ངས་འདིར་ “ཨ་མདོ་བག་ལེབ་”ཅེས་བྲིས་ཡོད། འོན་ཀྱང་ བག་ལེབ་ཟེར་བ་དེ་ལྷ་སའི་སྐད་ཅིག་རེད་ལ། དེས་ཨ་མདོའི་གོ་རེ་མཚོན་ག་ལ་ཐུབ། དེ་རིང་གློ་བུར་གྱི་ཁ་བརྡ་ཞིག་གིས་དྲངས་ནས་ ཨ་མདོའི་གོ་རེའི་སྐོར་ལ་བསམ་བློ་བཏང་། ཨ་མདོའི་གོ་རེ་སྟེ། གོ་རེ་ཁ་རྟིས།༼དག་ཆ་མི་ཤེས།༽ ནས་ཕྱེ་གོ་རེ། གོ་རེ་རྣ་དཀྱིས་ངམ་གོ་རྟིས། ད་གང་དག་ཡོད། ཐལ་གོར། གོ་རེ་རིགས་མི་འདྲ་བ་མང་པོ་ཡོད། གད་པའམ་ས་དུམ་བུར་བྱས་པ་མེར་བསྲེགས། མེ་སྟག་མཆེད། དེར་དབྱུག་པ་ཞིག་གིས་བརྡུངས། དེའི་སྟེང་དུ་བསྙལ་ཟིན་པའི་ཕྱེ་དེ་བཞག དེའི་སྟེང་དུ་མེ་དྲོད་འབར་བཞིན་པའི་སས་གཡོགས། དེ་ནས་གོ་རེ་ལེབ་མོ་མངར་དྲི་མཆེད་པ་རེ་ཡོང་། ཨ་མའི་སེན་མོ་བཙུགས་ཏེ་གོ་རེ་དུམ་པར་བཅག སེར་ག་ནས་ཁ་རླངས་ལྷོག་ལྷོག་ཡོང་བ་དེ་ལ་འབྲུ་མར་སེར་པོ་ཞིག་བྱུགས་ཏེ་ ད་ཡིན་ན། དཀོན་མཆོག་གསུམ།
ངས་དྲ་རྒྱ་བརྒྱུད་ནས་གོ་རེའི་པར་ཞིག་ཨེ་ཐོབ་བཙལ་མོད་རྙེད་མ་བྱུང་། འདིའི་སྐོར་གྱི་ལོ་རྒྱུས་དང་པར་རིས་རེ་ཡོད་ན། ཡུམ་དུམ་པ། དགའ་ནི་མིན་ན།
ཨ་རོ་ཁྲོ་གོར་ཟ་མ་མྱོང་ངམ།
འབྲིང་དཀྱུས་ཀྱང་ཟ་མ་མྱོང་ངམ།
དེ་ལྟར་གསུངས་དུས་ངས་ཀྱང་བག་གོར་དྲན། དབུས་གཙང་ཁུལ་དུ། ལ་ལས་བག་ལེབ་ཟེར། ལ་ལས་བར་སྒོར་༼གོར་༽ཟེར། དེ་ལའང་དབྱེ་བ་མང་། དཔེར་ན། སྲོ་ཁའི་བག་གོར་ནི། ལ་མག་གི་མེ་ཐལ་ནང་བཀྲག་པ་ཞིག་རེད། ཐལ་བ་འཚུབ་འཚུབ་ཅིག་ཡོད་ཀྱང་ཁ་ལ་ཞིམ། ཁྱེད་ཅག་གི་གོ་རེ་ཟེར་བ་དེ་གཅིག་བྱས་ན། བག་གོར་གྱི་གོར་ནས་བྱུང་བ་ཡིན་སྲིད། དེ་ནས་ཧ་ཅང་བག་གོར་ཟེར་བ་ཞིག་ཡོད། དེ་ནི་ཧ་ཡང་ཆུང་ཆུང་ནང་སྣུམ་ཐིགས་པ་ཁ་ཤས་བླུགས་ཏེ་བསྲེགས་པ་ཞིག་རེད། བག་གོར་དེའི་རིགས་ཧ་ཅང་མཐུག དེ་ནས་སྣུམ་བཀྲག་བག་ལེབ་ཟེར་བ་ཞིག་ཡོད། དེ་ནི་རྒྱ་ནག་གི་ཡུའུ་ཤང་བག་ལེབ་དང་འདྲ། དེ་ནས་ཁུར་བའམ་ཁུ་སྙང་བག་ལེབ་ནི། ལོ་གསར་ལྟ་བུའི་དུས་ཆེན་སྐབས་ལ་མ་གཏོགས་མེད། ལྷ་ས་ཁུལ་དུ་དེ་ལ་རྒྱ་ར་ཟེར། ཡིན་རྒྱུན་གྲོ་ཞིབ་ནང་འོ་མ་དང་ཀ་ར་སོགས་བཏབ་སྟེ་བསྙལ་བའི་སྐྱོ་མ་དབྱིབས་སྒོར་མོར་ཁུར་སླང་སྟེང་བཙོས་པ་ཞིག་རེད། ཁུར་སླང་ཡང་ངེད་ཚོའི་ཕ་ཡུལ་དུ་རྫ་ཡིས་བཟོ། ཁུར་སླང་གི་རི་མོ་དེ་ཚོ་ཡང་བོད་རང་གི་ཁྱད་ཆོས་ཅན་རེད། ང་ཁུར་བ་༼ཁ་སྐད་དུ་ཁུ་ར་༽སྐྱུར་བིར་བིར་དེར་དགའ་པོ་ཡོད། ལྷ་སའི་ཁུར་བ་རྒྱབ་ར་ཟེར་བ་དེ་ཅུང་མངར་བ་ཡིན། ད་དུང་ག་རེ་ཡོད་རེད། ཨོ། ཡོད་རེད། ཤ་བག་ལེབ། བུ་རམ་བག་ལེབ། དེ་ཚོ་ནི་འགྲེལ་བཤད་མི་དགོས། མིང་ཙམ་གོ་བས་ཤེས། ད་དུང་བག་གོར་སྲབ་ཟན་ཟེར་བ་ཞིག་ཡོད། ཡུལ་སྐད་དུ་ཀྲབ་ཟན་ཟེར། དབུས་ཁུལ་དུ་སྲབ་མོ་ལ་ཀྲབ་ཀྲབ་ཟེར་བ་ལྟར། ཀྲབ་ཟན་ནི་བག་གོར་སྲབ་སྲབ་རེད། རྒྱ་གར་གྱི་ཅ་པ་ཏི་དང་འདྲ། དེ་ནས་མི་ཚོས་དགའ་ཤོས་བྱེད་པའི་བག་ལེབ་ནི་ལྷ་སའི་ཏིང་གོང་བག་ལེབ་རེད། ཕྱིས་སུ་དེ་ལ་རྒྱ་མིང་ཞིག་འདུག དྲན་མ་སོང་། བག་ལེབ་དེ་དངོས་གནས་ཞིམ་པོ་ཡོད། ཆུང་དུས་རྨོ་མོས་ང་ལྷ་སའི་བར་སྐོར་ན་འཁྲིད་ཞོར་ཏིང་གོང་བག་ལེབ་ཁ་ཤས་གཟིགས་ཀྱི་རེད། ནང་ལ་སླེབས་རྗེས་བོད་ཇ་སྲུབས་མའི་ནང་དུ་བག་ལེབ་དེ་བསྒྲེས་ན་དཔེ་ཞིམ་པོ་ཡོད། ད་དུང་ག་རེ་ཡོད་རེད། ཡ་་ད་གཡུག་ཞོགས། དེ་ལས་བག་གོར་ཞིག་བཟོས་ན་ཡག་ས་རེད།
ཁང་གསར་རྡོ་རྗེ་ལགས་ཀྱི་ཕ་ཡུལ་གྱི་་་་བག་གོར་བཀྲག་སྟངས་འདི་དང་་་་་་ངའི་ཕ་ཡུལ་གྱི་་་ཐལ་གོར་བཟོ་སྟངས་གཉིས་གཅིག་པ་རང་རེད་འདུག་་་་་ངའི་ཕ་ཡུལ་གྱིས་་་བག་གོར་འདིའི་མིང་ལ་་་་ཐལ་གོར་ཟེར་གིན་འདུག་་་ཐལ་གོར་འདི་ག་དུས་ཤིག་ལ་དར་ཡོད་མེད་མི་ཤེས། གང་ལྟར་ཡང་་་་གོར་གོར་བཟོས་ནས་མེ་ཐལ་ནང་དུ་བཀྲག་གིན་ཡོད་སྟབས་མིང་དེ་ལྟར་ཐོགས་པ་ཨེ་ཡིན་སྙམ། དེང་སང་ངའི་ཡུལ་དུ་ཐལ་གོར་བཀྲག་མཁན་ཧ་ཅང་ཉུང་ཉུང་རེད། ད་སྐབས་འཚོ་བའི་གནས་སྟངས་ཅུང་ཇེ་ལེགས་སུ་སོང་བས་ཡིན་ནམ་གང་ལྟར་ཡང་་་་ཐལ་གོར་འདིའི་མིང་ཙམ་ལས་ལྷག་རྒྱུའི་དུས་ཚོད་རིང་བོ་མི་འདུག་བསམ་བསམ་ཞིག་བྱུང་།
དྲ་གྲོགས་ཚོ། ཁམས་བཟང་།
རེད། རེད། དེ་ལྟར་གསུངས་ཡོང་དུས། ངས་ལྷ་སའི་བག་ལེབ་དཀར་ཀུན་དྲན་བྱུང་། ༼དཀར་ཀུན་༽དག་ཆ་འགྲིག་མིན་མི་ཤེས། བག་ལེབ་དཀར་ཀུན་ནི་བོད་པ་ཁ་ཆེ་བ་ཚོས་ཡག་ཤོས་དང་ཞིམ་ཤོས་བཟོ་གི་རེད། དངོས་གནས་བག་ལེབ་དེ་ལྷ་ས་ཁུལ་ལ་སྐད་གྲགས་ཡོད་པ་ཞིག་རེད། འོན་ཀྱང་དེ་སྔོན་ཞོགས་པ་པག་གི་ཚབ་ལ་བག་ལེབ་དཀར་ཀུན་བཟས་ན། གཞན་གྱི་འཕྱ་སྲོལ་ཡོད་པ་ནི། བག་ལེབ་དཀུར་ཀུན་མཆོད་མཁན།། གསོལ་ཞིབ་མེད་པའི་རྟགས་རེད།། གསོལ་ཇ་མངར་མོ་མཆོད་མཁན།། གསོལ་མར་མེད་པའི་རྟགས་རེད།། ཅེས་བཤད་སྲོལ་ཡོད་པ་དེས་རྒན་རབས་པ་ཚོས་ཞོགས་ཇར་ངེས་པར་པག་དང་ཇ་སྲུབ་མ་འཐུང་དགོས་པ་བཤད་ཀྱི་འདུག
དེང་སང་ལྷ་སའི་གོད་བྲོའི་གཏམ་གླེང་ཤོད་མཁན་ཚོས་གསོལ་ཇ་མངར་མཆོད་མཁན་འཚོ་བ་ཡར་རྒྱས་ཕྱིན་པའི་རྟགས་རེད་ཅེས་བརྗོད་ཀྱི་འདུག དེ་ཕལ་ཆེར་དུས་དབང་གིས་ཡིན་པ་འདྲ།
ད་དུང་བཙོང་ཁའི་ཡུལ་དུ་བག་ལེབ་འགའ་ཡོད་པ་ནི་ཁུང་གམ་ཤི་ ༼kunguntze༽ཟེར་བའི་བག་ལེ་དེ་སྲོལ་རྒྱུན་གྱི་བག་དེ་ཡིན་འདུག གཞན་ཡང་།བག་ལེབ་བཟོ་སྟངས་གཞན་ཞིག་ནི། བྱེ་མ་སྐམ་པོ་དཀར་པོའི་སྒང་ལ་མེ་ཤིང་བཞག་ནས་ས་ཐབ་ནང་བཟོས་པ་ཞིག་འདུག བག་ལེབ་དེར་ཁང་ཤུ་ ༼kansho༽ ཟེར་བ་དང་དེ་བྱེ་མ་དང་མེ་ཤིང་དམར་པོ་ཆགས་དུས་གཞི་ནས་གྲོ་ཞིབ་དེ་མེ་ནང་བཅུག་པ་དང་ ། བག་ལེབ་བཟོ་སྟངས་དེ་དར་བཟོ་ཆེ་ལ་ནམ་ཡང་མེས་མ་འཚིག་པར་ག་དུས་ཡིན་རུང་རྫ་མདོག་བྲོ་ལྡན་ཞིག་ཡིན་ཟེར། དེ་བཞིན། བག་ལེབ་གཞན་ཞིག་ཡོད་པ་དེར་ཁུ་ཁི་༼ kuki ༽ཟེར་གྱི་འདུག དེ་ནི་རྫ་སྣོད་ནང་བཅུག་ནས་མེ་སྒལ་ལ་ཆུ་ཚོད་གཉིས་ཙམ་རིང་འཇོག་དགོས་ཟེར་། གྲོ་ཞིབ་ནང་བུར་རམ་གྱི་ལྡི་གུ། སྟར་ཁའི་ནང་རྩི་དང་སྒ་སེར་བཅས་བླུགས་པར་བརྟེན་ནས་ཆགས་པའི་དམར་སྨུག་མདོག་ཅན་ཞིག་ཡིན་ཟེར། གང་ལྟར་ཡུལ་དེའི་ཅ་དངོས་དང་ཟ་རིགས་མང་པོ་ཞིག་གི་མིང་རྒྱ་སྐད་ནས་ཟུར་ཆགས་པ་མང་པོ་འདུག
བག་ལེབ་ངོམ་རེས་བྱེད་ཀྱི་ཡོད་དམ།
དེའི་རྗེས་སུ་ག་རེ་ག་རེ་ངོམ་རེས་བྱེད་རྒྱུ་ཡིན། ཤེས་ཡོན་ཅན་ཡིན་ཟེར་མཁན་འདི་ཚོ་ང་རྒྱལ་ཚ་རུ་ཚ་རུ་ཕྲག་དོག་ཚ་རུ་ཚ་རུ་འགྲོ་གི་འདུག ངོ་མ་སྙིང་རྗེ།
ངའི་ཕ་ཡུལ་ན་གོ་རེ་ཟངས་སྐྱ་དང་གོན་མི་ཞི་ཟེར་ཡང་ཡོད། ཨོ་ད་དུང་གཡུས་སྐྱ་ཡང་ཡོད། ཨ་མས་ཉིན་བཟང་སྐར་དང་དུས་ཆེན་ལོ་སར་ལ་གོ་རེ་གཡུས་སྐྱ་བཅའ་གི་རེད། གཡུས་སྐྱ་ཟེར་བ་གོ་རེ་ལེབ་ལེབ་སྒོར་མོ་སྲ་མོ་ཞིག་རེད། སྣུམ་བླུགས་ཡོད་མེད་ལས་ཟངས་སྐྱ་དང་གཅིག་པ་རེད། གོ་མི་ཞི་ནི་ལྕགས་གོར་གོར་ཁ་གཅོད་ཅན་གི་ནང་དུ་བསྲེག་དགོས་ལ། ཐོག་ཏུ་གྲི་ཡིས་རི་མོ་སྣ་ཚོགས་འགོད་ཆོག ད་དུང་གོར་སྐྱ་ཟེར་བ་ཞིག་ཡོད། དགེ་རབ་ཀྱིས་བཤད་པ་དེ་ཕལ་ཆེར་རེབ་གོང་ཕྱོགས་ཀྱི་བཟོ་སྟངས་ཏེ་སྟེང་འོག་གཉིས་ལ་ཤོག་བུ་གཏོང་སྲོལ་ཡང་ཡོད། འོན་ཀྱང་དེ་ཡིན་མིན་མི་ཤེས། ང་ཚོའི་གོར་སྐྱ་ནི་ས་གར་གྱི་ས་ཐོ་མང་པོ་མེས་བསྲེག་པ་ལྕགས་ཁེམ་གྱིས་ཞིབ་ཞིབ་བརྡུངས་པ་དང་དེ་གོར་རེའི་ཆེ་ཆུང་ཙམ་བརྡལ་རྗེས། དེའི་སྟེང་དུ་གྲོ་ཕྱེ་ལེབ་མོ་གོར་གོར་དེ་ཕངས་ཏེ་ཐོག་ཏུའང་ས་ཚིག་ཞིབ་ཞིབ་བྱས་ཏེ་བླངས་དགོས། སྐར་མ་བཅུ་ཙམ་ནས་ཐོག་གི་ས་ཚིག་ཕྱིས་ཏེ་ཚོས་མེད་ན་ཡང་བསྐྱར་སྟེང་འོག་ཏུ་ས་ཚིག་འདེབས་དགོས་ལ། དེ་ཚོས་རྗེས་པུར་མོར་བླངས་ཏེ་བཅག་པ་སྡེར་མའི་ནང་དུ་ཁ་རླངས་དོ་ལོ་ལོ་བྱེད་ཀྱི་རེད། དེ་ལ་འབྲི་མར་སེར་པོ་བྱུགས་ནས་ཟ་བ་དང་། ཐ་སྐོར་གྱི་ཁ་གྱོང་དེ་ཇ་འོ་མའི་ནང་དུ་སྦངས་ཏེ་ཟས་ན་དེ་བྲོ་བ་དེ་བཤད་མི་ཤེས་པའི་ཞིམ་པོ་ཞིག་ཡིན་ཡ། ང་ཚོའི་སྡེ་བ་གཡས་གཡོན་ནས་དེའི་མིང་ལ་གོར་སྐྱ་ཟེར་ཞིང་། གཞན་གྱིས་སྣང་རའི་གོར་མོ་ཆེ་ཞེས་བསྟོད་ཅིང་ཧང་སངས་པར་བྱེད་ཀྱི་རེད། ཆེས་ཆེ་བའི་མཐའ་སྐོར་དུ་འདོམ་པ་གསུམ་ཙམ་རེ་ཡོད་ལ། མི་གཅིག་གིས་གོ་རེ་གཉིས་འཁུར་ན་འཁྱོགས་མི་འཁྱོགས་ཙམ་ཡིན། འདི་ནི་མདོ་སྨད་ཕྱོགས་དང་བོད་ཡུལ་ཁྱོན། ཐ་ན་འཛམ་གླིང་སྟེང་གི་གོ་རེ་ཆེ་ཤོས་དེ་ལོས་ཡིན་སྙམ་པ་སྔོན་ནས་ཡོད་ཡ།
ཨོ་རེད། ལྷོ་ཨ་རིའི་Peru ཞེས་པའི་རྒྱལ་ཁབ་དེའི་ཡུལ་སྲོལ་གོམས་གཤིས་དང་ཆས་གོས་སྣ་ཚོགས་ང་ཚོ་བོད་དང་ཨེ་ཤ་ཡིའི་མི་རིགས་ཁག་དང་འདྲ་སེ་བ་འདུག་ལ། ཁོ་ཚོས་ཀྱང་གོ་རེ་གོར་གོར་ཆེན་པོ་རེ་བཟོ་ཡི་ཡོད་པ་མཐོང་།
ཨ་མདོ་བག་ལེབ་ཞོར་དུ་བག་ལེབ་མང་པོ་ཟ་རྒྱུ་མེད་ཀྱང་གོ་རྒྱུ་འདུག་པས་དེ་ཡང་ཨེ་མ་མི་བཟང་ངམ།
ལྷོ་ཨ་རིའི་ལུང་པ་ པེ་རུའི་མི་དང་ ཆས་གོས་ ལུང་པ་དེ་ བོད་འདྲ་བའི་མ་ཚད་ བོད་ལ་གྲ་ཆས་དམར་པོ་གྱོན་པའི་བླ་མ་མང་པོ་ཡོད་པ་བཞིན་ ཁོ་ཚོའི་ལུང་པར་ལྤག་པ་དཀར་པོ་དང་ནག་པོ་གྱོན་ཞིང་རྐང་ལག་བཞི་བཙུག་ནས་འགྲོ་མཁན་གྱི་བླ་མ་དེ་མང་པོ་འདུག་ག་ བསྔར་བོད་ཀྱི་མིའུ་དུང་དྲུག་ནང་གི་མི་རིགས་གཅིག་ལྷག་པའི་འཁྱེར་ནས་པེ་རུ་ལ་སླེབ་པ་འདྲ་ ཧ ཧ ཧ ཡིན་ཡང་བོད་རིགས་ཚོ་པེ་རུའི་མི་རིགས་ལས་ད་ངོམ་མདོག་ཡག་ག་དང་ སྤྱང་གྲུང་དོད་པ་ ཡིན་མདོག་ཁ་བ་འདུག་ག་།
པེ་རུའི་མི་རིགས། ཨ་རིའི་རེཊ་ཨིན་ཌིཡན་མི་རིགས་དང་། བོད་མི་རིགས་བར་རིགས་རུས་དཔྱད་བསྡུར་བྱེད་ཐུབ་ན་མཐུན་ཕྱོགས་ཡོད་སྲིད། ཁ་ཤས་ཀྱིས་གནའ་སྔ་མོ་བོད་དང་ས་འབྲེལ་ཡིན་པ་དྭོགས་བློང་ཡང་འདུག་པས་སོ། །
གོ་ཐོས་སུ་པཎ་ཆེན་རིན་པོ་ཆེ་རེབ་གོང་དུ་ཕེབས་སྐབས་དེ་ཕྱོགས་ནས་ཁོང་ལ་ལྗིད་ཚད་རྒྱ་མ་ཉིས་བརྒྱར་ཉེ་བའི་གོ་རེ་ཞིག་ཕུལ་སྟབས་ཁོང་གིས་དེ་ཉིད་འཛམ་གླིང་གི་གོ་རེ་ཆེ་ཤོས་སུ་ངོས་འཛིན་གྱིས་ད་སྐབས་འགྲེམས་སྟོན་ཁང་ཞིག་ཏུ་ཉར་ཡོད་སྐད་ཐོས་པའང་བདེན་ནམ།
ལོ་ཤས་སྔོན་ལྗང་བུས་བཟོས་པའི་གློག་བརྙན་ཞིག་ངས་ཧྥ་རན་སི་རུ་བལྟས་པ་ཡིན། དེའི་ནང་དན་ཏིག་གནས་མཇལ་ལ་ཕེབས་མཁན་ཚོས་གོ་རེ་ཤིན་ཏུ་ཆེ་བ་ཞིག་བཟོས་ཏེ་དགོན་པར་ཕུལ་བར་མཐོང་རྒྱུ་འདུག དེ་མིན་གྱི་ཨ་མདོའི་གོ་རེའི་དཔར་འགའ་གཤམ་གྱི་དྲ་བྱང་དུའང་འདུག
http://www.rgbm123.com/news/329/
ཨ་ཨ་ཨ། གོ་རེ་བཤད་ན་གོ་རེ་མི་དྲན་གི་ན་ཡུམ།
ར་རྫི་ལུག་རྫིར་འགྲོ་དུས་གོ་རེ་ཁ་རྟིས་གཡག་གི་སྣ་དཀྱིལ་འདྲ་འདྲ། རི་སྒང་ལ་ཅ་བསྐོལ་དུ་འགྲོ་དུས་གོ་རེ་བརྔོ་བླངས། ཕྲུ་གུ་སྐྱེས་པའི་བདུན་ཁ་གང་དུས་གོ་རེ་སྐྱ་རྟི་སླ་ང་ཁ་ལེབ་འདྲ་འདྲ།
ཞོགས་པའི་ནང་ཇ་འཐུང་དུས་གོ་རེ་ཅོང་རྡོག་ལུག་གི་བལ་འདྲ་འདྲ།
ད་རུང་གོ་རེ་ཡུག་་སེན། གོ་རེ་མ་རོ། གོ་རེ་ཅོན་ཅོན། གོ་རེ་ཚོད། སྐྱ་སྲེག
ད་རུང་གོ་རེ་་་་
ག་རེ་གོ་རེ་ཅང་མི་ཤེས butter nun ཤིན་ཏུ་ཞིམ།
ཨ་མདོ་གོ་རེ། གོ་རེ་ཟེར་བ་འདི་ཡུལ་སྐད་དམ། ཨ་རབ་ཁ་ཆེའི་མིང་ཚིག་ཅིག་ཡིན་མིན་ལ་དོགས་གནས་འདུག གང་ལྟར་ཨ་མདོ་གོ་རེ་དེ་ཨ་རབ་ཁ་ཆེ་ཚོ་ནས་ཆེད་ཡོང་བར་ཁུངས་འདུག མ་གཞི་ཨ་མདོ་གོ་རེ་གཅིག་བུ་མ་རེད། ཨ་མདོའི་རིག་གནས་མང་དག་ནང་ཁ་ཆེའི་རིག་གནས་འདྲེས་ཡོད་ས་མང་པོ་ཞིག་འདུག འདིའི་སྐོར་ལ་དོ་སྣང་བྱེད་བཞིན་ཡོད། རྗེས་ནས་སྐད་ཆ་བཤད་ཡ་ལ་འབད་བརྩོན་བྱེད་ཀི་ཡིན།
རོང་ང་ཚོས་གོ་རེའི་སྐོར་གླེང་ན། འབྲོག་པ་ཚོས་ཁ་རེ་འགུལ། མཆིལ་མ་རེ་མིད་སྡོད་པ་ལས་བཤད་རྒྱུ་ཅང་མི་འདུག
གོང་དུ་ཆོས་འཁོར་ཚང་གིས་བཤད་པ་ལྟར། སྔོན་མ་པཎ་ཆེན་རིན་པོ་ཐེངས་དང་པོར་མདོ་སྨད་ཀྱི་ས་ཕྱོགས་སོ་སོར་ཕེབས་སྐབས། རེབ་ཀོང་ཡིན་ནམ་གཙན་ཚ་ཡིན། ཅིག་ནས་གོ་རེ་ཧ་ལས་པའི་ཆེན་པོ་ཞིག་བཟོས་པ། པཎ་ཆེན་རིན་པོ་ཆེས་ཁ་ཁྲེ་ཞིག་ནང་བཞག་ནས་འཁྱེར་ཕྱིན་ཏེ། པེ་ཅིང་གི་འགྲེམ་སྟོན་ཁང་ཞིག་ཏུ་བཞག་པའི་གནས་ཚུལ་དེ་ཅིག་ནས་ཀློག་པ་ཡིན་ནམ་ཅིག་གིས་ཁ་བརྡ་བྱས་པ་ཡིན་གསལ་པོར་མི་དྲན། འཛམ་གླིང་ཐོག་གི་གོ་རེ་ཆེ་ཤོས་སུ་ངོས་འཛིན་གྱི་ཡོད་པ་རེད་ཟེར།
ཅི་རེད་དེང་སང་། ཝ་དང་བ། བག་ལེབ་སོགས་གླེང་ནས་དུས་ཚོད་འཕྲོ་རླག་གཏོང་འདུག་རྒྱུ་ཡིན་ནམ།
ངས་ནི་ག་རེ་འམ་གོ་རེ་འདི་སྐོར་མི་ཤེས་འདུག་ཀྱང་ཤེས་འདོད་ཏིལ་འབྲུ་ཙམ་ཡང་མེད། འབྲོག་མོ་ཚོས་ཁྲུས་མ་མྱོང་བའི་ལག་པ་ནག་རི་རི་དེས་བརྫིས་པའི་གྲོ་དེ་མེ་ཐལ་ནང་ལྗེན་པར་བཙོས་སྐབས་ཐལ་བ་དང་གྲོ་མཉམ་དུ་བསྲེས་ཏེ་སྦྱོར་བའི་ཟན་དེ་ཡིད་སྨོན་མ་སྐྱེས་ཐལ།
ཅི་རེད་དེང་སང་། ཝ་དང་བ། བག་ལེབ་སོགས་གླེང་ནས་དུས་ཚོད་འཕྲོ་རླག་གཏོང་འདུག་རྒྱུ་ཡིན་ནམ།
ངས་ནི་ག་རེ་འམ་གོ་རེ་འདི་སྐོར་མི་ཤེས་འདུག་ཀྱང་ཤེས་འདོད་ཏིལ་འབྲུ་ཙམ་ཡང་མེད། འབྲོག་མོ་ཚོས་ཁྲུས་མ་མྱོང་བའི་ལག་པ་ནག་རི་རི་དེས་བརྫིས་པའི་གྲོ་དེ་མེ་ཐལ་ནང་ལྗེན་པར་བཙོས་སྐབས་ཐལ་བ་དང་གྲོ་མཉམ་དུ་བསྲེས་ཏེ་སྦྱོར་བའི་ཟན་དེ་ཡིད་སྨོན་མ་སྐྱེས་ཐལ།
དེང་དུས་འཛམ་གླིང་ཤར་ནུབ་ཀྱི་ཟས་རིགས་ཅི་འདོད་འདོད་ཟ་རྒྱུ་ཡོད་བཞིན་དུ་ག་ར་གོ་རེ་ལ་མཆིལ་མ་མེད་དགོས་མིན་འདུག་གོ
ངའི་ཕ་ཡུལ་དུ་ལོ་གསར་སྐབས་ཞིན་ཟེར་བ་ཞིག་བཟོ་རྒྱུ་ཡོད། དེ་ད་ངོ་མ་ཞིམ་པོ་ཡིན་ད། རྒྱ་མི་ཚོས་དེ་ལ་ཙང་མེན་ཏེན་ཞིན་ཡིན་ན་ཅིག་ལབ་ནས་དགའ་བོ་བྱེད།
བཟོ་སྟངས་ནི། སང་ང་ཚ་བོའི་ནང་མར་བླུགས། དེ་ནས་གྲོ་མ་སྐམ་པོ་འཐག་པའི་གྲོ་ཞིབ་བླུགས། དེའི་ནང་ཕྱུར་ཞིབ་བླུགས། དེ་ནས་དེའི་ནང་བྱེ་མ་ཀ་ར་བླུགས། ཚང་མ་མཉམ་གཅིག་ཏུ་བསྣོག་ནས་ཡག་པོ་བརྔོས་རྗེས། གཞོང་པ་ཆེ་ཆུང་དང། སྡེར་མ་ཆེ་ཆུང་འདྲ་མིན་ནང་བླུགས་ནས་སྐག་གི་བཅུག་ཏེ་ཟ་བ་ཞིག་རེད། དེ་ཚོ་ཟླ་བ་དུ་མ་ལ་ཉར་ནས་ཟ་ཆོག སྐག་ཚར་བའི་རྗེས་ལ་དཔེ་མཁྲེགས་པོ་ཆགས་གི་རེད། རྗེས་སུ་དུམ་བུ་ཆུང་ངུ་མང་པོར་གསས་དགོས་ཚེ་གྲི་ལྟ་བུའི་ལག་ཆ་ཞིག་མེད་ན་ལས་སླ་པོ་མེད།
ལོ་གསར་སྐབས། ཁྱིམ་ཚང་གི་དགའ་ཉེ་སོགས་ལ་ལོ་སྐལ་སྐྱེལ་སྐབས། གོ་རེ་གཅུས་རིལ་མའམ་གོ་རེ་གཡིས་བཙོས་མ་འགའ་རེའི་མཉམ་ཞིན་གོར་གོར་རེ་བཞག་ནས་སྟེར། དེ་ནས་ཚུར་ཡང་དེ་ལྟར་སྟེར།
ཁྱེད་ཅག་གི་གོ་རེ་དང་ངེད་ཚོའི་བག་ལེབ་མི་འདྲ་བ་རེད་འདུག ང་ཚོས་ཞལ་ཏོག་གམ་ཁ་ཏོག་གི་གྲས། འབོ་རིལ་དང་འབོ་ལུག་འཁོར་ལོ། ཉ་གཤིབས། བོང་བུའི་ཨ་ཅོག བཀྲ་ཤིས་རྨུག་དུང་སོགས་བག་ལེབ་བམ། བག་གོར་ལ་གཏན་ནས་མི་བརྩི། ཁྱེད་ཚོས་དེའི་རིགས་གོ་རེའི་ཁོངས་སུ་བརྩི་བ་འདྲ།
སང་ང་ཟེར་ན་ག་རེ་རེད། འདིའི་མིང་ལ་ཟངས་སམ་ཡང་ན་ཟངས་ང་དང་སླ་ང་ཟེར་དགོས་པ་ལོས་ཡིན། རྙིང་ཤོས་དེ་ཟངས་ཡིན་རྒྱུ་རེད། ཁྱེད་ཀྱིས་བཤད་པ་དེ་ཞིན་ཡིན་ནམ་ཡང་ན་ཐུད་ཡིན། ངའི་ཕ་ཡུལ་ན་ད་དུང་ལོ་སར་སྐབས་སུ་གོ་རེ་སོག་སོག་ཟེར་པ་ཞིག་འདུག འདི་ལ་ཟོག་ཟོག་ཟེར་མཁན་ཡང་འདུག་མོད། ངས་བསམས་ན་སོག་སོག་ཡིན་རྒྱུ་རེད་འདོད་ཀི མཚོ་སྔོན་པོའི་གཡས་གཡོན་གྱི་སོག་པོ་ཚོས་ཀྱང་སོག་སོག་ཟེར་གྱི་འདུག་ལ། ཁོ་ཚོས་ཀྱང་སོག་སོག་རྒྱུན་དུ་བཟོ་ཡིན་འདུག
ང་ཚོས་ཀྱང་བོད་ཀྱི་ས་ཁུལ་འདྲ་མིན་གྱི་ཟས་རིགས་བཟོ་སྟངས་དང་ཟས་རིགས་ཅི་ཡོད་སོགས་ཀྱི་སྐོར་ལ་བསམ་ཚུལ་མང་ཙམ་བཤད་ན་བཟང་གི་འདོད། ད་དུང་རབ་བྱུང་ན་ཟས་རིགས་སྣ་ཚོགས་བཟོ་སྟངས་དེ་གལ་ཆེན་པོར་མཐོང་།
ཨེ་དཀོན་མཆོག་གསུམ། ད་ཡིན་ན་འདུག་གི་འཇུག་རྒྱུ་མ་ར། འགྲམ་པ་ཕྲ་མ་སོང་ན་གོ་རེ་གན།
འདི་ད་བརྗོད་བྱ་ཤིན་ཏུ་ཡག་གི ཁ་ཟས་སྐོར་འདི་འགྲོ་བ་མིའི་སྤྱི་ཚོགས་ཀྱི་འགྲོ་སོང་ཆེ་ཤོས་ཞིག་ཡིན་ཕྱིར། སྔར་ཁ་ཆེའི་ཆོས་ལུགས་གསར་བཏོད་སྐབས་སུ་ཡང་། རང་གི་ཁ་ཟས་གཙང་མ་ཡིན་པ་ལས། གཞན་གྱི་ཁ་ཟས་གཙང་མ་མིན་པར་ཆོས་ཕྱོགས་ནས་དགག་བྱ་བྱས་པ་འདིས་ནི། ཁ་ཆེའི་ཆོས་ལུགས་ཕྱོགས་ལ་དཔལ་འབྱོར་གྱི་སྲུང་སྐྱོབ་དགའ་ཅན་བྱས་ཡོད་པ་རེད།
དེ་བཞིན་དུ་དེང་སེང་ཡང་རྒྱལ་ཁབ་སོ་སོའི་ཟ་ཁང་གི་ཐོ་ལ་བལྟས་ན་ཟས་རིགས་མི་འདྲ་བ་ཉིས་བརྒྱ་སུམ་བརྒྱ་རེ་བརྩི་རྒྱུ་འདུག ང་ཚོས་ད་རུང་ཡང་ག་དུས་ཡིན་ན་ཡང་རྩམ་པ་དང་རྩམ་པ་ཟེར་ནས། གཞན་པའི་ཟས་ག་ཚོད་ཡོད་ན་ཡང་རང་ཉིད་ཀྱི་ཁ་ཟས་ལ་མ་བརྩིས་པ་དེས་དཔལ་འབྱོར་ཕྱོགས་ནས་རང་བཙན་ཤོར་འགྲོ་གི་ཡོད་པ་རེད། དེ་བས་ན་ཆོལ་གསུམ་རོང་འབྲོག་གཉིས་ཀྱི་ཁ་ཟས་བཟོ་སྟངས་ཀྱི་དེབ་དང་། དེ་བཞིན་དུ་ཟ་ཁང་གི་ཐོ་གཞུང་། དེ་བཞིན་དུ་ཟ་ཁང་ནང་དུ་ཡང་དེ་བཞིན་བཟོས་ན་ཡང་པོ་འདུག་བསམ། ཨ་རི་ནས་ཁ་ཆེ་ཁ་ཁས་ནས་གོ་རེ་བཟོ་གྲྭ་བཙུགས་འདུག ངོ་ནས་ཨ་མདོ་གོ་རེ་དང་འདྲ་བོ་འདྲ་རྐྱང་འདུག
ངས་མཐོང་བ་ཞིག་ལ་རྡ་རམ་ས་ལ་ནས་ཟ་ཁང་ཁ་ཤས་ནས་གོར་ཐུག་ཟེར་བ་ཞིག་བསྐོལ་གྱི་འདུག གོང་ཡང་ཆེ་སེ་འདུག སྒོར་༤༥ ཡིན་ན་ཅིག་རེད། དེ་ཚོ་ངོ་ནས་ཡག་པོ་རེད། འཐུང་མཁན་ཡང་མང་པོ་འདུག དེ་ནི་ཨ་མདོ་གཅན་ཚ་དང་རེབ་ཀོང་། དེ་བཞིན་དུ་ཧྭ་ལུང་། ཁྲི་ཀ་སོགས་ནས་སྐོལ་བཞིན་པའི་གོར་ཐུག་དེ་ག་རང་རེད།
ཡ་ད་ངས་གཤམ་ནས་བོད་ཀྱི་ཟས་རིགས་ཁ་ཤས་ཀྱི་ཐོ་གཞུང་བཟོ་རྒྱུ་ཡིན། དྲན་ན་ཁ་སྣོན་རྒྱོབས།
༡༽ གོ་རེ་སྐོར་ལ།
༡ ཟངས་སྐྱ། ༼འདི་ཅུང་ཟད་ཕེ་ཚ་དང་འདྲ་སེ་འདུག༽
༢ གཡིས་སྐྱ།
༣ སྐྱ་རབས།
༤ ཐལ་གོར།
༥ གོར་སྐྱ།
༦ སོག་སོག
༧ སྡེའུ་རིགས།
༨ གོར་དམར།
༩༽ ནས་ཕྱེས་གོ་རེ་ལ་ཡང་རིགས་འདྲས་བཅས་སོ།
༢༽ ཡང་རྩམ་པའི་སྐོར།
༡༽ ནས་ནག་རྩམ་པ།
༢༽ ནས་དཀར་རྩམ་པ།
༣༽ སན་བུའུ། ༼འདི་ནི་ནས་དང་ཟེར་མ། སོ་མ་ར་ཙའི་འབྲས་བུ་བཅས་ལས་འཐག་པ་རེད༽
༤ ཞིན། བཅས་སོ།
༣༽ ཐུག་པའི་སྐོར་ལ།
༡༽ འཐེན་ཐུག
༢༽ བག་དང་།
༣༽ སྒྲོན་བུའི་ཐུག་པ། ༼འདི་ལ་ལ་དྭགས་པས་སྐྱོ་མ་ཟེར་ཞིང་། སྟོད་པ་ཕྱོགས་ན་ཡང་མིང་གཞན་ཞིག་འདུག༽
ད་དུང་ཐུག་པའི་སྐོར་འདི་ལ་རྒྱ་ནག་དང་རི་པིན་གྱི་ལུགས་སྲོལ་ལྟར་བྱས་ན་ར་ཤ་ལུག་ཤ་དང་ཕག་ཤ་ཚགས་ཤ་སོགས་ཀྱི་དབྱེ་ན་མང་པོ་འབྱུང་པ་ཤེས་པར་བྱའོ།
༤༽ ཉོག་གི་སྐོར།
༡༽ ཟེར་ཉོག
༢༽ སྲེན་ཉོག
༣༽ ཡུང་ཉོག
༤༽ ཀྲུའུ་ཉོག ༼འདི་ནི་ནེ་པ་ལེ་ཤར་བའི་ཟས་མཆོག་དེ་དང་གཅིག་པ་རེད༽
ང་ཁ་ཟས་འདི་ཚང་མའི་ནང་ནས་དགའ་ཤོས་ནི་ཟེར་ཉོག་ཡིན། ངས་བསམ་ན་འཛམ་བུ་གླིང་གི་ཟ་མ་ཚང་མའི་ནང་ནས་མཆོག་ཏུ་གྱུར་བ་ནི་ཟེར་ཉོག་འདི་རེད། ཚང་མས་མུ་མཐུད་ཡིན་དྰ།
༡༽
༡༽དཀར་ཉོག ༢༽གཡེ་༼ཨ་མདོ་བས་སྣུམ་ལ་གཡེ་ཡིན་ན་ཅིག་ཟེར། དག་ཆ་མ་ངེས༽ཉོག
གོང་ན་གོ་རེ་ཡི་སྐོར་ལ་གླེང་མཁན་ཞི་ལུ་དེ་སུ་རེད། མ་གཞི་ནས་སུ་ཡིན་ན་ཡིན། ཁྱད་པར་མེད་དེ་། ང་བཤད་འདོད་པ་ནི་ཁྱོད་ཀྱིས་ཨ་མདོ་གོ་རེ་ཡི་སྐོར་ན་གླེང་བ་ཤིན་དུ་ལེགས་མོད་ཀྱང་། གླེང་སློང་གི་མགོ་བརྩོམ་ས་ཅུང་་ཙམ་དམའ་དྲག་འདུག་། སྣང་རའི་གོ་མོ་ཆེ་ནས་མགོ་འཛུགས་དགོས་པ་རེད་ཡ། འ་བུ་རྒོད་། སྣང་རའི་གོ་མོ་ཆེ་དེ་ཟླ་གཅིག་རིང་བཟོ་བས་ལྟ་གོན་བྱེད་ལ་བཟོ་མཁན་གྱི་བུ་མེད་དེ་དག་ཀྱང་རྟག་དང་བརྟེན་འབྲེལ་གྱི་ལམ་ནས་་ཐག་བཅོད་བྱེད། གྲོ་ཕྱེ་དོད་བོ མང་པོ་ཞིག་གི་བཟོ་བར་བཤད་ལ་ཐོག་མས་གོ་རེ་དེ་རྒྱ་དབང་ལྔ་བ་ཆེན་མོར་ཕུལ་ཚུལ་དང་དུས་ཡུན་རིང་པོ་ཞིག་ལ་ཕོ་ཏ་ལའི་ནོར་མཛོད་ཞིག་དུ་འཇལ་རྒྱུ་ཡོད་པར་ཨམ་མྱེ་ཀྱི་གནའ་གཏམ་ལས་གོ་མྱོང་། ལོ་རབས་བརྒྱད་ཅུ་ནང་་པཎ་ཆེན་རིན་པོ་ཆེ་ཆབ་ཆ་ལ་ཕེབས་དུས་རེད་། ཨ་མདོ་མང་འབའ་ཞ་གསུམ་དུ་བྱས་པས་ནང་གི་མང་ཞ་གང་རུང་ཞིག་ནས་རེད་ལ་གསལ་བོ་དྲན་གྱི་མི་འདུག་། གང་ལྟར་སྣང་རའི་གོ་མོ་ཆེ་ཞིག་སྲག་ནས་པཎ་ཆེན་རིན་པོ་ཆེར་འབུལ་དུ་ཁྱེར་འགྲོ་བ་ཐག་རིང་གི་ས་ནས་མཐོང་སོང་། གང་ལྟར་ཨ་མདོའི་གོ་རེ་དེ་དངོས་བོ་ཆུང་ཆུང་ཞིག་མེད་། འདི་ལ་ལོ་རྒྱུས་དང་སྲོལ་རྒྱུན་གང་གི་ཐད་ནས་ལྟས་ཀྱང་བཤད་མཁན་ཞིག་གི་བཤད་ན། བཤད་པས་རིན་ཐང་ཡོད་པ། འབྲི་མཁན་ཞིག་གིས་བྲིས་ན་འབྲི་རྒྱས་བརྗོད་བཞི་ལྡན་པ་ཞིག་རེད་། ང་ཚོའི་མི་ཐོག་འདིར་མཚོན་ན་ཡང་ཕྱི་རྒྱལ་ཡོ་རབས་དང་ཨ་རི་གླང་ཆེན་གཉིས་ན་ཡོད་པའི་ཨ་མདོའི་གསར་མང་པོ་ཞིག་མི་ཡུལ་དུ་འཚོ་བ་སྐྱལ་བས་གོམ་པ་དང་པོ་དེ་ཨ་མདོའི་གོ་རེ་ནས་བརྩམ་པ་ཡིན་པ་། ང་ཡང་དེས་ནས་གཅིག་ཡིན། ནད་པ་ནད་ལས་ཐར་ན་། སྨན་པ་སེམས་ནས་བརྗེད་མི་ཉན་ཡ་། འ་མྱི་ལྡིང་ཚོ།
