རེད། འདི་དག་གི་ཁེ་ཕན་ཕྱོགས་ཁག་གི་བྲན་འབངས་ཀྱི་སྤྱོད་བྱ་མིན་སྟབས་བཤད་ཀྱང་ཅི་ཕན།
ཤར་ཁུག་ཁྱོད་ཀྱིས་བོད་ནང་གི་ཤེས་ལྡན་པ་དང་མི་མང་ཚོར་སྲིད་སྐྱོང་སྐོར་ལོག་འབྲེལ་གྱིས་དང་།
ངས་ཀྱང་ཁྱོད་ཀྱི་སྐོར་བོད་ནང་དུ་རྒྱ་བོད་གཉིས་ཀྱི་ཡི་གེའི་ལམ་ནས་གསལ་བཤད་བྱེད་ཆོག
ང་ཁྱོད་ནང་བཞིན་དཀྲུགས་ཤིང་གི་ལས་དོན་ལ་ཁོམས་ནས་བསྡད་མེད་ཀྱང་མི་བྱེད་ཀ་མེད་བཟོ་མཁན་ཁྱོད་རང་ཡིན།
ད་གང་ཡོང་ནང་ཁུལ་རྩོད་ནས། མ་གཞི་ནས་ཁུག་རྟ་བློ་སེང་ལ་མི་དགའ་ན་བཀའ་བློན་གྱི་སྒོ་ཁར་འབུག་ཧར་ཐལ་ཞིག་གནང་དང་དེ་གས་བསྒྲགས་ཡོང། དེ་མིན་བློ་སེང་གིས་ཁ་བརྡའི་དྲ་བ་ཀློག་མདོག་ཁ་བོ་མ་རེད། གཞན་ཡང་སྤྱི་ཚོགས་ཀྱི་དབུར་ཞུགས་འདོད་པ་ཡོད་ན་མི་མང་པོས་དགའ་བ་བྱེད་ས་དེ་ལ་སྐྱོན་འདྲུ་མ་བྱས་ན་མི་དེ་དག་གིས་རང་ཉིད་ལ་འོས་འཕེན་ནས་རང་ཉིད་སྤྱི་ཚོགས་ཀྱི་གྲལ་མགོར་སླེབ་ངེས་རེད།
དོན་དགའ་ལགས། བོད་ལ་གཏམ་དཔེ་ཞིག་ཡོད་པ་བཞིན། གསེར་ས་ན་ཡོད་ན་འོད་གནམ། གསུངས་པ་ལྟར་ཡིན་པས། དངོས་དོན་དང་བདེན་པར་ལོག་འགྲེལ་མི་ཐུབ་པས་ཐུགས་ཁྲལ་མ་གནང་ལྷོད་ལྷོད་བཞུགས་རོགས།། ཧཧཧཧ
རྟ་རེ་ནགས་ན་མཛའ།། ཐོམ་བུ་ཆུ་ལ་མཛའ།།
ཟེར་བ་ལྟར་ད་ཐེངས་དངོས་གནས་ཤར་ཁུག་གིས་གནད་དོན་ཁ་ཤས་གསལ་བོར་བཤད་འདུག འོན་ཀྱང་། བསམ་གཞིག་ཞིབ་ཚགས་མ་ཡིན་པ་ཁ་ཤས་ཀྱང་འདུག གང་ལྟར། ད་ལྟའི་སྤྱི་ཚོགས་འདིར་དོགས་སློང་རང་བཞིན་གྱི་( Critics) དཔྱོད་རྗོད་པ་ཁྱོད་འདྲ་བ་གང་མང་མང་དགོས་མཁོ་འདུག
མུ་མཐུད་དུ་སྤེལ་རོགས་དང་བསམ་ཚུལ་རིམ་པར་ཕུལ་ཆོག སྲིད་སྐྱོང་ལགས་ལ་དབུ་ཁྲིད་ཅིག་ཡིན་པའི་ངོས་ནས་བརྩི་བཀུར་ཡང་བྱེད་དགོས་ལ་ལས་འགན་གལ་ཆེན་ཞིག་ཡོད་པའི་ཆ་ནས་དོགས་སློང་ཡང་བྱེད་དགོས་པ་ཁ་ཚ་དགོས་གཏུགས་རེད། རྒྱུ་མཚན་བཙལ་ནས་སྐྱོན་རྗོད་བྱེད་མི་ཆོག་པའི་མི་ཞིག་གནམ་འོག་འདི་ན་ནམ་མེད། གང་ཡིན་ཟེར་ན་གནམ་འོག་འདིར་སྐྱོན་ཀུན་ཟད་(Mr Perfect) ཅིག་ནམ་ཡང་མེད་དོ།།