གཏན་དཔེ་ཞིག་འཇོགས་། ཕོ་ཀླད་སྟོང་གིས་བློ་རྟ་ཁྱི་ལ་མི་རྩི། སྨ་ཀླད་སྟོང་གིས་གོ་སྦྲ་གོས་ལ་མི་རྩི། ཟེར་བ་ལྟར་བོད་རང་ཉིད་ལ་གང་ཡོད་པ་དེ་གོང་མེད་དང་རྩིས་མེད་། རྙིང་ཞེན། མི་རིགས་ཞིག་གིས་གང་བྱས་དང་གང་ཡོད་དེ་དག་ཡ་མཚན་དང་། ཡར་རྒྱས་། གསར་བསྟོད་དུ་འདོད་པ་ནི་ཕ་ཤུལ་བུ་མ་ཟིན་དན་རྟགས་རེད་། སྣང་རའི་གོ་མོ་ཆེ་ཡི་སྐོར་ནས་གསུང་དང་་་་་་
ཀོ་རེའི་སྐོར་མང་པོ་གླེང་འདུག ཀོ་རེ་རེ་རེའི་བཟོ་སྟངས་སྐོར་ལ་ཞིབ་ཚགས་གསུང་མཁན་འདྲ་ཡོད་ན་སྐྱིད་པ་ལ།
གོང་དུ་། སོག་སོག་དང་ལྡེའུ་རིགས། གོར་དམར་སོགས་ཀྱི་མིང་འགའ་འདུག ང་སྐྱེས་སའི་གྲོང་གསེབ་ཏུ་ལོ་གསར་སླེབས་ལ་ཉེ་དུས། སོག་སོག་དང་ལྡེའུ་རིགས།
གོར་དམར་སོགས་བཟོ་གི་རེད། ང་ཆུང་ཆུང་ཡིན་དུས། ལོ་གསར་མ་སླེབས་སྔོན་ལ་ལོ་གསར་གྱི་ཁ་ཟས་ལ་སྒུག་མྱོང་། གྲོང་པའི་བྱིས་བ་ཚང་མ་དེ་ལྟར་རེད།
ཁྱིམ་ཚང་གཅིག་གིས་ལོ་གསར་གྱི་ཁ་ཟས་སྔོན་ལ་བཟོས་ཚར་ན། ཁྱིམ་ཚང་དེའི་བྱིས་བ་ཚོས་གོར་དམར་འགའ་ལ་སོ་རྒྱག་ཞོར། སྡེ་བའི་སྲང་བར་ལ་རྩེད་མོ་རྩེད་གི་ཡོང་གི་རེད།
རོགས་པ་ཚོར་དེ་ནས་བགོ་བཤའ་རྒྱག་གི་རེད། གོར་དམར་གྱིས་བྱིས་བ་ཚོའི་ཁ་སྣུམ་ལོགས་སེ་གཏོང་གི་རེད། ས་རྡུལ་གྱི་བྱིས་བ་ཚོའི་གདོང་ནག་ངོར་སེ་བཏང་།
སྣུམ་གྱི་སྒང་ལ་ས་རྡུལ་དེ་ཚོ་འབྱར་འདུག་གི་རེད།
མི་རིགས་གཞན་གིས་་་
ཞ་་་་ཞ་་་ཞ་འདི་ཞ་ར་གི་ཞ་རེད་ལ། ཨ་རོ་ནེའུ་ལྡང་། བྱ་་་་་ཞ་ལ་ནོར་འདུག ཨོ་་་་་་་། ད་དུང་མང་འབའ་བྱ་གསུམ་སོགས་ས་ཆ་ལ་ལ་ན་བྱ་ཤ་ཟེར་བ་སྡེར་ཁའི་སྒང་ལ་འགེབ་རྒྱུ་ཞིག་ཀྱང་བཟོ་རྒྱུ་ཡོད་ཐལ། ཨ་་ཨ་་་ཨ་་་་་ད་དེ་ད་ཨ་ཡེ་བྱང་མ་ཞིག་མིན་ན་ཅིག་བཟོ་རྒྱུ་དཀའ་ཡ།
ཆུང་ཆུང་ཡིན་དུས་ཞིན་གྱི་རིགས་མང་པོ་ཟོས་མྱོང་། ཞིན་ལ་ཡང་རིགས་མང་།
གྱོ་ཞིན་དང་ཕྱུར་ཞིན། ད་དུང་གཞན་པ་ཡང་ཡོད། ང་གྱོ་མས་བཟོས་བའི་ཞིན་ལ་དགའ་།
ཕ་ཡུལ་གྱི་ལོ་གསར་རྫོགས་རྗེས་ཨ་ཕ་མཉམ་དུ་ཕྱིར་སློབ་གྲར་སོང་། དགེ་སློབ་ཚོས་ཨ་ཕ་ལ་ལོ་གསར་གྱི་བརྔན་པ་ཞིན་མང་པོ་འཁྱེར་ཡོང་གི་རེད། མཚམས་རེར་ཞིན་གཅིག་པོ་ཟ་མ་འདོད་ན།
ཞིན་དེ་བཞུ་བཅུག་ནས་དེའི་ནང་ལ་རྩམ་པ་བརྫིས་ནས་ཟོས་ན་ཡང་ཞིམ། ལོ་གསར་གྱི་རྗེས་སུ། རྫོང་ཐོག་ཏུ་སྡོད་མཁན་གྱི་སློབ་གྲོགས་མང་པོས་ཞོགས་ཇའི་ཚབ་ལ་ཞིན་འཁྱེར་ཡོང་གི་རེད།
ཞོགས་པའི་རང་སྦྱོང་གྲོལ་རྗེས། ང་ཚོས་མེ་དམར་ལྷོག་ལྷོག་ཏུ་འབར་བཞིན་པའི་ལྕགས་ཐབ་དེའི་མཐའ་བསྐོར། སོ་སོའི་ཞིན་དེ་རུམ་ནས་བཏོན། གྲི་ཆུང་ཆུང་ཞིག་གིས་ཞིན་དེ་གཏུབ་ནས་བགོ་བཤའ་བརྒྱབ།
མཚམས་མཚམས་ལ་སྡོད་མ་ཚུགས་ནས། དུམ་བུར་བཏང་བའི་ཞིན་ཆུང་ཆུང་དེ་། ལྕགས་ཐབ་ཀྱི་དུད་ཁུང་ངོས་ལ་བརླན་ཞོར་བྱས་ནས་ཟོས། དེ་ཡང་ཞིམ། མཚམས་རེར། ཞིན་གྱི་སྒང་གི་མར་དེ་ཟ་མ་འདོད་ནས།
མར་ཚང་མ་གྲིས་བླངས། ལྷག་མ་ཚང་མ་ཟོས། འཛིན་ཁང་གི་ཕྱི་ལོགས་སུ་གྲང་ངར་འུར་འུར་ལྡང་། རླུང་བུ་འཁྱག་སེ་བ་ཞིག་སྒེའུ་ཁུང་གི་སྲུབ་ཀ་བརྒྱུད་ནས་ནང་ལ་སླེབས། ང་ཚོས་ལྕགས་ཐབ་ཆུང་ཆུང་དེའི་མཐའ་བསྐོར།
ཞིན་ཆུང་ཆུང་རེའི་མགོ་ལ་སོ་རེ་རྒྱག་ཞོར་བསྡད། དེའི་ཡན་གི་སྐྱིད་ཅིག་མེད། ད་བྲིས་ན་རྫོགས་རྒྱུ་ཡོད་ནི་མ་རེད།
ཁྱོད་ཚོས་འདི་མོ་འདི་བཤད་ཀིན་མ་འདུག ངས་ཡུལ་དྲན་ནས་མི་བ་ཀི མྱི་རིང་མྱི་རྒྱུད། བྲིས་པ་དོན་པ།
བྱ་མདོ་ཡི་བྱ་ནི་་བ་ཡ་བཏག་བྱ་། གོ་སོང་ཡ་། ངས་བྱ་འདི་ད་། ཅིག་འབྲི་ཁུལ་བྱས་བ་རེད་མ་གཏོག་། ཅི་ཡང་ཤེས་ནི་་མ་རེད་ད། མྱི་ལྡིང་ཚོ་སྦྲ་ནག་རྒད་ལྡིང་ལ་མཉན་ཞོག་གོ་། ཡིག་ལོག་བྲིས་ནས་དོན་ལོག་གི་བུས་སོང་ན་ཁ་ལོག་མ་རྒྭག་འ་་་
ཁྱེད་ཚོས་ད་རུང་གོ་རེ་ཚོད་མ་དང་། གོ་རེ་ཅོང་རྡོག་མི་དྲན་ནི་རི། ཚོད་མ༼མོག་མོག༽ཅོང་རྡོག་༼རླངས་བཙས༽ཨ་ཨ་ཨ ཚོད་མ་ནང་གི་ཞིམ་ཤོས་ཀེའུ་ཚོད་དང་། དེ་ནས་ཤ་ཚོད། ལ་ཚོད། ཟ་ཚོད། སྒོང་ཚོད། ངའི་ཕ་ཡུལ་དུ་ཞོགས་ཁོག་ལ་སྒོང་རིལ་ཟེར་ལ་ཡུང་རིལ་ཡང་ཟེར།
ད་དུང་མར་བོགས། ཚིལ་བོགས། འདི་གཉིས་ནི་མར་དང་ཚིལ་ལ་ཚ་དང་བྱེ་མ་ཀ་ར་མཉམ་དུ་བསྲེས་ནས་བཟོས་བ་ཞིག་དང་ཕལ་ཆེར་་སྔོན་གྱི་ཚོད་མ་འདྲ་བ་ཞིག་ཡིན།
ད་རུང་་དཀར་ཚོད། དཀར་ཚོད་འདི་ནི་ང་རང་དགའ་ཤོས་ཡོད་ན་མེད་ན་དེ་ཡིན། ཤ་ནག་གྲུབ་བཞི་ཆུང་ཆུང་ཞིབ་ཞིབ་བྱས་ནས་གཙབ་ཏེ་ཕོ་བའི་ནང་མང་ཉུང་ཕྱེད་ཙམ་ནང་ཙོང་དང་། ཚ་དང་། གཡེར་མ་ལ་སོགས་པའི་བྲོ་རྫས་རིགས་བཏབས་རྗེས་ཤིང་ཐུར་གཉིས་ཕོ་བའི་ཐོག་འཕྲེད་དུ་འཇོག་པ་དང་། དེ་ནས་བྲོ་ཞིབ་རྫིས་མ་ལེབ་མོ་ཆེན་པོ་ཉིས་རྩེགས་བཀབས་ཏེ་རླངས་བཙོས་བཏང་ནས་ཟ་དགོས་པ་ཡིན།
ད་འདི་མོ་ཞིམ་པོ་ཞིག་རིག་རྒྱུ་མེད་ཡ། ཅིག་བྱས་ན་དྲ་གྲོགས་ཚོའི་ནང་ནའང་དཀར་ཚོད་འཐུང་མྱོང་ཡོད་མཁན་ཡོད་སྲིད།
བྲོ་ཞིབ་་་་་་་་གྲོ་ཞིབ་ལ་བཅོས།
ཞིན་དང་ཐུད་གཉིས་ཁ་ཁ་རེད། དེ་ནས་ད་རུང་ཡིག་ལུག་ཟེར་བ་ཞིག་བཟོ་རྒྱུ་ཡོད། དེ་ཡང་ཆུང་དུས་སུ་དགའ་ས་ཞིག་ཡུམ་མིན་ན། མར་གི་ནང་ཕྱེ་བརྔོས་ནས་སྣུམ་ཚུར་ཚུར་ཞིག་ཡོད། རྩམ་པ་སྣུམ་པོ་ཞིག་ལས་ཅུང་ལྷག་པ་འདྲ་ཞིག་ཡོད།
ངེད་ཚང་ཨ་མ་ཁོམ་གྱི་མེད་དུས་ཧུའུ་རྡང་སྐོལ་གི་རེད། ཁྲག་གི་ནང་ལ་ནང་ཁྲོལ་གྱི་རིགས་ཚང་མ་གཙབ་ནས་ཁྲག་དང་མཉམ་སྐོལ་གྱི་རེད། དེ་ཡང་ཞིམ་སེ་ཞིག་ཡོད། དབྱར་ཀ་བྲེལ་བ་ཆེ་སྐབས། མཚམས་མཚམས་ལ་ལྡི་རུ་སྐོལ་གི་རེད། ལྡི་རུ་དེ་དགའ་ས་ཞིག་རྩ་ནས་མིན། མ་ཁོམ་རེད་མ་གཏོགས་སུས་འཐུང་། ཤ་གཙབ་ཡོད་པའི་དྭངས་ནང་གྲོ་ཕྱེ་བླུག་གི་བླུག་གི་དཀྲུག་དཀྲུག་གཏོང་གི་གཏོང་གི་སྐོལ་བདེ་བོ་ཡོད་པ་རེད། ཤ་དང་བྲོ་སྨན་བཏབ་པའི་ལྡེ་གུ་ཞིག་ལས་ཅང་ཡོད་པ་མ་རེད།
ཐུག་པའི་ནང་ནས་རྒྱ་ཐུག་དེ་ཞིམ་པོ་ཡོད་ད། ལྷ་སས་ཕེན་ཟེར། ངའི་ཡུལ་དུ་དེ་ལ་རྒྱ་ཐུག་ཟེར། རྒྱ་མིའི་ཧྥུན་ཐང་སྐོལ་སྟངས་དང་འདྲ་བོ་ཡོད་པ་རེད། དེའི་ནང་ཤ་ལེབ་ལེབ་ཆེན་པོ་མང་པོ་གཙབ་ནས་འཐུང་ན་ཞིམ་པོ་ཡུམ་མེད་ན།
ད་དེ་ཚོས་ཅི་བྱེད། ཤེས་མཁན་ཞིག་ནས་སྣང་རའི་གོར་མོ་ཆེ་བཟོ་སྟངས་ཞིབ་ཚགས་ཤིག་ཕྲིས་དང་།
འོ་རྟགས་ལ་རྟེན་འབྲེལ་ཅན་གྱི་གོ་རེ་ཁ་རྟིས་གླེང་རྒྱུ་བརྗེད་འདུག གོ་རེ་ཁ་རྟིས་ནི་མ་གཞི་གོར་སྐྱ་དང་གཅིག་པ་རེད། དབྱིབས་ནི་སྤྱིའི་ཆ་ནས་གོར་གོར་ཡིན་པ་ལ། མགོ་ཡི་བཟོ་འདྲ་ཞིག་ཡོད་པ་རེད། མགོ་དེ་གཙོ་བོ་རྣ་འབྱོག་གཉིས་ལས་གྲུབ་པ་ཞིག་གི་བཟོ་ལྟ་ཡོད།
འོན་ཀྱང་མི་འདྲ་ས་ནི། དེ་རྟེན་འབྲེལ་མཚོན་བྱེད་ཀྱི་གོ་རེ་ཡིན། དེ་ཡང་བུ་མོ་ཞིག་མནའ་མ་འགྲོ་སྐབས་གོ་རེ་ཁ་རྟིས་ཁ་ཤས་འཁུར་དགོས་པ་རེད། དེ་ཡང་གནས་ཚང་ནས་བྱིས་པ་སྐྱེ་པའི་རྟེན་འབྲེལ་བསྒྲིགས་བཞིན་ཡོད་པ་རེད། ད་དུང་བྱིས་པ་ཚོ་འདི་ལ་ཤིན་ཏུ་ནས་དགའ་བས། བྱིས་པ་ཚོ་ཨ་མ་སྐྱེ་སའི་ཕ་མ་གཉིས་ལ་ལོ་སར་ལ་འགྲོ་སྐབས། ཨ་མའི་ཡུལ་ནས་བྱིས་པ་ཚོ་ལ་གོ་རེ་ཁ་རྟིས་ཆུང་ཆུང་རེ་སྤྲོད་དགོས་པ་རེད།
གོ་རེ་ཁ་རྟིས་འདིའི་རྐེའི་མཚམས་དེར་སྔོན་ཆད་ཡིན་ན་བལ་དཀྲིས་ནས་དཀོན་མཆོག་ལ་མཆོད་པ་དང་། མནའ་མ་གསར་བའི་བག་རོགས་ཀྱིས་འཁུར་དགོས། འོན་ཀྱང་ཕྱིས་སུ་སྐེ་ལ་ཁ་བཏགས་དཀྲིས་ནས་བྱེད་པ་ཡང་ཡོད་པར་གྱུར།
ཁ་བརྡ་དྲ་ཁང་ནང་ནས་སུ་ཞིག་འཆང་ས་རྒྱག་ན། ངས་མནའ་མ་དེར་གོ་རེ་ཁ་རྟིས་གཉིས་རེ་སྤྲོད་ཀྱི་ཡིན། གང་ཞིག་གི་རྟེན་འབྲེལ་ཡིན་པ་ཤེས་པར་གྱིས་ཤིག་ལོ།
དཀར་ཚོད་དེ་ཞིམ་མདོག་ཁ་བ་ལ། ངའི་ཕ་ཡུལ་དུ་ཨུག་ལུམ་ཟེར་བའི་ཞིམ་པོ་ཞིག་བཟོ་རྒྱུ་ཡོད། ཤ་འཐག་མའི་ནང་སྒོག་པ་དང་ཚ་གཡེར་སོགས་ཀྱི་བྲོ་རྫས་བཏབ་རྗེས། གྲོ་ཕྱེ་རྫས་མ་ལེབ་ཆེན་ཞིག་ནང་བཅུག་ནས་ཨི་ཁུང་དང་དབུགས་འགྲོ་ས་མེད་པ་བྱས་ཡོངས་སུ་བཏིམ་སྟེ་ཐལ་གོར་གྱི་བཟོ་འདྲ་ཞིག་བྱས་ནས་མེ་མུར་ནང་བཅུག་སྟེ་གང་འཚམས་ནས་བླངས་ཏེ་ཟ། གོ་བདེ་བར་བཤད་ན། ཤ་མོག་མོག་མགོ་འདྲ་བ་ཞིག་བཟོས། དེ་མེ་ནང་ལུམ་ལ་བཞག་པ་རེད།
གོ་རེ་སྐྱ་རྟི། འདི་ནི་ངའི་ཡུལ་དུ་གོ་རེའི་ནང་གི་ཚེགས་ཆེ་ཤོས་དེ་རེད། ཇི་ལྟར་བཟོ་ཞེ་ན།
གྲོ་ཕྱེ་ཀི་ལོ་བཅོ་ལྔ་ནས་ཉི་ཤུ་ཙམ་བརྫིས་ནས་ནང་དུ་མར་དང་། སྣུམ་དང་། འོ་མ་དང་། ཚ་དང་སྐྱུར་སོགས་མཉམ་དུ་བརྫིས་རྗེས་ཞིང་ནང་གི་ས་ཏོ་མང་པོ་མཉམ་དུ་མེ་བསྲེག་བཏང་བའི་མེ་རོའི་ཐོག་སྟེང་འོག་གཉིས་ལ་ཤོག་བུ་བཞག་ཏེ་མཐའ་སྐོར་ཡོངས་རྫོགས་མེ་རོས་གཡོགས། ཕལ་ཆེར་ཚོུད་ལྔ་དྲུག་་ཙམ་ལ་བཞག་་ན་མ་གཏོགས་འཚོས་ཐུབ་གི་རེད།
འཁུར་དགོས་བྱུང་ན། སླེ་བོ་ཆེན་པོ་ཞིག་གི་ནང་ལ་མི་ཤེད་ཅན་ཞིག་གིས་འཁུར་ནས་འགྲོ་གི་རེད།
བཟའ་སྐབས། སྐྱ་རྟི་གཅིག་གིས་མི་སུམ་བཅུ་ནས་བཞི་བཅུས་བཟས་ན་གྲོ་ཁོག་རྒྱག་གི་རེད།
ས་གནས་གཞན་གྱི་གོ་རེ་སྐྱ་རྟི་མཐོང་མྱོང་མེད་པས་གང་འདྲ་ཡོད་མེད་ཤོད་དཀའ།
རྣམ་པ་ཚོས་རང་རང་གི་གོ་རེ་སྐྱ་རྟི་དེ་ཇི་ལྟར་ཡོད་མེད་ཅིག་ཤོད་དང་།
འོ་ཡ། སྣང་རའི་གོར་མོ་ཆེ་བཟོ་སྟངས་ངས་ཆ་ལ་ཆོ་ལེ་ཞིག་བཤད་ཀྱི་ཡིན། ནམ་རྒྱུན་ཡིན་ན་དེ་བཟོ་བ་ལ་མི་སོགས་ལ་བལྟ་མི་དགོས་ན་ཡང་། པན་ཆེན་རིན་པོ་ཆེ་ཕེབས་གཅན་ཚ་ལ་ཕེབས་སྐབས། དེ་ནི་ཕལ་ཆེར་ ༡༩༨༢ ཡིན་ན་ཅིག་ཡིན་པ་ཡོད། སྣང་རའི་གོར་མོ་ཆེ་དེ་བཟོས་པ་ཕུལ་བ་རེད། དེ་ཡང་བཟོ་མཁན་བུད་མེད་དེ་ཚོའི་མིང་རྙིང་རྗེ་བོ་ཡོད་པ། གཟུགས་གཞི་སྙིང་རྗེ་བོ་ཡོད་པ། ད་དུང་འཆང་ས་རྒྱབ་ནས་ཁ་འཐོར་དུ་སོང་མ་མྱོང་བ་དེ་འདྲ་འདམས་ནས་རེད།
གོར་མོ་ཆེའི་རྒྱུ་ཆ། གྲོ་ཕྱེ་དེ་བསྐྱུར་བརྫིས་བྱེད་དགོས་པ་རེད། དེ་ལ་གྲོ་ཕྱེ་དང་། ཆུ། དེ་བཞིན་དུ་བསྐྱུར་བཅས་རེད། བརྫིས་ཟིན་པའི་བསྐྱུར་ལངས་པ་ན། ཤིང་ལེབ་ཤིན་ཏུ་ཆེན་པོ་ཆ་གཉིས་བཟོས་དེ། དཀྱུས་ན་ཕ་ཀ་ཡོད་དགོས་ནི་རེད། ཆེ་ཆུང་གི་ཚད་དེ་ཤིང་ལེབ་སྟེང་ནས་བུད་མེད་ཚོས་བརྡར་རྗེས་ཕོ་གསར་ཚོས་བཀྱགས་ཤིང་ལེབ་ཀྱི་མཐའ་ལ་འཇུས་ནས་སོང་དེ་ཁོད་བསྙམས་པའི་མེ་མུར་ནང་དུ་བཞག་དགོས་པ་རེད། དེའི་ནང་བཞག་པ་དང་ཤིང་ལེབ་ཀྱི་ཕན་ཚུན་ནས་འཐེན་ན་ཕ་ཀ་རང་སར་བཤིག་སྟེ། བརྡར་བའི་གྲོ་ཕྱེ་དེ་ཤིང་ལེབ་ཀྱི་དཀྱིལ་ནས་མེ་མུར་ནང་དུ་ག་ལེར་ཟགས་འགྲོ་གི་རེད། དེའི་རྗེས་ནས་སྟེང་དུ་ཡང་མེ་མུར་འགེབས་དགོས་པ་རེད། སྟེང་གི་མེ་མུར་བཀས་ནས་བརླངས་པ་དུ་འཐེན་གྱི་ཁ་ནས་དུ་བ་རྒྱང་རྒྱང་བྱེད་དུས། ད་རུང་ཚོས་ཡོད་པ་མ་རེད། དེ་རྗེས་སུ་བརླངས་པ་ཅུང་ཟད་འཇམ་འགྲོ་དུས་དེ་ནས་ཚོས་ཟིན་པ་རེད། དེ་ནས་ཡང་ལེན་དགོས་པ་རེད། བླངས་ཚར་དུས་ཅུང་ཟད་ཅུང་ཟད་འཚིག་ཡོད་པ་རེད། འཚིག་རོ་དེ་ཚོ་རྡོ་རྩོན་པོ་ཞིག་གིས་བྲད་དེ་ཁ་ཏོག་ཆ་མཉམ་པོ་བཟོ་དགོས་པ་རེད། དེ་ནས་འགྲིག་པ་རེད།
མེ་མུར་དེ་གཙོ་བོ་སྤང་ས་བཀོག་ནས་མེ་བཟོ་དགོས། དེ་བས་ནས་ངས་བསམ་ན། ༼སྤང་བཀོག་རྒྱུ་དེ་ཡག་པོ་ཞིག་ཏུ་མི་མཐོང་།༽ སྤང་ས་དེ་ཚོ་མེ་ལ་བསྲེགས་པ་ལ་ས་ཧྲེག་ཟེར་གྱི་རེད། དེ་ཡང་ཐོག་མར་སྤང་ས་བཅད་ནས་དེ་རྐམ་པོ་ཆགས་ན་ས་ཧྲེག་བརྩིགས་དགོས་པ་རེད། སྤང་ཐོ་འམ། སེང་ཐོ་ཟེར་བ་དེ་རེད། སྤང་མཆིན་པ་འདྲ་བོ་བཅད་ཡོང་ནས་ས་ཧྲེག་བརྩིགས་ན་མགྱོགས་སུ་མེ་མུར་ཆགས་པར་མ་ཟད། མེ་མུར་དེ་ཤིན་ཏུ་ཚ་སྙོམས་འགྲིག་པོ་ཡོང་གི་རེད།
སྤྱིར་གོར་མོ་ཆེ་འདི་བསྲེགས་པའི་ས་གནས་མང་པོ་ཡོད་པ་རེད། གཅན་ཚ་ཉིན་སྲིབ། རེ་ཀོང་། ཁྲི་ཀ མིང་འབའ་བྱ་གསུམ། སྒོ་མེ་ཕྱོགས་ཁག་བཅོ་བརྒྱད། ༼པན་ཆེན་རིན་པོ་ཆེ་ཕྱིས་སུ་ཆབ་ཆ་ཕེབས་དུས། སྒོ་མེ་ནས་གོར་མོ་ཆེ་བསྲེགས་ནས་ཕུལ་བ་རེད་ཟེར་ནས་གོ་མྱོང་།༽
མདོ་ཁམས་པ་དྲིན་ཆེན་པོ། གོ་རེ་སྐྱ་རྟི་དང་གོར་སྐྱ་གཅིག་པ་རེད། གོར་མོ་ཆེ་ཟེར་བ་ཡང་བཟོ་སྟངས་གཅིག་པ་རེད། ཆེན་པོ་བཟོ་དགོས་ན་སྣུམ་དང་ཆ་མང་པོ་རྒྱག་ཉན་ནི་མ་རེད། འཐོར་འགྲོ་ནི་རེད།
མདའ་ཚན་པའི་རྡི་རི་དེ་ངས་བཤད་པའི་བག་དང་རེད། བྱིས་པ་ཚོ་མི་དགའ་ས་གཅིག་བུ་དང་། རྒན་འགོ་ཚོ་དགའ་ས་གཅིག་བུ་དེ་རེད། སྔོན་མ་རྡི་རི་ཟེར་གི་ཡོད་ས་རེད། འོན་ཀྱང་ ༡༩༦༡ རྗེས་སུ་ཀུང་ཁྲན་ཏང་གི་ཧྲི་ཐང་བཙུགས་སྐབས་དེའི་མིང་འགྱུར་ནས་བག་ཐང་ཟེར་གྱི་ཡོད་པ་རེད། དེ་ཡང་ཆུ་རྐྱང་ནང་དུ་ལྡུམ་པུ་ཁ་ཤས་གཡུག་དེ། དེའི་ནང་དུ་གྲོ་ཕྱེ་ཅུང་ཟད་དཀྲུགས་ནས་ཁོལ་རྗེས་མི་རེ་ལ་སྐྱོག་གང་རེ་སྤྲོད་ཀྱི་ཡོད་པ་རེད། དེ་ནང་སྣུམ་མེད་པ་དང་། ཀར་པོ་མེད་པ། སོགས་ཀྱི་རྐྱེན་བྱས་ས་གནས་མང་པོར་དེ་ལ་བག་དྭངས་སམ་བག་ཐང་ཟེར་གྱི་ཡོད་པ་རེད།
གནའ་སྔོན་མའི་སྐོལ་སྟངས་ལྟར་ནང་ན་བླུགས་དགོས་པ་བླུགས་ན་ལོ་ལོ་ཚོ་ཞེ་གི་དགའ་ནི་རེད། ཞ་ཡེ་ཚོ་རྩ་ནས་དགའ་ནི་མ་རེད།
དཀོན་མཆོག་རྐམ་པོས་དཀར་ཉོག་དང་། མདའ་ཚན་པའི་དཀར་ཚོད་བཟོ་སྟངས་འདྲ་བོ་རེད། བརླངས་བཙོས་རེད། འོན་ཀྱང་རྒྱུ་ཆ་ཅུང་མི་འདྲ། དཀར་ཚོད་ནང་དུ་ཤ་དང་ཚལ་རིགས་རེད། དཀར་ཉོག་ནང་དུ་གྲོ་ཕྱེའི་སྡེ་གུ་དང་ཤ་ཚིལ་བཅས་དཀར་ཡོལ་ནང་བླུག་རྗེས་ཁོན་སགས་ནང་དུ་བརླངས་བཙོས་བྱེད་དགོས་པ་རེད། འདི་རིགས་འཕྲོད་རྟེན་ལ་ཤིན་ཏུ་ཕན་པའི་ཟས་རིགས་རེད།
འདི་ཆོ་ཟ་རྒྱུ་འཐུང་རྒྱུ་ཟིག་ག་གཏུགས་ན་ད་སུ་ངར་ཡིན་ཡ། བརྒྱགས་མེད་ཚོ། ལྡ་རྒན་ཚོ།
ཨ་རོགས་ཆ་ཁ། ཟས་རབས་བཤད་ན་ལྡ་རབས་རེད། སྐྱེས་རབས་བཤད་ན་རྒས་རབས་རེད་་་་་ དོ།
གོ་རེ་ཁ་རྟི།
གོ་རེ་ཁ་རྟི་ནི་ཟོས་ན་ཞིམ་པ་ཙམ་མ་ཟད་ཁ་དོག་དང་བཟོ་ལྟ་ཡང་སྙིང་རྗེ་མོ་ཡོད། ཆུང་དུས་ཟོག་རྫིར་འགྲོ་དུས་གྲོ་གར་གོ་རེ་ཁ་རྟི་མེད་ན་འགྲོ་གི་མིན་ཟེར་ནས་ཨ་མར་ལེ་བདའ་ཡང་ཡང་བྱེད་པ་དེ་འདྲ་རེད།
དེ་ནི་ཞོགས་པ་སྔ་བོར་ཨ་མས་ནང་ཇ་བསྐོལ་ཞོར་དུ་ཐབ་ཁོང་ནང་ལྕགས་གཞུང་ཚ་བོ་བཟོས་ཏེ་ནང་ལ་བསྲེག་པ་རེད། ནང་ཇ་འཁོལ་བ་དང་མཉམ་དུ་གོ་རེ་ཁ་རྟི་ཡང་ཏག་ཏག་འཚོས་ཚར་གི་རེད།
དེར་རྒྱུ་ཆ་དང་བྲོ་བ་རྒྱུན་གཏན་གཅིག་པ་ཡིན་ན་ཡང་། དབྱིབས་དང་བཟོ་ལྟ། ཆེ་ཆུང་སོགས་མི་འདྲ་བ་རེད། མཚམས་མཚམས་ལ་ཀོར་ཀོར་སྣ་དཀྱིས་འདྲ་མ། མཚམས་མཚམས་ལ་མནར་མནར་ལོ་མ་འདྲ་བ།
མཚམས་མཚམས་ལ་སྒོང་སྒོང་སྒོ་ང་འདྲ་མ་ཡང་ཡིན།
ཨ་མ་ནི་གོ་རེ་བཟོ་རྒྱུར་དོ་སྣང་ཤིན་ཏུ་ཆེ་སྟབས་དུས་ཆེན་དང་ལོ་སར་སྐབས་སུ་དམིགས་བསལ་གྱིས་བཟོ་དབྱིབས་རྣམ་པ་སྣ་ཚོགས་བཟོ་གི་རེད། དཔེར་ན། གོ་རེ་ཁ་རྟི་བུམ་པ་འདྲ་འདྲ། གོ་རེ་ཁ་རྟི་ཉི་མ་དང་ཟླ་བའི་དབྱིབས་འདྲ་འདྲ། གོ་རེ་ཁ་རྟི་བཀྲ་ཤིས་རྟགས་བརྒྱད་ཀྱི་བཟོ་ལྟ་འདྲ་འདྲ་སྣ་ཚོགས་མང་པོ་བཟོས་ཏེ་རྟེན་གྱི་དྲུང་དུ་མཆོད་ཤོམས་ཡིད་དུ་འོང་བ་དེ་འདྲ་བསྒྲིགས་གི་རེད།
རྩོམ་ཡིག་འདིའི་ཁ་བྱང་ལ་འགྲིག་པའི་ལོ་རྒྱུས་ཤིག་ཡོད། དེ་ནི་གནའ་སྔོན་མ་ཨ་མདོ་དེ་ཚོ་ལྷ་སར་སློབ་གཉེར་ལ་ཡོང་དུས་ལོ་ལམ་ཟླ་ལམ་ལ་རྐང་ཐང་ལ་ཡོང་པས། ལྷ་ས་སླེབས་དུས་སྐྱོ་བོ་ཡོད་པ་རེད། སྐུ་དྲག་སེམས་བཟང་ཞིག་གིས་ཨ་མདོ་ཕྱོགས་ལ་སྦྱིན་པ་གཏོང་གི་འགྲོ་དགོས་དྲན་ནས། གཏོར་སྐམ་དང་། བག་ལེབ་སྐམ་པོ། རྩམ་པ་བཅས་མང་ཙམ་གསོགས་ནས་ཨ་མདོ་ཕྱོགས་སུ་བསྐྱོད་པ་རེད། པན་ཆེན་ཞིང་སྡེ་ལ་སླེབས་པ་ན། ཨ་མདོ་ཕྱོགས་ཀྱི་གོ་རེ་དང་འཚོ་བའི་ཕྱོགས་གཅིག་མཐོང་པ་རེད། དེ་ནས་ཁོ་ངོ་ཚ་ནས་གཏོར་སྐམ་སོགས་གཡུག་ནས་ཕྱིར་ལྷ་སར་ལོག་པ་རེད་ཟེར།།
ད་ཆུང་དུས། དབྱར་ཀ་བེའུ་རྫི་བྱས་ནས་ཁྱིམ་ལ་གོབས་ཆོད་ན། ངས་ཨ་མས་འོ་དཀྲུག་ལས་གི་རེད། ཨ་མས་འོ་དཀྲུག་ནམ་ཞིག་ལ་ལས་ན་བསམ་ནས་ཡང་ཡང་འདྲི་མྱོང་། དེ་ནི་འོ་མའི་ནང་གྲོ་ཕྱེ་བླུགས་ནས་དཀྲུག་དཀྲུག་བཏང་། གྲོ་ཕྱེ་འབག་འབག་ཆགས་ཏེ་འདམ་བག་ནང་བཞིན་ཆགས་སྐབས། ཐོམ་བུ་ཆུང་ཆུང་ཞིག་གི་ནང་ལེན་གི་ལེན་གི་སྣུམ་ཁོལ་མའི་ནང་བླུགས། ཚོས་པ་དང་ཚུར་འདོན་པར་བྱེད། ཆེ་ཆུང་བྱིས་པ་ཞིག་གི་ཁུ་ཚུར་འདྲ་བ། མི་ཆེན་ཞིག་གི་མཐེ་བོང་འདྲ་བ། གཡག་རྒོད་ཅིག་གི་མིག་འབྲས་འདྲ་བ། ཕོ་གསར་ཞིག་གི་མཇེ་མགོ་འདྲ་བ། ནར་ནར། འབྱོང་འབྱོང་། གོར་གོར། མཐུག་པོ། སྲབ་བུ་སོགས་དབྱིབས་དང་ཆེ་ཆུང་འདྲ་མིན་དུ་ཡོང་། གོ་རེ་གཡིས་གོར་ལས་དེ་ལྡབ་འགྱུར་གྱིས་ཞིམ་པོ་ཡོད་པ་རེད། གཡིས་གོར་མཁྲེགས་སེ་བ་ཞིག་དང་བཟས་ན་ཧྲིག་སྒྲ་གྲག། འོ་དཀྲུག་དེ་ལྟར་མིན་པར། ཕྱིའི་མདོག་དེ་སྣུམ་ནང་བསྲེག་པས་སྣུམ་གོར་དང་ཚོས་མདོག་གཅིག་ནའང་། དབྱིབས་འདྲ་མིན་དང་ནང་ལོགས་སོབ་སོབ་ཡོད་པ་རེད།
འོ་འབྱོག་ཟེར་བའི་བྱིས་པ་ཆུང་བ་ཚོར་སྟེར་རྒྱུ་ཞིག་ཡོད། དེ་འོ་མའི་ནང་རྩམ་པ་དཀྲུག་ནས་ཉོག་ཉོག་བྱས་ཏེ་ཟ། རྩམ་འབྱོག་ལས་ལྷག་ཙམ་ཡིན་པ་ཙམ་ཡིན། དབྱར་ཀ་ཚ་བ་ཡོད་སྐབས་བྱིས་པ་ཚོ་དགའ་ས་ཞིག་དང་། ཟ་མ་སྟབས་བདེ་ཟ་ཆོག་ཆོག་ཅིག་ཡིན།
ཐུད་དང་གྲོ་མ་འདི་ཚོ་ཕྱི་རྒྱལ་ནས་བཙོང་ཐུབ་ན་སྒོར་མོ་ག་ཚོད་འདོད་འདོད་ཅིག་ལེན་ཆོག་ས་རེད། ཁྲིན་ཏུའི་བོད་ཟས་ཁང་ཚོའི་ནང་ན་གྲོ་མ་མར་ཁུ་འཚོང་གིན་འདུག དཀར་ཡོལ་ཆུང་ཆུང་གཅིག་གི་གང་ལ་རྒྱ་སྒོར་བཅོ་ལྔ་རེད། གོང་ཧ་ཅང་ཆེན་པོ་རེད། ཁྲིན་ཏུ་ནས་ཀྱང་གསོལ་མགྲོན་ཆེན་པོ་བྱེད་མཁན་ཚོ་མ་གཏོགས་དེ་ཟ་ཐུབ་ཀྱིན་མི་འདུག སྤྱིར་ན་གྲོ་མ་འདི་དཀོན་དྲགས་ནས་ཁྲོམ་ར་ལ་ཕུད་རྒྱུ་ཞིག་ཁག་པོ་རེད། གྲོ་མ་འདི་རྨོ་ཐུབ་ན་ཡག་ས་རེད། ཞུན་འདི་སྣུམ་ཆེ་དྲགས་ནས་ཕྱི་རྒྱལ་བ་ཚོས་ཟ་ཐུབ་མི་ཡོང་བསམ། གལ་སྲིད་ཞུན་བཙོང་བསམ་ན་བཟོ་ལྟ་སྙིང་རྗེ་བོ་ཆུང་ཆུང་དེ་འདྲ་བཟོས་ན་དགའ་ཡོང་།
མདའ་ཚན་པ་འདི་བཤད་གི་བཤད་གི་བྱིས་པ་ཆགས་ཡོང་གི་འདུག ང་ཆུང་ཆུང་སྐབས་སུ་གསར་བུ་ཞེས་པའི་མིང་འདི་ལ་ཆགས་མཁན་ཞིག་རེད། འོ་དཀྲུགས་ཟེར་བ་དེ་ཚོ་བྱིས་པའི་ཟ་རྒྱུ་རེད་ཟེར་ནས་ཟོས་མེད། མི་ཞིག་གིས་ཡ་གསར་བུ་ཞེས་བོས་ན། རང་ཉིད་ཀྱི་སྐད་མི་སྦོམ་ན་ཡང་སྦོམ་པོ་བྱས་ནས་ལན་འདེབས་ཀྱི་རེད། ངའི་ཨ་ཕ་དེས་མི་ཞིག་ལ་ང་ངོ་སྤྲོད་བྱེད་སྐབས། ངེད་ཚང་གི་གསར་བུ་ད་སྟག་ནང་བཞིན་ཡོད་ཟེར་ན་དགའ་ནས་བསྡད་ཟིག ངའི་ཨ་མས་ང་ལ་དུས་ནམ་ཡང་གསར་བུ་ཞེས་འབོད་མ་མྱོང་། དེ་བས་ན་ཆུང་ཆུང་སྐབས་སུ་ང་ཨ་མ་ལ་མི་དགའ། ཨ་མས་ཟ་རྒྱུ་ཞིག་སྤྲད་ན་ཟ་གི་མེད། ཨ་ཕས་ཡ་ད་གསར་བུས་སྟག་ཤ་རས་ཟ་ཟ་བྱེད་རྒྱུ་རེད་ཟེར་ན། དེ་ནས་དབུགས་ལེན་ཐུབ་མི་ཐུབ་པར་དུ་ཟ་རྒྱུ་རེད། བྱིས་པའི་སེམས་ཁམས་ཟེར་ནོ་ད་ཡ་མཚན་རེད་ཡ། ད་རུང་ཨ་མས་བཟོས་པའི་གོ་རེ་ཚང་མའི་ནང་སྙིང་ཟོས་ན་ལོ་ལོ་སོ་མེད་ཀྱི་ཟ་རྒྱུ་རེད་བསམ་ནས། གོ་རེ་ཚང་མའི་མཐའ་ནས་སྐོར་དེ་ཟོས་ཟིག དེའི་ཆེད་དུ་མཚམས་མཚམས་ལ་ཨ་མ་མགྲོན་པོ་ཡོང་ན་ཟ་མ་སྔོན་ལ་འཇོག་སྲོལ་མེད་ཀི་ཟེར་ནས་ཨ་ཕ་ལ་རྡུང་རེས་རྒྱག་གི་རེད། ཨ་ཕ་ངེད་ཚང་གི་གཟའ་དཔོན་གི་ཟོས་སོང་ན་བཀོད་པ་ཡོད་ནི་མ་རེད་ཟེར་ན། ངོ་ནས་རང་ཉིད་གཟའ་དཔོན་ཡིན་པའི་སྣང་བ་ཤར་ཟིག
ད་དེ་རིང་གི་ཟ་མ་ཚང་མའི་ནང་ནས། སྣང་རེའི་གོར་ཆེན་ལ་ཨང་དང་པོ་སྟེར་གི་ཡིན།
ལོ་རྒྱུས་ཀྱི་རིན་ཐང་ལྡན་ཞིང་རྟེན་འབྲེལ་གྱི་མཚོན་བྱེད་གོ་རེ་ཁ་རྟིས་ལ་ཨང་གཉིས་པ་སྟེར་གི་ཡིན།
ད་ངོ་ནས་ངེད་ཚོ་ལོ་ལོན་གི་ཡོད་ས་རེད། ཕ་ཡུལ་གྱི་ཟ་རྒྱུ་འཐུང་རྒྱུ་དང་། ཕ་ཡུལ་གྱི་ཙ་ག་ཙུག་གེ་བཤད་ན་བཤད་རྒྱུ་མང་ནོ་ལྟོས་ར། ང་ཆུང་ཆུང་སྐབས་སུ་ལོ་ལོན་དེ་ཚོ་ཚོགས་ནས་ཨ་ཡེ་ལོ་ལོན་དེ་ཚོས་མང་ཆེ་ཤོས་ཀྱིས་༥༨ དང་༥༩རྒྱ་འདི་བ་ཚང་གསར་བ་ཡོང་དུས་དང་། ཡང་༦༢ཟ་མ་དཀའ་ངལ་ལོ་དེ་དུས་སོགས་ཀྱི་གནས་ཚུལ་རྫོགས་རྒྱུ་མེད་པ་བཤད་རྒྱུ་ཡོད། རྒད་པོ་ལོ་ལོན་དེ་ཚོས་ཁོ་ཚོ་ཆུང་ཆུང་སྐབས་སུ་རྒད་པོ་ཅིག་ཅིག་ཇག་ལ་སོང་ཚུལ་དང་། ཨ་ཁུ་ཐབས་མཁས་སོགས་བན་དེ་ཆུང་ཆུང་སྐབས་སུ་ནས་ཨ་མྱེས་ཁ་རི་དང་མཉམ་དུ་རི་དྭགས་རྔོན་གི་སོང་རབས་བཤད་ནས་ཚར་རྒྱུ་ཟིག་མེད། ད་ངེད་ཚོ་ལོ་ལོ་དེ་ཚོའི་གོ་འཕངས་ཐོབ་ཡོང་གི་ཡོད་ས་རེད། འདི་མོ་འདི་བཤད་ན་དགེ་བ་ཟིག་རེད། ཧཧཧཧཧ
ད་མིང་ཚིག་ཁ་ཤས་ཀྱི་སྐོར་ཁ་བརྡ་ཞིག་བྱེད་དགོས་བསམ།
༡ གོ་རེ་ནི་ཕལ་ཆེ་བ་གོར་གོར་ཡིན་པའི་ཆ་ནས་དབྱིབས་ལ་ལྟོས་ཏེ་མིང་བཏགས་པ་ཞིག་ཡིན་པ་འདྲ། གོར་གོར་ཡིན་པས་གོར་རེ་དང་། དེ་སོར་ཡང་དུ་ཆགས་ནས་གོ་རེ་ཞེས་ཐོགས་པ་མ་ཡིན་ནམ།
༢ སྐྱ་རབས་ཟེར་བ་དེའི་དག་ཆ་སྐྱ་སྲབ་ཡིན་དགོས་པ་འདུག ཁ་སྐད་ལ། སྐྱ་ཧྲབ་ཟེར། ཡང་ར་སྒྲ་ཤུགས་ཆེ་བ་བྱས་ནས་སྐྱ་རབས་ཟེར་མཁན་ཡང་ཡོད་པ་འདྲ། ཡིག་སྐད་ནང་གི་སྲ་ལ་ཨམ་སྐད་དུ་ཧྲ་ཟེར། ཉིན་ཧྲིབ། ཧྲ་མོ། ཧྲིང་མོ། ཧྲུང་མ། ཧྲན་མ། ཧྲུ་མོ། མྱེ་ཧྲེག ཧྲང་ལམ། ཧྲབ་མཐུག སྒ་ཧྲབ་ལྟ་བུ་རེད། ཡིན་ནའང་། ཡི་གེ་འབྲི་སྐབས། སྲ་ཞེས་བྲིས་ན་ལེགས་པར་མཐོང་།
༣ གཡིས་ཟེར་བ་དེ་ནི་རྒྱ་སྐད་ཀྱི་ཡུག་ཟེར་བ་དེ་ཟུར་ཆག་པ་འདྲ།
༤ སྣ་དཀྱིས། གོར་དཀྱིས་ཟེར་བ་དེའི་དག་ཆ་ནི་གཅུས་ཡིན་དགོས་པ་འདྲ། བཟོ་ལྟ་གཅུས་རིལ་ཐེབས་ཡོད་པས་དེ་ལྟར་ཐོགས་པ་འདྲ། གཅུས་གཟེར་ཟེར་བ་ལྟ་བུ་རེད། ཡང་རྟ་ཁ་དཀྱུས་ཟེར་བ་འདི་འདྲ་ཡང་འདུག དེ་གཉིས་ལས་གཅིག་ཡིན་པ་འདྲ།
༥ ལྡེའུ་རིགས་ཟེར་བ་ནི། རྡེའུ་རིགས་མ་ཡིན་ནམ། ཆེ་ཆུང་རྡེའུ་འདྲ་བ། ཁྲ་ཁྲ་ཡག་པ་རྨ་རྡེའུ་འདྲ་བ་དེ་ཚོ་ཆེ་ཆུང་ལ་ལྟོས་ཏེ་བཏགས་པ་མིན་ནམ་སྙམ།
༦ ཞིན་དེ་ཡང་། སྤོབས་པ་ལྟར་ཞུན་བྲིས་ན་ལན་པོར་མཐོང་། ངས་བསམ་བློ་མ་བཏང་བར་བྲིས་པ་ཡིན། མར་བཞུས་པའི་ནང་བཟོས་ཏེ་ཞུར་མར་བྱེད་པས་སོ།
༧ ཨ་མདོའི་སྐད་དུ། ཤ་གསས། ཤིང་གསས་ཟེར་བ་དེ་ཡང་གསེས་མིན་འགྲོ་བསམ། ནང་གསེས་ཟེར་ན་ཆ་ཤས་ཆུང་ངུའི་དོན་ཡིན་པའོ། ཤ་གསས་ཟེར་ནའང་། ལྷུ་རེ་རེ་བྱས་ཕྲལ་ཏེ་ཆ་ཤས་ཆུང་ཆུང་མང་དུ་བྱེད་པའོ། ཡིན་ན་ཡང་། ཏན་ཏན་མེད། དཔྱད་གཞིར་ཕུལ།
༨ སན་བུའུ་ཟེར་བ་འདི་ག་རེ་རེད། རྒྱ་སྐད་འདྲ་བོ་ཞིག་འདུག་ག
༩ གོང་གི་ཧུའུ་རྡང་ཟེར་བ་དེའང་རྒྱ་སྐད་མིན་འགྲོ་བསམ། ཧུའུ་ཐང་ནས་ཟུར་ཆག་པ་མིན་ནམ་སྙམ།
༡༠ རྡི་རི་དེ་ངས་ནོར་འདུག་ལྡུར་རུའམ་ལྡུ་རུ་ཡིན་དགོས་པ་འདུག གདུས་ནས་ལྡུར་ལྡུར་ཆགས་པའི་ཐུག་པ་ཡིན་པས་ཕྱིར།
འབའ་མང་རའི་གོ་རེ་ཞུམ་ནི་རེད་ཡ་།
འབའ་མང་རའི་གོ་རེ་ཞུམ་ནི་རེད་ཡ་།
ང་མདང་དགོང་གཉིད་ཁུག་རྗེས་སུ་ཁྱོད་ཚོས་ངས་ཤེས་པ་ཚང་མ་ཡང་བཤད་ཟིན་འདུག་ག མཆན་བུ་རེ་རེ་ཞིབ་ཏུ་བཀླགས་པ་ཡིན། སྣོན་པ་རྒྱག་ས་ཆེར་མཐོང་མ་སོང་། འོན་ཀྱང་གོང་ནས་དཀོན་ཅོག་སྐམ་པོས་མང་འབའ་བྱ་གསུམ་ན་བྱ་ཤ་ཟེར་བའི་སྡེར་ཁའི་ཐོག་ཏུ་འགེབ་རྒྱུ་ཞིག་ཡོད་རབས་ཆ་ལེ་ཆོ་ལེ་ཞིག་བཤད་འདུག དེའི་མིང་ལ་ཞབས་ཞ་ཟེར་བ་རེད། ཞིན་པ་ལ་དཔེ་མེད་པ་ཞིག་ཡོད། ཕྱི་གླིང་བ་དེ་ཚོ་ཡ་མཚར་གྱིན་འདུག ང་སྔོན་མ་ཕ་ཡུལ་ན་ཡོད་དུས་Mexico ཡི་གྲོགས་པོ་ཞིག་ཡོད། 1994 ཡིན་པ་ཡོད། ལོ་སར་སྐབསས་སུ་ཁོང་ངེད་ཚང་ལ་ཁྲིད་པ་ཡིན། ཞབས་ཞ་རིག་ཚེ་ཧང་སངས་བཞིན་ཀྱུག་རིལ་བྱས་ཏེ་བདུན་བརྒྱད་ཅིག་ཟོས་སོང་། ང་ཚོ་ནམ་རྒྱུན་ཞབས་ཞ་གཉིས་ནས་གསུམ་ཟོས་ན་མང་སོང་རྩིས་ཀི་རེད། ཁོས་བདུན་བརྒྱད་ཅིག་ཟོས་སོང་བས་ངའི་ཕུ་བོས། ད་ལྟོས་དང་མགོ་སེར་འདི་རྙིང་ཤུར་བརྒྱག་གི་རེད་ཟེར། ཏག་ཏག་ནམ་གུང་ཞིག་ལ་མགོ་སེར་གྱིས་ང་སྒུལ་བཞིན་གཉིད་དཀྲོགས་སོང་། ཁོའི་གྲོད་ཁོག་ན་བཞིན་འདུག་ཟེར། ངས་ཁོ་གསང་སྤྱོད་དུ་ཁྲིད་པ་ཡིན། དངོས་གནས་རྙིང་ཤུར་བརྒྱབས་སོང་། ཉི་མ་གཉིས་ལ་རྙིང་ཤུར་བརྒྱབས་སོང་ལ་ཁ་ཟས་ཅི་ཟ་ཐཏུབ་མ་སོང་། གྲོད་ཁོག་བདེ་ལ་བབས་ཚེ་ཡང་བསྐྱར་ཞབས་ཞ་ཟ་མགོ་ཚུགས་སོང་། ཞིམ་པ་ལ་ཚད་མི་འདུག་ཟེར།
ད་ངས་ཞབས་ཞ་བཟོ་སྟངས་གང་ཤེས་ཤིག་བཤད་ཡ། ཞབས་ཞ་བཟོ་བར་ཐོགས་མར་སྣོད་ཆེ་ཆུང་རན་པ་ཞིག་གི་ནང་དུ་ཆུ་དྲོ་འཇམ་དང་དེའི་ནང་དུ་སྣུམ་ཅུང་ཙམ་བླུགས། ཙོང་སྔོན་པོ་ཞིབ་ཏུ་གཙབས་ཏེ་ནང་དུ་བླུགས། ༼འདི་ཞབས་ཞ་ཡི་མདོག་ཡག་པོ་ཡོང་ཆེད་དང་བྲོ་བ་ལྡན་ཆེད་ཀྱང་ཡིན།༽ཚྭ་རན་པོ་ཞིག་བརྒྱབས། ༼ལ་ཤོས་ཀྱིས་ནང་དུ་ཤ་སྣག་དང་ཚིལ་ཅུང་ཙམ་ཡང་གཙབས་ཀྱི་རེད། འདི་རིགས་ལ་དམར་ཞབས་ཟེར།༽དེ་ནས་ནང་དུ་གྲོ་ཕྱེ་གདུག་བཟིན་དཀྲུགས་དཀྲུགས་གཏོང་དགོས། དེ་ཡང་ཆུ་ཆུ་འདྲ་བཟོ་བ་ལས་འབག་འབག་ཡིན་དྲག་ན། ཞབས་ཞ་འཁྲེགས་པོ་ཡོང་གི་རེད། དཀྲུགས་དཀྲུགས་ཡག་ཐག་ཆོད་ཅིག་བཏང་སྟེ་ཅུང་གར་བོ་ཡིན་ཚེ་ཁྲོ་ཟངས་ཡིན་ན་རབ་དང་དེ་མིན། དེང་སང་གི་རྫས་སླང་ནང་དུ་ནག་པོ་བྱུགས་ཡོད་པ་དེ་ཡག་པོ་ཡོད། མེ་རན་པོར་བཏང་སྟེ་དེའི་ནང་དུ་སྣུམ་ཅུང་ཙམ་བྱུགས་རྗེས། སྐྱོགས་ཀྱིས་བཅུས་ཏེ་ཟངས་ཀྱི་མཐའ་སྐོར་ནས་ནང་དུ་མང་ཉུང་རན་པར་བླུགས་ཏེ་སྲབ་མོ་ཆགས་སུ་འཇུག་དགོས། ༼འདིའི་སྲབ་མཐུག་རྒྱ་གར་གྱི་དྷོ་ས་དང་གཅིག་པ་འདྲ་ཞིང་དྷོ་ས་ནང་བཞིན་འཁྲེགས་པོ་མིན།༽སྐྱོགས་ཀྱིས་བླགས་མི་བཟང་བར་དཀྱིལ་དང་ཟུར་དག་ན་གོར་གོར་མིན་པ་དང་ཁ་མ་གང་ས་ཡོད་སར་ཁེམ་བུས་བླུགས་ཏེ་གོར་གོར་དང་ཁ་གང་བར་བཟོ་དགོས། མཐའ་སྐོར་སྣུམ་ཅུང་ཙམ་བླུགས། དེ་ནི་ཞབས་ཞ་ཟངས་ཀྱི་ནང་དུ་མི་འབྱར་བའི་ཆེད་དུ་དང་སྣུམ་དེ་ཞབས་ཞའི་ནང་དུ་སིམ་དགོས་པ་ཡིན། ཅུང་ཙམ་ནས་ཚོས་ཡོད་སྙམ་ཚེ་ཟངས་ལས་ལག་པས་བླངས་ཏེ་སྡེར་མའི་ནང་དུ་སྣུམ་ཅུང་བྱུགས་ཡོད་པ་ཞིག་གི་ནང་དུ་ཞོགས། དེ་ལྟར་འཕྲོ་གཅིག་ལ་བླུགས། གཅིག་ཐོག་གཅིག་ལ་བརྩེགས་ཏེ་ཞབས་ཞ་བརྒྱ་ཚར་རེ་རྒྱག་མཁན་ཡང་ཡོད། འདི་ང་ཚོའི་ཕ་ཡུལ་གྱི་ཟས་མཆོག་ཅིག་རེད། ལོ་སར་དང་གཉེན་སྟོན། ཡང་ན་དགོན་པའི་ཨ་ཁུ་ཆ་བོ་དབྱར་གནས་ལ་བཞུགས་འདུག་སྐབས་སུ་ཡང་ཞབས་ཞ་༼དཀར་ཞབས་ཁོ་ན༽བརྒྱབས་ནས་འཁྱེར་གི་རེད། ང་ཆུང་དུས་དགོན་པའི་དབྱར་གནས་སྐབས་སུ་ཞབས་ཞ་འཁྱེར་མྱོང་ཡོད། དེ་དུས་རང་ཉིད་ལའང་ཞབས་ཞ་བཟོ་དུས་ཡུལ་ནས་ཟ་རྒྱུ་ཡོད་ལ་དགོན་པར་སོང་ནའང་ཨ་ཁུ་ཚོས་ཞབས་ཞ་གཅིག་སྟེར་གི་རེད། དེའི་བྲོ་བ་ད་དུང་ཡང་བཤད་དང་ན་ལྕེ་སྟེང་ལ་འཁྱིལ་ཡོང་གི
ཉོག་གི་སྐོར་གཞོན་ནུ་ཟླ་མེད་ཀྱིས་བཤད་དང་ཐལ། གཅིག་རང་རེད། འོན་ཀྱང་ཉོག་ལྷག་མ་ཟ་སྟངས་ཤིག་ཡོད་ཡ། ཉོན་ལྷག་སོང་ན་སང་ཞོགས་ཟ་གི་རེད། ཐ་ཁུང་དུ་བསྲེགས་ཏེ་ཟ་གི་རེད། ཟངས་ཀྱི་ནང་དུ་སྣུམ་ཅུང་ཙམ་བྱུགས་ཏེ་དེའི་ནང་དུ་བསྲེགས་ཏེ་ཟས་ན་ཁ་སང་གི་ཉོག་ལས་ཀྱང་ཞིམ་སྣང་སྟེར་གི་རེད། ཉོག་ཟ་དུས་ཚང་མས་རྔམས་བཞིན་ཟ་གི་རེད། ཉོག་ཟ་དུས་ཁ་དཔེ་ཞིག་ཡོད། “ཉོག་འཁྱགས་པ་ཧྲ་༼བཟང༽།འཁྱགས་དབང་རང་གིས་མི་སྟེར། ”
ཨ་ཡོ་ཤེད་གཟིག་ག ད་དུང་ཉོག་ཆུ་ཡི་སྐོར་ཡོད་ནི་རེད། ཡ་ད་གཞན་ཞིག་གིས་ཉོག་ཆུ་ཡི་སྐོར་ཤོད་དང་། ང་ཐང་ཆད་བཏང་གཟིག
ཡ་ད་ཅི་ཟེར་རེ་གོ ཚང་མས་ངའི་ཡུལ་ན་ཡོད་པ་དེ་ཞིམ་པོ་རེད། ངའི་ཡུལ་ན་ཡོད་པ་དེ་ཞིམ་པོ་རེད་ཅེས་བཤད། སོ་སོའི་ཁ་ལ་ཞིམ་པ་དེ་གཞན་ལ་ངོམས་ནས་ག་རེ་བྱེད། གལ་ཏེ་སྲིད་པ་ཁྱི་རྒན་ཞིག་གིས་སྐད་ཆ་བཤད་ཤེས་པ་དང་ཡི་གེ་འབྲི་ཤེས་པ་ཡིན་ན། ཁྱི་རྒན་དེས་འདིར་ངའི་ཡུལ་ན་སྐྱག་པ་ཟེར་བ་ཞིག་ཡོད། དེ་དཔེ་ཞིམ་པོ་རེད་ཅེས་བཤད་ན་ཁྱེད་རྣམ་པོ་ཚོ་དངོས་ནས་གད་མོ་མི་ཤོར་གྱི།
རྒྱལ་བ་རིན་པོ་ཆེས་གསུངས་པ་ནང་བཞིན་གྲོད་ཁོག་ལྟོགས་པའི་དུས་སུ་ཟོས་ན་ག་རེ་ཡིན་ན་ཡང་ཞིམ་པོ་མཐོང་གི་རེད། ཁྱེད་རྣམ་པ་ཚོས་གོང་དུ་ངའི་ཡུལ་ན་འདི་ཞིམ་པོ་ཡོད་འདི་ཞིམ་པོ་ཡོད་ཅེས་བཤད་པ་དེ་ཚོ་ཚང་མས་ཁྱེད་རང་གྲོད་ཁོག་ལྟོགས་པའི་དུས་ཟོས་པ་ཡིན་ཚོད་འདུག
ཡང་གཅིག་བསམ་བློ་གཏང་ན་ཞིམ་པོ་ཞེས་པའི་ཚད་ག་འདྲས་ཅིག་ལ་ངོས་བཟུང་དགོས་སམ།
སན་བུའུ་དེ་དག་ཆ་ནོར་བ་འདྲ། ཟན་བུ་ཟེར་བ་ཡིན་ས་རེད། དབུས་སྐད་དུ་ཟན་གོང་ཟེར་བ་ཡོད་ལ་ཟན་གོང་ནོ་བོད་སྐད་ཤིན་ཏུ་རྙིང་བ་དེ་འདྲ་མིན་འགྲོ་བསམ། གཏོ་བྱས་ཀྱི་དཔེ་ཆ་དེ་འདྲ་ན་མིང་ཚིག་འདི་ཤིན་ཏུ་མང་གི།
ཡ་ང། ཤ་ཚ། ད་ས་མཐའི་མི་འཁྱམ་འདི་ཚོས་ཕ་ཡུལ་ན་ལུས་པའི་ཨ་ཁུ་ཨ་ཉེ་སྐྲག་མོ་དྲན་གྱི་ཡོད་
ས་རེད།
ཨོ་་་་་ཉོག་ཆུ་བཟོས་ཟེར་ནས། དེ་ད་ལས་སླ་བོ་རེད། ཆུ་དྲོད་འཇམ་གྱི་ནང་ལ་ད་ར་བླུག་ནས་དཀྲུགས་དཀྲུགས་ཡག་ཐག་ཆོད་ཅིག་བྱས་བཏང་ན་ཉོག་ཆུ་རེད། ཨ་རོ་་་་་་་་་བཟོད་རྒྱམ། བྱ་ཤ་མ་རེད་ཞབས་ཤ་རེད་ཟེར་བ་འདིར་ཁྱོད་ལ་ཁུངས་གཏུགས་ས་འདྲ་ཅང་ཨེ་ཡོད། ཨ་ཤུ་རེ་ཁོ། ངའི་འཁྲིས་འདིར་དག་ཡིག་གསར་བསྒྲིགས་འདྲ་ཡོད་རྒྱུ་ན་ཅི་མ་རུང་།
དཀོན་མཆོག་སྐམ་པོའི་གསུང་དེ་བདེན་པ་རེད། ཁ་བརྡའི་དྲ་ངོས་འདིར་དགེ་རྒན་དག་ཡིག་གསར་སྒྲིག་དང་ཁ་ཐག་རིང་བས་སློབ་ཕྲུག་གསར་བུ་་འཁྱམ་པོ་གང་མང་ཞིག་ལ་འབྲི་རྒྱུའི་བརྗོད་བྱ་མང་ཡོད་ཀྱང་། རྗོད་བྱེད་དག་ཆ་སོགས་ཀྱིས་མ་ལྕོགས་པས་དཀའ་ངལ་འཕྲད་བཞིན་འདུག ང་ཡང་དེས་ནང་གི་གཅིག་རེད་ད།
ཡ་་་་་ འོ་ན་ད་ངས་ར་གཅིག་བཤད། ང་ཆུང་དུས་ལུག་རྫིར་འགྲོ་དུས་ཆེས་དགའ་ཤོས་དེ་གོ་རེ་སྐྱ་རབས་དང་གོ་རེ་གཡིས་སྐྱབས་གཉིས་ཡིན། སྤྱིར་གོ་རེ་སྐྱ་རབས་ནི་སྐྱབས་ཐུག་སྐོལ་སྤྱད་རེད། སྐྱ་རབས་བཟོ་རྒྱུ་ནི་ཧ་ཅང་སྟབས་བདེ་ཡིན། དེ་ལ་སྐྱིར་བསྙིལ་རྒྱུ་སོགས་དེ་འདྲ་ཅི་ཡང་བྱེད་དགོས་པ་མ་རེད། ཐད་ཀར་གྲོ་ཕྱེ་བརྫིས་ཏེ་སྲ་མོར་བརྡལ་རྗེས་ཁྲོ་ཟངས་ནང་སྲེག་ན་དེ་རེད། དེ་ཅུང་མཁྲེགས་པོ་ཡོད་པས་ཟོས་ན་ཁ་ནང་ནས་ཧྲག་སྒྲ་གྲགས་ཀྱི་རེད། དེ་ཧ་ཅང་སྣང་བ་སྐྱིད་པོ་འདྲ་ཞིག་ཡོད། མཚམས་མཚམས་ལ་ནངས་དུས་སྔ་མོ་ལུག་བརྫིར་འགྲོ་རན་ལ་ཡོད་དུས་ཨ་མར་གོ་རེ་སྐྱ་རབས་མི་སྲེག་ན་ལུག་བརྫིར་འགྲོ་གི་མེན་ཞེས་སྙོག་དྲ་བཤད་ཀྱི་ཡོད། དེ་ལྟར་བྱས་ན་ཨ་མས་རེམ་མོར་གོ་རེ་སྐྱ་རབས་བཅུ་གྲངས་རེ་སྲེག་གི་རེད། དེ་འཁྱེར་ནས་ལུག་བརྫི་གྲོགས་པོ་དག་དང་ལྷན་དུ་སུའི་ཁ་ནང་ནས་ཧྲག་སྒྲ་ཆེན་པོ་གྲགས་ཀྱི་འདུག་འགྲན་བསྡུར་བྱེད་ཀྱི་རེད། ཧ་ཅང་སྐྱིད་པོ་ཡིན། ཡུལ་དུ་ཡོང་ན། མཚམས་རེར་ཨ་མར་ནུབ་ཚར་སྐྱབས་ཐུག་སྐོལ་ཅེས་སྙོག་དྲ་བཤད་ན་ཨ་མས་ཁ་ཐོག་ལ་འཇོག་གི་རེད། སྐྱབས་ཐུག་ནི། འོ་མའི་ནང་དུ་ཆུ་ཅུང་ཟད་་བླུགས་ཤིང་དེ་འཁོལ་རྗེས་ནང་དུ་ཚ་རན་པོ་ཞིག་བརྒྱབ་པ་དང་། དེའི་ནང་གོ་རེ་སྐྱ་རབས་དེ་ཚོ་དུམ་བུ་བཅག་སྟེ་སྐོལ་ན་དེ་ག་རང་རེད།
ད་ཕ་ཡུལ་གྱི་གོ་རེ་ཚོའི་མིང་རེ་བཤད་ན། གོ་རེ་སྐྱ་རབས། གོ་རེ་གཡིས་སྐྱབས། གོ་རེ་སྣ་བཅུས། གོ་རེ་ཟངས་གོར། གོ་རེ་ལྕགས་སྲེག འདི་ལ་རིགས་སྣ་མ་སྣ་ཚོགས་ཡོད། གོ་རེ་ཟི་ཞུན། འདི་ཕལ་ཆེར་བོད་སྐད་རྣལ་མ་ཞིག་ཡིན་མིན་མི་ཤེས་ལ་དག་ཆ་ཡང་མི་ཤེས། བཟོ་སྟངས་ནི་སྐྱུར་བསྙལ་བའི་ནང་སྣུམ་དང་ཀ་ར་གང་མཚམས་བརྒྱབ་རྗེས་གཡིས་ཀྱི་ནང་བཙོ་གི་རེད། བཟོ་ལྟ་ནི་མགོ་སྔ་གཉིས་རྡོག་རྡོག་ཆུང་ཆུང་དང་དཀྱིལ་ལེབ་ལེབ་ཆེན་པོ་ཡོད། སྟེང་དུ་རི་མོ་ཤུར་མོ་མང་བོ་ཡོད་པ་ཞིག་ཡིན། གོ་རེ་སོག་སོག གོ་རེ་ཁ་རྟིས། གོ་རེ་སྐྱ་རྟིས། གོ་རེ་གཡིས་གོར། གོ་རེ་སོ་ལུག ནས་ཕྱེ་གོ་རེ། འདི་ལ་ཡང་རིགས་ཁ་ཤས་ཤིག་ཡོད། གོ་རེ་ཟངས་སྐྱབས། གོ་རེ་རྣ་ལུ། གོ་རེ་ཆུ་རྟིས། གོ་ཁྲོ་སྐྱབས། ཨ་རོ་ཤུ། ད་ཐང་ཆད་ཀི། ད་རྣམ་པ་ཚོས་ཁ་སྐོང་རེ་བྱོས་དང་། ཨོ་་་་་ གོང་ནས་མང་ཆེ་ཤོས་ཤིག་བཤད་ཚར་འདུག་ག
ཨ་ཨ་་་་་་་་་ གོ་རེ་འདི་བཤད་རྒྱུ་མིན་རྒྱུ་ན། ང་དེ་རིང་འདིར་ཐོན་རྒྱུ་རེད་ན་གོ་རེ་གན།
ཨོ་་་་ གལ་ཆེ་ཤོས་ཤིག་བཤད་རྒྱུ་ལུས་སོང་ཟིག གོ་རེ་དཀྲི་གོར། ཨ་རོ་ཆ་བོ། དཀྲི་གོར་ཡི་དག་ཆ་ཅིག་ཞིག་ཡིན་ཐལ། གོ་རེ་འདི་ལས་ཞིམ་ཞིག་ཕལ་ཆེར་འཛམ་བུ་གླིང་ན་མེད་ཡ་་་་
དཀོན་ཅོགསྐམ་པོ་ལགས། ངས་ཞབས་ཤ་ཡང་ཟེར་མེད་ཡ། ཞབས་ཞ་ཟེར་ནས་བྲིས་ཡོད་ཡ། དག་ཡིག་གསར་བསྒྲིགས་ནང་ན་ཡོད་ཀྱི་མ་རེད་འདོད་ཀི ཁུངས་གཏུགས་སའང་ཅང་མེད། ངས་ཞབས་ཞ་ཞེས་བྲིས་དོན་ཟངས་ཀྱི་ཞབས་ལ་ཁུ་དང་དེ་བླགས་ནས་ཆགས་པས་དང་། སྡེར་ཁ་སོགས་ཀྱི་ཐོག་ཏུ་ཞྭ་ལྟར་གཡོག་ནས་བཞག་པས་ན་ཞབས་ཞ་ཟེར་ནས་བྲིས་པ་ཡིན། ང་ཚོའི་ཕ་ཡུལ་ནས་ཞབས་ཞ་ཞེས་པའི་སྒྲ་གདངས་ཀྱང་འདོན་གྱིན་འདུག དེ་བས་དེ་ལྟར་དུ་བྲིས་པ་ལས་གཞན་ཁུངས་དག་ཡིག་གང་རུང་ཞིག་ལ་གཏུགས་ནས་བྲིས་པ་མིན་ལགས།
ཡང་གོང་ནས་ཁྱེད་ཀྱིས་ཉོག་ཆུ་ཞིག་བཟོས་འདུག ཉོག་ཆུ་དེ་དེ་འདྲ་ཞིག་ཡིན་རྒྱུ་མ་རེད་འདོད་ཀོ ཉོག་ཆུ་བཟོ་བ་ལ་ས་ཁུལ་རེ་ལ་མི་འདྲ་བ་རེ་ཡོད་སྲིད། དེ་ཡང་ཞུན་ཧྭ་ཀ་རིང་ས་ཆའི་ཉོག་ཆུ་དེ་འདི་འདྲ་ཞེས་བཟོ་གི་འདུག ལ་ཕུག་གི་ཁ་ལོ་སྐམ་བསྡད་ཡོད་པ་༼ཁོ་ཚོས་ལ་ཕུག་ཁ་ལོ་ཉེར་ཚགས་བྱས་འདུག་༽དེ་ཆུའི་དུ་བསྐོལ་རྗེས་ནང་དུ་ཚ་བྲོ་ཙམ་བཏབ། དེའི་དུ་སྣུམ་ཡང་ཅུང་ཙམ་བླུགས་ཏེ་བཤར་ཁུ་འདྲ་ཞིག་བཟོས། དེའི་ནང་དུ་སྔོ་ཚལ་ཏེ་ཙོང་སྔོན་པོ་དང་ར་སྒོག་གཙབས་ཏེ་ནང་དུ་བཏབ། དཀྲུགས་དཀྲུགས་ཡག་ཐག་ཆོད་ཅིག་བཏང་རྗེས་ཉོག་དཀར་ཡོལ་དུ་བླུགས་པའི་དཀྱིལ་ཀོང་ཀོང་བཟོས་པའི་ནང་དུ་བླགས་ཏེ་ཉོག་ཟ་བར་བྱེད། ངའི་ཕ་ཡུལ་གཅན་ཚའི་ཕྱོགས་ནས། སྒོག་པ་བརྡུངས་པ་སྣུམ་ལ་བསྲེགས་རྗེས་ནང་དུ་སི་པན་ཅུང་བཏབ་པ་དང་། དེའི་ནང་དུ་ཆུ་འཁོལ་ཅུང་བླུགས་པས་གར་བོ་འདྲ་བཟོས་པ་ཉོག་ཆུ་བྱེད། ཉོག་ཆུ་རབ་དེ་ར་སྒོག་བྱེད་ཀྱི་རེད། རི་མགོ་ནས་བཏུས་ཡོང་བའི་ར་སྒོག་ནི་བྲི་བ་ཆེ་ཞིང་སྒོག་དྲི་ཡང་གཞན་ལས་ཆེ། ར་སྒོག་ཞིབ་བར་གཙབས་པ་སྣུམ་ལ་བསྲེགས་རྗེས་ནང་དུ་ཆུ་འཁོལ་ཅུང་བླུགས། ཉོག་དཀར་ཡོུལ་དུ་བླངས་པའི་དཀྱིལ་ཀོང་ཀོང་བཟོས་པའི་ནང་དུ་ར་སྒོག་གི་ཉོག་ཆུ་བླུགས་ནས་ཟོས་ན། ཟོས་དྲག་ནས་གད་ནོ་མི་ཤེས་ཟེར། དེ་བས་”ཉོག་ཟོས་ནས་གད་ནི་མང”ཞེས་ཁ་དཔེ་འདྲ་བཤད་ཀི་རེད།
དྲ་གྲོགས་ཚོ། ཨ་མདོའི་བག་ལེབ་ཀྱི་མིང་ལ་བརྟེན་ནས་བག་ལེབ་མང་པོ་ཞིག་གི་མིང་གོ་སོང་། ད་དེ་འདྲའི་བག་ལེབ་ཚོ་ཟ་རྒྱུ་ནི་རག་ས་མ་རེད། དེ་བས་ང་ལ་དོགས་དྲི་ཞིག་ཡོད་པ་དེར་ལན་ཞིག་གསུངས་རོགས།
དཔལ་སྤྲུལ་རིན་པོ་ཆེའི་ཞལ་ད་ལུགས་གཉིས་སྙིང་བཅུད་ནང་དུ། ཕར་འཁོར་གྱི་ཀ་ལི། །ཚུར་འཁོར་གྱི་རོགས་ལི། །ཟེར་བ་ཞིག་འདུག་པ་དེའི་དོན་གང་ཡིན་ནམ། ངོ་མ་འདི་ཨ་མདོ་བའི་གཏམ་དཔེ་ཞིག་ཡིན་པ་རེད། གཏམ་དཔེ་དེའི་དོན་གང་ཡིན་གོ་ཚུགས་མ་སོང་།
ཨ་མདོ་བ་རྣམས་ཀྱིས་ཅི་ནས་ཀྱང་གསུངས་རོགས་ཞུ།
དེའི་དོན་ཤེས་རྒྱུར་ང་ལ་དཔེ་མི་སྲིད་གལ་ཆེན་པོ་འབྱུང་ཡོད།
ཨ་རོགས་བཟོད་རྒྱམ་ཁྱོས་བཤད་ནོ་ལ་ཕུག་གི་ཁ་ལོ་སྐམ་པོའི་ཉོག་ཆུ་བཟོ་སྟངས་དེ་གཅན་ཚ་ན་ཡང་ཡོད་ནི་རེད་ཀོ ཁྱོས་སྐ་ཕུག་དང་། བྲག་ཁང་སྣ་ཁ། སྣུབ། སྐྱི་ལེ། བོད་བྱ་ཚང་། རྒྱ་བྱ་ཚང་དེ་ཚོ་ཚང་མ་གཅན་ཚའི་ཁུངས་ལ་བརྩིས་མི་འདུག་ཀ ལ་ཕུག་ཁ་ལོ་སྐམ་པོ་དེ་ནི་དེང་སང་ཕྱི་རྒྱལ་ན་ཀོ་རི་ཡའི (kamchi) ཟེར་ནོ་དེ་ཡིན་ནི་རེད་ཀོ ཡུལ་སྐད་དུ་བསྐྱུར་རོ་ཟེར། དེ་ཐོག་མར་བསྐྱུར་ལ་བསྙལ་ནས་བསྐྱུར་རོ་བཟོས་རྗེས་སྐམ་ཡོད་ནི་རེད། བསྐྱུར་ལ་དགའ་མཁན་རིགས་ལ་དེ་བྲོ་བ་ཆེན་པོ་ཡོད་པ་རེད།
ད་དུང་ཁྱོས་བཤད་མི་དགོས་པ་ར་སྒོག་བཤད་ནས་ད་ང་སྡོད་ཐུབ་ཀྱི་མི་འདུག ར་རྫིར་སོང་ནས་ཉིན་གུང་རང་གི་བྲོ་ཁུག་ནང་གི་བྲོ་ཟོས་རྗེས་བྲག་ངོས་སུ་ཁོད་སྙོམས་པོར་སྐྱེས་པའི་ར་སྒོག་ཁ་པོ ༼བྲོ་ཁུག༽གང་རེ་ཁས་ཡོང་ན་དེ་ནས་ར་སྒོག་གི་ཚོད་མ་བཟོ་ནི་རེད། ད་ར་སྒོག་ཟོས་ན་ཞིམ་ནོ་ད་བཤད་ལི་ཆེད། ཡིན་ན་ལ་དེའི་རུལ་སིལ་༼སྟུག་དྲི༽བཏང་ན་བདུན་ཕྲག་གཅིག་གཉིས་རིང་ལ་ར་དྲི་ཡལ་ནི་མ་རེད།
དེ་ལྟར་བསམ་བློ་བཏང་ན་ད་ངེད་ཚོ་བོད་གངས་ཅན་དེ་འཛོམས་པོ་རེད་ཡ། ར་རྫིར་སོང་ན་བྲག་ནང་ན་ར་སྒོག་དང་ཀེའུ ༼ཅིའོ་ཚེས༽ སྒོག་ལེབ། སྤང་ཐང་ན་སྤང་ཤ༼མོ་ཀོའུ༽ཁ་སེར་མ། རྒྱ་མོ་སྲང་རྩི༼མོག་རོ༽ འདྲེ་མོ་སྐྱ་ཤེད༼མོག་རོ་རིགས་གཞན་དག་འདི་ཕྱི་རྒྱལ་ནས་ཤིན་ཏུ་གོང་ཆེན་ཞིག་རེད༽སོགས་རང་འདོད་ཀྱིས་དབྱར་ཟླ་གསུམ་ལ་ཡོད་ནི་རེད། དཔྱིད་ཟླ་གསུམ་ལ་ཙ་ཀོ་དང་བན་དེ་ཚོད་མ་སོགས་ཡོད་ནི་རེད། སྟོན་ཟླ་གསུམ་ལ་ཀེམ་བུ་དང་། ཤི་ཧྲིག་ཀ ༼འདི་ཕྱི་རྒྱལ་ཚོང་ཁང་ནང་ན་ཤིན་ཏུ་མང་གི༽སོགས་ཡོད་ཀི་མོ།
གོང་གི་འདི་དག་ནི་ལས་ཀའི་ཞོར་ལ་ཁས་ཡོང་ན་འགྲིག་འགྱོ་ནི་རེད་བོད་ནས། ས་འདི་ནས་གཅིག་ཉོ་དགོས་དུས་ཀེའུ་རྒྱ་མ་(L.B)གཅིག་ལ་སྒོར་གཉིས་དང་ཕྱེད་རེད་འདུག་ཀ
ད་སྤང་ཤ་བཏུས་སྐབས་གཟབ་དགོས་པ་ཁག་ཅིག་ནི་སྤྱང་ཀི་ཐལ་ཐུལ༼སྨན་གཞུང་ན་ཕ་བ་དགོ་དགོ་ཟེར། ཕ་བོ་དགོ་དགོ་མོ་ཀོའུ་འདྲ།། མ་བསྲེགས་ཐལ་བ་ཞེས་ཀྱང་བྱ།།༽ འདི་ཐོག་མར་སྐྱེས་སྐབས་དཀར་རིལ་རིལ་སྤང་ཤ་དང་གཅིག་པ་ཡོད་པས་གཟབ་དགོས། དེ་ནས་བོང་ལི་བོང་གཅིན་ཡང་ང་ཚོ་ས་ནས་ཟ་ནི་མ་རེད། འོན་ཀྱང་ཨ་རི་ལ་མཚོན་ན་ཧོང་ཀོང་མར་ཀར་ཀྲི་ཚང་མའི་ནང་ན་བོང་གཅིན་དེ་མོ་ཀོའུ་ཚོང་གི་ལྟེ་བ་དེ་རེད་འདུག
ཡ་ད་ང་ར་རྫི་ནས་ཚང་མ་བཏུས་ནས་ཡོང་ཡོད། བཟོད་རྒྱམ་རང་གིས་འདི་ཚོ་བཟོ་རོགས། མདའ་ཚན་པས་ཕལ་ཆེར་འདི་ཚོ་ཚང་མ་བཟོ་ཤེས་ས་མ་རེད། དེ་མིན་ན་རིག་འབྱུང་གིས་བཟོ་ན་འགྲིག་ནི་རེད་ད། རིག་འབྱུང་དེ་ཞི་ལི་འཁྱམ་པོ་ཟིག་རེད། གང་ཟིག་ཀ་སོང་ནི་ར་མི་ཤེས་ཀི
ཆོས་རྗེ་དོན་འགྲུབ་རིན་ཆེན་གྱིས་བྲག་བྱ་ཁྱུང་བཙལ་སྐབས་སུ་བོད་བྱ་ཚང་ནས་ལ་ཕུག་གི་བསྐྱུར་རོ་དང་མཉམ་པོར་ཟེར་ཉོག་བཞེས་སྐབས་ཕ་ཡུལ་ལ་དུང་ཞེན་སྐྱེས་པ། བྲང་ཁང་སྣ་ཁ་ནས་ཉིན་གུང་བཞེས་ལག་མ་རེག་པར་ཨ་ཡེ་ཞིག་གི་ཡུར་མ་ཡུར་བཞིན་པར་ཉིན་གུང་བཞེས་དང་ཞིང་ཁའི་ནང་ལྡུམ་མནན་རྒྱབ་པ་བརྒྱབ་པ་གཉིས་དོ་མཉམ་གྱི་ཚོང་བྱས་པ་དེ་ཚོ་ས་ཆ་དེ་ན་སྒྲུང་སྙན་པོ་མང་ནི་རེད་ཡ། བྲག་ཁང་སྣ་ཁ་ནས་ད་ལྟ་ཡང་ཞིང་ཁའི་ནང་ལྡུམ་བུ་རྩ་ནས་མི་སྐྱེས།
འབྲུག་པ་དཀར་བོའི་ལན། ཁ་ཕར་འཁོར་ཀ་ལི་ཟེར་ན། ཐོག་མར་ཀ་ལི་དེ་རྒྱ་སྐད་རེད། བོང་བུའི་མིང་རེད། བོང་བུ་ཕར་འཁོར་ན་བོང་བུ་གཞན་སུ་ཡིན་ཡང་ཁྱད་པར་ཡོད་པ་མ་རེད། བོང་བུ་སུས་ཀྱང་འཛག་༼རྒྱོ་རྒྱག་༽ཆོག་ནི་རེད།
དེ་ནས་ཚུར་འཁོར་རོགས་ལི་ཟེར་ན་ཁ་ཚུར་རང་ཕྱོགས་སུ་འཁོར་ནས་ཡོང་ན་རོགས་ལི་སྟེ་འགྲོག་བཟང་(boyfriend or girl friend) རང་ཉིད་མ་གཏོགས་སུ་ལ་ཡང་མི་དབང་བ་དེ་འདྲ་ཡིན་པའི་དོན་རེད། མདོར་ན་གཏམ་དཔེ་བཤད་སའི་མི་དེ་ནི་ངོ་གཉིས་མ་ཞིག་རེད་ཟེར་བ་མིན་འགྲོ འགྲེལ་བཤད་འདི་ད་དམར་ཁྲིད་ཟེར་ནོ་ཡིན་ཡ། དཔལ་སྤྲུལ་རིན་པོ་ཆེ་འདིའི་གཏམ་དཔེ་ལྟ་བུ་དེ་ཚོ་གོ་རྒྱུ་ཆེ་ལ་དགོད་བྲོ་བ། ཆོས་འཇིག་རྟེན་གང་གི་ཕྱོགས་ན་ཡང་གོ་རྒྱུ་གཏིང་ཟབ་ཡོད་པ་དེ་འདྲ་རེད་ཡ། ང་ཆུང་ཆུང་སྐབས་སུ་ཁོང་གིས། མ་འོངས་པ་ཡི་མདུན་མ་བསུ།། མ་འོངས་པ་ཡི་མདུན་བསུ་ན།། ཟླ་བ་གྲགས་པའི་ཕ་རྒན་བཞིན་ཟེར་བ་དེ་སྙན་པོ་ཚོར་གི་ཡོད།།
བསྟན་འཛིན་ཤེས་རབ་གྱི་དཀྲི་གོར་དེ་འོ་མའི་ཁ་སྤྲི་མཉམ་པོ་བཟོས་པ་དེ་འེ་རེད་ཀོ ཁ་སྤྲི་འདི་ཡང་བ་ཕྱུགས་ཀྱི་ཕྲུ་གུ་སྐྱེ་མ་ཐག་གི་འོ་མ་དང་པོ་དེ་ཤིན་ཏུ་ཀར་བོ་ཡོད། དེ་ལ་སྤྲི་ཟེར། དེ་དང་དཀྲུགས་ནས་བཟོས་པ་དེ་འེ་རེད། དེ་ལ་སྤྱིར་བཏང་གི་འོ་མའི་ཁ་སྤྲིས་བཟོས་པ་མང་ནི་རེད། ཐོག་མའི་ཁ་སྤྲི་དེ་ལས་སླ་བོར་སྤྲོད་ནི་མ་རེད། གཏམ་དཔེ་ལ༼ཞ་ཡེ་གཅེས་རུང་སྤྲི་ཡིས་མ་གསོ།། ཞ་ཡེ་གཅེས་རུང་རྐང་གིས་མ་གསོ།།༽ ཟེར་ནི་རེད་མོ།
གཞོན་ནུ་ཟླ་མེད་འདི། ཆི་འདྲ་འདྲའི་མྱི་བཤད་རྒྱུ་མང་ང་ཅན་ཟིག་རེད། འདིའི་ཁ་གཅེར་བསྡད་འཇོག་ག་བསམ་བྱེད་ཅིག་རེད། ད་ཁྱེད་རང་གིས་སྟར་རུ་ཟ་ཨེ་མྱོང་། ལུག་སྣའམ་སྐྱུ་རུ་ལེབ་མོ་ཟ་ཨེ་མྱོང་། འཆང་ལོ་ཟ་ཨེ་མྱོང་།