འོ་ན་༧རྒྱལ་བ་ཚང་ལ།
ཨ་ལས། རྒྱ་རི་ཚང་གིས་དབུས་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་གསོལ་སྟོན་ལ་ཡང་ཡང་ཕེབས་པའི་མཇུག་འབྲས་སྒོར་ཐིག་ཡིན་པ་གཞི་ནས་ཤེས་རྗེས་༧རྒྱལ་བ་ཚང་གིས་སྲིད་འགན་བགྲེས་ཡོལ་ཕེབས་པ་དང་དུས་མཉམ་བྱས་ཉེས་ཡོད་ཚད་པེ་ཅིང་སྲིད་གཞུང་གི་སྟེང་དུ་གཡུགས་ནས་རྐུབ་བརྡབ་བརྡབ་བཏང་ནས་ཕྱིན་ཟིན་པ་དེ་སྲིད་སྐྱོང་ཚང་གིས་ཁྱོད་ཤར་ཁུག་ལྟར་གནས་དབྱུངས་བཏང་བཞག་པ་ཞིག་ཨེ་རེད། འོ་རེད། ཀྲུའུ་ཝེའེ་ཆོན་གྱིས་འཇིགས་སྐུལ་རིང་ལུགས་པར་ངོས་འཛིན་ཐོག་ངོས་ལེན་ནམ་ཡང་མེད་མཁར་བློ་མཐུན་རྒྱ་རི་ཚང་གསོལ་སྟོན་མཉམ་རོལ་གྱི་གོ་སྐབས་དེ་རྦད་དེས་ཤོར་ཙང་སྡུག་སྐད་ཤོར་བ་ཡིན་རྒྱུ་རེད། ཡང་གཅིག་མིན་ན་བློ་མཐུན་ཁུག་རྟས་འཇིགས་སྐུལ་རིང་ལུགས་པའི་ལོ་རྒྱུས་ཀྲུའུ་ཝེའེ་ཆོན་ལ་གསང་མོལ་ཞུས་པ་མིན་ནམ། ཧ་ཧ།
མ་གཞི་ཨ་ཅེ་འོད་ཟེར་ལགས་མི་རིགས་ཀྱི་ལྟ་བ་དང་། ལ་རྒྱ། སྙིང་སྟོབས་སོགས་བཤད་དགོས་་མི་འདུག་ཀྱང་བོད་སྐད་ཡིག་ལ་སྦྱངས་ཆ་དེ་ཙམ་མེད་པ་དེ་དངོས་ཡོད་རེད་ལ། ཁྱོ་བོ་རྒྱ་ཕོ་ཞིག་བླངས་ཡོད་པ་དེ་ཡང་དངོས་ཡོད་རེད། དེས་ན་ཁྱོད་ཀྱིས་ནམ་རྒྱུན་ཁ་གདངས་ཚད་སྲིད་སྐྱོང་ཚང་བོད་སྐད་ཡིག་ལ་སྦྱངས་ཆ་མེད་རབས་ལུང་པ་གང་བཤད་སྟངས་དང་འདྲ་སེའེ་མ་རེད་པས། ཧ་ཧ།
བོད་མིའི་ཕྱོགས་རེས་ཀྱི་སྐད་ཆ་འདི་ཟ་མའི་ནང་གི་ཚྭ་དང་གཅིག་པ་ཡོད། ཕྱོགས་རེས་ཀྱི་ཚྭ་ཁུ་མི་བྲོ་སའི་སྐད་ཆ་ཧ་ལམ་མེད་ཚོད་ཡིན། ཕྱོགས་རེས་ཀྱི་ཚྭ་ཁུས་སྦགས་པའི་བོད་མི་ཚོའི་རྩོམ་ཡིག་དང་སྐད་ཆར་ཆ་འཇོག་ཅང་ཡོད་མ་རེད།