འཆང་ལོ་ས་འོག་ནས་ཡར་འཐེན་པའམ་ཡར་འབལ་སྐབས། ཨ་འཆང་འཆང་ལོ་ཤུ་རུ་རུ། རྒྱ་རྒན་རླིག་པ་ཅུ་རུ་རུ་ཟེར་ནས་འཐེན་དཔེ།
དེ་རིང་ད་མདའ་ཚན་པས་ང་དཀའ་ལས་གཏད་ཐ། འཆང་ལོ་ཟེར་བ་འདི་རེད། ང་ཚོ་ཕྱོགས་ནས་འདི་ལ་འཆང་ལོ་མི་ཟེར་གི ཡིན་ན་ཡང་ངའི་སེམས་ལ་དྲན་སོས་ཀྱི་མི་འདུག ངས་མིང་ཞིག་བརྗེད་འགྲོ་ཟེར་ན་སུས་ཀྱང་རྣ་བར་མི་འགྲོ འོན་ཀྱང་འཆང་ལོ་འདི་བརྗེད་ཚར་འདུག ང་སློབ་གྲྭ་འགྲོ་དུས་ལམ་ཁ་ན་ལུང་ཤུར་ཅིག་ཡོད། དེ་ན་ས་དམར་གྱི་འདམ་འབག་ཡོད་པ་རེད། འཆང་ལོ་ཟེར་བ་འདི་ས་དམར་གྱི་འདམ་འབག་ནང་ནས་སྐྱེ་པ་དེ་རེད། འེ་རེད། ལོ་མ་ཁྲི་ཙི་ཕྱེད་ཙམ་ཡོད་ལ། ཞབས་ལོ་དེ་སྒོང་ལྡོག་ནང་བཞིན་གཅིག་རེ་མ་གཏོགས་མེད། མངར་ཆ་ཅུང་ཟད་ཡོད། ག་རེ་འདི་མིང་ལ་ད་བརྗེད་སོང་ཟིག ངས་ཁ་པར་བཏང་ནས་ངའི་སྲིང་མོ་ལ་གཅིག་འདྲི་དང་མོས་ཤེས་ནི་རེད་ཡ།
ད་རུང་སྐྱུ་རི་ལེབ་མོ་འདི་དང་། བྲེ་མོ་སིལ་དཀར། སྟ་རུ། བོང་ནུ། ཟེར་བ་འདི་ཚོ་དབྱར་ཁ་རི་མགོ་ན་ཟ་རྒྱུ་ཡོད་པ་རེད། དགུན་ཁ་སྨན་པ་རྡོ་རྗེའི་སྨན་རྩ་ནས་རྐུ་ནས་ཟ་རྒྱུ་ཡོད་ཡ། ངའི་ཨ་ཞང་གཅིག་བུས་ང་ཆུང་ཆུང་སྐབས་སུ་མིག་གིས་མཐོང་བ་དང་འདྲེ་མཐོང་བ་ལྟར་སྨན་རྩ་ཡོད་ས་བཏུད་གི་མི་འཇུག
ཨོ་རེད་རེད། གཞོན་ནུ་ཟླ་མེད། སྤྲི་རེད། ང་འདི་ད་ངོ་མ་ཀླད་རྡིབ་བྱུང་བསྡད་ཡོད་ཀི། སྐབས་རེར་དེ་འདྲའི་མིང་ཚིག་སླ་མོ་ཚོའི་དག་ཆ་ཡང་ཡིད་ལ་དྲན་གི་མི་འདུག སྤྲི་གོར་ནི་འབྲི་དང་མཛོ་མོ། མ་མོ་སོགས་ཐོག་མར་བཙས་མ་ཐག་གི་འོ་མའི་ཕུད་དེ་བླངས་རྗེས་གྲོ་ཕྱེ་དང་བསྲེས་ཏེ་བསྲེག་པའི་གོ་རེའི་མིང་རེད། དེ་མང་བོ་རེག་གི་མ་རེད། འབྲི་མཛོ་སོགས་ལོ་རེ་ལ་ཐེངས་རེ་ལས་མི་བཙས། མ་མོའི་སྤྲི་ནི་ཞིམ་ཤོས་དེ་ཡིན། ངོ་མས་བཤད་དང་ན་ཁ་མཆི་མིད་ཀི་འདུག་དགོས་ནི་ཞིག་རེད་ཀོ།
ཨ་རོ་ཆ་བོ། ད་དུང་རྡོ་སྦིས་ས་ཆ་ན་རླངས་བཙོས་གྲས་སུ་གོ་རེ་གཡག་ར་ཟེར་ནི་ཞི་ཡོད་ནི་རེད་ཟེར། དེ་ཧ་ཅང་ཞིམ་པོ་ཡོད་ན་རེད་ཟེར། ད་དུང་དེ་གར་གོ་རེ་བཤད་ན་རིགས་བརྒྱ་ཕྲག་ལྷག་ཙམ་ཡོད་ནི་རེད་ཟེར། དེ་ཚོ་ཤེས་ནི་འདྲ་ཨེ་ཡོད་ལ།
ཨོ་་་ མར་ཚོད་ཨེ་དྲན་གི། ད་དུང་མར་ཉོག་དང་ཡུང་ཉོག ཨ་ཨ་་་་ ད་མི་བཤད། མཆི་མ་མིད་དཀྱིལ་གྱིན་བསྡད་ནས་མི་བ་ཀི
འཆང་ལོ་དེ་ཡིན་ན་ཐང་། སྤང་ངོས་སུའང་སྐྱེ།
དེས་ན། འདམ་བག་ནང་སྐྱེ་བའི་སྔོ་རྩྭ་ཞིམ་པོ་ཞིག་ཡོད། བྱིས་པ་ཚོས་དེ་ལ་ཁ་ལ་ཡུག་གི་ཀ་ར་ཟེར། འདམ་ཀ་ར་ཟེར་མཁན་ཡང་ཡོད་པ་རེད་བསམས་སོང་། དེ་ཟ་ཨེ་མྱོང་། དེ་ངོ་མ་ཞིམ་པོ་ཡོད་ད། འདི་ཚོའི་སྐོར་ལ་ལུང་ཚན་རེ་ལ་མིང་མི་འདྲ་བ་རེ་ཡོད་ཙང་ཁ་བརྡ་བྱས་ན་མགོ་རྙོག་ཚ་སེ་ཞིག་རེད་ཀྱང་། གསལ་བོར་ངོ་སྤྲོད་བྱས་ན་ཕན་ཚུན་ངོ་འཕྲོད།
འདི་གར་ཁང་གསར་རྡོ་རྗེ་དང་རྩམ་དགའ་སོགས་ཀྱིས་་་་ བག་ལེབ་་་་བཀྲག་་་་ ཟེར་ནས་་་་ ཡིག་ནོར་འདི་ཚར་ལྔ་ལ་བྲིས་འདུག དེ་བཀྲག་་ཅིག་ད་ཨེ་ཡིན་ན། བསྲེག་་་་་ ཟེར་བ་འདི་མིན་འགྲོ། སྲ་་་་ཟེར་བ་འདི་ལ་སྒྲ་འདོན་སྟངས་གཉིས་འདུག ཆབ་སྲིད་་་་ ཟེར་དུས། སྲིད་ལ་ SeD ལྟ་བུའི་སྒྲ་འདོན་མཁན་ཞིག་དང་། ཧྲིད་་་་ ལྟ་བུའི་སྒྲ་འདོན་མཁན་ཞིག་བཅས་གཉིས་འདུག ད་དུང་་་ སྲུ་མོ་་་་་ ཟེར་དུས། ཧྲུ་མོ་་་་ ཟེར་ནས་འདོན་མཁན་ཡོད། ཧྲུ་ཧྲུ་་་་་ཟེར་བ་ཡང་སྲུ་མོའི་དོན་རེད། བག་ལེབ་བསྲེག སྲེག་་་ ཟེར་དུས་་་་་ མང་པོ་ཞིག་གིས་་་ བག་ལེབ་བཀྲག་་་ལྟ་བུར་འདོན་གྱིན་ཡོད། གང་ལྟར། སྲ་་་འདིར་་་ བོད་ཡུལ་སྟོད་སྨད་བར་གསུམ་དུ་སྒྲ་མི་འདྲ་བ་གཉིས་འདོན་གྱིན་འདུག བསམ་ཚུལ་ཙམ་ཡིན།
འ་འ་འ། ད་བཀའ་པོད་ལྔའི་དམ་བཅའ་སྐབས་སུ་ཡང་འདི་འདྲའི་དཀའ་ལས་མ་སྤྲད་ཐ། མདའ་ཚན་པ་ཁྱོད་ཀྱི་ཁ་ལ་ཡུག་གི་ཀ་ར་དེ་འདང་ག་ཚོད་རྒྱབ་ན་ཡང་མགོ་ནང་ལ་ཀ་ལ་ཡུག་འཁོར་འཁོར་བྱས་ནས་དྲན་རྒྱུ་ཟིག་མེད་ཀི ཙ་ཀོ་ནི་ཡིན་རྒྱུ་མ་རེད། ཅ་རིལ་ནི་ཡིན་རྒྱུ་མ་རེད། འོ་ངས་འཆང་ལོ་དྲན་ཐ། དེ་ལ་ཨ་རྒྱ་སི་ལི་ཟེར་ནི་རེད་ཡ། ཨ་རྒྱ་སི་ལི་དེ་ཡར་བཀོག་ཚར་བའི་རྗེས་ལ་སྒོང་ལྡོག་འདྲ་བོ་དེའི་སྟེང་དུ་རླུག་སྤུ་ལྟ་བུའི་ཛར་ཛོར་ཐ་ར་ཐོ་རེ་ཟིག་ཡོད། དེ་རེད་གང་ལྟར་ཨ་རྒྱ་སི་ལི་རེད། འདི་ད་ཕལ་ཆེར་བཟོད་རྒྱམ་གིས་ཤེས་ནི་རེད་ཡ། ཨ་རྒྱ་སི་ལི་སྣབས་ཏོ་མཉམ་པོ་ཟ་ནི་རེད་། ཧཧཧ
དབྱར་གཞུང་དུས་ལ་རི་མགོར་སོང་ན་ད ་རིན་མེད་སིལ་ཏོག་རྒྱུ་མང་ཡ།
༡ སིལ་འབུ་ལི།
༢ སིལ་རླུ་འཇི།
༣ སིལ་ཨ་མ།
༤ སིལ་འབའ་ཅ།
༥ སིལ་སྒྱོ་བ།
༦ སིལ་གླ་ཏར། འདི་ནི་གོང་དུ་ཅིག་གིས་སིལ་ཏ་རི་ཟེར་བ་དེ་དང་མཚུངས།
༧ སིལ་སྒྱིག་ལི།
༨ སིལ་འབྲ།
༩ སིལ་ནག
༡༠ སིལ་དམར།
༡༡ སིལ་ཏིར།
༡༢ སིལ་ཤ། འདི་ནི་སིལ་ཏིར་དང་རིགས་འདྲ་ལ་བོང་ཚོད་མནར་མོ་ཅན་གྱི་ཆུན་པོ་བྱས་ནས་ཡོད།
༡༣ མགྲོང་སིལ།
༡༤ མགྲིན་སིལ།
༡༥ གྲོ་མོ་སིལ་དཀར།
༡༦ ཁ་ཏི་མྱིག་ཏི།
དཀོན་མཆོག་གསུམ་ ད་རུང་ཁ་ཤས་ཅིག་མི་དྲན་གི། དྲན་མཁན་འདྲ་ཡོད་ན་གསུང་དང་།
འཛིན་གྲྦ་ལྔ་བ་ཡིན་ན་ཅིག་ཡིན་པ་ཡོད། པན་ཆེན་རིན་པོ་ཆེ་ཚང་ཕ་ཡུལ་ལ་ཕེབས་ནས་ཡོད་པའི་སྐབས་ཤིག་ལ་རེད། ཞོ་གྲང་གིས་ང་དང་སློབ་མ་སྐོར་ཅིག་རི་སྒང་ལ་སིལ་ཏོག་འཐུ་བར་བཏང་སོང་བས། ང་ཚོས་མི་རེ་ནས་སིལ་ཏོག་འདྲ་མིན་འཁོར་ལོ་གང་རེ་བཏུས་ནས་སློབ་གྲྦ་འཁྱེར་ཡོང་བ་ཡིན། སང་ཉིན་དེར་པན་ཆེན་རིན་པོ་ཆེ་ཚང་སློབ་གྲྦར་ཆིབས་བསྒྱུར་གནང་སོང་བ་དང་ང་ཚོས་བཏུས་ཡོང་བའི་རི་སྒང་གི་སིལ་ཏོག་ཚང་མ་
གསོལ་ཚིགས་དང་མཉམ་དུ་པན་ཆེན་རིན་པོ་ཆེ་ཚང་གི་མདུན་ན་སྡེར་ཁ་བསྒྲིགས་འདུག
༡༥
ད་འདི་ལ་ཡིག་ནོར་ཡིན་མ་ཡིན་བལྟ་རྒྱུ་ཞིག་འདུག་གམ། གོང་དུ་ཨ་མདོའི་ཡུལ་སྐད་བྲིས་པ་མང་པོ་ཞིག་ནི་ངེད་ཅག་གིས་ཡེ་ནས་མི་གོ་བ་ཤ་སྟག་རེད། དག་ནོར་སྡེབ་ནོར་བྱུང་མིན་ལ་མ་ལྟོས་གཅིག་སྤུངས་བཞག་ན་འདི་ལ་མ་འཚམས་པ་ཅང་མ་མཐོང་། ལར་ནས་ཁ་སྐད་དེ་ཚོ་ཁ་སྐད་རང་གིས་བཤད་ན་དབྱིངས་འདྲ་ཞིག་འདུག་ག
བཀྲག་དེ་སྲེག་ཡིན་པའང་སྲིད་པ་རེད། ཡང་བཀྲག་འདིའི་དག་ཆ་གཞན་ཞིག་ཀྱང་ཡིན་སྲིད།
ངའི་ཕ་ཡུལ་གྱི་ཁ་སྐད་དུ་བསྲེགས་དང་བཀྲག་གཉིས་ཀ་ཡོད། དེ་གཉིས་ཐ་དད་རེད། ཤོག་བུ་མེར་སྲེག་བཏང་ཟེར་བ་དེ། ཁ་སྐད་ནང་ཤོག་བུ་མེར་སྲག་བཏང་ཞེས་འགྲེང་བུ་མེད་པ་འདྲ་ཞིག་བཤད་ཀི་རེད། བཀྲག་ནི། མེ་དམར་པོ་ལ་ཐད་ཀར་མ་ཐུག་པར་མེ་ཤུགས་ཀྱིས་བཙོས་པ་གང་ཞིག་ལ། བཙོས་པའི་འབྲས་བུ་དེ་ངེས་པར་སྐམ་ཤས་ཅན་ཞིག་ཡིན་དགོས་པ་རེད། དཔེར་ན། བག་སླང་སྒང་ལ་བག་གོར་བཀྲག་པ་དང་མེ་ཉལ་ཐལ་ཉལ་ནང་དུ་ཞོག་ཁོག་བཀྲག་པ་ལྟ་བུ་རེད། སྨན་པ་ཚོས་ཀྱང་གློ་ལུ་མཁན་ཚོར། གནས་སྐབས་རིང་བཀྲག་བཀྲག་རྔོས་རྔོས་མ་མཆོད་ཨ་ཟེར་ཡོང་། བརྔོས་པ་ལའང་སྤྱིར་བཏང་གི་བརྔོས་པ་དང་སྐམ་བསྔོས་ཞེས་རིགས་གཉིས་ཡོང་།
ཆོས་སྐྱིད་སྒྲོལ་མ་ལགས་ཀྱིས་གསུངས་པའི་ལྷ་སའི་དཀར་ཀུན་བག་ལེབ་ཟེར་བ་དེ་དང་། ངས་བཤད་པའི་ལྷ་སའི་ཏིང་ཀོང་བག་ལེབ་ཟེར་བ་དེ་གཅིག་རེད། ཏིང་ཀོང་བག་ལེབ་ཀྱི་རྒྱ་མིང་ངས་དྲན་མ་སོས་པ་དེ། ཆོས་སྐྱིད་སྒྲོལ་མ་ལགས་ཀྱིས་གསུངས་པའི་དཀར་ཀུན་ཟེར་བ་དེ་རེད། ངའི་སེམས་ནང་དཀར་ཀུན་ཟེར་བ་དེ་ཀའོ་ཀུན་རེད་དྲན་བྱུང་། ལྷ་སའི་མི་རྒན་གྲས་ཚོས་ཏིང་ཀོང་བག་ལེབ་ཟེར་གྱི་རེད། བག་ལེབ་དེ་ང་ཐོག་མར་རྒྱ་གར་ལ་སླེབས་ཐོག་ཅིག་ལ་དྷ་རམ་ས་ལའི་ཁུག་ཀྱོག་ཅིག་ནས་ཀྱང་བཙོང་གི་འདུག ན་ནིང་ས་དེར་འགྲོ་དུས་བག་ལེབ་དེ་འཚོང་མཁན་མི་འདུག རྩད་གཅོད་ཞེ་དྲག་བྱས་ཡིན། བཟོ་སྟངས་པར་ལེན་དགོས་དྲན་པ་རེད། སྤོ་བོ་ལགས་དེ་གྲོངས་པ་རེད་ཟེར། ན་ནིང་དྷ་སར་འཚོང་གི་ཡོད་པའི་བག་ལེབ་ནི། ཕལ་ཆེར་ཨ་མདོ་བ་ཚོས་བཟོས་པའི་བག་ལེབ་མངར་མོ་དང་མངར་མོ་མ་ཡིན་པ་དེ་གཉིས་རེད། དེ་གཉིས་པོ་ཡང་ཕལ་ཆེར་རྒྱ་ཁ་ཆེའི་བག་ལེབ་དེ་ག་རེད་འདུག ལྷ་ས་ནའང་དེང་སྐབས་རྒྱ་ཁ་ཆེའི་བག་ལེབ་མང་དྲགས་ཏེ་ཏིང་ཀོང་བག་ལེབ་ཀྱི་རྒྱུན་སྟོངས་གྲབས་འདུག་ཟེར།
ཨ་མདོ་ཚོའི་གོ་རེའི་གོ་དོན་ཞིག་ཞོགས་དང་། དེའི་གོ་དོན་རྒྱ་ཆེན་པོ་ཡིན་ས་རེད། དབུས་ཀྱི་བག་གོར་དང་། ཁ་ཟས། ༼འབོ་རིལ་དང་ཉ་གཤིབས་སོགས་༽ ཀྲིང་མོག བག་ཚ། བག་ཚ་འདའ་འཆང་། བག་ཚ་མར་ཁུ། མི་ཉག་ཕོ་ལོག ཟན་གོང་། མར་ཟན་ཟེར་བ་འདི་ཚོ་ཚང་མ། བསྡུས་ན་ཁྱེད་ཅག་གི་གོ་རེ་ཟེར་བ་དེའི་ནང་བསྡུ་ཐུབ་པ་ཨེ་རེད།
རེད རེད། ད་གང་ལྟར། འདི་ལྟར་ཡུལ་ལུང་སོ་སོའི་ཁྱད་ཆོས་སྐོར་བཤད་ན་ཡག་པོ་ཞེ་དྲགས་འདུག ཡུལ་སྲོལ་གོམས་གཤིས་དང་། གོན་པ་ཆ་ལུགས། ཟས་དང་བཏུང་བ་སོགས་ཕལ་ཆེར་བོད་ཆོལ་ཁ་གསུམ་པོ་མི་འདྲ་བ་འདུག་པ་དང་། ཁང་པའི་བཟོ་བཀོད་དང་ནང་ཆས་སོགས་ལ་ཡང་ཁྱད་པར་ཆེན་པོ་འདུག འདི་ལྟར་ཚང་མས་རང་རང་སོ་སོའི་ཁྱད་ཆོས་དག་བཤད་ན། ཕན་ཚུན་ལ་རྒྱུས་ལོན་ཐུབ་པ་དང་། ཕན་ཚུན་བར་ཆད་པ་ཁ་སྐོང་དང་ལེགས་ཆ་ལེན་རེས་ཀྱང་ཡོང་ས་རེད། བགྲོ་གླེང་འདི་འདྲ་མུ་མཐུད་ནས་བྱེད་རོགས།
ཨོ་ད་དུང་་་ ཡུལ་ལུང་སོ་སོར་གཉེན་སྒྲིག་བྱེད་སྟངས་ཀྱང་མ་འདྲ་བ་འདུག འདིའི་ཐད་ལ་ཡང་ཚང་མས་བགྲོ་གླེང་རེ་བྱེད་ཐུབ་ན་ཡག་པོ་ཡོང་ས་རེད།
མེ་འཁོར་ནང་ནས་བསམ་བློ་ཞིག་འཁོར་བྱུང་། དབུས་གཙང་ཁུལ་དུ། བག་ལེབ་བཀྲག། ཀྲོག ཁྲོགས་ཞེས་དུས་གསུམ་གསལ་པོ་ཞིག་འདུག བསྲེགས་ཀྱི་སྒྲ་འདོན་ཚུལ་ཙམ་གྱིས་ཁྱད་ཞུགས་པ་ཡིན་ན། དུས་གསུམ་ཀ་ལ་དེ་འདྲའི་ཁྱད་གསལ་པོ་ཞུགས་པ་ཞིག་ཡོང་དཀའ་བ་རེད། ཚིག་མཛོད་ཁག་ལ་བཙལ་བ་ཡིན་ཏེ་ཁུངས་ཡག་པོ་ཞིག་རག་གི་མི་འདུག བར་ཞིག་ན། བོད་རྒྱ་ཚིག་མཛོད་ཆེ་མོ་རུ། ཁྲོག་པོ་ཞེས་པ་འགྲེལ་རྒྱག་སྐབས། 1.མེས་ཚིག་པོའམ་ཚོས་པོ་སྟེ། (དཔེར་ན།) བག་ལེབ་ཁྲོག་པོ་ཞེས་པ་ལྟ་བུ། ཞེས་གསལ་འདུག དེར་བརྟེན་ཁྲོག་པོ་འདི་ལས་འཕྲོས་ཏེ་བསམ་བློ་བཏང་ན། བག་ལེབ་བཀྲག་༼སྒྲ་འདི་ཡིན་པ་གང་ཞིག་ལ་དག་ཆ་གཞན་བསྐྲགས་ལྟ་བུའང་སྲིད་༽དང་ཁྲོགས་འདི་ཚོ་ཡོང་སྲིད་ས་རེད། ད་དུང་ཞིབ་འཇུག་དགོས་པ་འདྲ།
ཡང་ཁུངས་སྣེ་གཞན་ཞིག་ནི། དགུན་དུས་མེ་དང་ཐག་ཉེར་བསྡད་དེ། མེ་དྲོད་སྲོ་ཡུན་རིང་ན། མེ་དང་ཉེ་བའི་གོས་ལས་དྲི་ཞིག་འཐུལ་གྱི་རེད། དེ་དུས་དབུས་པ་ཚོས། ཨོ་ད། བགྲག་༼དག་ཆ་གཞན་ཞིག་ཡིན་སྲིད་༽དྲི་ཁ་གི་འདུག་ཟེར་གྱི་རེད། བགྲག་འདི་དང་བག་ལེབ་བཀྲག་པ་གཉིས་ལའང་འགྲེལ་བ་ཡོད་སྲིད།
ད་འདི་ལས་ཀ་མེད་པའི་ལས་ཀ་འདྲ་ཞིག་ཆགས་སོང་།
འོ་གྲྭ་ས་ན་དེང་སེང་ཤ་བག་ལེབ་ཟེར་བ་ཞིག་ཟ་རྒྱུ་འདུག དེ་ནི་ཨ་མདོ་ནས་ཟ་མ་མྱོང་ལ་མཐོང་ཡང་མ་མྱོང་། དེ་ཟ་མ་ཞིམ་བོ་ཟིག་རེད། ཁྲོམ་རར་བཏོན་ཆོག་ཆོག་རེད་འདུག འོན་ཀྱང་དེ་ནི་ས་ཆ་གང་ཞིག་གི་བཟོ་སྟངས་ཡིན་པ་ཧ་གོ་མ་སོང་། དེ་མིན་ཤ་བག་ཚ་ཟེར་བ་ཞིག་འདུག དེ་ཀྱང་ཕོ་གསར་ཚོ་ལ་ཡག་པོ་འདུག ལོ་ལོན་ཚོས་ཟོས་ན་འཇུ་ས་མ་རེད། དེ་ནས་བག་ཚ་མར་སྐུ་ཟེར་བ་ཞིག་འདུག ས་ག་ཟླ་བའི་ཉིན་མོར་གཏོང་གི་འདུག དེ་ད་ང་མི་དགའ་ས་གཅིག་བུ་དེ་རེད། དེ་ནས་ལ་དྭགས་ཀྱི་སྐྱོ་མ་ཟེར་བའི་ཐུག་པའི་རིགས་ཤིག་འདུག དེ་ཞིམ་པོ་རེད་འདུག
འོ་ཤ་བག་ལེབ་དེ་ཨ་མདོ་ཕྱོགས་ཀྱི་ཚོད་མ་གློ་ལེབ་ཟེར་བ་དེ་ཡིན་ས་རེད་ཀོ འོན་ཀྱང་ཚོད་མ་གློ་ལེབ་ནི་ཆེན་པོ་ཡོད་པ་རེད། གཅིག་གིས་ཕོ་སར་གཉིས་རཻའི་གྲོད་པ་མ་རྒྱག་ན་ཡང་གཅིག་གི་གྲོད་པ་འགྲེང་ཐག་ཆོད་ཡིན། ཤ་བག་ལེབ་ནི་ང་ལྟ་བུ་ལ་མཚོན་ན་མ་མཐའ་ཡང་བཅུ་གཉིས་ཟ་དགོས་པ་འདུག
ཡ། ད་ངས་ར་ཚིག་གཅིག་གིས་སྣོན་པ་རྒྱག།
ལོ་གསར་སྐབས་སུ་གོ་རེ་རྒྱལ་བོ་ཟེར་བ་ཞིག་ཡོད། དེ་ལ་བཟོ་ལྟ་མི་འདྲ་འགའ་ཡོད་མོད། དེ་ནི་གནད་འགག་མ་རེད། གོ་རེ་དེར་ལོ་རྒྱུས་ཆེན་པོ་བཤད་རྒྱུ་འདུག གོ་རེ་དེ་མི་གཅིག་གིས་གཅིག་ལ་བྱིན་ཏེ་ཕན་ཙུན་བརྗེས་བོ་རྒྱག་གིན་འདུག ལོ་གསར་ཉི་མ་བཅོ་ལྔ་ཚད་རྗེས་ཚང་མས་གོ་རེ་དེ་ཟ་གི་རེད། ཡིན་ནའང་ཕན་ཚུན་ན་བརྗེས་བསོར་མང་བོ་བརྒྱབས་ཡོད་པས་སུ་ཚང་གི་གོ་རེ་ཡིན་མིན་མི་ཤེས། དེ་ནི་གནད་འགག་རེད། གོ་རེ་དེའི་ལོ་རྒྱུས་ལྟར་ན་སྔོན་མ་རྒྱལ་བོ་ངན་པ་ཞིག་གསོད་འཆར་འཐེན་ནས་གོ་རེ་དེའི་ཁོག་ལ་ཡི་གེ་བྲིས་ནས་རྒྱལ་བོ་གསོད་སྟངས་སོགས་འཆར་ཞིག་བཟོས་བ་རེད་ཟེར། དེ་བས་གོ་རེ་དེའི་མིང་ལ་གོ་རེ་རྒྱལ་བོ་ཟེར་བ་རེད།
གོང་དུ་། རྒན་མདའ་ཚན་པས་སྣང་རའི་གོར་ཆེན་དེ་ལ་བྱ་དགའ་ཨང་དང་པོ་སྤྲད་གི་ཡིན་གསུངས་འདུག
ངས་འདི་རུ། ཨ་མདོའི་གོ་རེའི་ཐོག་ལ་ཆེད་ལས་མཁས་པ་གཞོན་ནུ་ཟླ་མེད་ལ་བྱ་དགའ་ཨང་དང་པོ་སྤྲོད་གི་ཡིན།
གཞོན་ནུ་ཟླ་མེད་འདི། གོ་རེའི་ཆེད་ལས་མཁས་བ། ཤིང་བཟོའི་རིགས་གཅིག་རྐང་འཛིན་པ། སྨན་འཚོང་མཁས་བ།
མི་གཅིག་གི་སྒང་ན་ཆེད་ལས་འདི་འདྲ་མང་པོ། འདི་ད། སྨན་བླ་སྐྱབས་ཀྱིས། “མི་གཅིག་གི་སྒང་ན་པ་པོའི་ལུང་བ་གང་”ཟེར་བ་དེ་དང་འདྲ་སེ་འདུག
ཨ་ལ། ཀུ་རེ་ཡིན།
ཨ་མདོའི་བག་ལེབ་ཅེས་པའི་སྐོར་གྱི་མཆན་འདི་ནི། ན་ནིང་ལོའི་སྤྱི་འཐུས་ཚོགས་པ་དང་གཅིག་མཚུངས་ལྟ་བུ་ཞིག་མཐོང་གི་འདུག རྩ་བ་ཕྲ་ལ་རྩེ་མོ་སྦོམ་པོ་ཡིན་པ། ཁ་ནས་བཤད་རྒྱུ་དང་ཁོག་ནས་དྲན་རྒྱུ་མི་མཐུན་པ། ཕྱི་རོལ་མི་མུ་སྟེགས་པའི་ཟོལ་སྦྱོར་གྱི་རྟགས་འདྲ་པོ།
མདོར་ན་བཤད་བཤད་པའི་མཐའ་མ་འདོད་རྒྱུ་གཙོ་བོ་དང་བསྒྲུབ་རྒྱུ་གཙོ་བོ་ནི་ཨ་མདོའི་ཡུལ་སྐད་དམ་ཕལ་སྐད་གང་མང་ཞིག་ཡིག་སྐད་དུ་བསྒྱུར་འདོད་འདི་རེད།
དེ་འདྲའི་བསམ་བློ་བཏང་མཁན་མང་པོ་ཞིག་ཡོད་ཚོད་འདུག ཁྱོད་རང་ཚོས་མཐོང་ཞིང་ཐོས་ཚོད་རེད།
ན་ནིང་ལོར་སྤྱི་ཚོགས་མེ་ལོང་ཚག་པར་ནང་དུ་བཀོད་འདུག་དབྱིན་ཇི་བ་ཞིག་འབྲུག་གི་སྐད་གསར་བཅོས་ཀྱི་ཚོགས་འདུ་ཞིག་ནང་ཞུགས་སྐབས་ཁོང་ཚོས་ཤོད་དོན་ལ།
རྐང་རྩེད་པོ་ལི་ཟེར་ན་བོད་སྐད་ཆགས་ཀྱི་འདུག དེས་རྐང་རིལ་པོ་ལི་ཟེར་དགོས་པའི་བསམ་ཚུལ་བཏོན་གྱི་ཡོད་པ་སོགས་ཕྱོགས་མང་པོ་ཞིག་ནས་ད་ལྟའི་སྐབས་ས་གྲགས་གནམ་གྲགས་སོང་བའི་བོད་ཀྱི་ཡིག་སྐད་དམ་སྐད་གསར་བཅོས་ཀྱི་གཏན་ལ་ཕབ་པའི་སུམ་རྟགས་ཀྱི་འགྲོས་དང་མཐུན་པ་བོད་ཆོལ་ཁ་གསུམ་ཕལ་སྐད་དམ་ཡུལ་གྱི་ངོས་ན་སྐད་བརྡ་འཕྲོད་དཀའ་ཙམ་ཡོད་ནའང་ཡིག་ཐོག་ལ་ཕྲ་གསལ་ལེར་གོ་བརྡ་འཕྲོད་ཐུབ་པ་འདིའང་ཐག་ཇེ་རིང་དང་མགོ་ཇེ་རྨོངས་དུ་བཏང་ཐབས་ལ་འབད་འབུངས་བྱེད་བཞིན་པ་འདི་ལ་ངོ་རྒོལ་མཐའ་གཅིག་ཏུ་ཡོད།
ད་སྐབས་སྡེ་དགེའི་བཀའ་བསྟན་འགྱུར་སོགས་པར་ཤིང་ནང་ཡོད་པའི་བོད་ཀྱི་བརྡ་དག་མཐུན་ཅིང་ཡོངས་གྲགས་ཟིན་པའི་འགྲོས་ཀྱི་ཡིག་སྐད་ཀྱི་འགྲོས་འདི་ཉིད་ཁོ་ནའི་སྟེང་ནས་བགྲོ་གླེང་དང་ཁ་བརྡ་བྱེད་ན་བོད་ཀྱི་སྐད་ཡིད་ཀྱི་ཆུ་ཚད་གོང་མཐོར་གཏོང་བ་ལ་ཕན་རླབས་ཆེ། དེ་མིན་ཡུལ་སྐད་ཐམས་ཅད་ཡིག་ཐོག་ཏུ་ཕབ་ནས་གཅིག་མཚུངས་མིན་པའི་ཐོག་ཕན་ཚུན་བཤད་རེས་ཇི་ཙམ་བྱེད་པ་དེ་ཙམ་བོད་ཀྱི་སྐད་ཡིག་ལ་གྱོན་གུན་ཕོག་འགྲོ་བ་ཡིན།
གཞོན་ནུ་ཟླ་མེད་འདིས་བཤད་ཀིན་བཤད་ཀིན་ང་ཆུང་དུས་ཀྱི་རྩེད་རོགས་ཤིག་ལོས་ཡིན་འདོད་ཀི འདིས་ཨ་རྒྱ་སི་ལི་ཡང་ཤེས་ཀྱི་འདུག ཨོ་ན་གན་འབུ་ཟོས་མྱོང་ངམ། གྲོ་མ་སྐོ་དུས་གན་འབུ་ཡང་མང་པོ་རེག་གི་རེད།
ད་དུང་རྟ་བོ་ཤུན་དང་ནག་ལ་ཤུན་བསྐོས་ཏེ་བལྡད་ན་འོ་བྲི་བྲོ་གི་རེད། རྩྭི་ཏོ་གསར་སྐྱེས་བབས་ནས་རྩི་སྦང་བལྡད་མྱོང་མཁན་སུ་ཡོད། སིལ་ཚ་ཧྭོ་ཟེར་དུས་ང་ཚོའི་ནགས་ཀྱི་ནང་དུ་མཛུབ་མོ་དང་ཁ་ཤ་དམར་པོ་ཆག་ཆག་ཟ་རྒྱུ་ཡོད་ནི་རེད། ནགས་ན་ད་དུང་ནགས་ཤ་ཟེར་བའི་ཕྱི་སྐྱ་ལ་ནང་སྔོན་སྐྱ་ཅན་ཞིག་དབྱང་དུས་འཐུ་རྒྱུ་ཡོད། འབྲི་མར་ལ་བརྔོས་ཏེ་ཟོས་ན་ཤ་ལས་ཞིམ་པ་ཡོད། ཞི་རིག་ཤ་ཟླ་མེད་ཁྱོས་བཤད་དང་ཐལ། མར་ལ་བརྔོས་ན་ཞིམ་ཞིང་ཐལ་ཁུང་ནང་དུ་མེར་བསྲེགས་ཏེ་ཟོས་ནའང་ཤིན་ཏུ་ཞིམ་ཡ། ད་དུང་ཞི་རིག་ཤའི་པན་ཞི་བཅོ་གི་རེད། ཨ་ཨ་ཨ། ད་ཁ་ནང་དུ་ཆུ་འཁོར་ཡོང་གི
ཁང་གསར་བས་ཁྲོག་པོ་ལས་འཕྲོས་ནས་ཅུང་བྲིས་འདུག ཁྲོག་ཟེར་བ་འདི་ངའི་ཕ་ཡུལ་ནས་ཀྱང་ཟེར་གི་རེད། དེ་ནི་སྐམ་ཤོས་ཧ་ཅང་ཆེ་བས་ན་ཁྲོག་བསྡད་འདུག་ཟེར་གི་རེད། གོ་རེ་སྐམ་ནས་ཁྲོག་བསྡད་འདུག་ཟེར་གི་རེད། ཀོ་བ་འདི་སྐམ་ནས་ཁྲོག་བསྡད་འདུག གོ་རེ་སྐམ་ཁྲོག་སོས་མི་ཆོད་ཟེར་གི་རེད། དེ་ཕལ་འདི་མིན་འགྲོ གཞན་གོ་རེ་ཟེར་བ་དེ་གྲོ་ཕྱེ་ཡིས་བཟོས་པའི་བག་ལེབ་དང་དེའི་རིགས་ཚང་མར་གོ་བ་ཡིན་ནམ་སྙམ། ཆེ་བ་སྣང་རའི་གོར་མོ་ཆེ་ནས་ཆུང་བ་ཀ་ར་གོ་རེ་༼biscuits ༽བར་དུ་སོ་སོར་མིང་རེ་ཡོད་ཀྱང་ཚིག་གི་ཟ་ཟུར་ན་གོ་རེ་ཞེས་པ་དེ་ཡོད་མེད་གཉིས་ཀ་ཡོད་ཀྱང་། གོ་རེ་ཡི་ཁོངས་སུ་འདུ་བ་འདྲ། གསལ་བོ་ཤེས་མ་སོང་། དྲ་གྲོགས་ཚོས་ཡང་གིས་དཔྱོད་ཅིག
སིལ་ཚ་ཧྭོ་མ་རེད། སིལ་ཙ་ཧྭོ་ཟེར་བ་རེད། གོང་གི་མི་འདི་ནང་བཞིན་སྤོ་ལངས་མི་ཉན་ཡ།
ཨེ། དེ་ཚོ་ཞིམ་པ་གང་ཡང་མ་རེད། ངའི་ཡུལ་ན་འདི་ལས་ལྡབ་བརྒྱས་ཞིམ་པའི་བཟས་ཤིག་ཡོད། གོ་རེ་དེའི་དཀྱིན་ལ་དབུས་གཙང་ཟེར་གསེར་དངུལ་ལས་འགྲུབ་པའི་བཟའ་རྒྱུ་མང་པོ་ཡོད། སྨད་ལ་མདོ་སྨད་ཟེར་རྩ་ཐང་དང་ནོར་ལུག་མང་པོ་ཡོད། མདོ་སྟོད་ལ་གཏེར་ཁ་མང་པོ་ཡོད། གོ་རེ་འདིའི་ནང་ཆུ་འཛམ་གླིང་གི་ཡིད་དབང་འཕྲོག་པ་ཡོད་ལ། རི་ནོར་གྱིས་འཁེངས་པའི་ལྷུན་པོ་མཐོ་ཤོས་རྣམས་ཡོད། ང་ཚོ་རྒྱ་མི་ཚོས་བཟས་འདི་ལ་ཙང་ཟེར། ཁོ་ཚོ་བོད་པ་ཚོད་བོད་ཟེར།
གང་ལྟར་ང་ཚོས་བཟས་འདི་བཟས་ནས་ལོ་དྲུག་བཅུ་ལྷག་སོང་ཡང་ད་དུང་ངོམས་རྒྱུ་མིན་འདུག་ལ་ཟད་རྒྱུ་ཡང་མིན་འདུག
ད་ཁྱོད་ཚོ་འདི་ལས་ཞིམ་པའི་བཟས་ཤིག་ཡོད་ན་སྟོན་དང་།
ཀོ་རེ་ཞིམ་པོ་མང་སོང་ནས། མང་པོའི་མིང་ཡང་མི་དྲན་གི ཡུམ་དུམ་པ། ད་གང་ལྟར། འདི་ནས་ཀོ་རེ་ཀོ་རེ་ཟེར་ནས་བཤད་རྒྱུ་མ་གཏོགས་ཟ་རྒྱུ་ནི་ཅང་ར་རག་ནི་མ་རེད།
ད་གོ་རེ་མ་ཡིན་པའི་ས་འོག་ནས་རྐོ་རྒྱུ་དང་ས་ཐོག་ནས་ཏོག་རྒྱུ་འཐུ་རྒྱུའི་རིགས་བཤད་ན་བཤད་ཚོད་ཅིག་ཡོད་རྒྱུ་མ་རེད། གོང་ནས་བཤད་ཟིན་པ་རེ་ཟུང་ལ་ཡང་བསྐྱར་གཅིག་བཤད། གཏར་རི་ལ་ང་ཚོའི་ཡུལ་ནས་སིལ་གཏར་རི་ཟེར་ནི་རེད། དེ་ལ་གནམ་གཏར་དང་ས་གཏར་གཉིས་ཡོད། ང་ཚོའི་ཡལ་ན་ས་གཏར་དེ་འདྲའི་མང་བོ་ཞིག་མེད་མོད། གནམ་གཏར་ད་ཧ་ཅང་མང་ནི་རེད། གནམ་གཏར་ཡོད་སར་སོང་ན་རི་ལ་མགོ་མེད་པར་ཁེབས་བསྡད་ཡོད་ནི་རེད། རི་མགོ་ཡོངས་སེར་ཁྲོམ་མེར་ཡོད་ནི་རེད། ཟོས་ཟོས་ན་བར་ཞིག་ལ་ཐང་ཆད་འགྲོ་ནི་རེད། ང་ཆུང་དུས་ང་ཚོའི་གྱབ་ཐང་ཚོས་ཞེ་བོ་ཟ་ནི་རེད། དེང་སྐབས་ཀྱི་བྱིས་པ་ཚོས་དེ་ཙམ་ཟ་གི་མི་འདུག གཅིག་ཐང་ན་འཚོ་བར་འགྱུར་ལྡོག་བྱུང་རྐྱེན་གྱིས་ཀྱང་ཡིན་སྲིད།
དེ་ནས་ད་སྟག་ག་རེད། ང་ཚོའི་ཡུལ་ནས་སྟག་ག་ཟེར་མོད། ས་ཆ་ལ་ལས་གར་འབུ་ཡང་ཟེར་གྱི་འདུག དབྱར་མགོ་ལ་ལུ་གུ་འཚོ་དུས་ལྕི་བ་སྐམ་སའི་ཐང་ཁུག་ན་ཧ་ཅང་མོད་པོ་ཡོད། འཇོར་རྟིས་རེ་ཁྱེར་ཏེ་བརྐོས་ན་མང་བོ་རེག་ཐུབ། དེས་སྟག་སྒོག་ཟེར་བ་ཞིག་བཟོ་གི་རེད། སྒོག་ཆུ་དང་ཕལ་ཆེར་གཅིག་པ་འདྲ་ཞིག་ཡིན་ས་ཡོད། ཡག་པོ་ཞིག་མི་དྲན་གི ད་སྐབས་དེ་འདྲ་བྱེད་པ་མཐོང་རྒྱུ་མི་འདུག གཞན་སྟག་གའི་ཚོད་མ་བཟོ་གི་རེད། ད་དུང་སྟག་ག་གཙང་མར་ཁྲུས་རྗེས་ཆུ་བཙོས་བརྒྱབ་སྟེ་མར་ཁུ་དང་ཀ་རའི་ནང་སྦང་སྟེ་ཟོས་ན་ཡང་ཞིམ་སེ་ཡོད། འོན་ཀྱང་དེ་ལ་དགའ་བོ་དེ་ཙམ་བྱེད་ཀྱི་མ་རེད། ལུ་གུ་དང་མཉམ་དུ་སྤང་རྒོད་སྟེང་ཕྱིན་ན། ཚ་ཤ་ནང་སེར་དང་ནང་སྨུག་ཡོད། ཚ་ཤའི་ནང་རྩམ་པ་བླུགས་ཤིང་དེའི་ཐོག་ཚ་དང་མར་བཞག་སྟེ་ཐབ་ཀ་དང་ལྕགས་ཐབ་ཐོག་སྲེག་དང་ན། ཨ་ཨ་་་་ད་ཁ་ཆུ་ར་མི་ཚོག་གི་ཀོ། ད་དུང་ལྕ་ཟེར་བ་ཞིག་ཀྱང་ཡོད། གད་པ་དང་ས་དཀར་ཡོད་སར་མང་། དེའི་རྩད་པ་རིང་བོ་དང་སྦོམ་ཕྲ་ཆེ་ཆུང་ལ་དཔོག་པའི་སྣ་ཚོགས་ཡོད་པ་རེད། སྟོན་འཇུག་ཏུ་འབལ་དགོས། ཤུན་པགས་བཤུས་རྗེས་ལྡད་ན་ཧ་ཅང་ཞིམ་པོ་ཡོད། མངར་མོ་བྲོ་གི་རེད། ཤིང་མངར་གྱི་དྲི་མ་དང་གཅིག་པ་གཅིག་རྐྱང་རེད། བཤད་སྲོལ་ལ་ལྕ་ཟ་རྒྱུ་མང་དྲགས་ན་སྐེ་སྐྲང་ཐོགས་ཀི་རེད་ཟེར། གནམ་ལྷ་ཧོར་གཙང་ན་མི་སྐེ་སྐྲང་ཅན་ས་ཆ་གཞན་ལས་མང་སེ་ཡོད། དབྱར་མགོར་རྩི་ཏོ་དབྱང་སྟེ་རྩ་བ་ལྡད་ན་ཡང་མངར་མོ་བྲོ་གི་རེད། དེ་ཚོ་བྱིས་པ་ཚོས་བྱི་རིལ་གྱི་ཚབས་བྱེད་ཀྱི་རེད། དེང་སང་དེ་འདྲ་བྱེད་མཁན་མི་འདུག ཨོ་་་་ གཅན་བཟོད་རྒྱམ་གྱིས་རྩི་ཏོའི་རྩ་བ་ལྡད་མྱོང་མཁན་ཨེ་ཡོད་ཟེར། ང་ཡོད། ང་ཆུང་དུས་མང་བོ་ལྡད་མྱོང་། ད་དུང་ཚེར་མ་ཙ་ཧོ་ཟེར་བ་ཞིག་ཡོད། དེའི་དཀྱིལ་སྙིང་འབྲས་བུའམ་རྡོག་རྡོག་མང་བོ་ཡོད་པ་རེད། ཆེ་བ་ཚོར་རྡོག་རྡོག་བཅུ་རེ་ཡོད་མཁན་ཡོད། རྡོག་ཐོས་བརྒྱབ་སྟེ་གཏོར་རྗེས་ཐོག་གི་ཚེར་མའི་ཤུན་པགས་བསལ་ཏེ་ཟོས་ན་ཧ་ཅང་ཞིམ་པོ་ཡོད། དབྱར་གཞུང་དུ་བྱིས་པ་ཚོ་ནགས་གསེང་ལ་ཤོར་འགྲོ་གི་རེད། ནགས་ན་ད་ཏོག་རྒྱུ་ཟ་རྒྱུ་ཧ་ཅང་མང་ནི་རེད། སིལ་ནག་རིས། སིལ་དམར། འདི་ལ་སྨན་གཞུང་དུ་འབྲི་ཏ་ས་འཛིན་ཟེར་གྱི་འདུག ཁྲོམ། འདི་ལ་ས་ཆ་ལ་ལས་སིལ་ཙ་ཧོ་དང་སིལ་དམར་ཟེར་གྱི་འདུག ནགས་དཀྱིལ་གྱི་ཤིང་སྡོང་མེད་ས་དང་སྲིབ་ངོས་སུ་རི་ངོ་ཡོངས་དམར་སོག་གེར་བྱེད་ནི་རེད། ཨ་ཤུ་རེ་གོ། འདི་གར་པར་འཇོག་ས་ཞིག་འགྲོ་རྒྱུ་ན། ངས་མང་པར་མང་ཐག་ཆོད་ཅིག་འཇོག་ས་རེད། སིལ་རྡོ་ཐི། མཛོ་མོའི་ནུ་མ། མཛོ་མོའི་ནུ་ཤིང་། སྐྱེར་འབྲས། ཟེ་རགས། རྒྱ་སིལ། ཤ་མོག འབྲུག་གི་སེ་མོ། ཧར་ལྡང་རྔ་མ། ཨ་རོ་ཤུ། ད་མི་དྲན་གི གང་ལྟར་བྱིས་པ་ཚོ་ནགས་ནང་དུ་ཤོར་སོང་ན་ཟ་རྒྱུ་འཐུ་རྒྱུ་རྩེད་སྤྱད་མང་ནི་རེད། ཕྱིར་ལོན་ནི་མ་རེད། མཛོ་མོ་ཞིང་ནང་དུ་ཤོར་སོང་བ་འདྲ་ཞིག་ཡིན། ཡ་་་་ ད་རྣམ་པ་ཚོ་ཡིན་དྰ། མུ་མཐུད་དུ་ཤོད།
ཨ་རོ། སངས་རྒྱས། ད་ལྟ་དྲ་ཐོག་ཏུ་ཡོད་ནས། ཨེ་ཁོམ་གི
སྐྱུ་རུ་ལེབ་མོ་། སྟར་བུ་ཟ་མཁན་གཏེ་བོ་ཡིན། མ་ཟས་བསམ་པ་མེད་། ཡིན་ན་ཡང་། རོང་བའི་ཧུབ་སེར་དང་སྐྱུར་ཐུག། གཉིས་རེད། ཨ་བྷུའུ་བསོད་ནམས་ཚང་ལ་མ་སོང་ན་མི་རགས། ཨ་བྷུའུ་བསོད་ནམ་གིས་མིང་ངོ་མ་དེ་བསོད་ནམ་ཚེ་རིང་རེད་། འཚང་མིང་ལ་བསོད་ནམ་པ་ད་ཁ་ཟེར་། མ་ཎི་པད་མེ་། གྲོང་ཚར་བ་རེད། ཁོང་སྐད་ཆ་བཤད་རྒྱུར་ཤིན་དུ་དགའ་ལ་དེས་མ་ཚད་དོན་དག་གང་ཞིག་གི་སྐོར་ནས་བཤད་ཀྱང་མི་རྣམ་ཀྱིས་གནས་ཚུལ་དེ་གཟུག་ཅན་བཞིན་དུ་མཐོང་ཐུབ་པས་བཤད་སྩལ་ཡོད་མཁན་ཞིག་རེད་། ཁོས་བཤད་པས་སྐད་ཆ་ཚང་མ་འབྲེལ་བཤད་འཇོག་སྟང་ཞིག་གི་དོན་དག་དེ་དུས་ནང་ཡང་སེམས་ནས་མི་རྗེད་པ་། དཔེར་ན་ཁོང་སྐྱེ་ས་ངོ་མ་དེ་དཔའ་ལུང་རེད་། འོན་ཀྱང་གནས་ཚུལ་ཞིག་གིས་དབང་གིས་ས་དེར་སྡོད་མ་ཐུབ་པར་འབའ་མང་ར་ལ་རུ་ཡོང་བ་རེད་། དེས་ཐད་ནས་ཁོས་འདི་ལྟར་། “ ད་ང་གིས་བུད་མྱིད་འགྲོ་གི་མིན་ཟེར་གིས། དེ་གས་དགོང་མོ་ད། ཧུ་རྫས་བོ་བྱས་བཞག་ནས་། དོན་དོན་བྱས་ལེ་གཉིས་རྒྱབ་བཞག་ནས་། ད་འགྲོ་རྒྱུ་ན། འགྲོ་རྒྱུ་མིན། བཟོས་རྡ་ལ་། ད་འགྲོ་གི་ཡིན་ཟེར་ནོ་རེད་། དེ་ནས་ད་ས་མང་ར་གསེར་གཞུང་རང་མོ་བུད་ལོང་ནོ་རེད་ཡ” ། འདི་ཁོང་གི་མི་ཚང་དེ་མང་ར་ལ་རུ་ཡོང་བས་སྐོར་ཀྱི་ནང་གི་དུམ་པ་ཞིག་རེད་། ང་ཕ་ལགས་དང་མཉམ་དུ་ཨ་བྷུའུ་བསོད་ནམ་ཚང་ལ་འགྲོ་རྒྱུར་ཤིན་དུ་དགའ་ལ་དེར་སོང་ན་སྐྱུར་ཐུག་དང་འཐུང་རྒྱུ་ཡོད་ལ། ཟླ་བ་ལྔ་བས་ནང་ལྔ་བའི་བ་གཞེས་ཟེར་བ་ཞིག་ཡོད་ལ་དེས་སྐབས་དེ་དང་ཁེལ་ན་་ཧུབ་སེར་ཞེས་པ་ཞིག་ཟ་རྒྱུ་ཡོད་། དེས་སྐན་རལ་བཞག་གི་རེད་། ཨ་ཕ་ལོ་ལོ་ཚོ། རོང་བའི་སྐྱུར་ཐུག་དང་ཧུབ་སེར་བཟོ་སྟང་གསལ་པོ་ཤེས་མཁན་ཡོད་ན་གསུང་དང་། སང་ཉིན་ཁྲུང་སྐད་ལ་ཚོད་ལྟ་བྱེད་གི་མིན་ན་དཀའ་འགྱུར་། ལམ་འགྲོ་རྒྱུག་ན་། ངས་འབྲོག་གི་རྩམ་པ་གི་ཟུར་ནས་རོང་བའི་ཧུབ་སེར་ཡང་བཙོང་ན་ཐང་།
ད་ཡང་ཉོག་ནས་བཞག་འདུ་། འ་བ་འ་མ་། འཁྲུངས་ལ་་བཅོས་།
སང་ཉིན་འཁྲུང་སྐར་ལ་་་་་
འོ་ཀ་དཀར་ཉོག
གོ་རེ་གཞན་པ་དེ་ཚོ་ད་འོ་ཙམ་རེད། སྐྱ་རྟི་དང་། དཀར་ཚོད། འོ་ཀ་དཀར་ཉོག་གསུམ་པོ་དྲན་ནས་ཧྲན་མི་ཐུབ་ཀི སྐྱ་རྟི་བཟོ་སྟངས་གོང་དུ་རོབ་ཙམ་བཤད་ཚར་བ་ལྟར་ས་ཆ་འདི་ནས་བཟོ་རྒྱུ་སེམས་ཏག་རེད་ཤག དཀར་ཚོད་ནི་ རྒྱ་གར་ན་ཡོད་དུས་ཚོད་ལྟ་ཞིག་བྱས་པ་ཡིན་དས་ ཕ་ཡུལ་གྱི་དཀར་ཚོད་འདྲ་བོ་ཞིག་རྩ་ནས་མི་འཁྱོངས་གི འོ་ཀ་དཀར་ཉོག་བཟོ་དགོས་བསམ་སོང་མོ་་་་འོ་ཀ་རྐྱང་པ་བཙོང་ས་ཞིག་གང་ན་ཡོད་མེད་ད་སྔ་རྙེད་མ་བྱུང་། ཡིན་ན་ཡང་བྱ་སྒོང་གི་ནང་ཉིང་་ཁུ་བ་དགོས་མིན་མ་གཏོགས་ cake དང་འོ་ཀ་དཀར་ཉོག་གཉིས་བཟོ་སྟངས་འདྲ་བ་གང་ཞིག་ལ་བྲོ་བ་ཡང་འདྲ་སེ་འདུག མི་འདྲ་ས་གཞན་ཞིག་ཡོད་པ་ནི་བཙོ་སྟངས་རེད། འོ་ཀ་དཀར་ཉོག་ནི་རླངས་བཙོས་རྒྱག་དགོས་པ་དང་། cake ནི་ལྕགས་གཞུང་ནང་དུ་སྐམ་བཙོ་རྒྱག་དགོས་པ་དེ་རེད།
ཨ་ཙི་ཨ་ཙི། ཚ་ཁུལ་རོང་ཁུལ་གྱི་ཤིང་ནགས་ནང་སྐྱེ་བའི་ཟ་རིགས། སྔོ་རིགས། སིལ་རིགས་མིང་ཡང་གོ་མ་མྱོང་བ་དེ་ཚོ་བཤད་ཡོང་ན། འབྲོག་ཕྱོགས་ཀྱི་མུ་མཐའ་བྲལ་བའི་རྩྭ་ཐང་དང་རྫ་རི་མཐོན་པོ་དེ་ཚོ་ཕལ་ཆེར་སྟོང་པ་ཡིན་པའི་བཟོ་འདྲ་ཞིག་འདུག ད་ཁ་བཙུམ་གི་ཡིན། ཁ་ལ་ཡུག་གི་ཀ་ར་མ་གཏོགས་གཞན་མང་པོ་མི་ཤེས། ཁ་ལ་ཡུག་ཟེར་ན་ཁུག་རྟ་རེད།
ད་ཐེངས་ཀྱི་བགྲོ་གླེང་འདིའི་ནང་དེ་སྔ་ཡིག་ཐོག་ཏུ་འབྲི་མྱོང་མེད་པའི་ཐ་སྙད་ཀྱང་མང་པོ་ཞིག་སླེབས་སོང་། དེ་ཚོ་ཡིག་ཐོག་ཏུ་གཅིག་གྱུར་དང་ཚིག་མཛོད་ལ་ཁ་གསོས་བྱེད་དགོས་ས་མང་པོ་ཞིག་ཡོད་པ་མ་རེད་དམ། བོད་མི་རང་གི་ཁ་ནས་རྗོད་བཞིན་པའི་ཐ་སྙད་དང་དངོས་མིང་ག་ཚོད་ཅིག་ཡི་གེའི་ནང་སླེབས་ཡོད་པ་མ་རེད། གོང་གསལ་གྱི་མིང་ཡང་གོ་མ་མྱོང་བའི་མིང་དེ་དག་ལུང་ཚན་རེ་ཟུང་ནང་གི་ཟ་རིགས་འཐུང་རིགས་ཀྱི་ཆ་ཤས་ཀྱི་ཆ་ཤས་ཤིག་ཡིན་པ་འདྲ། ད་རུང་བོད་ས་ཡོངས་ནས་ཟ་འཐུང་རིགས་ཀྱི་ཐ་སྙད་གཅིག་པུ་ཕྱོགས་བསྒྲིགས་བྱས་ནའང་ཕལ་ཆེར་པོད་ཆེན་ཞིག་ལོངས་ས་རེད་གོ། དེང་རབས་ཀྱི་དངོས་པོ་གསར་བའི་རིགས་གཅིག་པོར་མིང་མེད་པ་མ་ཡིན་པར་རང་སྐད་ནང་ཡང་ད་རུང་ཡིག་སྐད་ནང་ལེན་རྒྱུ་མང་པོ་ཡོད་པ་མ་རེད་དམ།
ཨ་རོགས་ཚོ་་་་་་་་་་་ད་ཁྱོད་ཚོས་གོ་རེའི་སྐོར་ལ་བསྡད་པ་ལས་་་་་་་་་་་ གོ་རེ་སྣ་ཚོགས་ལས་ཚུལ་གྱི་རྩོམ་ཡིག་པར་དང་བཅས་པ་འཇོག་རྒྱུ་ན་དེ་ཡག་ས་རེད།
ཨོ་་་ ད་དུང་་་ http://www.koray.com ཟེར་བའི་དྲ་ཚིགས་ཤིག་ལས་དགོས་འདུག
ད་ཡི་ཁ་ཟ་འེ་མྱོང་།
ར་མ་རུས་ཆག་གི་རྩ་བ་ཟ་རྒྱུ་མང་ན་མགོ་ཡུ་འཁོར། སྐྱུག་པ་སྐྱུགས། དེ་ནས་ད་ར་འཐུང་ནས་བཅོས་པ་བྱེད་འེ་མྱོང་།
ཤིང་མངར་ཟ་འེ་མྱོང་།
ཨ་ལ་སོག་བརྩེགས་འེ་མྱོང་།
འཆང་ལོ་མ་རེད་། ཁྱུང་ལོ་རེད་། འདི་སྔོན་ཆད་ང་ཕ་ཡུལ་ན་ཡོད་དུས་ཨ་ཁུ་སྨན་པ་ཞིག་གིས་ཁྱུང་ལོ་དམར་པོ་བླ་མའི་རྒྱལ་མཚན་འདྲ་ཟེར་བཞིན་ངོ་སྤྲོད་གནང་སོང་།
མཚོ་སྔོན་ཕྱོགས་ཀྱི་བོད་རིགས་རོང་འབྲོག་ཕལ་ཆེ་བས་་་་བག་ལེབ་འདི་ལ་་་་་གོ་རེ་་་་ཟེར་གིན་ཡོད་ས་རེད་་་་་སྣུམ་ལ་བཀྲག་པའི་་་གོ་རེ་དང་་་་་མེ་ཐལ་ནང་དུ་བཀྲག་པའི་་་་་ཐལ་གོར་་་་འདི་གཉིས་མིང་གཅིག་ཏུ་འབོད་ཀིན་འདུག ངའི་ཕ་ཡུལ་བས་སྣུམ་ལ་བཀྲག་པ་དེའི་མིང་ལ་་་་གོ་རེ་ཟེར་མོད་་་་་མེ་ཐལ་ནང་ལ་བཀྲག་པ་དེ་ལ་་་གོ་རེ་ཟེར་གིན་མ་རེད་་་་་་ཐལ་གོར་སྐྱ་བོ་ཟེར་ནི་རེད། ད་རུང་་་ཐལ་གོ་འདི་ལ་བཟོ་སྟངས་མི་འདྲ་བ་ཁ་ཤས་འདུག་་་
༡་་་མོག་ཕྱེ་འདྲ་བའི་ལེབ་ལེབ་གཉིས་ཀྱི་བར་ལ་སྒོག་པ་དང་སྔོ་ཚལ་བཅུགས་ནས་མེ་ཐལ་ནང་དུ་བཀྲག་གིན་རེད་་་་བཟོ་སྟངས་ཤ་བག་ལེབ་དང་གཅིག་པ་གཅིག་རྐྱང་རེད། འདིས་ལོ་ལོན་ཚོ་གཉིད་ཡོང་བར་ཕན་པ་མ་ཟེར་་་་རླུང་ལ་ཡང་ཕན་གིན་ཟེར་སྲོག་འདུག་་་་
༢་་་་འོ་མའི་ནང་དུ་བརྫེས་པའི་་་ཐལ་གོར་་་་་འདིས་གྲོག་ཁོག་ལྟོགས་ཡུན་རིང་བར་ཟེར་་་་
༣་་་མེ་ཐལ་ནང་ལ་ཅུང་བཀྲགས་རྗེས་ལྕགས་སླའི་ནང་ལ་བཞག་ནས་བཀྲག་པའི་གོམས་སྲོག་ཡོད་ཀིན། ཕལ་ཆེར་་་་གོ་རེ་འདིའི་མིང་ལ་་་་ཐལ་གོར་ཟེར་མཁན་ངའི་ཕ་ཡུལ་མ་གཏོགས་བོད་ན་མེད་དམ་སྙམ༎
ཨ་རོགས་ཁྱོ། ཁྱེད་རང་ཚོས་གོ་རེའམ་བག་ལེབ་ཀྱི་སྐོར་ལ་མཆན་མང་ཙམ་བྲིས་སོང་། ངས་ཁ་བརྡ་འདི་དག་ཀློག་རྗེས་ཤེས་ཡོན་སོགས་གང་ཅིར་ཡར་རྒྱས་ཀྱི་རྣམ་པ་ཞིག་མཐོང་སོང་ལ། ང་རང་ལྟབུ་ལ་མཚོན་ནའང་དྲ་ཚིག་འདི་དག་ལ་བརྟེན་ནས་བོད་སྐད་དང་བོད་ཡིག་ལ་ཅུང་ཡག་ཏུ་འགྲོ་བཞིན་འདུག་པས། དངོས་གནས་དགའ་འོས་པ་ཞིག་རེད། །
དེང་སང་ཁྱེད་རང་ཚོ་རྩོམ་འབྲི་མཁན་དང་མཆན་རྒྱག་མཁན་མང་དུ་ཕྱིན་ཙང་། ངའི་དུས་ཚོད་ཀྱང་འདིའི་སྟེང་དུ་མང་ཙམ་གཏོང་དགོས་སྟབས་རྒད་མོ་ངེད་གཉིས་འཁྲུག་པ་མང་ཙམ་ཤོར་སོང་ཡང་། དེའི་ལན་པ་ཁྱེད་རང་ཚོར་ག་ལ་ཡོད། ཀུ་རེ་ཡིན། །
ད་ཐེངས་ཞུ་རྒྱུ་ཞིག་ལ། དུས་བབ་དྲ་ཚིག་ཡིན་ནའང་འདྲ་ཁ་བརྡ་དྲ་ཚིག་ཡིན་ནའང་འདྲ་ཁྱད་པར་མེད། གང་ལྟར་ཀྱང་ཁ་ལག་འཇོག་སའི་དྲ་ངོས་ཤིག་ཡོད་ནའང་བསམ་ནས་རྒྱུན་རིང་པོ་ཡིན། གང་ཡིན་ཟེར་ན། ཁ་ལག་ཞིམ་པོ་བཟོ་མཁན་མང་པོ་ཡོད་རེད་ལ། ང་རང་གིས་འཛམ་གླིང་ཉིན་སྲིབ་ཀྱི་ཁ་ལག་མང་པོ་ཞིག་སྦྱང་མྱོང་སྟབས་དེ་དག་པར་དང་། བཟོ་སྟངས་དང་བཅས་པ་ཀློག་པ་པོ་རྣམས་ཀྱི་སྤྱན་ལམ་དུ་འབུལ་ཐུབ་ན་སྙམ་ནས་ཡོད་པས་ལན་ཁ་གསལ་ཤིག་གནང་རོགས། །
ངའི་ཡུལ་དུ་ཀེའུ་ཞམ་བུ་ཟེར་བའི་ཀེའུ་དང་འདྲ་བོ་ཞིག་ཡོད། དེ་ནི་ས་ཆ་མཐོ་ས་ནས་མ་གཏོགས་མི་སྐྱེས། དགོང་མོ་ཕྱེ་བསྙལ་ནས་ཞོགས་པ་ཕྱེ་བརྫིས་པའི་སྐབས་ཀེའུ་ཞམ་བུ་རྩབ་ནས་སྣུམ་དང་མཉམ་དུ་ཕྱེའི་ནང་དུ་བླུགས་ནས་ལྕགས་ཟངས་ནང་སྲེག་ནས་ཟས་ན་ཧ་ལས་པའི་ཞིམ་པོ་ཞིམ་པོ་ཞིག་ཡོད།
ངའི་ཡུལ་དུ་ཀེའུ་ཞམ་བུ་ཟེར་བའི་ཀེའུ་དང་འདྲ་བོ་ཞིག་ཡོད། དེ་ནི་ས་ཆ་མཐོ་ས་ནས་མ་གཏོགས་མི་སྐྱེས། དགོང་མོ་ཕྱེ་བསྙལ་ནས་ཞོགས་པ་ཕྱེ་བརྫིས་པའི་སྐབས་ཀེའུ་ཞམ་བུ་རྩབ་ནས་སྣུམ་དང་མཉམ་དུ་ཕྱེའི་ནང་དུ་བླུགས་ནས་ལྕགས་ཟངས་ནང་སྲེག་ནས་ཟས་ན་ཧ་ལས་པའི་ཞིམ་པོ་ཞིམ་པོ་ཞིག་ཡོད།
ཨ་ཨ་་ཨ་་་་་གོང་དུ་བརྩིས་ནས་མི་ཚར་བའི་མི་མང་པོ་ཞིག་གིས་ཨ་མདོ་ཡི་གོ་རེའི་སྐོར་ནས་འཕྲོས་ཏེ་མཆན་བརྒྱ་སྐོར་ལོངས་བ་ཞིག་བྲིས་འདུག་ཀྱང་། ངས་ཤེས་པའི་གོ་རེ་ཡི་སྐོར་ལ་མི་གཅིག་གིས་ཀྱང་སྐད་ཆ་ཚིག་གཅིག་ཀྱང་བཤད་མི་འདུག ད་ཡི་ན་གོ་རེ་གཡག་རྭ་ཟེར་བའི་མིང་འདི་གོང་གི་འདི་ཚོའི་ནང་ན་གོ་མྱོང་ཡོད་མཁན་གཅིག་ཀྱང་མེད་པ་ལ་བལྟས་ན་གོ་རེ་གཡག་རྭ་འདི་ཏན་ཏན་ཐུན་མོང་མ་ཡིན་པ་ཞིག་ཡིན་པ་ནི་ཐག་ཆོད་རེད། ཨ་རོགས་ཚོ། གོ་རེ་གཡག་རྭ་ཟོས་མྱོང་ནི་ཡོད་པས། མ་ཟོས་ན་གོ་མྱོང་ནི་ཡོད་པས། མ་གོ་ན་ཤེས་ན་འདོད་ནི་ཡོད་པས།
གཞོན་ནུ་ཟླ་མེད་ལགས། གཏམ་དཔེའི་དོན་དམར་ཁྲིད་གནང་བར་བཀའ་དྲིན་ཆེ་ཞུ། ཡིན་ན་ཡངཁྱེད་ཀྱིས་གསུངས་པ་ནང་བཞིན་རང་ཡིན་ཚོད་མིན་འདུག ད་ལྟ་བོད་ལ་ཡོད་པའི་ཨ་མདོ་བ་ཞིག་ལ་དྲིས་པས་ཁོང་གིས་དེ་ནི་ཨ་མདོ་བའི་ལ་གཞས་རེད་ཅེས་བཤད་བྱུང་། རོགས་ལི་ཞེས་པ་ཁྱེད་ཀྱིས་གསུངས་པ་ནང་བཞིན་དགའ་ས་ཞིག་ལ་གོ་རྒྱུ་རེད་ཟེར། ཡིན་ན་ཡང་ཁོང་གིས་ཀ་ལིའི་དོན་གོ་གི་མིན་འདུག ལ་གཞས་འདིའི་ཚིག་ཡོངས་རྫོགས་ཤིག་ང་ལ་བསྐུར་རྒྱུར་ཁས་ལེན་ཡོད་རེད་དེ་ད་ལྟའི་བར་དུ་བསྐུར་མ་བྱུང་། གལ་ཏེ་མོས་ང་ལ་བསྐུར་བྱུང་ན་གཞས་ཚིག་འདི་འདིར་འཇོག་གི་ཡིན། དེ་སྐབས་དོན་དངོས་གང་ཡིན་མིན་གཟིགས་རོགས།
ཀ་ལི་ཞེས་པ་ཀླད་པའི་དོན་རེད།
འོ་ན་ཕར་འཁོར་ན་ཀླད་པ། །ཚུར་འཁོར་ན་དགའ་ས། །ཟེར་རྒྱུ་རེད་པས། དེ་འདྲ་ཡིན་ས་མ་རེད་གོ
ཚོད་མ། ཨམ་སྐད། ལྷ་སའི་སྐད་དུ་མོག་མོག
ཤ་ཚོད་དང་ཀེའུ་ཚོད་ནི་རྒྱུན་གཏན་ལྟར་རྒྱ་བལ་འབྲུག་ན་ཡོངས་གྲགས་བཟོ་བཞིན་པ་མ་ཟད་ད་ལྟ་ཕྱི་རྒྱལ་ཁག་ལའང་དར་བཞིན་པ་ཡིན་པས་ཞེ་དྲག་དྲན་དོང་རྒྱུ་མི་འདུག
དྲན་ནས་མི་བ་ནི་ཞིག་ལ།
༡ ལབ་ཚོད། ལ་ཕུག་ཚོད་མ།
༢ ཡུང་ཚོད། ཡུང་རིལ་ཚོད་མ། ལྷ་སའི་སྐད་དུ་ཡུང་རིལ་ལ་ཞོགས་ཁོག་ཟེར།
༣ ཟྭ་ཚོད། སྟེང་དུ་ཚེར་མ་ཡོད་པའི་རྩྭ་ལྡུམ་ཞིག་ཡིན། སྔོན་རྗེ་བཙུན་མི་ལས་བཞེས་མྱོང་ཡོད།
༤ སྟག་ཚོད། སྟག་ག་ཟེར། ལོ་མ་དང་རྩ་བ་གཉིས་ཀ་ཟ་ཆོག་པའི་ལྡུམ་བུ་ཞིག
༥ བྱི་རུག་ཚོད་མ། གྲོ་སྙེ་དང་འདྲ་བའི་སྡོང་བུ་རྐང་གཅིག་ཅན།དྲི་མ་ཧ་ཅང་ཞིམ།
ཚོད་མ་འདི་ལྔ་བོ་ལས་ཟྭ་ཚོད་ནི་རྒན་པ་ལོ་ལོན་ཚོ་ཤིན་ཏུ་དགའ་བའི་ཚོད་མ་རྩ་ཆེན་ཞིག་ཡིན། སྟག་ཚོད་ཡང་མཚམས་མཚམས་ལ་བཟོ་བ་ལས་རྒྱུན་དུ་མི་བཟོ། བྱི་རུག་ཚོད་མ་ནི་དབྱར་ཟླ་གསུམ་པ་བཞི་བའི་ནང་མ་གཏོགས་མི་རག
ལྷན་རྒྱས་ཚོས་རང་རང་ཡུལ་གྱི་ཚོད་མ་རིགས་གང་ཡོད་འདིར་གསུང་དང་། བོད་གངས་ཅན་ལ་ཟས་རིགས་འདྲ་མིན་ཡོད་ན་ཡང་ད་སྔ་ཕན་ལ་རྩམ་པ་དང་རྩམ་པ་ཟེར་བ་ལས་ཟས་རིགས་གཞན་རྣམས་མི་ཤོད་པ་ག་རེ་ཡིན་ན།
དྲ་གྲོགས་ཡེ་ཤེས་དང་འདྲེ་རིག་ལྡན་སོགས་ཀྱིས་བཤད་པ་བཞིན་ཟ་མ་བཟོ་སྟངས་དང་འབྲེལ་བའི་རིག་གནས་གླེང་ས་ཞིག་ངེས་པར་དུ་དགོས་ཀྱི་འདུག དེས་ན་ངས་འདི་ནས་ཁྱོད་ཚོར་ཟ་ཁང་ཞིག་གི་དྲ་ཐག་ངོ་སྤྲོད་བྱེད། འདི་ང་རང་གིས་གཉེར་བའི་དྲ་བ་ཞིག་ཡིན་ལ། ངས་སྔོན་ཆད་ནས་བོད་རང་གི་ཟས་རིགས་འདྲ་མིན་སྐོར་གྱི་ཤེས་བྱའི་གླེང་གླེང་ཞིག་བྱ་ཐུབ་ན་བསམ་ནས་ཡོད། ད་ཐེངས་འདི་ནས་ང་ཚོས་བགྲོ་གླེང་དང་འབྲེལ་ནས་བདག་གིས་གཉེར་བའི་དྲ་ཚིག་འདིར་ཕེབས་ཏེ་བགྲོ་གླེང་ལྷུག་པོར་ཡོང་རྒྱུ་ངས་རེ་བ་དང་། དེ་ལྟར་ན་དྲ་ཚིག་འདི་རྗེས་ཕྱོགས་བོད་ཀྱི་ཡུལ་ལུས་སོ་སོའི་ཟས་རིགས་སྣ་ཚོགས་བཟོ་སྟངས་དང་ཟ་སྟངས། བསྐོལ་སྟངས་དང་ཉེར་ཚགས་བྱེད་སྟངས་སོགས་བཟའ་བཏུང་གི་དྲ་ཚིགས་ཤིག་ཏུ་འགྱུར་ཏུབ་ཚེ། ཕན་ཐོག་ཆེན་པོ་ལྡན་པར་སྙམ།
http://gotomomocafe.blogspot.com/
འདིའི་ནང་དུ་བགྲོ་གླེང་བྱེད་ས་ཡོད་ཡ།
བྱི་རིག་ཟེར་བ་དེའི་མིང་གཞན་ལ་འདམ་སྨྱུག་ཡིན་ན་ཅིག་ཟེར་གི་འདུག ང་ཚུང་དུས་འདི་མང་པོ་བཏུས་མྱོང་ལ་ང་བྱི་རིག་ཅེས་པ་འདི་བཙལ་ན་ཧ་ཅང་མང་པོ་རྙེད་མཁན་ཞིག་ཀྱང་ཡིན། ཇི་ལྟར་ཟ་བའི་སྐོར་ངས་མཆན་གོང་མ་དག་ནས་བཤད་ཟིན།
ཨ་རོ་གཅན་བཟོད་་་་བྱི་རིག་ད་མིན་ན་་་་བྱི་རུག་ད་ཡིན་པ། ཧེཧེཧེ་ དགོངས་དག
ཁྱེད་ཀྱི་གོང་གི་བསམ་ཚུལ་ལ་རྒྱབ་སྐྱོར་ཡོད་ད།
ལྟོ་རྐྱལ་ཚོ་་་་་ ཟ་གཏམ་འཐུང་གཏམ་ཏག་ཏག་བཤད་ཀི་སྡོད། ང་ལྟོགས་ནས་མི་སྲོན་གི་ ད་འགྲོ་གི་ཡིན
ཟ་རྒྱུ་འཐུང་རྒྱུ་་དག་ནི་འཇིག་རྟེན་ཐོག་ཡོང་ཉིན་ནས་མ་ཤི་བར་དུ་མེད་ན་མི་ཐུབ་པའི་དོན་དག་གལ་ཆེན་ཞིག་ཡིན་ན་ཡང་། རང་རེའི་སྤྱི་ཚོགས་འདི་འཛམ་གླིང་ཐོག་གྲུབ་པ་ནས་ལོ་ངོ་མ་མཐར་སུམ་སྟོང་བཞི་སྟོང་ཙམ་སོང་ཟིན་ནའང་ད་ལྟ་ད་དུང་ཟས་རིགས་རྣམ་གྲངས་འདི་ཟེར་བ་ཞིག་འཛམ་གླིང་གི་ཟ་ཁང་གང་ལའང་མཐོང་དཀོན་པའི་མི་ལེགས་པའི་གནས་ཚུལ་འདིའི་རྒྱུ་རྐྱེན་དེ་གང་ལ་ཐུག་འདུག དེ་ནི་ཟ་ཤེས་ཞིང་ལས་མི་ཤེས་པའི་དོན་དག་ཅིག་རེད་སྙམ། ཕ་ཡུལ་གྱི་གཏམ་དཔེར། ཟ་སྲོལ་མ་བལྟ་ལས་སྲོལ་བལྟོས་ཟེར།
ང་ཚོས་ཟ་མ་ཟ་ཤེས་པ་ལས། ཟ་མ་ལས་མི་ཤེས་པའི་གནད་དོན་འདིས་ང་ཚོའི་མི་རིགས་ལ་གྱོང་ཆེན་པོ་རག་ཡོད། དེང་སེང་འཛམ་གླིང་དཔལ་འབྱོར་གི་འཕེལ་ལུགས་འཕེལ་སྟངས་དེ་ཡང་ཟ་མ་དང་ཟ་མའི་རིན་གོང་ལ་རྩ་བ་བརྟེན་ཡོད། དེས་ན་ང་ཚོས་ཀྱང་མདོ་ལྷ་ཁམས་གསུམ་གྱི་ཟས་རིགས་ཚང་མ་ཕྱོགས་བསྡོམས་ཀྱིས་་་་
འཛམ་གླིང་གི་ཟ་མའི་ཁྲོད་དུ་བོད་ཀྱི་ཟས་སྣ་ཞེས་པའི་ཐོ་གཞུང་ཞིག་བསྒྲིག་ཐུབ་ན་ཅི་མ་རུང་།
གོ་རེ་ཟེ་བའི་མིང་དེ་ཐོས་དུས་ངོ་མ་ཕ་ཡུལ་གྱི་རོ་བཅུད་ལྡན་པའི་བོད་ཀྱི་ཟས་རིགས་རྣམས་དྲན་ཐག་ཆོད་དྲན་སོང་ད།
ང་ཚོའི་ཕ་ཡུལ་གིས་ཡུལ་སྐད་ལ་ཨ་བསག་གམ་བྲོ་བསག་ཞེས་བཏགས་གསོལ་ཡོད། ཐོག་མ་སླ་ང་ནང་འོད་ཚིག་
ཅུང་ཟད་བཏང་དེ་ནས་གོ་ཐལ་ནང་ལ་ཡུན་རིང་ཙམ་མཛང་བཞག་གི་ཡོད། ཚིག་ཐག་ཆོད་མཚམ་ཡར་སྟོན་སྟེ་ཐོག་མ་
ཀྱིལ་ནས་གོར་གོར་བྱས་ཏེ་ཨ་བསག་ཁ་ལེབ་ཕྱེ་དེ་ནས་ནང་དུ་མར་གཅུག་ཏེ་ཟགསོལ་ཡོད། ཁྱེད་རྣམ་པས་ཨ་བསག་ཟེར་བའི་
མིང་དེ་ཐོས་ཨི་མྱོང་མྱོང་ན་དེས་བཀོར་ལ་གསལ་འདྲ་་ཡོད་ཤས་ཆེ།
ཡང་མདོ་ཁམས་པ་ཡིན་ན་འདིས་ཅི་ཟེར། ཟ་ཤེས་པ་ལས་བཟོ་མི་ཤེས་ཀི་ཡིན་ན་ཅིག་ཟེར། གོང་དུ་བཟོ་སྟངས་གཅིག་པུ་ཅི་ཙམ་བཤད་འདུག ང་གཅིག་པུས་གསུམ་བཞི་ཞིག་བཤད་ཡོད། ལ་ཤོས་ཀྱིས་ད་མ་བཤད་མ་གཏོགས་ཁ་ཆུ་བཞུར་ཡོང་གི་ཟེར་བ་མ་ཡིན་ནམ། བོད་ལ་བོད་ཀྱི་ཟས་བཟོ་སྟངས་དང་ཟ་སྟངས། ད་དུང་མགྲོན་པོར་ནན་བྱེད་སྟངས་འདི་ནི་གཞན་ལ་མེད་པའི་དཔེ་བཟང་ཡག་པོ་ཞིག་མ་རེད་དམ། ད་དུང་གཏམ་དཔེ་ཞིག་འདིར་ཁྱེར་ཡོང་ནས་བཀའ་བཀྱོན་གནང་གིན་འདུག དེ་འདྲ་མ་གསུངས་ཨེ་གོ
དྲ་གྲོགས་ཁམ་བུའུ་ལས། ཁྱེད་ཀྱིས་བཤད་པ་འདིའི་སྐོར་ཅང་ཤེས་མ་སོང་བས་དགོངས་འགལ་མེད་པར་ཞུ། ཁོམ་པ་ཡོད་ན་བསྐྱར་དུ་ཡི་གེ་གསལ་བོ་ཞིག་ཕྲིས་དང་། ང་ཚོས་ཨེ་ཤེས་བལྟ་ཡོང་ཡ།
གཅན་བཟོད་འདིས་ཁོ་ཡིན་ན་ཅིག་བྱི་རུག་བཏུས་ན་ཞེ་པོ་ཅིག་ཡིན་ཟེར་གི དེ་འདྲ་དངོས་ནས་ཡིན་ན་བྱི་རུག་འཐུ་གི་འགྲོ་ན་བྱི་རུག་མང་ས་གང་དུ་ཡོད་རེད། ཞིང་ཚིགས་དབར་དང་ནགས་འདབས། ཙག་ག་དང་ཁམ་པ་མང་པོ་སྐྱེས་ཡོད་པའི་ཤིང་པ་ལེ་པི་ལེ་དབར་ནས་བྱི་རུག་མང་བ་རག་གི་རེད། ཨེ་རེད།
ད་དེ་རིང་ནས་བཟུང་་་ ངས་དྲ་ཚིགས་ཤིག་ལས་ཆོག ཁྱེད་རང་ཚོས་སོ་སོའི་ལུང་པའི་ཟ་མ་སྣ་ཚོགས་་་ ཅི་ཞིག་གིས་བཟོས་པ་དང་། ཇི་ལྟར་ལས་པ། ལས་ཀའི་གོ་རིམ་སོགས་པར་རིས་དང་བཅས་པས་བྲིས་དང་ང་ཚོས་ཐོག་མར་བོད་ཡིག་ཐོག་སྤེལ། དེ་ནས་ཀློག་མཁན་དག་གི་མཆན་བུ་དང་། ནོར་བཅོས་སོགས་གཞི་ལ་བཞག་ནས་རྩོམ་སྒྲིག་བྱས། དེ་ནས་དབྱིན་ཡིག་ཐོག་ལ་སྤེལ། དེ་ལྟར་ལོ་གཅིག་ནས་གཉིས་ནང་ལ། ང་ཚོས་འཛམ་གླིང་ཟས་རིགས་ཐོ་གཞུང་རིང་ཤོས་དེ་དཔར་དུ་བསྐྲུན་ཡ། འདི་ཡང་བོད་དོན་ཁྱབ་བསྒྲགས་ཀྱི་ཆ་ཤས་ཤིག་ཏུ་འགྱུར་ཐག་ཆོད་རེད། འཐད་པ་ཨེ་ཡིན།
ཨ་མདོ་ཚོ། བག་ལེབ་གླེང་གིན་ལུང་ཁུག་གི་སྐད་བཤད་གིན་སྐྱིད་པོ་གཏོང་སྡོད།
འཛམ་གླིང་གི་རྩེད་རིགས་དང་ཚན་རིག་གི་ཁུངས་སུ་ཞུགས་མ་ཐུབ་ཀྱང་ཟས་རིགས་གི་ཐོ་གཞུང་ནང་ངེས་པར་དུ་འཛུལ་ཐུབ་པ་བྱེད་དགོས་པ་འདུག དེར་སུ་ཞིག་གིས་ལས་གཞི་འགོ་བཙུགས་ནའང་རྒྱབ་སྐྱོར་ཞུ་ངེས་ཡིན་ལ།
ཨ་མའི་ལག་བཟས་ཚང་མ་གཅིག་གཅིག་གཉིས་གཉིས་བྱས་ནས་ཞིབ་ཚགས་པོས་མཁོ་སྤྲོད་ཞུ་གི་ཡིན།
ད་ཨ་མདོའི་སྐད་མ་ཤེས་ན་ཁ་བརྡའི་ཆ་ཤས་ལེན་རྒྱུ་དཀའ་ངལ་འདུག འདི་པ་ཚོ་རང་མཐོང་ཆེ་བ་ལ་ཨང་།
དྲ་གྲོགས་ཚོས་ཕ་ཡུལ་གྱི་གོ་རེ་བཤད་ན་དངོས་གནས་ཕ་ཡུལ་དྲན་ནི་ཞིག་རེད།
གོང་ནས་མི་ཞིག་གིས་གཡིས་ཀྱི་སྐོར་ནས་དྲིས་སོང་། ང་ཚོའི་ཡུལ་ཕྱོགས་ནས་སྣུམ་ལ་གཡིས་ཟེར་གྱི་རེད།
ད་དུང་ཞ་ཞ་དང་གོར་སྐྱ། གོར་དམར། ཟངས་སྐྱ། གོ་མི་ཞིས། ཅུང་རྡོག སོག་སོག(སོག་སོག་ནི་དེ་ཟ་དུས་སོག་སོག་སོག་གི་སྒྲ་གྲགས་པས་སོག་སོག་ཅེས་འབོད་ཀྱི་ཡོད་པ་རེད་འདོད། དཔེར་ན་ཤུ་ལ་པུས་པུས་ཟེར་བ་ལྟ་བུ། ད་དུང་སྦག་སྦག་སོགས་ཀྱི་མིང་འདོགས་ཚུལ་དང་འདྲ་བར་འདོད།)
གོ་རེ་ཁ་རྟིས་ཟེར་གྱིན་པ་འདི་ཡང་གོར་སྐྱའི་རིགས་ཤིག་རེད།
འདྲེ་རིག་ལྡན་ལགས།
ཁྱེད་རང་གིས་དྲ་ཚིགས་ཤིག་བཟོ་ཐུབ་ན་ངོ་མ་བཟང་གི་ཡ། མི་མང་པོ་ཞིག་གིས་ལག་ཤེས་སྟོན་རྒྱུ་རེད་ལ། ང་རང་གིས་རྣམ་གྲངས་མང་པོ་ཤིག་བཟོ་སྟངས་དང་བཅས་པ་བསྟན་ཆོག
ཕ་ཡུལ་གྱི་གོ་རེ་བཤད་ན་དངོས་གནས་ཕ་ཡུལ་དྲན་ནི་ཞིག་རེད།
གོང་ནས་མི་ཞིག་གིས་གཡིས་ཀྱི་སྐོར་ནས་དྲིས་སོང་། ང་ཚོའི་ཡུལ་ཕྱོགས་ནས་སྣུམ་ལ་གཡིས་ཟེར་གྱི་རེད།