དེ་རིང་འོས་ཤོག་གི་གྲུབ་འབྲས་གསར་བསྒྲགས་བྱས་དང་མཉམ་དུ་ངས་ཆབ་རྒན་གྱི་རྒྱུག་རྟ་ལ་སེམས་གསོ་ཞིག་ཞུ་འདོད་བྱུང་། ཁ་སང་དེ་རིང་ཆབ་རྒན་སེམས་ཁྲལ་གྱིས་ཉལ་ས་ལ་ལྷུང་བསྡད་ཡོད་པ་འདྲ། དེ་མིན་ན་ཨ་མྱེས་རྨ་ཆེན་མགོ་ལ་གསང་ཞིག་ཕུད་དུ་སོང་བ་ཡིན་པ་འདྲ།
རྟའི་ཆོལ་ཁས་རྟ་རྒྱུག་བྱས་དང་ཐལ།།
རྟ་སུ་རྒྱུག་སྡེ་བས་ཤེས་སོང་ངོ།།
ཁ་ཚོན་པོ་རྟ་བདག་ལས་ངན་ཚོ།།
ས་བ་ཡན་ཐང་ན་ངུས་ནས་འདུག།
ཁུག་རྟ་སྤྱི་འཐུས་ནང་ལ་སླེབས་སོང་རྒྱ་རྒན་ཚང་གི་མགོ་ལ་ཉི་མ་ཤར་སོང་བ་རེད། མདོ་སྨད་མི་མང་དེ་འདྲའི་ལྐུགས་པ་ཞིག་ག་ལ་ཡིན།
ཆབ་ལྷའི་མདོ་སྨད་ཀྱི་བང་འགྲོས་མེད་པའི་རྒྱུགས་རྟ་དེ་ལྕག་ཚན་ག་ཚོད་གཞུས་ཀྱང་རྒྱུགས་རྩལ་མེད་པ་དེ་ད་གཞི་ནས་ཤེས་ཡོད་རྒྱུ་རེད། ཁ་རྒྱུན་ལ།
བང་འགྲོས་མེད་པའི་རྟ་ཕོ་བཞོན་པ་ལས།
སེམས་ཁོ་ཐག་ཆོད་པའི་རྐང་ཐང་སྐྱིད། བྱས་པ་རེད།
གང་ལྟར་ཤར་ཁུག་ལགས་ཀྱིས་ཡག་པོ་ལབ་འདུག་ཐུག་རྗེ་ཆེ། མདོ་སྨད་སྤྱི་འཐུས་ལ་འོས་ཤོས་ཁྱེད་རང་ཡིན་མོད་མདོ་སྨད་པ་ཚོས་གནས་བབ་སྐྱོ་དྲགས་ནས་མ་ཤེས་པ་རེད། ཡིན་ནའང་དོན་དངོས་ནི་སུས་ཀྱང་ནག་བསུབ་གཏོང་དཀའ་བས་ག་ལེར་གསལ་ཡོང་གི་རེད། དོན་ཆེན་་སྒྲུབ་ན་ངང་རིང་དགོས་པ་རེད་སེམས་ཤུགས་མ་ཆག་ང་ཚོ་ཁྱོད་ཀྱི་རྒྱབ་ན་ལང་ཡོད། བློ་སེང་ཡང་བཀའ་ཁྲི་ཆགས་པའི་ཉིན་དེ་ནས་སངས་རྒྱས་སོང་པ་མིན་པས་ཁོང་ལ་ཞན་ཆ་དང་ནོར་འཁྲུལ་ཡང་མི་ཉུང་བ་ཞིག་ཡོད་དེ་དག་ལ་ང་ཚོས་རྣག་ཐོག་ལ་གཙག་ངེས་པར་འཛུག་དགོས་པ་ནི་ཁ་ཚ་དགོས་གཏུགས་ཤིག་ཡིན་པའང་འུ་ཚོས་ད་དུང་ཤེས་མེད། ལྷག་པར་དུ་བློ་སེང་གི་པར་~རྒྱལ་བ་པཎ་ཆེན་རྣམ་གཉིས་དང་མཉམ་དུ་མཆོད་ཁང་དུ་བསྒྲིགས་པ་ནི་གླེན་རྟགས་རང་རེད།