ད་དུང་ཞ་ཞ་དང་གོར་སྐྱ། གོར་དམར། ཟངས་སྐྱ། གོ་མི་ཞིས། ཅུང་རྡོག སོག་སོག(སོག་སོག་ནི་དེ་ཟ་དུས་སོག་སོག་སོག་གི་སྒྲ་གྲགས་པས་སོག་སོག་ཅེས་འབོད་ཀྱི་ཡོད་པ་རེད་འདོད། དཔེར་ན་ཤུ་ལ་པུས་པུས་ཟེར་བ་ལྟ་བུ། ད་དུང་སྦག་སྦག་སོགས་ཀྱི་མིང་འདོགས་ཚུལ་དང་འདྲ་བར་འདོད།)
གོ་རེ་ཁ་རྟིས་ཟེར་གྱིན་པ་འདི་ཡང་གོར་སྐྱའི་རིགས་ཤིག་རེད།
མེ་ཏོག་དཀར་པོ་ལགས། རེ་ཟུང་གི་ངོ་མ་ཡུལ་སྐད་ཏག་ཏག་བཤད་འདུག ཁྱོད་ལ་ཁག་མེད། ཡིན་ན་ཡང་། གལ་སྲིད་ཁྱེད་རང་གིས་ཀྱད་འདི་ལྟར་བཤད་པ་ཡིན་ན་ང་ཚོ་ཚང་མས་ཡུལ་སྐད་མང་པོ་རྒྱུས་ལོན་བྱེད་ཐུབ་རྒྱུ་རེད། ཡུལ་སྐད་དེ་ཚོ་ཡང་ལོག་སྐད་ཅིག་མ་རེད། ཡི་གེ་མ་ཤེས་ན་ཡུལ་སྐད་ཀྱང་ཡག་པོ་ཞིག་ངོས་མི་ཟིན་པ་མང་པོ་ཡོང་གི་ཡོད་པ་རེད། དེ་བས། ཁྱེད་རང་གི་ངོས་ནས་ཀྱང་རང་གི་ཡུལ་སྐད་བྲིས་་་ དག་ཆ་མི་ཤེས་རུང་བྲིས་བཞག་ནས་གཞན་གྱིས་དེར་དག་ཐེར་བྱས་་་་ དེ་འདྲ་བྱས་ན་ང་ཚོ་ཚང་མར་ཕན་གྱི་རེད།
ཡེ་ཤེས་ལགས། དེ་སྔོན་ཀུ་རེའི་ཚུལ་དུ་མཆན་དེ་འདྲ་ཞིག་བཏབ་པ་ཡིན། ཡིན་ན་ཡང་ད་ལྟ་བསམ་དུས་དེ་ཡང་ངོ་མ་དོན་ཆེན་ཞིག་རེད་འདུག ངས་ངེས་པར་དུ་ཚོད་ལྟ་བྱེད་རྒྱུ་ཡིན།
འདྲེ་རིག་ལྡན་ལགས་ནས་དེ་འདྲ་གནང་ཐུབ་ན་རབ་རེད།
མེ་ཏོག་དཀར་པོ་ལགས། འདི་ཚང་མ་མིང་རྐྱང་རྐྱང་ཡིན་པས་འདིས་སྐད་ཡིག་ལ་དམིགས་བསལ་གྱིས་གཏོར་བརླག་གཏོང་ཐུབ་ཀྱི་མ་རེད།
དེ་ལས་ང་བྷི་འགྲི་གི་ཡིན། ཁྱོད་བྷི་འགྲོ་དགོས་ཟེར་བ་ལྟ་བུ་ལ་གཟབ་དགོས་རེད།
ཡ ཡ དེ་དུས་ཟླ་གཞོན་ཁྱོས་ར་རྩོམ་ཡིག་བྲིས་ནས་བསྐུར་ཤོག་ཡ ང་ཚོས་མཉམ་ལས་བྱེད་ཡ
སྔ་མོ་ཞིག་ལ་འབྲི་མོས།
ངས་རྒྱ་ནག་ཡུལ་དུ་ཐོན་པ་ནས།
ངས་རྒྱ་སྐད་དག་མ་དིག་ཅིག་བཤད།
ང་རྒྱ་གར་ཡུལ་དུ་གནས་ཡོད་པས།
ངས་ཧིན་རྡི་འཆལ་མ་འཆོལ་ཞིབ་བཤད།
ང་ཕྱི་གླིང་ཡུལ་དུ་འགྲོ་དགོས་པས།
ངས་དབྱིན་སྐད་དག་ལ་མ་དག་བཤད། ཅེས་བྲིས་འདུག ངས་དེའི་མཇུག་ཏུ་འདི་ལྟར་བཏགས་ན་འདོད།
ང་ཁ་བརྡ་བལྟ་ཞིང་ཀློག་དགོས་པས།
ངས་ཨམ་སྐད་ཧྲག་གེ་ཧྲི་གེ་བཤད། འདི་འདྲ་ཞིག་སྦྱར་དགོས་ཐུག་ས་མ་རེད་དམ།
མེ་ཏོག་དཀར་པོས་་་ ཨམ་སྐད་མ་ཡིན་པའི་བོད་སྐད་ཅིག་དང་། ཁམས་སྐད་མ་ཡིན་པའི་བོད་སྐད་ཅིག དབུས་གཙང་སྐད་མ་ཡིན་པའི་བོད་སྐད་ཅིག་བཤད་ཀི་ཡོད་ན་ཁྱེད་རང་འབྲུག་པ་ཞིག་ཡིན་རྒྱུ་རེད། ཧ ཧ ཧ ད་བཀོད་པ་མེད།
ཁྱོས་ཟེར་བ་འདི་ག་རའི་མིང་རེད།
བྱེ་བྲག་ཨ་མདོའི་ཁ་སྐད་ཀྱིས་སྤྱི་པའི་བོད་སྐད་ལ་གནོད་དང་མི་གནོད་ང་ཚོས་རྩོམ་བྱང་གཞན་ཞིག་ཏུ་བགྲོ་གླེང་བྱ། འདྲེ་རིག་ལྡན་དང། ཟླ་བ་གཞོན་ནུས་ཕྲན་ལ་གསལ་བཤད་གནང་བར་ཐུགས་རྗེ་ཆེ།
བག་ལེབ་ཀྱི་རྩོམ་འོག་ལ་ཨ་མདོ་བ་ཏག་ཏག་ཕེབས་ནས་ཁ་བརྡ་མཛོད་ཅིག་གུ
ཁྱོས་་་་ ཟེར་བ་དེ་མིང་མ་རེད། དེ་ནི་མིང་ཚིག་གཉིས་ལྡན་གྱི་བརྗོད་པ་ཁ་མ་ཚང་བ་ཞིག་རེད། ཁྱོད་ཀྱིས་་་་ ཟེར་བའི་བསྐོང་ཡིག་རེད། འདི་དག་ནི་རྒྱུན་ལྡན་གྱི་བོད་པའི་འཚོ་བར་གོམས་འདྲིས་མེད་ན། ཅེ་ལྕེ་འབྲུག་གིས་མཛད་པའི་་་་ གནས་བརྒྱད་ཆེན་མོའི་ཡོད་པ་རེད། དེ་དག་ལ་གཟིགས་རོགས། དེ་མ་ཡིན་པའི་དོགས་འཆར་ག་རེ་ཡོད་ན་གསུངས་དང་ཚང་མས་ལན་སྟེར་ངེས་རེད།
ཟས་ཀྱི་ཐོ་གཞུང་ཨེ། ད་དུང་འཛམ་གླིང་ནང་གི་རྒྱས་ཤོས་ཡིན་ན་ཅིག ཁ་ཟས་ཀྱི་ཐོག་ལ་ང་ཚོ་བོད་ཀྱི་སྐྱེས་པ་ཚོ་བཤད་དགོས་ན་ཡོད་རེད་མ་གཏོགས་ལས་དགོས་ན་ཅི་ཡང་འཇོན་གྱི་མ་རེད། འདྲེ་རིག་ལྡན་ཁྱེད་རང་དཀའ་ལས་མ་རྒྱག འབྲས་བུ་ཅང་ཡོང་གི་མ་རེད།
ང་བོད་པར་སྐྱེས་པས་ཞེ་བློ་བདེ། དེ་ལས་གཞན་འབྲུག་པར་སྐྱེས་ཡོད་ནའང་སྤོབས་པ་སྐྱེ་ས་རེད་དཀོན་ཅོག་གསུམ།
ཧཧཧཧཧཞེས་བོད་པས་འབྲུག་པར་དགོད་རྒྱུ་བཞག་ནས་འཛམ་གླིང་རིལ་རིལ་ནང་ལ་ཐེག་ཆེན་རྒྱལ་ཁབ་དེར་བོད་པས་ཡི་རངས་བྱ་འོས།
འདྲ་ལགས།
འདྲེ་རིག་ལྡན་ལགས། དེའི་སྐོར་གྱི་རྩོམ་ཁྱོག་རེ་འབྲི་ཐུབ་མིན་བལྟ་ཡོང་། དྲ་ཚིགས་ལས་རྗེས་བརྡ་རེ་རྒྱོབ་དང་བལྟ་ཆོག ད་འདིའི་སྐོར་ནས་གླེང་མཁན་མང་མདོག་འདུག
ཁྱེད་རང་ལ་ཁོམ་པ་ཡོད་ན། The Hellenistic world, The Epicureans, Stoisism, Cynics and Sceptics. འདི་དག་ལ་འགྲེལ་བཤད་གསལ་བོ་རེ་བརྒྱག་རྒྱུ་མ་བརྗེད་རོགས། འདིར་བཏགས་ན་མི་བདེ་ན་ངའི་གློག་འཕྲིན་གྱི་ཡིག་སྒམ་དུ་བཞག་ཀྱང་ཆོག
གོ་རེ་བཤད་ས་ནས་གོ་ལོག་རྐྱང་རྐྱང་བཤད་བསྡད་ན་གོ་རྒྱུ་ཅང་མི་འདུག་གོ་ཞེས་རྫོགས་ཚིག་ཅིག་བྲིས་ན་འདོད་གི
རེད། འདྲེ་རིག་ལྡན་གྱི་བཤད་པ་དེ་ཏག་ཏག་རེད། དྲ་ཚིགས་དེ་འདྲ་ཞིག་བཟོས་དང་ཟ་འཐུང་གི་སྐོར་བཤད་དགོས་ན་ད་འུ་ཚང་ལ་ཡོད་ནི་རེད།
ཧ་ཧ་་་་ དེ་རིང་ངས་གོ་རེ་གཡག་རའི་སྐོར་ཤེས་སོང་། དེ་ནི་གོ་རེ་རླངས་གཙོས་ཀྱི་རིགས་ཤིག་རེད་འདུག ཙོང་དང་ཚིལ་ལུ། ཤ་ཐགས་མ་རྣམས་བསྲེས་ཏེ་དེའི་ནང་ཚ་སོགས་བྲོ་སྨན་གྱི་རིགས་གང་འཚམ་བརྒྱབ་རྗེས། ཕྱེ་བརྡལ་མའི་ཁུག་ཏུ་བཅུད་དེ་རིལ་ན། དཀྱིལ་ཅུང་སྤོམ་ཞིང་སྣེ་གཉིས་ཕྲ་མོ་ཡོད་པ་དེ་ག་རང་ཁོན་དུ་བཞག་སྟེ་བཙོ་དགོས། ཚོས་རྗེས་དུམ་བུ་དུམ་བུ་བྱས་ཏེ་གཏུབ་ནས་ཟོས་ན་ངོ་མས་ཞིམ་པོ་ཞིག་ཡོད་པ་རེད་ཟེར། ཨ་རོ་ཆ་བོ། ངས་བཤད་པའི་ནང་མི་འགྲིག་པ་ཨེ་ཡོད་ཀི། མི་འགྲིག་ནི་ཡོད་ན་བཟོ་བཅོས་བྱོས།
འ་དཀོན་མཆོག་མཁྱེན། ཉིན་ཞག་གཅིག་ལ་མ་ཁོམ་པར་གློག་གླད་ཁ་ཕྱེ་མ་ཐུབ། དེའི་བར་དུ་མཆན་འདི་འདྲ་མང་པོ་ཞིག་བྲིས་འདུག དེའི་ནང་ན་འདི་ལྟར་བྲིས་ན་བོད་པའི་ཡིག་སྐད་དམ་སྤྱི་སྐད་ལ་གནོད་ཀྱི་རེད་ཟེར་མཁན་རིགས་གཅིག་ཡོང་གི་ཡོད་བཟོ་འདུག ངས་བསམ་ན་འདིས་གནོད་ཀྱི་མ་རེད། འདིས་ཕུན་སུམ་ཇེ་ཚོགས་སུ་གཏོང་གི་ཡོད་པ་རེད་བསམ། སྡེ་དགེའི་བཀའ་འགྱུར་ན། བོད་ཀྱི་ཐུན་མོང་མ་ཡིན་པའི་སྐྱེ་དངོས་རིགས་དང་། དེ་ཁ་ཟས་སུ་བེད་སྤྱོད་གཏོང་སྟངས། དེའི་ཕན་ནུས་སོགས་ཡོད་ཀྱི་མ་རེད། དེ་བས་ན་འདིའི་རིགས་ནི་ངེས་པར་དུ་དགོས་ངེས་རེད་བསམ། ད་དུང་སྐྱེ་དངོས་འདིའི་རིགས་ཟ་མར་བཀོལ་སྟངས་ཙམ་དུ་མ་ཟད། སྨན་གྱི་ནུས་པ་ཅན་རྣམས་ཀྱང་བཤད་ན་ཕུན་སུམ་ཇེ་ཚོགས་ཡིན་རྒྱུ་རེད་མོ། དགོས་དུས་འཚོ་བྱེད་གཞོན་ནུ་ཡང་མཇའ་ལྟར་ཡལ་སོང་ཟིག
ད་དུང་ངས་བལྟས་ན་འདི་འདྲ་མཆན་མང་ན་ཡང་མ་ཐོན་པ་མང་པོ་ལོས་ཡོད། དཔེར་ན་ཨ་ཡེ་ལག་ཀ་ཟེར་བ་དེ་རྩ་ནས་སླེབས་མ་སོང་། འདི་ལ་བྱ་་ཁྱུང་ཤོག་ན་གཏམ་དཔེ་ཞིག་ཡོད། ༼ཨ་ཡེ་ལག་ཀ་དྲིན་ཆེན་པོ། དབྱར་ཡོང་ན་ཟ་རྒྱུ་དང་། དགུན་སླེབས་ན་འབུད་ཀྱི་ཉན་གི༽ཟེར་བ་རེད། ཨ་ཡེ་ལག་ཀ་འདི་ནི་སྐྱེ་ཡོང་དུས་དེའི་མགོ་ནི་ཨ་ཡེ་ཞིག་གི་ལག་པ་ནང་དུ་ཅུང་ཟད་བཀུག་པ་ལྟར་ཡོད་པས་ཨ་ཡེ་ལག་ཀ་ཟེར་གྱི་ཡོད་པ་རེད། འདི་ལོ་མ་རྒྱས་པའི་བར་དུ་གཞུང་རྟ་དང་བཅས་པ་ཟ་རུང་མོད། ལོ་མ་རྒྱས་སོང་ན་ཤིང་ལྟར་ཅུང་ཟད་མཁྲེགས་པོ་ཆགས་འགྲོ་གི་རེད། ཟ་མ་བཟོ་སྟངས་ནི། ཟྭ་ཚོད་བཟོ་སྟངས་དང་གཅིག་པ་རེད། ཐོག་མར་ཆུ་ཚ་བོའི་ནང་དུ་ཅུང་ཟད་བཙོས་རྗེས་ཚུར་བླངས་ནས་ལག་པས་ཤུགས་ཀྱིས་ཆུ་བཙུར། དེ་ནས་དེ་ཉིད་སྣུམ་གྱི་ནང་དུ་བརྔོ་དགོས་པ་རེད། དེ་བརྔོ་སྐབས་སུ་ནང་དུ་ཚྭ་དང་སྒོག་པ་རྒྱག་དགོས་པ་རེད། འོན་ཀྱང་སྔར་མི་ལ་རས་པས་ཟྭ་ཚོད་ནང་དུ་ཚྭ་དང་སྣུམ་དེ་རྒྱབ་ཡོད་ཚོད་དུ་མི་སྣང་། ཟྭ་ཚོད་འདི་ནི་བོད་ཡུལ་སྟོད་སྨད་བར་གསུམ་ན་ཡོད་ན་ཡང་། ཨ་ཡེ་ལག་ཀ་འདི་ནི་སྟོད་སྨད་བར་གསུམ་ན་ཡོད་མེད་མ་ཤེས། མདོ་སྨད་མཚོ་སྔོན་ཕྱོགས་ལ་ནི་འདི་ཤིན་ཏུ་མང་། ལྷག་པར་དུ་བྱ་ཁྱུང་ཚང་ནི་ཨ་ཡེ་ལག་ཀ་ཞེས་པའི་ཚོད་མ་འདི་ལ་ཤིན་ཏུ་ནས་བརྩེ་ཞེན་ཆེ།
ཁྱོད་ཚོའི་གོ་རེ་སྐམ་པོ་ཞིག་གི་སྐོར་ལ་བཤད་རན་གང་ཡོད། དེ་ལས་མོག་མོག་གི་སྐོར་བཤད་ན་ཡག མོག་མོག་ཁ་ལ་ཞིམ་པ་བཟོ་སླ་བོ། མོག་མོག་ལ་རིགས་མང་པོ་ཡོད། དཔེར་ན། ༡ཤ་མོག་མོག ༢ཚིལ་མོག་མོག ༣ཚལ་མོག་མོག ༤འབྲས་མོག་མོག ༥ཨ་ལོ་མོག་མོག ༦ཙོང་མོག་མོག ༧ཀེའུ་མོག་མོག ༨ལ་ཕུག་མོག་མོག ༩ཕུན་མོག་མོག་སོགས་མང་པོ་ཡོད། མོག་མོག་ནི་མི་མཐོ་དམན་བར་གསུམ་གྱི་ལོངས་སུ་སྤྱོད་པའི་ཟས་ཡག་ཤོས་ཞིག་ཡིན། བོད་ཀྱི་ཞལ་ཟས་ལྡེར་ཆེན་བཅོ་བརྒྱད་ཀྱི་ནང་དུའང་མོག་མོག་ཐོག་མ་ཡིན།
ད་དུང་ཨ་ཡེ་ལག་ཀ་དང་ཟྭ་ཚོད་ནང་བཞིན་ཟས་རིགས་ལ་བེད་སྤྱོད་གཏོང་ཆོག་པ། ཞིང་ཁར་སྐྱེས་པའི་སྔོ་ལྡུམ་རིགས་སྐོར་ཞིག་ཡོད། བུད་མེད་ཚོས་དབྱར་ཀར་ཞིང་ནང་དུ་ཡུར་མ་ཡུར་དུས་ཞོར་ལ་ཁྱེར་ཡོང་གི་རེད། ལྡུམ་བུ་སྣེའུ་ལོ་གཅིག་རེད། ཁ་ཤས་ཤིག་ཡོད་མོད་དེ་མ་གཏོགས་དྲན་མ་ཐལ། དེ་ཚོ་ཚང་མ་བཟོ་སྟངས་ཟྭ་ཚོད་དང་གཅིག་པ་རེད། གོང་དུ་བཤད་པའི་ཨ་ཡེ་ལག་ཀ་དང་གཅིག་པ་རེད།
འདིའི་ནང་ན་མང་ཆེ་ཤོས་ནི་ཞིབ་ཚགས་པོ་རེད་འདུག ཁ་ཤས་ཞིག་ནི་ཚག་ར་ཚག་ར་རེད་འདུག དཔེར་ན་གཅིག་གིས་དབྱར་ཟླ་གསུམ་པ་བཞི་བར་ཡོད། ཟེར་འདུག གསུམ་པ་བཞི་བ་དེ་བོད་ཀྱི་ལོ་ཐོ་དང་ཕྱི་རྒྱལ་གྱི་ལོ་ཐོ། རྒྱ་ནག་གི་ལོ་ཐོ་གང་ལྟར་ན་ཡང་དབྱར་ཟླ་ཟེར་འེ་ཡོང་། ཅུང་ཟད་ཞིབ་ཚགས་པོ་བྱས་ན་ཡག་རྒྱུ་རེད་ཡ།
དེ་ནས་གོང་དུ་རིག་འབྱུང་གིས་ང་ལ་བསྟོད་པ་བྱས་པ་ཐུགས་རྗེ་ཆེ། ང་བསྟོད་པ་བྱས་ན་དགའ་ནི་ཟིག་མིན་ན་ཡང་མཁས་པ་རེད་ཟེར་ན། ཡུམ་དགའ་ནི་ཟིག་མ་རེད་ན། ཧཧཧ ད་ངེད་ཚོས་འབྲོག་ཕྱོགས་ཀྱིས་རྒྱུ་མ་སྒྱོང་སྟངས་ཀྱི་སྐོར་ལ་ཡང་གཅིག་བཤད་ན་རེད། ང་ད་འབྲོག་པ་མ་རེད། འབྲོག་པའི་རྒྱོང་སྟངས་བཟོ་ཤེས་ནི་མ་རེད་ད། རོང་བའི་ཕག་བཤའ་དུས་ཀྱི་སྐོར་ཤེས་ནི་རེད། ང་ཆུང་ཆུང་སྐབས་སུ། ང་ཚོ་ཕྱོགས་ན་དགུ་བའི་ཉེར་གཉིས་སྟེ། ལྷ་བབས་དུས་ཆེན་ཡལ་སོང་ན་དེ་ནས་ཕག་བཤའ་རྒྱུ་རེད། ང་ཚོ་སྡེ་བ་ན་ཕག་བཤའ་མཁན་མི་གཉིས་ཡོད་པ་རེད། ཁོང་གཉིས་ཀྱི་ལག་ཚ་ལྟ་བུར་ཕག་གི་སྐེ་ཁོ་གཉིས་ལ་སྤྲོད་དགོས་པ་རེད། དེ་ནི་ཕག་གཤས་པའི་སྡིག་གླ་ལྟ་བུ་རེད། འོན་ཀྱང་ཁོང་གཉིས་ཀྱི་ནང་གི་གཅིག་དེ་ཅུང་ཟད་ཧམ་པ་ཆེ་དྲག་འདུག གང་ཡིན་ཟེར་ན་ཕག་ཤའི་ཤ་ཀོག་དེ་སླེ་བོ་ཆེན་པོ་ཞིག་གི་སྟེང་དུ་ཁ་ཐུར་དུ་སྐོར་ནས་སྐེ་ཚིགས་གཅོད་ཀྱི་འདུག ཤ་ཁོག་རློན་པ་སླེ་བོ་སྟེང་དུ་ཁ་ཐུར་དུ་་སྐོར་ན་ཤ་མང་པོ་ཞིག་ཐུར་དུ་ལྷུག་ཡོང་གི་རེད། བཅད་པའི་རྗེས་སུ་ཡར་སྐོར་བཞག་ན་དེ་ནི་ཕལ་ཆེར་སྒལ་གཞུང་བར་དུ་བཀོག་ཡོད་པ་རེད། ཧཧཧ ཁྱོད་ཚོས་ལྟོས་ན་དེ་ཧམ་པ་ཆེན་པོ་འེ་རེད།
ད་ཕག་པ་བཤའ་དུས་སུ་དེའི་མཐའ་སྐོར་དུ་འཁོར་མཁན་རིགས་གཉིས་ཡོད། གཅིག་ནི་བྱ་ཁ་ཏྭ་རེད། ཝ་མཆུ་ཁར་བབས་ནས་མགོ་བོ་ཟུར་ལ་ལོག་ནས་ཞ་འོག་གི་ཕག་བཤའ་སར་བལྟས་ནས་སྐད་རྒྱག་གི་རེད། ཁོ་ལ་དབང་བའི་ཤ་རིགས་གཉིས་ཡོད། དེ་ནི་མཁྱིད་པ༼མཁྲིས་པ༽དང་། མཚེར་བ་གཉིས་རེད། ཡང་མཐའ་སྐོར་མཁན་རིགས་གཞན་པ་དེ་ནི་བྱིས་པ་ཚོ་རེད། མཐའ་སྐོར་ནས་ལྒང་བུ་ལེན་འདོད་ཡོད་པ་རེད། ཤན་པས་ལྒང་བུ་བྱིས་པ་ཚོར་སྤྲད་ན། ལྒང་བུ་ནང་གི་གཅིན་པ་ཡོང་རྫོགས་ཕྱི་ལ་འཕོ་རྗེས་ནང་དུ་དབུ་རྒྱག་གི་རེད། བྱིས་པ་སྣབས་ལུག་ཁ་ཤས་ཀྱི་ལྒང་བུ་ལ་དབུགས་རྒྱག་སྐབས་སུ། ལྒང་བུ་དང་སྣབས་གཉིས་ཀྱི་ནང་དུ་དབུགས་བསགས་ཡོང་གི་རེད། ལྒང་བུ་ནང་དུ་དབུགས་རྒྱབ་རྗེས་ས་ལ་འཕུར་མཉེད་བྱེད་དགོས་པ་རེད། དེ་ལྟར་བྱས་ན་ཆེན་པོ་ཆགས་ཀྱི་རེད། ཡང་བསྐྱར་དབུགས་རྒྱགས་དགོས་པ་རེད། ངའི་ལྒང་བུ་དེ་གཅན་བཟོད་རྒྱམ་དང་རིག་འབྱུང་གཉིས་ཀྱི་ལྒང་བུ་ལས་ཆེ་བ་ཡོད། ད་གཞན་པ་སུ་ལྒང་བུ་ངའི་ལྒང་བུ་ལ་འགྲེན་སྡུར་བྱེད་ན་འདོད་དམ།
ཟླ་མེད་ཟེར་བའི་གཞོན་ནུ་འདི་ད་མི་དྲན་དགུ་དྲན་ཡིན་ནོ་ལྟོས་དང་། ཨ་ཡེ་ལག་ག་ཡང་དྲན་དང་ཐ་ནོ།
བྱ་ཁྱུང་ཕྱོགས་ནས་ཨ་ཡེ་ལག་ག་ཟེར་གི ང་ཚོའི་སྡེ་བ་ནས་ཧྲ་ལག་ཟེར་ར་ཡ། སྣུམ་མང་ཙམ་ནང་བརྔོ་ལངས་ནས་སི་པན་དང་སྒོག་པ་མཉམ་དུ་ཟོས་ན་ཞིམ་དང་ནོ་མི་ཉན། ཡིན་ན་ཡང་ཧྲ་ལག་གི་ཚས་མ་གཏོགས་ཚོད་མ་མི་བཟོ།
ཤ་བཙོས་ནས་འཚོས་རྗེས་སུ་སྡེ་བའི་ནང་གི་རྒན་འགོ་ཚོ་ལ་ཤ་བསྐལ་ཟེར་བ་ཞིག་འཁྱེར་སྲོལ་འདུག དེ་ནི་གནའ་རབས་བསྐལ་བ་ཡ་ཐོག་ཟིག་གི་ལུགས་སྲོལ་ཡིན་ཡང་སྲིད། ཤ་བསྐལ་ཁྲོད་ན། སྣེ་ཁ་བདུན་ཡིན་ན་ཅིག་འདུག ༡༽ ཁྲག་རྒྱུས། ༼འདི་ནི་རྒྱུ་མ་ནང་དུ་ཁྲག་དང་རྒྱུ་པ་རྣམས་རྒྱང་བ་རེད༽༢༽ གཡོས་རྒྱུས༼འདི་ནི་རྒྱུ་མ་ནང་དུ་རྩམ་པ་དང་ཤ་སྣེ་རྣམས་རྒྱང་བ་རེད༽། ༣༽ རྐལ་ལྡན ༼འདི་ནི་བྲང་གཞུང་གི་ཤ་རེད།༽༤༽ གློ་བ། ༥༽ མཆིན་པ། ༦༽ གཡོས་སྦོམ། ༼འདི་ནི་གོང་གི་གཡོས་དང་འདྲ་བ་ལ་རྒྱུ་མ་དེ་རྐུབ་དང་ཐག་ཉེ་སའི་སྦོམ་པོ་ཡོད་ས་དེ་རེད།༽ བདུན་དྲན་གི་མི་འདུག ཕལ་ཆེར་དྲུག་ཡིན་ས་རེད། འོན་ཀྱང་བརྗེད་ཀྱི་མེད་པ་ཞིག་ཡོད། དེ་ནི་ཤ་བསྐལ་དེ་བྱིས་པ་ཚོས་ཁྱེར་དགོས་པ་རེད། ང་ཆུང་ཆུང་སྐབས་སུ་གློ་བ་ལ་ཤིན་ཏུ་དགའ་བས། གློ་བ་ལྐོག་ཏུ་ཟ་བཞག་གི་ཡོད། ལོ་ལོན་ཚོས་ཁྱེད་ཚང་གི་ཤ་བསྐལ་ནང་ན་གློ་བ་མི་འདུག་ཅེས་འཚམ་འཚམ་ལ་ཁ་མཆུ་ཡང་འཛུགས་གི་རེད། ཁྱོད་ཚོས་ཤེས་རྒྱུ་མ་རེད་མི་འགྱུར། མི་འགྱུར་ནས་ཁྲག་རྒྱུས་ཡང་ཟོས་ནས་ཤ་སྐལ་དེ་ཆུང་ཆུང་ཟིག་བྱས་ནས་ལོ་ལོ་ཚོར་ཁྱེར་འགྲོ་གི་རེད། རྡོ་རྗེ་རྒྱལ་མཚན་ནི་དེ་ལས་ཀྱང་སྡུག ཤ་སྐལ་ཁ་ཤས་ལམ་ཁ་ནས་རྩ་ནས་མེད་པ་ཆགས་འགྲོ་གི་རེད། ཁྱོད་ཚོ་ནང་ན་ཤ་སྐལ་ལ་བྲེས་ཀ་རྒྱབ་མྱོང་མཁན་འེ་ཡོད།
བོད་ཀྱི་མཁས་དབང་དགེ་འདུན་ཆོས་འཕེལ་གྱིས།
ིརིགས་མཐུན་སྐྱེ་བོའི་ཚོགས་རྣམས་ཉམས་རེ་དགའ། །མི་མཐུན་ཚོགས་ལ་སྨྲས་ན་ཞེ་རེ་ཁྲེལ། །… ཞེས་གསུངས་སོ།།
གསར་བུ་དག་དག་གིས་ཟ་རྒྱུ་འཐུང་རྒྱུ་རྐྱང་རྐྱང་བཤད་ལེ་སྡེ་ཨ་ཅེ་ཚེ་རིང་སྐྱིད་སོགས་ཨ་མདོའི་གསར་མོ་ཚོར་ངོ་ཡང་མི་ཚ་ཀ སྡེ་ཞི་མོ་ཚོས་མཆུ་ལག་པས་བསུམས་ནས་དགོད་ཀོ་ཁུ།
ངོ་མ་རེད། གཞོན་ནུ་ཟླ་མེད་འདིས་ལྡུམ་བུ་མང་པོ་ཞིག་བཏུས་ནས་ཡོང་ན་ང་བདེ་མོ་གཟིག་མ་རེད་ད། ཡིན་ནའང་། ཨ་རིའི་ནང་དེང་སང་ལྡུམ་བུ་རྐྱང་ཟ་བཞིན་ཡོད་པས་ཚེ་རིང་སྐྱིད་དང་འཕྲིན་ལས་ཆོས་སྒྲོན་སོགས་ཀྱིས་བསམ་བློ་གཏོང་མི་སྲིད་པ་ཞིག་མ་རེད།།
ངོ་མ་བཤད་ན། གཞོན་ནུ་ཟླ་མེད་འདི་ཆའི་འདྲ་འདྲའི་རིག་ཡག་ཞིག་ཡིན་ན། མགོ་གོ་རེ་ནས་ ་་་ འོ། ང་ཉལ་རན་སོང་། ཚིག་པ་མ་ཟ།
གོང་གསལ་བོད་ཟས་གསར་པ་གང་མང་ཞིག་དྷ་ས་སོགས་སུ་ཚོང་འགྲེམས་ཐུབ་ན་རང་གཞན་གཉིས་ཕན་ཡོང་ངེས་འདུག
གཞོན་ནུ་ཟླ་མེད་ནི་ཟླ་མེད་རང་རེད་འདུག ཁྱོད་ཀྱིས་བྱས་མྱོང་བ་ཚང་མ་ངས་ཀྱང་བྱས་མྱོང་བ་རྐྱང་ཡིན་པར་བལྟས་ན་ས་གནས་གཅིག་དང་ཡང་སྡེ་བ་གཅིག་གི་མི་ཞིག་ལོས་ཡིན་འདོད་ཀི ད་གང་ལྟར་ཀྱང་ང་ཚོས་ཉི་མ་འདི་ཚོར་ཟ་རྒྱུ་འཐུང་རྒྱུའི་སྐོར་མང་པོ་གླེང་འདུག ད་རང་སོ་སོས་གང་དག་ཅིག་བཟོས་མྱོང་བ་དང་བཟོ་ཤེས་པའི་སྐོར་ནས་ཞིབ་ཚགས་ཀྱིས་རེ་རེའི་འབྲེལ་བཤད་གསལ་པོ་རེ་བྲིས་ན་ཅི་འདྲ་འདུག
ངས་ཁ་སང་ཞབས་ཞ་བཟོ་སྟངས་ཤེས་ཚད་ཅིག་ངོ་སྤྲོད་བྱས་ཟིན་པ་ཡིན།
འོ་ཡ་གྲོགས་པོ་ཚོ། མདངས་དགོང་ཕག་གི་ལྒང་བུ་ཕུར་གི་ཕུར་གི་གཉིད་ཁུགས་སོང་ཟིག ད་ནང་ཡར་ལངས་དུས་གྲོགས་པོ་རྙིང་པ་དེ་ཚོ་སླེབས་ནས་མཆན་རེ་བྲིས་ནས་བུད་སོང་ཟིག ཡེ་ཤེས་ནས་ངའི་ལྒང་བུ་ལ་ལྡོག་སྟིས་རྒྱབ། བཟོད་རྒྱམ་གྱིས་ངའི་ལྒང་བུ་རྐུ་མ་རྐུས་ན་འདོད་ནས། རྐུ་རོགས་མ་ཆོད་པར་བུད་སོང་ཟིག
མགོ་རིལ་ནས་ཚེ་རིང་སྐྱིད་དང་ཨ་མདོ་བུ་མོ་གཞན་དག་ལ་ངོ་ཚ་ཟེར་ཡོད་ཀི ངས་བསམ་ན་ཚེ་རིང་སྐྱིད་སོགས་དེ་འདྲ་རང་ད་ཡིན་རྒྱུ་མ་རེད་འདོད་ཀི ཨ་མི་རི་ཀ་ན་ཡང་བུ་མོ་མཛེས་མ་ཡིན་ཟེར་མཁན་དེ་ཚོས་གཙོ་བོ་ལྡུམ་བུ (salad)ཟ་གི་ཡོད་ཀ ཨ་མདོ་ནས་ཡིན་ན་ཡང་ཟས་རིགས་ཀྱི་སྐོར་འདི་གཙོ་བོ་བྱི་མོ་ཚོས་བཟོ་ནི་རེད། ཡིན་ན་ཡང་ང་ཚོ་བོད་ཀྱི་བྱི་མོ་འདི་ཚོ་ཕྱི་རྒྱལ་ལ་སླེབས་ཚར་སོང་ན་ཁ་ནང་གི་ཚིག་ཚང་མ་བརྗེས་བོ་རྒྱབ་འགྲོ་གི་འདུག དཔེར་ན་ཁ་བརྡ་བྱེད་ལ་བགྲོ་གླེང་བྱེད་དང་། ང་ཚོ་ཕ་ཡུལ་ནས་མི་ཟེར་བར་འཛམ་བུ་གླིང་གི་ཟེར་བ་འདྲ་བོ། ཁྱོད་ཚོས་དོ་སྣང་འེ་བྱུང་། འདི་འདྲ་རང་རང་གི་ཕ་ཡུལ་གྱི་ལུགས་སྲོལ་བཤད་དུས་བུ་མོ་གཅིག་ཀྱང་མེད་ནོ་མཐོང་གི་འདུག་ཀ གལ་ཏེ་བཀའ་བློན་ཁྲི་བ་ཅིག་ཅིག་ཟེར་བ་དང་། འཛམ་གླིང་རྒྱལ་སྤྱིའི་ཅིག་ཅིག་ཟེར་བ་ལྟ་བུའི་བརྗོད་བྱ་ཡིན་ཚེ་བུ་མོ་ཚོ་འཚང་ཀ་རེད་འདུག ཡ་ཡ་ད་འཛམ་བུ་གླིང་འགྱུར་བ་བུད་སོང་ཟིག
ཡིན་ན་ཡང་བོད་ནང་ན་དེང་སང་ཁ་གཡང་ཞིག་འདུག མི་བུ་རང་ཕྱོགས་ནས་འགོ་རྩོམ་དགོས་ཞེས་དང་། ཐག་རིང་ས་ནས་ཐག་ཉེ་ས་མི་བལྟ་བར་ཐག་ཉེ་ས་ནས་ཐག་རིང་སར་བལྟ་སོགས་རེད། ཤིན་ཏུ་ནས་རང་སྐྱ་འཕར་བའི་ལྟ་བ་རེད་འདུག་ཀ
གཞོན་ནུ་ཟླ་མེད་ནས། གང་ཟིག་ཀ་སོང་ནི་ར་མི་ ཤེས་ཀི
མགོ་རུལ་ནས། སྡེ་ཞི་མོ་ཚོས་མཆུ་ལག་པས་ བསུམས་ནས་དགོད་ཀོ་ཁུ།
མདོ་ལྷ་ཁམས་པས། བྱ་ཁྱུང་ཕྱོགས་ནས་ཨ་ཡེ་ ལག་ག་ཟེར་གི ང་ཚོའི་སྡེ་བ་ནས་ཧྲ་ལག་ཟེར་ར་ཡ། སྣུམ་མང་ཙམ་ནང་བརྔོ་ལངས་ནས་སི་པན་དང་སྒོག་པ་མཉམ་དུ་ཟོས་ན་ཞིམ་དང་ནོ་མི་ཉན། ཡིན་ན་ཡང་ཧྲ་ལག་གི་ཚས་མ་གཏོགས་ཚོད་མ་མི་བཟོ།
གོང་གསལ་གྱི་མཆན་འགོད་པ་དེས་ཚོས་ཅི་བསམ་དང་འདི་དྲན་བོད་གངས་ཅན་པའི་སྐྱེ་བོ་བློ་ལྡན་རྣམས་ཀྱི་ཤེས་དགོས་པ་གལ་ཆེ། གང་ལྟར་བརྒྱ་བཤད་སྟོང་དུ་ཕུད་ན་ད་ལྟའི་བོད་ཀྱི་ཡིག་སྐད་བོད་ཆོལ་ཁ་གསུམ་ལ་ཁྱབ་པ་འདི་ཉིད་མེད་པ་བཟོ་འདོད་པ་ཞིག་ཡིན་པ་ལ་ཐེ་ཚོམ་མི་དགོས།
འདི་ལྟ་བུའི་ཁ་བརྡ་ཁོ་ནར་བྱེད་པ་ཡིན་ན་ཁ་བརྡའི་དྲ་རྒྱ་སྒོ་བརྒྱབ་ན་འགྲིགས།
འབྲུག་གི་ཡིག་སྐད་དུ། བཅུད་དོན་ངོ་མ་ར་ང་བཅས་མི་སེར་ཚུ་རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལུ་ལོངས་སྤྱོད་ནི་ཡོདཔ་ཅིག་གི་ཐུགས་བཞེད་གནང་ནི་འདི་གཙོ་ཆེ་ཟེར་ཞུ་ནི།
གོང་གསལ་དེའི་དོན་ནི།
གནས་དོན་ངོ་མ་ང་ཚོས་མི་སེར་ཚོར་རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལོངས་སྤྱོད་ཡོད་པ་ཞིག་ཐུགས་བཞེད་གནང་བ་འདི་གཙོ་ཆེ་ཟེར་ཞུ་དགོས།
བོད་སྤྱི་ལ་ཕན་པའི་བསམ་བློ་ཁུར་མཁན་མེ་ཏོག་དཀར་པོ་ཁོང་ལ་ཐུགས་རྗེ་ཆེ།
ངའི་དྲ་གྲོགས་རྙིང་པ་ལགས།
ད་ངས་ཐོ་ཐུག་སྐོར་ལ་བཤད་ཀྱི་ཡིན། ཁྱོད་ཚོ་ནང་ན་ཐོ་ཐུག་ཤེས་ནི་འེ་ཡོད། ཐོ་ཐུག་ཟེར་ན་ཐོ་རངས་ལོན་ན་འཐུང་རྒྱུ་ཐུག་པ་ལ་བོ་ཞིག་རེད། ཕ་ཡུལ་ན་བཞི་བའི་བསྙུང་གནས་ཟེར་བ་ཞིག་ཚོགས་རྒྱུ་འདུག དེ་ནི་བོད་ཟླ་བཞི་བའི་བཅོ་བཞི་ཉིན་མོར་སྔོན་འགྲོའི་ཉིན་མོ་རེད། ཞོགས་པ་ཁྲུས་བྱས་དེ་ནས་སྡེ་བའི་རྒན་གཞོན་མང་པོ་མ་ནི་ཁང་ལ་ཚོགས་ནས་དགེ་སློང་མ་དཔལ་མོ་ལུགས་ཀྱི་སྤྱན་རས་གཟིགས་སྒྲུབ་ཐབས་འདོན་ནི་རེད། ཉིན་གུང་ཡོལ་རྗེས་ཆུ་ཚོད་གསུམ་པ་ཙམ་ལ་བསོན་ཚ༼སྡོམ་ཚ༽འཐུང་རྒྱུ་རེད། དེ་ལ་གྲོད་ཁོག་གི་ཞབས་ནས་ཁ་བར་དུ་བརྫང་ནས་འཇོག་གི་རེད། ང་ལ་མཚོན་ན་རྩམ་པ་གཉིས་ཟ་གི་ཡོད། དེ་ནས་བཟུང་ཟ་མ་དང་ཆུ་ཚང་མ་གཅོད་དགོས་པ་རེད། བཅུ་བཞི་ཕྱི་དྲོ། བཅོ་ལྔ་ཉིན་གང་ཞག་གང་། བཅུ་དྲུག་གི་ཞོགས་པ་ཐོ་རངས་སྟེ་ཆུ་ཚོད་ལྔ་བའི་བར་དུ་ཟ་མ་གཅོད་དགོས་པ་རེད། སྡོམ་པས་ཆུ་ཚོད་༣༨ རིང་ལ་ཟ་གཅོད་པའི་ཆོ་ཀ་ཞིག་རེད། མི་ཚང་མ་ལ་སྤྱན་རས་གཟིགས་ཀྱི་ཆོ་ཀ་དེ་འདོན་རྒྱུ་ཡོད་པ་མ་རེད། འོན་ཀྱང་མ་ནི་དང་བསྙུང་གནས་འོ་བསྟོད་གཉིས་འདོན་རྒྱུ་ཡོད་པ་རེད། འོ་བསྟོད་དང་མཉམ་པོར་ཕྱག་འཚལ་དགོས་པ་རེད། ཨོཾ་འཇིག་རྟེན་མགོན་པོ་ལ་ཕྱག་འཚལ་ལོ། ། འཇུག་རྟེན་བླ་མ་སྲིད་པ་གསུམ་གྱིས་བསྟོད་པ་པོ།། ལྷ་ཡི་གཙོ་བོ་བདུད་དང་ཚངས་པས་བསྟོད་པ་པོ།། ཟེར་ནས་དབྱང་ལ་གྱེར་ནས་འདོན་གྱི་རེད། འོན་ཀྱང་བྱིས་པ་ཚོས་འོ་བསྟོད་འདི་ཚིག་གཞན་དག་བཟོས་ནས་ལྐོག་ཏུ་འདོན་མཁན་ཡང་ཡོད་པ་དཔེར་ན། ཐོ་རངས་ལངས་ནས་ཐོ་ཐུག་འཐུང་ནས་དགེ་བའོ། ཟེར་བ་ལྟ་བུ་རེད། ད་ཐོ་ཐུག་བཤད་ན་བཅུ་དྲུག་ཞོགས་པ་ཐོ་ཐུག་འཐུང་ནི་རེད། ཐོ་ཐུག་དེ་ཆུ་ནང་དུ་འོ་མ་བླུགས། དེའི་ནང་དུ་གྲོ་ཕྱེ་བླུག་ནས་སླ་བོ་བྱས་ནས་བསྐོལ་ཡོད་པ་རེད། གོང་དུ་མདའ་ཚན་པས་བཤད་པའི་རྡི་རུ་དང་གཅིག་པ་འདྲ་བོ་རེད། འོན་ཀྱང་ནང་དུ་ཤ་གཏུབ་མི་རུང་།
བསྙུང་གནས་སྐབས་སུ་གྲོད་ཁོག་ལྟོག་ཡོད་ནི་རེད། འོན་ཀྱང་སྐུ་གསེང་སྐབས་སུ་བུ་མོ་མཛེས་མ་དེ་ཚོས་ལག་པ་ཆུ་ནང་དུ་བཞག་ནས་སྙོམ་ཆུང་གི་མིག་ཞག་ཕར་ཚུར་བལྟ་གི་རེད། མིག་ཞགས་དེ་འདྲ་ཕྱི་རྒྱལ་བུ་མོ་ཚོས་མི་ཚེ་གཅིག་ལ་སྦྱང་ན་ཡང་ཡོང་གི་མ་རེད། མིག་ཞགས་དེ་སྐྱེ་པ་སུ་འདྲ་ཞིག་ཡིན་ན་ཡང་དྲན་པའི་ངོས་སུ་བསུ་མི་ཐུབ་པའི་རི་མོ་འབྲི་ནི་རེད། འདི་ད་མདའ་ཚན་པས་དྲན་རྒྱུ་རེད་ལ།
འོ་རྩམ་གཟན་འདི་ངས་བོར་སོང་ཟིག་བསམ་སོང་། དེ་རིང་དག་དག་ཨ་ཡེ་ལག་ཀ་ཚོད་མ་བཟོ་དུས་སླེབས་སོང་། ཡ་ད་ཚོད་མ་ཟིག་ཟོ དེ་ནས་ཁྱོས་ལ་ཟ་མ་ཙིག་བཟོ་རོགས་ཀྱིས།
ཨ་རོད་ཟླ་མེད། ཐ་ཐུག་དེ་དང་པོ་གོ་རེ་སྐྱ་རབ་བརྒྱབས་ཏེ་དེ་གྱུག་རིགས་སུ་བཏང་བ་འོ་མའི་ནང་དུ་སྐོལ་བ་མ་རེད་དམ། སྨྱུང་གནས་བར་ལྡིར་རུ་སྐོལ་ནས་ལྡུད་སྲོལ་ཞིག་གང་ན་ཡོད།
ཧྥ་རན་སིའི་གྲོགས་པོའི་QQབེད་སྤྱོད་སྟངས་བསླབ་རོགས་ཟེར་ནས་ངའི་རྩིས་འཁོར་ནང་དུ་འབུ་མང་པོ་ཤོར་འདུག ཡི་གེ་མང་པོར་འགྱུར་བ་ཐེབས་འགྲོ་གི་འདུག རྒྱ་འདི་ཚང་ལ་ཡོད་ནོ་ད་འབུ་རེད་ཡ།
ཨོ་རེད། ཐོ་ཐུག་ལ་ཐ་ཐུག་བྲིས་འདུག་པར་དགོངས་དག་ཞུ།
སྦྲ་ནག་དོན་འགྲུབ་ཚེ་རིང་གིས་འཁྲུངས་སྐར་ལ་ཧུབ་བསིལ་བཟོ་རྒྱུ་ཟེར་གི ད་ངས་ཧུབ་བསིལ་བཟོ་སྟངས་བཤད། ཧུབ་བསིལ་དེ་གྲང་ཟས་རིགས་རེད། ཆུ་ཚ་བོ་ནང་དུ་ཐུག་པ་རིང་བོ་བཙོ་དགོས་པ་རེད། དཀྲུགས་ཞོར་དཀྲུགས་ཞོར་རྐང་གཅིག་བླང་ནས་ཆོད་དང་དཀྱིལ་ན་དཀར་སེང་སེ་ཡོད་པ་དེ་མེད་སོང་ན་དེ་ནས་ཚོས་ཡོད་ནི་རེད། ལམ་སང་ལེན་དགོས་ནི་རེད། མང་པོ་ཆུ་འཁོལ་ན་བཞག་ན་ལྡིར་འགྲོ་ནི་རེད། དེ་ནས་ཆུ་གྲང་མོ་ནང་ལ་ཆུ་བཞལ་གཅིག་ཐོངས། དེ་ནས་ཤིང་ལེབ་སྟེང་དུ་བླང་ནས་གཡིས་ཅུང་ཟད་བླུགས། དེ་ནས་དཀྲུགས་་དཀྲུགས་ཡག་ཐག་ཆོད་ཅིག་ཐོངས། ད་ཐུག་པ་འགྲིག་བསྡད་ཡོད་ཀི དེ་ནས་དེའི་སྤོབས་ཡ་༼སྒོ་ཆུ་འམ ཚལ་རིགས༽གྲ་སྒྲིགས་བྱོས། གཙོ་བོ་སྒོག་དྲི་དང་སྐྱུར་དྲི་ཅན་གྱི་ཚོད་མ་རིགས་ཡག་པོ་ཡོད་པ་རེད། དཔེར་ན་རྒྱ་སྒོག ཀེའུ། ཙོང་སྔོན་པོ་སོགས་ཀྱིས་བཟོས། ད་དུང་ལ་ཙི་རྒྱུང་། དེ་ནས་ཅང་ཡིག་ཧྲ་ནི་མ་རེད། ཚུའུ་བླུགས། དེ་ད་ཧུབ་བསིལ་ཞིམ་ཤོས་རེད། ད་འགྲིག་སོང་ང་། ད་ངེད་ཚོས་ཧུབ་བསིལ་ཁྱེར་ནས་འཁྲུངས་སྐར་ལ་འགྲོ
བཟོད་རྒྱམ་ལགས། ཐོ་ཐུག་ནང་དུ་སྐྱ་རབས་བསྐོལ་སྲོལ་ཡང་ཡོད་ན་ཐང་། འོན་ཀྱང་ཐོ་ཐུག་དེ་གཙོ་བོ་ཤིན་ཏུ་སླ་བོ་ཡིན་དགོས་ནི་རེད། རྒྱུ་མཚན་ཆུ་ཚོད་ ༣༨རིང་གྲོད་ཁོག་ནང་དུ་ཟས་རིགས་ཆུ་རིགས་གང་ཡང་མ་སོང་བས་གྲོད་ཁོག་ལ་ནང་དུ་ཐོག་མར་འཇམ་པོ་ཞིག་འགྲོ་དགོས་ནི་རེད། དེ་བས་ཐོ་ཐུག་བསྐོལ་སྟངས་དེ་ཧྭ་ལུང་ཕྱོགས་ཀྱི་དེ་ཞེ་གི་ཧྲ་གི ཁྱོས་ཤེས་ཀ་ཟེ ཧྭ་ལུང་ཙ་པ་ཟེར་ས་དེ། དེའི་ཁུངས་ན་རྒྱ་བོད་གཉིས་ཀས་བསྙུང་གནས་མཉམ་དུ་རེད། བོད་མོ་མཉམ་མྱོང་ཅན་དེ་ཚོས་ཐོ་ཐུག་བསྐོལ་གྱི་རེད། དེའི་རྗེས་ནས་ཉིན་གུང་ཟ་མ་དེ་རྒྱ་མོ་ཚོས་བཟོ་ནི་རེད། ད་རྒྱ་མོ་དེ་ཚོས་ཟ་མ་ཡག་པ་བཟོ་ནི་རེད་ཡ། ང་ཆུང་ཆུང་སྐབས་སུ་ས་ཆ་དེར་འཚམ་འཚམ་ལ་འགྲོ་གི་ཡོད།
རེད་རེད། ཁྱོད་བཟང་ཐལ། ཧེ་ཧེ་ཚོ་སྨྱུང་གནས་ལ་ཡོང་མཁན་མང་པོ་འདུག སྐར་མ་ཐང་དང་རྒྱ་བྱ་ཚང་། ཀེའུ་ཆུ་དང་སྦྲུལ་ལྕེ་ཡི་ཧེ་ཧེ་ཚོ་ཚང་མ་སྨྱུང་གནས་ལ་ཡོང་གི་རེད། ད་དུང་སྨྱུང་གནས་ཀྱི་རིལ་ཆ་བརྒྱབས་པ་ཡང་སྟེར་གི་རེད། ཧེ་ཧེ་ཚོའི་གཡོས་པའི་ཟས་ཞིམ་པ་ལ་ཚོད་མེད་ཟེར་ནི་རེད། རྒྱ་ཧེ་ཧེ་ཡི་ཟས་ཟོ། གཏམ་ལ་མ་ཉན་ཟེར་བ་མིན་ནམ། ཁྱོས་ཧེ་མོ་དེ་ཚོའི་ཟས་མང་ཙམ་ཟོས་མྱོང་རྒྱུ་རེད་པ། གཅན་ཚ་རྫོང་ཐོག་གི་ཧེ་མོའི་ཟ་ཁང་ཤེས་སམ། འཐེན་ཐུག་བསྐོལ་རྗེས་ཚྭ་བྲོ་མིན་ཁེམ་བུ་ཞིག་གིས་ཟངས་ང་ནང་ནས་བླངས་ཏེ་བལྟས་རྗེས། ཕོར་བར་བཅུས་ནས་སྟེར་གི་རེད། ཧེ་མོའི་ཟ་ཁང་ནང་དུ་སོང་མྱོང་མཁན་ཞིག་ཡིན་ཚེ། ཧེ་མོའི་ཁ་ཤུལ་འཐུང་མེད་མཁན་ཡོད་ཀྱི་མ་རེད། དེ་ཚང་གི་འཐེན་ཐུག་དེ་ད་ཅིག་ཅིག་ཞིམ་ཡ། ཨང་ཨང་། ད་དུང་ཧེ་མོ་དེའི་ཤ་རྩ་དམར་ལ་་་་་་ད་མི་བཤད། ཡང་ལ་ཤོས་ཀྱིས་སྡིགས་ན་ཐང་།
ཡ་ཡ། ད་ང་དགུང་ཆུ་འཐུང་བར་འགྲོ་རྒྱུ་ཡིན། ཕྱིར་ཡོང་ནས་ངས་ཁྱོད་ཚོར་པན་ཞི་བཅའ་སྟངས་ངོ་སྤྲོད་བྱེད་ཡ།
ཧེ་ཧེ་ཚོའི་ཉུང་གནས་(Ramadan) དེ་སྟོན་ཁ་ཟིག་ལ་རེད། ཟླ་བ་གཅིག་ལ་ཟས་གཅོད་དགོས་ནི་རེད། ཉིན་མོ་གཅོད་པ་མ་གཏོགས་མཚན་མོ་ཟ་གི་འདུག ཉི་མས་མ་རིག་ན་འགྲིག་ནི་རེད་ཟེར། ཧེ་མོ་དེ་ཚོའི་གདོང་ལ་གྱོན་པའི་གོས་ཐུལ་དེ་རིག་ན་ཡིད་ཀ་འགག་འགྱོ་ནི་རེད་ད། དེ་ཚོས་མགོ་སྒུར་ན་ཁུ་སིམ་སིམ་ལ་བཞེས་འཐེན་དང་ན་ཡིད་དབང་བཀུག་འཇོག་ཀ མྱི་མེད་ས་ནས་དེ་ཚོར་འོ་བསྐྱལ་ན་འགྲིག་ནི་རེད།
གཞོན་ནུ།
ལྡུ་རུ་ནི་ཐུག་པ་ཞིག་རེད། ཁྱེད་རང་གིས་བཤད་པའི་ཐོ་ཐུག་དང་གཅིག་པ་མ་རེད། ཁྱེད་ཀྱིས་བཤད་པའི་ཐོ་ཐུག་ལ་ངེད་ཚོས་ཅ་ཐང་ཟེར་གི་ཡོད་པ་རེད་བསམ། སྙུང་གནས་སྲུང་སྐབས་ཀྱི་ཉིན་སྔོན་མ་དེར་ཅ་ཐང་འཐུང་། ལྡུ་རུ་དང་ཅ་ཐང་གཉིས་ལ་གར་སླའི་ཁྱད་པར་ཡོད་པ་རེད། བཟོ་སྟངས་ཀྱང་ལོགས་སུ་རེད། དག་ཆ་དེ་མི་ཤེས། དེའི་ནང་ཅ་ལྒ་མང་ཙམ་ལྡུག ཅ་ཐང་ཟེར་དོན་ཡང་དེ་མིན་ནམ་སྙམ། གསལ་པོ་མི་ཤེས། བཅའ་ཐང་ཡིན་ཡང་སྲིད། བཅའ་བའི་ཐང་ཡིན་པས་སོ།
ཨ་ལ་ལ། ད་ཡིན་ན་བྲིས་ཡོད་ཀི་ཀོ། ཧ་ཧ་་་་དགོད་སྤྱད་ཅིག་ལ། གཞོན་ནུས་ཐོར་ཐུག་ལ་ལྡུ་རུ་བསྐོལ་འདུག བཟོད་རྒྱམ་གྱིས་ཐོར་ཐུག་ལ་སྐྱབས་ཐུག་བསྐོལ་འདུག ངོ་མ་དགོད་སྤྱད་དོག་གོ་རེད། རང་རང་ལུང་བའི་ལུགས་སྲོལ་མི་གཅིག་པ་ནང་བཞིན་ཟས་གཡོ་སྟངས་ཀྱང་གཅིག་པ་མི་འདུག ད་ཁྱེད་ཚོས་སྙུང་གནས་སྲུངས་དང་། ངས་ཐོར་ཐུག་བསྐོལ། དང་བོ་གྲོ་ཕྱེ་སླ་ངའི་ནང་བརྔོ་དགོས། ཚེས་བཅུ་དྲུག་ཞོགས་པ་ཆུ་ཚོད་གསུམ་དང་ཕྱེད་ཀའི་སྟེང་འོ་མའི་ནང་ཆུ་ཅུང་ཟད་བསྲེས་ཤིང་། དེའི་ནང་མར་མང་ཙམ་བརྒྱབ། དེ་ནས་ཚ་གང་འཚམ་བརྒྱབ། དེ་ནས་མདང་དགོང་བརྔོས་པའི་གྲོ་ཕྱེ་དེ་འོ་ཆུ་ཁོལ་མའི་ནང་དཀྲུགས་བཞིན་འདེབས་དགོས། སླ་ཙམ་བཟོ་དགོས་པ་རེད། ཅི་འདྲ་རེད། ཁྱེད་གཉིས་ཀྱི་ཐོར་ཐུག་ལས་ངའི་ཐོར་ཐུག་ཞིམ་མ་བཟོས། ཨོ་་་་ བྱིས་པ་ཚོ་ཡོང་གི་མ་འཇུག་གོ། དེ་ཚོ་ཐོན་དང་ན་ཁྱེད་ཚོ་རྒྱག་ནི་མ་རེད།
ཨོ་ཨོ། དོན་དག་གལ་ཆེན་ཞིག་བཤད་རྒྱུ་བརྗེད་སོང་ཟིག སྙུང་གནས་སྲུང་དུས་དང་དཀར་ཟས་བཟོ་སར་སྐམ་ལུག་དང་ཕག་པ་བསོད་ཀི་མ་འདུག་གོ། བཟེད་འཇོག་གི།
ཧར་རྡང་རྔ་མ་དང་། ཨ་ཡེ་ལག་ག ཧྲ་ལག་གསུམ་ནི་དོན་གཅིག་མིང་གི་རྣམ་གྲངས་ཡིན་པ་འདྲ། ང་ཚོའི་ཡུལ་ནས་ཧར་རྡང་རྔ་མ་ཟེར་ནི་རེད། བཟོ་སྟངས་གཅིག་པ་རེད།
ད་ཆོག་གི་པ། ཨ་རོགས་ཆ་བོ། ཧྭེ་ཧྭེ་ཟ་ཁང་གི་ཧྭེ་མོའི་འཐེན་ཐུག་བཤད་ཡོང་ན་ད་ལྟ་རང་རྒྱུགས་དགོས་བསམ་བསམ་འདྲ་བོ་འདུག ཨཨཨ ད་ ་རྫོང་ཐོག་གི་ཧྭེ་མོ་ན་ཆུང་མ་དེ་ཚོས་ཐབ་ཀའི་སྒང་ལའང་སྙོབ་ལ་མ་སྙོབ་ལ་འཐེན་ཐུག་འཐེན་བཏང་ན་ད་་ཨུམ་ཨུམ་ཨུམ་ ད་མི་བཤད་་་ད་མི་བཤད།
ཟ་ཁང་གི་དྲི་མ་སྲང་ལམ་ན་དྲི་ཐི་ལི་ལི་ལི། ནང་དུ་མི་འགྲོ་ཟེར་རུང་རང་དབང་ཅིག་ད་་་་་་་་
འ་འ་འ། ཐོ་ཐུག་བསྟན་འཛིན་ཤེས་རབ་ཀྱི་ཐོ་ཐུག་ཞེ་གི་ཧྲ་གི ཞིམ་པོ་ཟིག་ལ་རེད། འདི་སྔོན་མ་དགོན་པ་ཟིག་གི་ཇ་མ་ཡིན་ན། ཡང་ན་ཨ་ཀ་བྱ་ཁྱུང་གི་ཇ་གཡོག་རེད་པ། ཧཧཧ ཨ་ཀ་བྱ་ཁྱུང་གཤེགས་པོ་དེ་ཤེས་ཀ་ཟེ། ཚོགས་གཏམ་གཏོང་ཞོར་ར་ཟ་མ་ཞིམ་པོ་བཟོ་ནི་རེད་ཡ། ང་ཚོ་ལ་ཚོགས་གཏམ་འདི་བྱས་གཏོང་ནི་རེད། ༼ཡར་ལོག་དེ་ཚོ། ཕ་མ་བསོ་ན་མི་འདོད་ནོ། བྱིས་པ་གཉོར་སྐྱོང་བྱས་ན་མི་འདོད་ནོ། དེ་ཚོ་ཚང་མ་དགོན་པ་ནང་ང་འཚང་ཀ་རྒྱབ་ཡོང་ནི་རེད་ཡ། འདི་ཚོ་དཔེ་ཆ་འདོན་སྟངས་ལ་གཅིག་ལྟོས་དང་། རྒྱ་རྒན་ཆོས་ཁེ་དཔེ་བྱེད་སྟངས་རེད། འདི་ཚོས་ཟ་མ་ཟོས་དང་ན་གྲྭ་བ་ཟིག་གི་ཟ་སྟངས་མ་རེད། རྒྱ་ས་ལས་པ་ཚོས་ཟ་སྟངས་རེད། ཕན་གཞུང་ཕན་གཞུང་བྱས་ནས་ཚར་འགྲོ་གི་༽ཟེར་ནས་ཚོགས་གཏམ་གཏོང་གི་རེད།
འོ་ད་རུང་ཇ་མ་ལག་ཏོ་ཤེས་ཀ་ཟེ། ཁོང་ནི་མེ་ཧོ་ཕྱོགས་ཀྱི་རྒྱ་རྒན་ཟིག་རེད། དགོན་པ་ཡོང་ནས་གྲྭ་བ་བཟོས་དང་ཟིག ཟ་མ་ཞིམ་པོ་ལས་ནི་རེད། ཆུང་ཆུང་སྐབས་ནས་ལྡ་མ་ལྡོམ་མེ་འདི་ཟིག་ཀ་ཡོང་ནས་གྲྭ་བ་བཟོས་དང་ཟིག དགོན་པར་ཞེན་ཆགས་ཆེ་ཀི དེ་ནས་གུང་ཁྲན་གྱིས་དགོན་པ་གཏོར་རྗེས་གར་སོང་ལ་མ་ཤེས་ཟིག ༡༩༨༢ ལོར་པན་ཆེན་རིན་པོ་ཆེ་སླེབས་ནས་དགོན་པ་དེ་ཚོ་ཆོས་སྒོ་ཕྱེ་སྐབས་ཡང་བསྐྱར་ཇ་མ་ལག་ཏོ་ཐོན་དང་ཟིག སྐད་ཆ་བཤད་རྒྱུར་རྩ་ནས་མི་དགའ། ཁོང་ཁྲོ་ཟ་ན་སྨན་བླའི་གཟུངས་དེ་དབྱངས་ལ་གྱེར་ནས་འདོན་ཞོར་ར་ཟ་མ་ལས་རྒྱུ་རེད། ཁོང་གིས་འདོན་པ་ཟིག་ཤེས་ནོ་སྨན་ཐུང་དང་ལྟུང་བཤགས་གཉིས་རེད། འོན་ཀྱང་ཟ་མ་འདྲ་མི་འདྲ་ལས་ཤེས་ནི་རེད། དགོན་པའི་ཚོགས་ཐུག འགྲུལ་བར་སྣེ་ལེན་གྱི་ཚལ་རིགས་སོགས་འདྲ་མི་འདྲ་ལས་ཤེས་ནི་རེད། འདིས་ལྡུམ་བུ་རྩམ་སྐྱོ་གི་ཚལ་བརྔོ་གི་འདུག ཁྱོད་ཚོས་ལྡུམ་པུ་རྩམ་སྐྱོའི་ཚལ་ཟས་མྱོང་ནས་ཁ་བརྡ་འདི་ནང་ན་གཅིག་ལ་ཡོད་ཀྱི་མ་རེད། ཨ་མདོ་ཕྱོགས་ཀྱི་བོད་པ་ཚང་མས་ལྡུམ་བུ་རྩམ་སྐྱོ་ཟ་མཁན་ངས་མཐོང་མ་མྱོང་། ཇ་མ་ལག་ཏོ་གཅིག་བུ་མ་གཏོགས། ཁོ་ནི་རྒྱ་རེད་བ།
ཟླ་གཞོན་ཁྱོད་ད་ལྟ་་དྲ་ཐོག་ན་ཡོད་དམ།
ཡོད་ན་ཁ་བྱང་འདིའི་ཐོག་འབྲེལ་བ་ཞིག་བྱེད་རོགས།
shampa4in@yahoo.com
ཟླ་མེད་འདིས་སྐད་ཆ་བཤད་སྟངས་ཀྱིས་ངས་ཆང་ཞིག་འཐུང་ཡོད་པའང་དགོད་རྒྱུ་ལངས་ནས་སྐྱགས་ཡག་བྱས་དང་ཐལ། ཕན་གཞུང་ཕན་གཞུང་ཟེར་བ་འདིས་ང་བགད་ནས་རྒྱུ་མ་ན་ཡི་འདུག
མདོ་ལྷ་ཁམས་པས་སྐད་ཆ་དེ་བཞིན་རེད། ཐབ་ཀའི་ཉོག་ལ་སྙོབ་ལ་མ་སྙོབ་ལ་ཞིག་བྱས་ནས་འཐེན་ཐུག་འཐེན་མཁན་གྱི་ཧེ་མོ་ལོ་ཆུང་དེ་ཚོ་མིག་ལམ་ཏུ་ཤར་ཡོང་། དངོས་གནས་དགོད་རྒྱུ་ལངས་ནས་མི་བ་གི་ཡ།
ད་ཡར་བཤད་ཀིན་མར་བཤད་རེ་་་་ཁ་ཕུད་གི་སྔ་མོའི་འཐུང་རྒྱུའི་བག་ཏང་སྐོར་ལ་སླེབས་འདུག་ག
ཆུང་དུས་ཨ་མ་མཉམ་དུ་བསྙུན་གནས་པ་ཚོའི་གྱལ་ལ་བག་ཏང་འཐུང་གི་མང་བ་སོང་ཟིག ཞོགས་པ་སྔ་མོ་ནམ་མ་ལངས་སྔོན་ལ་བག་ཏང་འཐུང་ན་ཞིམ་དོང་རྒྱུ་ཟོ་མི་ཤེས་དས་་་་ སྐྱིད་སྣང་འདྲ་ཟིག་ཡོད། བསྐོལ་མ་ཤེས་ན་བག་ཏང་ནང་དུ་ཕྱེ་་་རྡོག་རྡོག་་་རྡོག་རྡོག་བྱས་ནས་ཡོད། ཕྱུར་ར་དང་གྱོ་མ་མང་ཙམ་ཡོད་ན་བག་ཏང་ཞིམ་པོ་ཡོད་ད།
ལྡུམ་བུ་རྩམ་སྐྱོ་ད་ཨེ་ཡིན་ན། ལྡུམ་བུ་རྩེའུ་ལོ་ཡིན་རྒྱུ་རེད་པ། ལྡུམ་བུ་སྣེའུ་ལོ་བཏུས་ཡོང་ནས་ཆུ་བཙོས་བརྒྱབས་རྗེས་སྣུམ་ལ་ཅུང་ཙམ་བརྔོས་ནས་རྩམ་པ་ལེབ་ལེབ་བཟོས་པའི་དབར་དུ་གཅུད་ནས་ཟོས་དང་ན་ད་ཨུམ་ཨུམ། ད་དུང་ཨ་ཡེ་བ་བདག་ཡོད་ནི་རེད། སྣེའི་ལོ་དང་མཉམ་དུ་གོང་བཞིན་བཟོས་ནས་ཟོས་ན་ཞིམ་དང་ནི་ཅིག་མི་ཉན་ཡ། སྣེའི་ལོའི་ཚོད་མའི་ནང་དུ་ར་སྒོག་ཅུང་བརྒྱབས་ཟོས་དང་དུས་དེ་ལས་ཞིམ་པ་ཞིག་ཆེས་ཡོད་འདོད་ལ་ཡ།
ཡང་སྣེའི་ལོ་ལ་རྩེའུ་ལོ་ཡིན་ན་ཅིག་བྲོས་འདུག སྣེའུ་ལོ་རེད་སྣེའི་ལོ་ཤེས་ཀ་ཟེ།
བཟོད་རྒྱམ་འདིས་ཆི་ཟེར་གི ལྡུམ་བུ་སྣེའུ་ལོ་དེ་ཨ་མས་ཡུར་མ་ཡུར་ས་ནས་བཏུས་ཡོང་རྒྱུའོ་དེ་རེད་མོ། ལྡུམ་བུ་རྩམ་སྐྱོ་ཟེར་ནོ་གྱམ་པ་ནང་ན་རྡོ་དང་རྡེའུ་རིགས་བར་ནས་ས་ལ་འབྱར་ནས་སྐྱེ་བསྡད་ཡོད་ནོ་དེ་རེད། དེ་ད་ང་ནོར་རྒྱུ་ཟིག་ཡོད་ནེ་བཟེ་ན། སྣེའུ་ལོ་དེ་གཅན་ཚ་ཉིན་སྲུབ་རྡོ་སྦིས་ཞུང་ཧྭ་དང་བཅས་པ་ནས་དབྱར་ཟས་ཞིག་རེད། གོང་གོང་ཟིག་ནས་ངས་བཤད་ཚར་བ་ཡིན་བཟོ་སྟངས་དང་བཅས་པ། དེ་ལས་ཁྱོས་ཆང་དེ་ག་ལེ་ག་ལེ་འཐུང་ཞོར་ར་ཞིང་ཁ་ནང་གི་ལྡུམ་བུ་གཞན་དག་ཟ་ཆོག་པ་དེ་ཚོའི་མྱིང་འེ་དྲན་གི་ལྟོས་ལ།
གོང་གི་བྱམས་པ་འདིས་ང་འབོད་ཀོ་ནི་རེད་ལ། ཟླ་བ་གཞོན་ནུ་འབོད་ཀོ་ནི་རེད། འདིའི་བློར་རྒྱགས་ཀ་འདྲ་མི་འདྲ་ཡ་ཧོ་ནང་ལ་སྐད་གཏོང་གི་བསྡད་ཡོད་ནོ།
གཅན་བཟོད་འདིས་ཅི་ཟེར་གི སྣེའི་ལོ་སྔོན་མོ་དེ་མཛོ་མོའི་བཟའ་རྒྱུ་ཞིག་མ་ར ང་ཆུང་དུས་སློབ་གྲྭ་གྲོལ་རྗེས་ཡུལ་ལ་ཡོང་མ་ཐག་ལམ་སང་དཔེ་ཁུག་བཞག་ནས་རྟ་དང་མཛོ་མོའི་ཟ་རྒྱུའི་རྩྭ་འཐུ་གི་འགྲོ་དགོས་ཡོད། ངས་རྒྱུན་དུ་སྣེའུ་ལོ་དང་འཇག་མ། སྲན་ལོ། རམ་པ། རྒྱ་ལེ་རྒྱོ་ལེ། སོགས་བཏུས་ནས་ཡོང་གི་ཡོད།
ལོ་ལོན་ཚོའི་ཁ་བརྡར་ཉན་ན་ང་བརྒྱད་ལོར་ལྟོགས་སྡུག་གི་སྐབས་ལ་རྩྭ་རམ་པ་དང་སྣེའུ་ལོ་བཟས་མྱོང་ཡོད་རབས་བཤད་རྒྱུ་འདུག་ག ཁ་སང་དེ་རིང་གི་སྐབས་ལ་ད་་་་ཨ་རོ་ཨ་རོ་་་
ཡོད་ཡོད།
ཟླ་བ་གཞོན་ནུ་ཁྱོད་འབོད་ཀི་ཡོད།
དམིགས་བསལ་དོན་དག་ཅང་མེད།ཁ་བརྡ་ཞིག་བྱེད་འདོད་པ་ཡིན།
མདོ་ཁམས་པ་འདིས་ཅི་ཟེར། སྣེའུ་ལོའི་ཚོད་མ་ཟ་མྱོང་ཡོད་ས་མ་རེད་ལ། ཟླ་གཞོན་ཁྱོས་འདི་ལ་འབྲེལ་བཤད་ཅིག་བྱོས་ར། ཡང་ངེད་གཉིས་ཀྱིས་སྣེའུ་ལོའི་གོ་བརྡ་འཕྲོད་ཀི་མི་འདུག
ཨ་རོ་གཅན་བཟོད། ཅིག་བྱས་ན་ཁྱེད་ཚོའི་སྣེའུ་ལོ་དང་ང་ཚོའི་སྣེའུ་ལོ་ཅུང་མ་ན་ཐང་ཡ། དངོས་ནས་ང་རང་རྩྭ་འཐུ་གི་མང་བ་སོང་མྱོང་ཡོད། སྣེའུ་ལོ་དང་། སྲན་ལོ། འཇག་མ། རམ་པ། རྒྱ་ལེ་རྒྱོ་ལེ་སོགས་ནི་མཛོ་མོའི་ཟ་རྒྱུའི་རྩྭ་རང་རེད།
སྤོ་ལངས་མི་ཉན་་་་ཨ་རོ་གཅན་བཟོད། སྣེའུ་ལོ་དེ་ང་ཚོ་སྡེ་བའི་མི་བཟའ་བ་ཙམ་མ་གཏོགས་སྤྱིར་བཏང་བཟའ་རུང་བ་ཅིག་ཡིན་ས་རེད།
ད་ཁྱེད་གཉིས་ཀྱིས་དེ་འདྲ་མང་བོ་ཞིག་རྩོད་ཀི་མ་འདུག་ར། སྣེའུ་ལོ་ནི་སྣེའུ་ལོ་རང་རེད། དུས་སྐབས་ཀྱི་དབང་གིས་ཟ་མི་ཟ་ཙམ་རེད། ངས་ཀྱང་རྒན་པོ་ཚོའི་ཁ་ནས་ང་བརྒྱད་ལོར་སྣེའུ་ལོ་ཟོས་མྱོང་བར་གོ་མྱོང་། འོན་ཀྱང་དེང་སང་དེ་ཟ་མཁན་ཞིག་གང་ན་ཡོད་ནས། བཟོད་རྒྱམ་འདིས་ཡུལ་མིག་གིས་མ་མཐོང་བར་ལོ་གང་མང་ཞིག་འགོར་སོང་ཟིག་པ། ཕ་ཡུལ་གྱི་འཚོ་བར་འགྱུར་ལྡོག་བྱུང་ཚར་བ་རེད། དེ་བས་ད་སྐབས་ལྡུམ་བུ་སྣེའུ་ལོ་ཟ་མཁན་ཡོད་ནི་མ་རེད་གོ།
ང་སྤོ་ད་ལངས་ཀི་མ་རེད་དྲ། ཅི་རེད། ཁྱོས་དག་ཡིག་གསར་བསྒྲིགས་ལས་འགྲེལ་བཤད་རིག་སོང་ནི་མིན་ན། ཧ་ཧ་ཧ། གཞོན་ནུ་ཟླ་མེད་ཀྱིས་ང་ལ་ཁྱོས་ཆང་དེ་ག་ལེར་འཐུང་ཞོར་དུ་ཞིང་ཁ་ནང་གི་ལྡུམ་ཟ་རུང་བ་གང་ཡོད་མེད་ལ་འདང་ཞིག་རྒྱོབས་ཟེར་གི་ར། ཆང་འཐུང་གིན་འཐུང་གིན་གཅིག་ར་དྲན་རྒྱུ་མེད་ཀི ད་ཞིང་ཁ་ཟེར་ན་ཅི་ཡིན་ར་གསལ་བོ་ཞིག་མི་དྲན་པའི་ཚོད་ལ་སླེབས་གྲབ་འདུག་ཡ། ཧ་ཧ་ཧ།
ཨོ་རེད། ལྡུམ་བུ་རྩམ་སྐྱོའི་ལོ་མ་བཅད་ཚེ་ནང་དུ་རྩ་སྐུད་འདྲ་བ་རེ་ཟུང་ཡོད། དེ་གྲངས་ཀ་བརྩིས་ནས་རྩམ་པ་དུ་ཟོས་མིན་ཀྱི་གྲངས་ཀ་བཤད་སྲོལ་ཡོད་ཨེ་ན། ནང་དུ་རྩ་སྐུད་གསུམ་དང་བཞི་རེ་ཡོད་ཚེ་ཨོ་ཨོ་ཨོ་ཟེར་བཞིན་རྩམ་གསུམ་ཟ་མཁན་ཞེས་འཕྱ་དམོད་བྱེད་རེས་ཀྱིས་རྩེད་མོ་རྩེ་ཡི་རེད།
ཡ་ད་ང་ཉལ་གི་ཡིན། སང་ཉིན་ཙོར་ཡང་ཐུག་ཡོང་ཡ།
མདོ་ཁམས་པས་བཤད་ཀོ་ནོ་དེ། རྟ་ཤོད་སྣ་ལུག་དང་། བོང་ལི་རྣ་འབྱོག་ཟེར་གོ་ནོ་དེ་ཚོ་ཡིན་ས་རེད་ཀོ རྩ་འཇག་མ་ཡོད་ས་ནས་སྐྱེ་དུས་དེ་ཡིན་ཁོ་ཐག་རེད།
རྩྭ་བཏུ་གི་སོང་མ་མྱོང་ནས་གཞོན་ནུ་འདིས་ཅི་ཟེར། རྟ་ཤ་སྣ་བླུག་དང་། བོང་ལི་སྐྱིན་ཏ། ད་རུང་རྟ་ཤ་རྒད་པོ། དེ་ཚོ་ད་ངས་མི་ཤེས་ནས།
རྩྭ་འཇག་མ་དང་སྲན་ལོ་་ཞིང་ཚིགས་དབར་དང་ཞིང་གི་མཐའ་ནས་སྐྱེ་གི་རེད། སྣེའུ་ལོ་དང་རྩྭ་རམ་པ་ཆུ་འགྲམ་དང་ས་ནེམ་ས་ནས་སྐྱེ་གི་རེད། རྟ་ཤ་སྣ་ལུག་དང་། རྟ་ཤ་རྒད་པོ། བོང་ལི་སྐྱིན་ཏ་སོགས་ཞིང་གཉའ་དང་ཁང་གཉའ། ཆུ་སྒྱོག་ནང་སོགས་ནས་སྐྱེ་བ་མིན་ནམ།
ཟླ་མེད་འདི་ཅིག་ཅིག་རི་ཞིང་མང་ས་ཟིག་ནས་རེད་པ།
དྲ་གྲོགས་ཚོས་བསམ་བློ་དཀྱེལ་ཡངས་ཀྱི་སྒོ་ནས་། བརྗོད་བྱ་རང་གི་སྒང་ལ་བགྲོ་གླེང་གནང་བར་ཁ་བརྡའི་ངོས་ནས་བཀའ་དྲིན་ཆེ་ཞུ་བཞིན་ཡོད།
ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གིས།
ངོ་མ་ང་ཡ་མཚར་གི གཞོན་ནུ་དང་བཟོད་རྒྱམ་འདི་ཚོའི་སྐད་ཆ་ལ་བལྟས་ན་ངས་ཞོགས་དུང་དྲན་ཡོང་གི ཁོང་ཚོ་ཕ་ཡུལ་གཅིག་པ་མིན་ནམ
ཞོགས་དུང་གིས་སྔོན་ཆད་བག་ལེབ་བར་དུ་ཙོང་ལ་སོགས་པའི་སྔོ་ཚད་མང་པོ་བཅུག་ནས་ཟ་བཞིན་པ་ངས་མཐོང་མྱོང་། དེའི་མ་ཚད་རྡ་ས་ན་སྐུ་ངོ་བཀྲ་ཤིས་རྒྱ་མཚོ་ཟེར་མཁན་ཤིག་ཡོད། ཁོང་གིས་ཀྱང་དེ་ལྟར་གནང་གི དངོས་གནས་ཁོང་ཚོའི་ལུང་པ་དེ་རྩ་དང་ལྡུམ་བུ་ཟ་ས་ཤིག་ཡིན་པ་ཐག་གིས་ཆོད།
འ་ལ་ལ་ལ། དེ་རིང་ད་སྦྱིན་བདག་ཚང་གིས་བཀའ་དྲིན་ཆེ་ཟེར་ཡོད་ཀི ངེད་ཚོ་ཕ་ཡུལ་ནས་ཁྱིམ་ཚང་ཟིག་གིས་ཕག་བཤའ་དུས་སྡེ་བའི་བྱིས་པ་ཚོ་ཕལ་ཆེ་བ་དེ་བ་ཚང་ལ་སོང་ནས་ཕག་ཤ་སྣེ་ཀ་རེ་འེ་རེག་ལྟོས་ནས་སྡོད་ལ། ད་ཡིན་ན་ཁ་བརྡ་ཚང་གིས་ང་ཚོ་ལ་ཕག་ཤའི་སྣ་ག་སྣེ་ཀ་རེ་སྤྲད་དང་ཐ། ཁྱོད་ཚོ་ལ་འེ་འཐེམ་ཟིག ང་ལ་གློ་བ་སྤྲད་དང་ཐ།
གོ་རེ་དང་ཤ། དེ་བཞིན་དུ་ཚོད་མ་མང་པོ་བཟོས་ན་ཡང་། དེ་དག་འཇོག་བྱེད་གཅིག་ལ་ཁྱེར་མ་ཡོང་ཐ། ངས་གོང་དུ་ཕན་གཞུང་ཁ་ཤས་ཁས་ཡོང་ཡོད། དེ་མ་གཏོགས་སྣོད་གཅིག་ལ་མེད་ཀི ད་ངས་སྣོད་ཁྱེར་ཡོང་རྒྱུ། དག་ཡིག་ཚོའི་ནང་ན་ཀ་ཏོ་ར་སོགས་ཡོད་ནི་རེད་ད། ད་གྲོང་གསེབ་ཀྱི་ཟས་རིགས་འདི་ཚོ་དག་ཡིག་ནང་གི་སྣོད་ཀ་ནང་དུ་འཇོག་མི་དགོས་པ་བྱས་ནས། གྲོང་གསེབ་པའི་ཀ་ཅ་རང་གི་ནང་དུ་འཇོག གོ་རེ་དེ་ཚོ་ཕན་གཞུང་ནང་དུ་འཇོག ཉོག་གི་རིགས་ཚང་མ་ལན་ཕན་སྟེང་དུ་བཞག་ན་འགྲིག་ནི་རེད། དེ་ནས་དུམ་བུ་དུམ་བུ་བླང་ནས་དཀར་ཡོང་ནང་དུ་སྒོག་ཆུ་དང་མཉམ་པོར་བླུགས། ད་རུང་བསྐྱུར་ལ་དགའ་ན་ད་ར་རྫ་མ་ནང་ན་ཡོད་ནི་རེད། ནང་ལ་ད་ར་བླུགས་ན་ཡང་འགྲིག་ནི་རེད། ཟངས་གོར་ནི་ཁྱོ་འདའ་༼ཁྲོ་འདའ༽ནང་དུ་བཟོས་ན་ཡག་ཟེར། ཟངས་གོར་འདི་སློབ་གྲྭ་འགྱོ་དུས་དཔེ་ཁུག་ནང་དུ་བླུགས་ནས་བྲོ་ལ་ཁྱེར་ན་དཔེ་ཆ་བཤགས་རྒྱུ་མ་རེད། དེ་མིན་གོ་མི་ཤུ་དེས་དཔེ་ཆའི་རྒྱབ་ཤུན་བཤགས་བཞག་གི་རེད། དེ་མིན་ཐུག་པ་ཧུ་རུ་ནང་ལ་འཐུང་ན་ཡང་འགྲིག་ནི་རེད། ཡིན་ན་ཡང་སྟབས་མ་ལེགས་ན་བུ་མོ་ལོ་ཆུང་དེ་ཚོས་རྒྱབ་བཤད་རྒྱག་ནི་རེད། གང་ཡིན་ཟེར་ན་ཧུ་རུ་ནང་ལ་ཅ་ནེ་གསུམ་གྱི་ཚད་རེད། སྔོན་མ་སྡེ་ཚ་དགོན་པའི་རི་ཁྲོད་པ་གྲྭ་བ་ཟིག་སྣང་ར་ཕྱོགས་སུ་འབྲུ་གསོལ་ལ་སོང་ཟིག དགོང་མོ་ཁྱིམ་ཚང་ཟིག་ལ་གནས་ཚང་གཡར་ནས་བསྡད། དགོང་ཚ་འཐུང་དུས་ཧུ་རུ་ནང་ལ་འཐུང་ཟིག ཁོང་གིས་འཕྲོ་རིམ་འཕྲོར་ཧུ་རུ་གསུམ་འཐུང་ནས་དེའི་རྗེས་སུ། ཁྱིམ་ཚང་གི་ཨ་མས་དགེ་སློང་ཡང་བསྐྱར་བཞེས་ཟེར་ནས་མནན་བྱས་ཟིག རི་ཁྲོད་པས་༼ འོ་ད་མིན། ང་ཚོ་རི་ཁྲོད་པ་ལ་ཟས་ཀྱི་ཚོད་རིགས་པ་ཟེར་བའི་ཉམས་ལེན་ཞིག་ཡོད་ཟེར་ནས་བཤད་པ་དང་། དེ་བ་ཚང་གིས་བྱི་མོ་ནི་ཁ་ངན་ཟིག་ཡིན་པས་། འོ་རི་ཁྲོད་པ་ནི་དགུ་འགྱོ་མ་ཟིག་རེད་༽ཟེར་བ་རེད། དགུ་འགྱོ་ཟེར་ན་ཧ་གོ་སོང་ང་། ཧུ་རུ་གཅིག་ལ་ཅ་ནེ་གསུམ་རེད། ཧུ་རུ་གསུམ་ལ་ཅ་ནེ་དགུ་ཡིན་ནོ་ཤེས་ཀ
འ་རོགས་མདའ་ཚན་པ། ད་ཁྱོས་པང་མ་རྡུང་ད། ཅ་ཐང་ཐོ་ཐུག་ཡིན་ན་བསྙུང་གནས་སྲུང་སྐབས་ཀྱི་ཉིན་སྔོན་མར་ཇི་ལྟར་འཐུང་། བསྙུང་གནས་ཀྱི་ཉིན་སྔོན་མ་དེར་ཐོ་རངས་སྐབས་སུ་ལངས་དགོས་པ་མ་རེད། ཐོ་ཐུག་ཟེར་བ་དེ་བསྙུང་གནས་ཉིན་མཐའ་མའི་ཞོགས་པ་ཐོ་རངས་སྐབས་སུ་འཐུང་རྒྱུ་ཞིག་རེད། འདི་དཔོན་གཞི་སྐྱ་སྟོང་ཟེར་ནོ་རེད་ལ། རལ་བ་ཁོ་རང་གི་སྣེ་མོ་ལ་བ་ལི་མའི་སྔ་མ་ཟིག་གིས་མཐུད་རྒྱབ་ནས་ཡོད་ནོ་འེ་རིག་གི ཧཧ
གཅན་བཟོད་སོགས་ལ།
བོད་སྨན་ལྟར་ན། སྣེའུའི་ཚོད་མ་ཟོས་ན་མིག་ལ་གནོད་པ་དང་རྟུག་པ་སྐམ་པོའི་ནད་སེལ་གྱི་རེད། ཡིན་ཡང་། དེང་སང་སྣེའུ་ཚོད་བཟའ་མཁན་མེད་པ་འམ་ཉུང་ཉུང་ཡིན་པས་དོན་ཆུང་།
དེ་དང་མཉམ་དུ། དེང་དུས་བཟའ་མཁན་མང་པའི་སྤོ་ཚལ་གྱིས་ཉེས་པ་རླུང་མཁྲིས་བད་ཀན་གསུམ་ཀ་སེལ་གྱི་ཡོད།
ད་དུང་ཞུ་རྒྱུར། ལྷན་རྒྱས་ཚོས་སྐབས་འདིའི་དཔྱད་གཞི་ལྟ་བུར་སྨན་པ་གཡང་འབུམ་རྒྱལ་གྱིས་བརྩམས་ཤིང་རྡ་ས་སྨན་རྩིས་ཁང་པར་དུ་བསྐྲུན་པའི་འཚོ་བ་ཟས་ཀྱི་ཕན་ནུས་ངོ་སྤྲོད་ཀྱི་དེབ་ཆུང་ཞིག་ཡོད་པ་དེའི་ནང་གི་འབྲེལ་ཡོད་ཟས་རིགས་དག་འདྲེན་བཀོད་ཀྱིས་ཁ་བརྡ་འདིའི་བརྗོད་བྱ་ཁྱེད་ཅག་མ་ཟད་གཞན་ལ་ཡང་ཕན་སྲིད། གོང་དུ་བཀོད་པའི་དཔེ་དེབ་དེ་ནི་ངས་གློ་བོར་ལ་དྲན་པའི་དཔེ་མཚན་ཙམ་ཡིན། གཞན་ཡང་མང་པོ་ཡོད་ངེས་ཡིན།
གཅན་བཟོད་སོགས་ལ།
བོད་སྨན་ལྟར་ན། སྣེའུའི་ཚོད་མ་ཟོས་ན་མིག་ལ་གནོད་པ་དང་རྟུག་པ་སྐམ་པོའི་ནད་སེལ་གྱི་རེད། ཡིན་ཡང་། དེང་སང་སྣེའུ་ཚོད་བཟའ་མཁན་མེད་པ་འམ་ཉུང་ཉུང་ཡིན་པས་དོན་ཆུང་།
དེ་དང་མཉམ་དུ། དེང་དུས་བཟའ་མཁན་མང་པའི་སྤོ་ཚལ་གྱིས་ཉེས་པ་རླུང་མཁྲིས་བད་ཀན་གསུམ་ཀ་སེལ་གྱི་ཡོད།
ད་དུང་ཞུ་རྒྱུར། ལྷན་རྒྱས་ཚོས་སྐབས་འདིའི་དཔྱད་གཞི་ལྟ་བུར་སྨན་པ་གཡང་འབུམ་རྒྱལ་གྱིས་བརྩམས་ཤིང་རྡ་ས་སྨན་རྩིས་ཁང་ནས་པར་དུ་བསྐྲུན་པའི་འཚོ་བ་ཟས་ཀྱི་ཕན་ནུས་ངོ་སྤྲོད་ཀྱི་དེབ་ཆུང་ཞིག་ཡོད་པ་དེའི་ནང་གི་འབྲེལ་ཡོད་ཟས་རིགས་དག་འདྲེན་བཀོད་ཀྱིས་ཁ་བརྡ་འདིའི་བརྗོད་བྱ་བྱས་ན་ཁྱེད་ཅག་མ་ཟད་གཞན་ལ་ཡང་ཕན་སྲིད། གོང་དུ་བཀོད་པའི་དཔེ་དེབ་དེ་ནི་ངས་གློ་བུར་ལ་དྲན་པའི་དཔེ་མཚན་ཙམ་ཡིན། གཞན་ཡང་མང་པོ་ཡོད་ངེས་ཡིན།
གཞིན་ནུ་འདིས་ད་་ད་རུང་ཕག་བཤའ་དུས་ཀྱི་རྒྱུ་མ་ཏ་ཀ་ཏི་ཀ་དེ་ཚོའང་མ་བརྗེད་ཙིག་ག ཨིམ་ཨིམ་ཨིམ ད་ཅི་འདྲ་འདྲའི་ལྟོ་འདོད་ཆེན་པོ་ཞིག་ཡིན་ནེ་ན། ངས་ནི་ཕག་བཤའ་ཉིན་གྱི་ཕྱེ་ཏོ་དང་རྩམ་ཏོ། ཁྲག་བླུག་མ། དེ་ཚོ་ལ་དོ་སྣང་ཞེ་དྲག་མ་བྱུང་ཟིག ཡིན་ན་ཡང་། ཁྱིམ་མཚེས་ཚང་གི་ཕག་བཤའ་ཉིན་དེར་སློབ་གྲྭ་གྲོལ་ནས་ཉིན་གུང་དེ་ཚང་ལ་ཚས་འཐུང་བར་འགྲོ་གི་རེད། སློབ་གྲོགས་དང་མཉམ་དུ་ཚས་འཐུང་གི་འགྲོ་རྒྱུར་བསྒུག་ནས་སྡོད་གི་རེད། ད་རུང་ཞོགས་པ་དེར་ཕག་སེ་བཏུས་ནས་ཧྭི་ལང་ལག་པ་ནས་ལྟེ་གྲི་ཆུང་ཆུང་དང་། པ་པ་ཐང་ཉོ་གི་རེད། བུ་མོ་དེ་ཚོ་ཡིན་ན་སྐྱ་འཛིན་དང་ངོ་བལྟ་ཉོ་གི་རེད། ཨ་མ་དེ་ཚོ་ཡིན་ན་ཁབ་དང་སོ་མང་ཉོ་གི་རེད། ཨོ་་་ ཧྭི་ལང་ཟེར་ན་ལྡེམ་ཤིང་འཁུར་ནས་ཚོང་ལ་འགྲོ་མཁན་་ས་ཐག་རིང་ནས་ཡོང་བའི་རྒྱ་མི་དེ་ཚོ་ལ་ཟེར་ནི་རེད།
དགོངས་དག ཁ་བརྡ་ཚང་གི་པ་ལགས་ལགས། གོ་རེ་དང་འབྲེལ་མེད་འདི་མོ་དག་དག་བཤད་དེ་ཉོག་བཅུག་སོང་ཐ། ཡིན་ནའི། ཟླ་མེད་འདིས་ཕག་བཤའ་དུས་ཅིག་ཅིག་ཅིག་ཟས་གི་ཟས་རབས་བཤད་དེ་མ་བཤད་ན་མི་བ་ནི་ཟིག་གི་བཏང་སོང་། ད་རུང་འདིར་མ་བསླེབས་པའི་གོ་རེ་མང་པོ་ལྷག་བསྡད་ཤག
གོ་རེ་ཅོང་རྡོག
གོ་རེ་ཅོང་རྡོག་འདི་ནི་རྒྱུན་དུ་ཉིན་རེའི་འཚོ་བའི་ཟ་མའི་ནང་མེད་དུ་མི་རུང་བའི་ཕ་ཡུལ་གྱི་ཟ་མ་ཞིག་ཡིན་ན་ཡང་། གོང་གི་ཟིན་བྲིས་པ་དང་། མཆན་འགོད་ཚོས་བརྗེད་སོང་བ་ནི་ཡིན་རྒྱུ་མ་རེད་པ།
ཅོང་རྡོག་དེ་སྤྱིར་བཏང་རླངས་བཙོས་རྒྱག་དགོས་ལ་དབྱིབས་དང་ཁ་དོག་གི་ཆ་ནས་རིགས་ཁ་ཤས་ཡོད།
ཨ་མས་རྒྱུན་དུ་བཟོ་བའི་གོ་རེ་ཅོང་རྡོག་དག་ནི།
༡ ཅོང་རྡོག་སྐྱ་ཐོ།
༢ གོ་རེ་ཅུས་འཇོ།
༣ ཚེ་ཏ་ཝ་རིལ།
ད་དུང་གོ་རེ་ཅོང་རྡོག་རིགས་གཞན་པ་ཡོད་ན་ཡང་ཨ་མས་རྒྱུན་དུ་བཟོ་བ་ནི་གོ་རེ་ཅུས་འཇོ་དང་། ཅོང་རྡོག་སྐྱ་ཐོ། ཚེ་ཏ་ཝ་རིལ་གསུམ་རེད། སྡེ་བ་གཞན་པ་ནས་ག་རེ་ག་རེ་བཟོ་བ་ཧ་གོ་མ་སོང་།
ཨ་མདོ་བག་ལེབ། ཁམས་པའི་བག་ལེབ། དབུས་པའི་བག་ལེབ། འོ་ད་དུང་༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌བག་ལེབ་དང་བག་ལེབ༌༌༌༌༌༌༌མདོ་དབུས་ཁམས་གསུམ་གྱི་བག་ལེབ་རྒྱལ་འགྱུར་ཅིག ངར་མཚོན་ན། སློབ་གྲྭའི་རོ་ཀྲི༼ནམ་རྒྱུན་དེ་ལྟར་བརྗོད།༽་དེ་ལས་ལྷག་པའི་བཅུད་ལྡན་ཞིག་ཁར་རག་མ་མྱོང། དེ་ནི་ང་རང་ཕ་ཡུལ་ནས་བྲལ་མགྱོགས་པས་ཡིན། བོད་པ་ཚང་གི་བཅུད་ལྡན་ཟས་རིགས་རྒྱལ་འགྱུར་ཅིག
ཕག་གི་གཡས་སྦོམ་དེ་ཕག་བཤས་པའི་ཉི་མ་དེ་རང་ལ་ཟོས་ན་མི་ཞིམ་ཡ། ཉིན་འགར་ཁར་ཀླད་ཀྱི་སྒམ་ནང་དུ་བཞག་ནས་ཝ་ཆགས་རྗེས། ཐལ་ཁུང་ནང་དུ་ལྕགས་སྟན་སྟེང་དུ་བསྲེག་ནས་ཟོས་ན་ད་ཅིག་ཅིག་ཞིམ་ཡ།
ཨོྃ་མ་ཎི་པད་མེ་ཧཱུཾ། ཕག་མ་བཤས་གོང་ནས་སེམས་ལ་ལྒང་ལི་དེ་དྲན་ནས་བསྡད་ཡོད་ཡ། ཕག་བཤས་དུས་མགོ་རྔ་ནས་ཡར་རྒྱུགས་མར་རྒྱུགས་བྱས་ནས་ལྒང་ལི་ང་ལ་སྤྲོད་དགོས་པ་རེད་དཱ་ཞེས་ཡང་ཡང་བཤད་མྱོང་ང་། ལྒང་ལི་དེ་ལག་ཏུ་བཞག་མ་ཐག་ནང་གི་གཅིན་བཙིར་རྗེས་ནང་དུ་ཕུད་བརྒྱབས་ནས་ས་དཀར་ནང་དུ་ཕུར་པུར་གཏོང་ཞོར་ཁ་ནས། གྱོད་པུ་མ་ཆེ་ལྒང་ལི་ཆེ་ཟེར་བཞིན་ལྒང་ལི་དེ་ས་དཀར་ནང་དུ་ཡུན་རིང་འཕུར་བཞིན་ནང་དུ་ཕུད་བརྒྱབས་ན་ལྒང་ལི་ཧ་ཅང་ཆེན་པོ་ཆགས་གི་རེད། སློབ་གྲྭར་འགྲོ་དུས་ནང་གི་དབུགས་ཞི་གི་བཅུག་ནས་དཔེ་ཁུག་ནང་དུ་བཞག་སྟེ་སློབ་གྲྭའི་བར་གསེང་གང་ཡིན་ལ་ལྒང་ལིར་དབུགས་བརྒྱབས་ཏེ་སློབ་གྲོགས་ཚོ་དང་མཉམ་དུ་རྩེད་མོ་རྩེ་ཡི་རེད། ད་ཅིག་སྐྱིད་ནི་རེད་ཡ།
ཅོང་རྡོག་ཅོང་སྐྱ་དང་ལག་འཁྱིལ་མ་བཅའ་ནི་རེད། ལག་འཁྱིལ་མའི་ནང་དུ་སྒ་སེར་དང་གོར་རྩི་བཏབ་ཡོད་ན་ཞེ་གི་ཞིམ་ཡ། ད་དུང་གོ་མི་ཤི་གཡིས་དབོར་བསྲེག་གི་རེད། ང་སློབ་གྲྭ་འགྲོ་དུས་ཉིན་ལྟར་གོ་མི་ཤི་བྲོ་ལ་ཁྱེར་གི་ཡོད། གཟའ་ཉི་མའི་ཉིན་ར་ལུག་གི་རྫི་བོར་འགྲོ་དགོས་པ་རེད། ད་དུས་གོ་རེ་གཡུས་དབོར་བྲོ་ལ་མ་བསྲེག་ན་ང་རྫི་བོར་འགྲོ་ནི་མ་རེད། རི་མགོ་ནས་ར་མ་བཟུང་སྟེ་འོ་མ་བཟོས་རྗེས་ཇ་བསྐོལ། དེ་ནས་གཡིས་དབོར་མཉམ་དུ་ཟོས་ན་ཧ་ཅང་ཞིམ། བརྗེས་ཀྱི་ཞིག་མི་འདུག
ཕག་པའི་ཤ་བཟོ་སྟངས་ནི་དེང་སང་མེ་ཤེ་ཀོའི་ཕག་ཤ་བཟོ་སྟངས་དང་། ང་ཚོ་ཕ་ཡུལ་གྱི་བཟོ་སྟངས་འདྲ་སེ་ཡོད་ས་རེད། ཁྱོད་ཚོས་སོ་ཕིར་མར་ཀར་ཀྲི་ནང་དུ་ལྟོས་དང་། སི་ཕན་ཕག་ཤ་བཙོས་མ་དེ་ཚོ་ལ (smoking cook) ཟེར་འདུག་ཀ བྲོ་བ་ཡང་ང་ཚོ་ཕ་ཡུལ་གྱི་དེ་དང་གཅིག་པ་ལྟ་བུ་རེད་འདུག ང་ཚོ་ཕ་ཡུལ་ནས་ཀྱང་ཕག་ཤ་དེ་ཤར་མོ་ཤར་མོ་བྱས་ནས་ཐབ་ཡོད་སའི་དྲང་ཐད་གནམ་ངོས་རྒྱུག་༼ལྕམ་༽ལ་འདོགས་ཀྱི་རེད། དེ་ནས་ཉིན་ཤས་སམ་ཟླ་ལྷག་གིས་ཡུན་ཅུང་ཟད་དུད་དྲག་ཆགས་སོང་ན་དེ་ནས་བཙོ་རྒྱུ་རེད། དེ་ནས་ཕག་ཤ་དེ་བྲོ་བ་ཅན་ཞིག་ཆགས་འགྲོ་ནི་རེད།
འོ་དེ་ནས་ད་ར་བདག་པོ་རྒྱགས་སྟངས་ཤིག་བཤད་ཀྱི་ཡིན། དེ་ནི་ད་ར་རྫ་མ་ནང་དུ་གསོམ་པའི་ཤིང་ཞིག་འཕེན་དགོས་པ་རེད། གསོམ་པའི་རྒྱུགས་པ་ཡིན་ན་དེ་ལས་བཟང་། གསོམ་པ་དེས་ད་ར་མ་རུལ་བ་བྱེད་ཐུབ་ཀྱི་ཡོད་པར་མ་ཟད། བསྐྱུར་མོ་དེ་ག་རང་རྒྱུན་རིང་པོར་བཟུང་ཐུབ་ཀྱི་ཡོད་པ་རེད།
དེ་ནས་ར་རྫི་རའུ་རྫི་སྐོར་དང་བ་རྫི་བོང་རྫི་སྐོར་དེ་མི་བཤད་ནས་བྱོས་པ། དེ་བཤད་ན་ཡང་སྐྱུགས་རྫོགས་དང་གཙོག་འདྲེས་མང་པོ་བཤད་ཀྱི་ཡོད་ནི་རེད་ཀོ དཔེར་ན་༼མཆོལ་ལོ་མཆོལ་ལོ༽ཟེར་ནས་བོང་བུ་ལ་རང་དབང་མེད་པར་བོང་མཇེ་སྡེར་མ་ཆགས་འགྲོ་བ་དང་། ༼ཨུར་ཨུརརརརར༽ ཟེར་ན་གླང་འགོ་དེ་ཚོ་མཇེ་ལྕགས་ཐུར་འདྲ་བོ་དམར་ལོག་སེ་འཇུར་ཡོང་ནོ་ཤེས་ཀ་ཟེ།
འོ་ཚང་མས་གོ་རེ་ཅོང་ལྡོག་དེ་དྲན་གི་ཡོད་ས་རེད། ངས་ཁྱོད་ཚོ་ལ་ཨ་མུ་རེ་ཀ་སོགས་ནས་ཅོང་ལྡོག་བཟོ་སྟངས་སྐོར་ཞིག་སློབ་ཁྲིད་བཤད་ཡ། དང་པོ་ཁྱོད་ཚོ་སོ་ཕིར་མར་ཀར་ཀྲི་ནང་ལ་སོང་ན་ཡེ་སུ་ཀྲ(yeast) ཟེར་བ་ཞིག་དང་། ཡང་སྦད་ཀན་ཕོ་ཀྲར(Baking powder) ཟེར་བ་གཉིས་ཉོས། དེ་ནས་གྲོ་ཕྱེ་(gold medal)ཟེར་བ་དེ་ཡག་པོ་འདུག
དེ་ནས་དང་པོ་སྐྱོག་ཆེན་པོ་ཞིག་གི་ནང་དུ་ (yeast) ཁེམ་བུ་༼སི་ཕོན༽གཅིག་ཙམ་བླུགས་ནས་ཆུ་དང་མཉམ་པོར་དཀྲུགས། དེ་ནས་གྲོ་ཕྱེ་ནང་དུ་བླུགས་ནས་རྫིས། ཅུང་ཟད་སླ་བོ་བྱས་ནས་རྫིས། འགྱིག་ཤོག་ཁུག་མ་ཞིག་གི་ནང་དུ་ཆུ་ཚོད་གཉིས་ཙམ་ཞོག་དང་གྲོ་ཕྱེ་དེ་བསྐྱུར་ལངས་ཡོང་གི་རེད། དེ་ནས་ལན་ཕན་སྟེང་དུ་གྲོ་ཕྱེ་ཕྱེ་སྐྱ་སྤར་མོ་གང་བླུགས། དེའི་ནང་དུ་(Baking powder) བླུགས་ནས་དཀྲུགས། དེ་ནས་དེའི་སྟེང་དུ་བསྐྱུར་ལངས་ཟིན་པའི་གྲོ་ཕྱེ་དེ་བླུགས་ནས་རྫིས། ཡག་ཐག་ཆོད་ཅིག་གནོས། དེ་ནས་ལན་ཕན་སྟེང་ནས་བདར་དགོས་པ་རེད། བདར་ཟིན་པའི་སྟེང་དུ་སྒ་སེར་ཅུང་ཟད་བླུགས། དེ་ནས་གཡིས་ཅུང་ཟད་བླུགས། དེ་ནས་ཕུར་ཕུར་ཐོངས། ཕྱོགས་གཅིག་ནས་ཡར་ལྡོག་ནས་བསྒྲིལ། བསྒྲིལ་ཟིན་པ་དེ་ཆེ་ཆུང་རན་པ་བྱས་ནས་གཏུབ། ཆེ་ཆུང་རན་པའི་ཕྱེ་ལྡོག་དེ་དག་ལག་པ་གཉིས་ཀྱིས་གཡས་གཡོན་བྱས་ནས་འཇུས་ནས་གཡས་ཕྱོགས་སུ་གཅུས་ཙམ་བྱས་ནས་ཁོན་སག་༼མོག་གྲུ༽སྟེང་དུ་ཞོག དེ་ནས་ཁོལ་ཟིན་པའི་ཐབ་ལ་བསྐྱོན་ནས་ཆུ་ཚོད་ལ་ལྟོས། ཆུ་ཚོད་སྐར་མ་ཉི་ཤུ་བཞག་ནས་དེ་ནས་ལེན་དགོས་པ་རེད། འོན་ཀྱང་གནའ་སྔ་མོ་ངའི་ཨ་མ་ཡིན་ན་ཆུ་ཚོད་མེད་པས་ལག་པས་ཅོན་ལྡོག་སྟེང་དུ་རེག་ཙམ་བྱས་ན་ཤེས་གི་རེད། ལག་པ་ངོར་འབྱར་གི་འདུག་ན་ཚོས་ཡོད་པ་མ་རེད། ལག་པ་ངོར་མི་འབྱར་ན་ཚོས་ཡོད་པ་རེད། ཨ་རི་ན་ཁྱོད་ཚོ་ལ་ཆུ་ཚོད་མེད་མཁན་ཡོད་ཀྱི་མ་རེད་པ།
གོང་གི་སློབ་ཁྲིད་འདི་ཤེས་སོང་ན་རང་གི་ནང་ནས་ཅོན་ལྡོག་ཟ་ཆོག་ལ། འབྲིང་རིམ་སློབ་གྲྭ་དེ་འདྲ་ན་སློབ་ཁྲིད་བྱེད་ས་ཡང་འདུག ན་ནིང་ལོར་ང་འབྲིང་རིམ་སློབ་གྲྭ་ཞིག་གི་ནང་དུ་སོང་ནས་ཅོང་ལྡོག་བཟོ་སྟངས་དང་། དེ་མིན་གོར་དམར། སོག་སོག་བཟོ་སྟངས་སོགས་སློབ་ཁྲིད་བྱས་པའི་དྲ་རྒྱ་ཞིག་ཡོད་མོད། དེ་ཁྱོད་ཚོ་ལ་སྟོན་མི་དགོས་པ་བྱས། མ་རེད་དམ།
འོ་སྔོན་མ་ཕ་ཡུལ་ནས་ངའི་ཨ་མས་གོ་རེ་ཅོང་ལྡོག་བཟོ་དུས་སོ་ཏར་དང་ཀྱེན་མན་ཟེར་བ་ཞིག་བེད་སྤྱོད་གཏོང་གི་འདུག འདི་ནས་དེ་ཚོ་རེག་གི་མི་འདུག གཅིག་བྱས་ན་གོང་དུ་བཤད་པའི་ཡེ་སི་ཀྲ་(yeast)དང་བྷད་ཀན་ཕོ་ཀྲར་(Baking powder) དེ་ཚོ་ཡིན་སྲིད། གོང་གི་གོ་རེ་བཟོ་སྟངས་འདི་ནི་ངོ་ནས་བཤད་ན་ངས་ཨ་མདོ་ནས་སྦྱང་བ་ཞིག་རེད། ངས་འགྲེལ་བཤད་རྒྱག་དུས་བོད་ཀྱི་གོ་རེ་བཟོ་སྟངས་ཟེར་ནས་འགྲེལ་བཤད་རྒྱག་གི་ཡོད།
འོ་དགོང་དག དེ་རིང་ནི་ཨ་རིའི་རྒྱལ་ཁབ་ལ་རང་བཙན་རེག་གི་ཉིན་མོ་རེད། དེ་དང་དུས་ཆེན་ཁྱད་པར་ཅན་འདི་དང་སྟབས་བསྟུན་ནས་བོད་ཀྱི་གནད་ཡོད་མི་སྣ་སྐོར་ཞིག ཨ་རིའི་རང་བཙན་ཅོང་སྒྲ་ཐོག་མར་རྡུང་ས་ཕེ་ལ་སྒྲལ་ཕེ་ཡར་འཚོགས་ནས་རང་བཙན་བསྐྱར་གསོ་སྐད་འབོད་བྱེད་བཞིན་ཡོད་ལ། ཆུ་ཚོད་གཉིས་ཙམ་བྱས་རྗེས་ཝ་ཤིན་ཀྲོན་ཕྱོགས་ལ་རྐང་བགྲོད་བྱེད་བཞིན་ཡོད། འདིའི་ནང་དུ་གནད་ཡོད་མི་སྣ་ནི་སྐུ་ངོ་སྣར་སྐྱིད་ངག་དབང་དོན་འགྲུབ་དང་། སྐུ་ངོ་ཞེ་བོ་བློ་བཟང་དར་རྒྱས་སོགས་ཕེབས་ཡོད། ད་དུང་སྟག་འཚེར་རིན་པོ་ཆེའི་སྲས་འཇིགས་མེད་ལགས། ཨ་མདོ་སྐུ་ངོ་རབ་བརྟན་ལགས། དེ་བཞིན་དུ་ཨིན་ཀྲི་ཡ་ན་གཙུག་ལག་སློབ་གྲྭ་ཆེན་མོའི་སློབ་དཔོན་ལ་རེ་ཕ་རེ་སི་སོགས་ཕེབས་ཡོད། གོམས་བགྲོད་ཀྱི་ལམ་ཁ་ནས་བྲིས།
ཟླ་མེད་འདི་དངོས་གནས་ཤེས་ཡོན་ཀུན་ལྡན་ཞིག་རེད་འདུག ཁྱེད་རང་གི་མཆན་འདི་དག་གིས་མང་མང་ལ་ཕན་ཐོག་གི་ཡོད་རེད་ལ། ད་ཐེངས་ང་ལ་དམིགས་བསལ་གྱི་ཕན་ཆེན་པོ་ཞིག་ཐོག་སོང་། ཐུགས་རྗེ་ཆེ། ད་དུང་ཡིན་ད།
འོ་ཡ་ལགས་སོ། ད་ཡིན་ན་ང་ཚོ་བོད་ཁ་བ་ཅན་འདི་སངས་རྒྱས་བྱང་ཆུབ་སེམས་དཔའི་གདུལ་ཞིང་ཡིན་པས། དམ་པའི་ཆོས་ལ་བློ་གཏད་བཅོལ་ས་རེད་མོ། ཡིན་དུས་ང་ཚོས་བགྲོ་གླེང་འདིའི་ནང་དུ་ཟས་རིགས་སྐོར་མང་པོ་ཞིག་གླེང་བ་འདི་ལ་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཟས་རིགས་གལ་ཆེ་བའི་སྐོར་ལ་འདི་འདྲ་གསུང་ཡོད་ནི་རེད། མདོ་ལས། ཟས་མ་མཆིས་ན་སྲོག་མ་མཆིས། སྲོག་མ་མཆིས་ན་ཐར་བ་དང་ཐམས་ཅན་མཁྱེན་པ་ཡང་མཆིས་སོ།། ཞེས་འཇིག་རྟེན་དུ་འཚོ་བའི་རྟེན། ཐར་བ་དང་ཐམས་ཅད་མཁྱེན་པ་སྒྲུབ་པ་ལ་མེད་དུ་མི་རུང་བའི་་གཞི་རྟེན་ནི་ཟས་ཡིན་པར་གསུངས་ཡོད་ཀི དེ་ན་ང་ལ་ཚང་མས་ལྟོ་སྐྱ་མཁན་ཟེར་ནས་བོས་ན་ཡང་སྐྱོན་མེད་ཀི་ཟེར་རྒྱུ་ཡིན། ཚང་མས་མཉམ་གཅིག་ཏུ་༼ལགས་སོ་ལགས་སོ༽
ཨ་རོགས་ཡེ་ཤེས། ཁྱོད་ང་སྔོན་ཆད་གྲྭ་ས་ན་སློབ་གཉེར་བྱེད་དུས་ཨ་རི་ནས་ཡེ་ཤེས་ཟེར་མཁན་ཞིག་གིས་ལོ་རེད་ང་ཚོ་སློབ་གཉེར་བ་བཅུ་ཙམ་ལ་ལོ་རེར་རྒྱ་གར་སྒོར་མོ་༢༥༠༠ རེ་གཏོང་མཁན་ཟིག་ཡོད་ད། དེ་མིན་ན། ངའི་ཚོར་སྣང་ཟིག་ག་ཁྱོད་ཡིན་ས་རེད་དྲན་ཡོང་གི། བསམ་གཏན་རྒྱ་མཚོ་རྒྱུད་ནས་ཡོང་གི་རེད། ཁྱོད་ཀླུ་སྨྱོན་ད་མ་རེད། ཀླུ་སྨྱོན་ལ་ཟ་མ་བཟོ་རྒྱུ་ཟིག་ལག་ལ་བཞག་དང་དུས་བྱ་གོལ་བོ་ཀླད་དཀར་ལག་ལ་བཅའ་རྒྱུ་བཞག་དང་ནི་འདྲ་ཟིག་ཡིན། ཧཧཧ
ཕ་ཡུལ་སོ་སོའི་ཟས་རིགས་གླེང་ནས་བདུན་ཕྲག་གཅིག་ཙམ་འགྲོ་སོང་། ད་གཞན་ཞིག་གི་ལྟས་ན་ངེད་ཚོ་ལྟོག་གི་ཡོད་པ་འདྲ་བོ་ཞིག་འདུག་ད། དེ་མ་རེད་། འདི་དོན་དག་གནད་འགག་ཅན་ཞིག་རེད་། གང་ཡིན་ཟེར་ན་ང་ཚོའི་མི་ཐོག་ནས་དེ་དག་གིས་རིགས་ཚང་མ་ཆད་འགྲོ་ནི་རེད་། ངུ་ཚོ་ཤི་སོང་བས་རྗེས་ནས་གོ་རེ་ཁ་ལྟོས་། སྐྱ་ལྟོས་། གང་ཡིན་ཡང་ལབས་གླེང་བྱེད་མཁན་ཡོད་པ་མ་རེད་། ཆུང་ས་ནས་ལྟས་ན་མི་ཚང་ཞིག་གིས་ནང་གི་ཟས་རིགས་སྣ་གཅིག་བཟོ་སྟང་རེད་། ཆེ་ས་ནས་ལྟས་ན་ལོ་ངོ་སྟོང་ཕྲགས་ནས་དར་ནས་ཡོང་བས་མཐོ་སྒང་གི་མི་ཞིག་གིས་སྲོད་རྒྱུན་ཆ་ཤེས་གཅིག་རེད་། གླུ་ལེན་སྟང་། གོས་གོན་སྟང་། སྐད་ཆ་བཤད་སྟང་། ཆོས་བྱེད་སྟང་། གོ་རེ་བཟོ་སྟང་འདི་དག་ཚང་མ་གཞི་གཅིག་དུ་འཛོམས་ནས་། བོད་ཀྱི་ཐུན་མོང་མ་ཡིན་པས་སྲོད་རྒྱུན་དེ་གཞི་འགྲུབ་པ་རེད་། དེ་ན་ང་ཚོའི་དྲན་པ་གསལ་ཐོག་ལ་གསལ་བོ་ཞིག་ཤོད་། ལོ་ལོན་སོང་ན་ད་ཁ་གླ་ན་ཐེང་།
གཞོན་ནུའི་གསལ་བཤད་ལྟར། འཁྲུངས་སྐར་ལ་ཧུབ་སེལ་བཟོ་གི་ཡིན་། ཨ་རོ་གཞོན་ནུ་། འུ་གཉིས་གི་དེས་ནང་ལ་ཟར་གཡིས་མི་དགོ་ནས་། གཡེར་ན་ཏོག་ཙམ་འདེབ་ག། གྲོ་ཕྱེས་ནང་ལ་སྒོང་ང་རྒྱག་གས་། ལྒ་སེར་ཟིག་ད་དགོས་པ། མ་ཟས་བར་ལོ་ཉི་ཤུ་འགོར་སོང་ཡང་། འདོག་དེ་མིག་ལམ་ན་སེར་ཐེང་ངེ་ཡོད་གི་གོ། དེས་སྟབས་ཀྱི་ ་་ཧུབ་སེར་ཟེར་་ ཞེས་འདོག་གི་མེད་དམ། ཀེའུ་ཏོག་ཙམ་བརྔོ་བཏང་ན་ཧྲ་པ། ད་འདེང་རྒྱོབ་གོ་། དེས་ནང་ལ་ཅི་ཡང་ཆད་མེད་ལ་། ཁ་བརྡ་ཚང་ནས་ཉིན་མཚན་བདུན་ལ་བཤད་། མཐར་ངས་འདིར་ལས་ཁུལ་བྱས་ན་། འདི་ན་མི་མགོ་ཉུང་རུང་མི་སྣ་མང་ནི་རེད། སང་ཉིན་ཆོ་ག་གསུམ་གི་འཁྲུང་སྐར་གཏོང་ས་ནས་། ཧུབ་སེར་གོ་ཡག་པོ་ཞིག་མ་བྱུང་ན་། ལྷ་སའི་སྐད་དུ། ཞབས་འདྲེན་ལུང་པ་གང་ཞུས་ཚར་བ་རེད་ད།
རྒན་མདོ་ལྷ་ཁམས་། ཁྱོས་གོང་ནས་དབྱར་གཞུང་དུས་ལ་རི་མགོར་སོང་ན་ད ་རིན་མེད་སིལ་ཏོག་རྒྱུ་མང་ཡ། ཞེས་ཤིང་ཏོག་མང་པོ་ཞིག་རྩིས་བ་དེས་ནང་གི་དང་པོ་་སིལ་འབུལི། འདི་ཟ་མྱོང་ཡང་། མིང་གོ་བ་ཙམ་གྱིས་གད་མོ་གནོད་མ་ཐུབ་ཐ།
ཨ་རོ་། ང་ཁྱོད་ལ་འདྲི་བ་ཞིག་འདུག། ཁྱོད་སྔོན་ཆད་ཆུང་ཆུང་སྐབས། སིལ་ཏོག་དེ་ཟ་གི་འགྲོ་དུས་ཕ་མ་གཉིས་ག་ལ་་བཤད་གི་ཡོད་རྒྱུ་མ་རེད་། གལ་ཏེ་ཨ་མ་ལ་ཡང་སིལ་ཏོག་དེ་ཟ་རུ་འགྲོ་གི་ཡིན་། ཞེས་ལབ་དུས་ཅི་ལྟར་ལབ་གི་ཡོད་། ཨ་མ་ང་དེ་རིང་སིལ་ནེ་ནེ་ཟ་རུ་འགྲོ་ཡིན་། ཡང་ན། ཨ་མ་ང་དེ་རིང་སིལ་ཀྱོ་མ་ཟ་གི་འགྲོ་གི་ཡིན། ཞེས་བྱིས་པའི་མིང་ཚིག་གིས་ཞུས་གི་ཡོད་དམ་། ཡང་ན་ཐད་ཀར་། ཨ་མ་ང་དེ་རིང་སིལ་འབུ་ལི་ཟ་རུ་འགྲོ་གི་ཡིན་། ཞེས་ལབས་གི་ཡོད་
༡ སིལ་འབུ་ལི།
འདི་ཟ་མ་མྱོང་ལ་་་བཅོས
གོ་རེ་ཅོང་རྡོག། འུན་འུན་། སར་གཡི་གསར་བ་ནང་ལ་གོ་རེ་ཅོང་རྡོག་ཚ་བོ་སྤྲད་ནས་ཟས་བཏང་ན། ང་འབྲོག་རྒན་སྐེ་ནག་ཚོ་ད་ཕར་ཞོག། རོང་རྒན་ཁ་སྐྱ་ཚོ་ཡང་ཁ་ལ་སྣུམ་ལེ་འཁོར་དང་ཁྱ་སྒོ་ནས་་སྣུན་འཛུམ་གི་བཟོ་ན་ཆོག་ཡ།
།
ཨ་ཙི། ཡིད་ཕངས་པ་ཞིག་ལ་སུས་ཀྱང་སྔོ་གོར་གླེང་མི་འདུག སྔོ་གོར་ཟེར་བ་འདི་ནས་ཀྱི་སྙེ་མ་སྨིན་ཐག་མ་ཆོད་པར་ནས་འབྲུ་ལ་སྔོ་ཞེད་ཅུང་ཙམ་ཡོད་པའི་དུས་སུ་བྲེག་སྟེ་འཐག་པ་རེད། དེ་ལ་སྔོ་ཕྱེ་ཟེར། ཡིན་པ་ནས་ཡིན་ཡང་རྩམ་པའི་བྲོ་བ་དང་མི་འདྲ། འདི་རིལ་རིལ་བྱས་ནས་ཐུག་པ་བཞིན་སྐོལ་བ་ལ་ཟན་ཚོད་ཟེར་ཞིང་གོར་གོར་བྱས་ནས་གོ་རེ་བཞིན་བཙོས་ན་སྔོ་གོར་ཟེར་བ་རེད། རྒན་རྒོན་ཚོས་ཧ་ཅང་དགའ་མོས་བྱེད་མོད་བྱིས་པ་མང་ཆེ་བ་འདི་ལ་གཏན་ནས་མི་དགའ། ས་འདི་ནས་སྔོ་ཕྱེ་འཐོབ་ཐབས་བྲལ་བས་སྐབས་རེར་གྲོ་ཕྱེ་ཡིས་ཟན་ཚོད་སྐོལ་གྱིན་ཡོད། ཟན་ཚོད་ལ་དགའ་མཁན་ཚོས་འདི་ལ་ཚོད་ལྟ་ཞིག་བྱོས་དང་དངོས་ནས་ཞིམ་པོ་འདུག
ཨོ་རེད། གོང་དུ་དྲྭ་གྲོགས་ཤིག་གིས་ཨ་མདོའི་གོ་རེ་ཟེར་བའི་ཐ་སྙད་འདི་ཨ་རབ་ཀྱི་སྐད་ཅིག་ཡིན་པ་ལྟ་་བུ་བྲིས་འདུག ངས་བལྟས་ན གོར་གོར་ཡིན་པས་རྒྱུ་མཚན་གྱིས་གོ་རེ་ཞེས་བཏགས་པ་རེད། འོན་ཀྱང་གོ་རེ་ཚང་མ་གོར་གོར་རེད་ཟེར་གྱི་མེད། ཐོག་མར་གོར་གོར་བྱས་ནས་བཟོས་པ་དང་དེ་ནས་རིམ་བཞིན་ལག་རྩལ་ཡར་རྒྱས་ཕྱིན་ཏེ་གཟུགས་དབྱིབས་འདྲ་མིན་བྱུང་བ་དང་སོ་སོར་སྒོས་མིང་རེ་རེ་ཡོད་མོད། འོན་ཀྱང་གོ་རེ་ཟེར་བ་འདི་སྤྱི་མིང་དུ་གྱུར་བ་རེད།
ཨ་མ་རྒན་མོའི་ལག་པ་བདེ་དང་གཅིག །
གྲོ་ཕྱེ་གསར་བའི་དྲོ་བ་ཞིམ་དང་གཉིས། །
ཐབ་ཁུང་ནང་གི་མེ་ཐལ་ཚ་དང་གསུམ། །
འདི་གསུམ་ཐལ་གོར་ཞིམ་བོའི་རྒྱུན་རྐྱེན་ཡིན། །
དྷ་སའི་སྲང་ལམ་གཡས་ཟུར་གཡོན་ཟུར་ན། །
གོ་རེ་སྣ་མང་བཙོང་རྒྱུ་མང་ན་ཡང་། །
ཕ་ཡུལ་མེ་ཐལ་བཀྲག་པའི་ཐལ་གོར་འདྲའི། །
བཅུད་དང་ཞིམ་པོ་མི་འདུག་ཤུ་རེ་གོ །
ཟས་ན་ཁ་ལ་ཞིམ་པོ་སྦྲང་རྩིར་འདྲ། །
ཟས་ན་ལྟོགས་ཡུན་རིང་བ་རྩམ་པར་འདྲ། །
ཟས་ན་ལྟོ་བར་འཕྲོད་པ་སྨན་མཆོག་འདྲ། །
ཐལ་གོར་འདི་ཡི་སྐུ་ཚེ་བརྟན་པ་ཤོག །
རྩམ་དགའ་ལགས། འུ་གཉིས་མ་ཐུག་པར་དགའ་རབ་ཅིག་འགོར་སོང་ང་། སང་ཉིན་མགོན་པོ་གང་གི་སྐུའི་འཁྲུངས་སྐར་ཡིན་པས། དོ་དགོང་ངམ་དུས་ཚོད་ནམ་ཡོད་ཞིག་ལ་འུ་གཉིས་གཅིག་ཐུག་ན་མ་རེད་དམ།
སྦྲ་ནག་དོན་ཚེ་འདིས་ང་ལ་ཟེར་གཡིས་དྲན་གི་བཅུག་དང་ཐལ། ཅོང་རྡོག་ཚ་བོ་ཟེར་གཡིས་ལ་སྤྲད་ནས་ཟོས་པ་དེ་ད་ཁྱོད་དེ་དུས་ངེད་ཚང་ལ་ཡོང་ནས་འུ་གཉིས་ཀྱིས་ཟོས་པ་མིན་ནམ། ཁྱོས་དེ་དུས་ཅོང་རྡོག་ཚ་བོ་དགུ་ཟོས་དང་ནི་ཨེ་དྲན་གི ངས་དེ་དུས་ཁྱོད་ཀྱི་ཁོག་ལ་རྫ་ལུང་སྐྱ་འཛུལ་བསྡད་ཡོད་ན་བསམ་མོད། ངེད་ཚང་ཡིན་ཙིག་གིས་ཅང་བཤད་མ་པོད་ཡ། ད་དུང་སློབ་གྲྭར་འགྲོ་དུས་གློ་སྨན་གྱི་དམ་བུའི་ནང་དུ་ཟེར་གཡིས་ཅུང་བླགས་ནས་ཁྱེར་འགྲོ་གི་ཡོད། སློབ་གྲྭའི་ཉིན་གུང་ཟ་མ་ཟ་དུས་གློ་སྨན་དམ་བུའི་ནང་གུ་ཟེར་གཡིས་དེ་སློབ་གྲྭ་འགའ་དང་མཉམ་དུ་རང་རང་གིས་ཁྱེར་ཡོང་གོ་རེ་དང་ལྷན་དུ་ཟ་གི་རེད། སློབ་གྲོགས་ཚོའི་གོ་རེའི་སྟེང་དུ་ཐིགས་པ་རེ་རྒྱག་གི་བཅུག་མྱོང་། ཕྱིར་འདང་རེ་བརྒྱབས་ན་སྐྱིད་པོ་ཞིག་རེད་ཡ།
ཨོ་རེད། ད་སང་ཉིན་རྒྱལ་བའི་སྐུའི་འཁྲུངས་སྐར་ཡིན་པས། ང་ཚོས་དཀར་ཟས་ཁོ་ནའི་སྐོར་ནས་གླེང་མོལ་རེ་བྱོས་ན་ཅི་འདྲ་རེད། ཕག་བཤའ་སྟངས་དང་གཡས་ལྡུག་སྟངས་སོགས་ཀྱི་ཤེས་བྱ་དེ་རེ་ཞིག་སྐྱུར་ལ་ཞོགས་རེ།
ཅོང་རྡོག་ཚ་བོ་དེ་ཟར་གཡིས་སོ་མའི་ནང་སྦྱར་ནས་ཟོས་ན་ཞིམ་ནོ་ད་མི་ཉན་ད་ར། གཅན་བཟོད་འདིས་ཤེལ་དམ་ནང་གཡིས་འཁྱེར་ནས་སློབ་གྲྭར་སོང་བ་ཡིན་ཟེར་ན་ད་ཅིག་ཅིག་མི་ཉན་ག
མ་གཞི་ནས་ཟར་གཡིས་དེ་སྟོན་གཞུག་ལོ་ཏོག་ཚང་མ་ནང་དུ་བསྡུས་ཚར་བའི་རྗེས་དེར་ཕྱེ་གསར་དང་གཡིས་གསར་ཟེར་བ་ཞིག་ཕན་ཚུན་འཁྱེར་སྲོལ་ཡོད་པ་དེ་དང་བསྟུན་ནས་བཟའ་བ་མགཏོགས་ནམ་ཞག་རྒྱུན་དུ་ཟ་སྲོལ་ཞིག་ད་མི་འདུག་ག
རྒྱུན་གཏན་ནས་གོ་རེ་ཅོང་རྡོག་མཉམ་དུ་སྤོ་ཡ་ཡོད་ན་མེད་ན་དེ་ཚོ་ནི།
༡ ཡུང་ཚས།
༢ ཚོད་དཀར་ཚས།
༣ ཚོད་ནག་ཚས།
༤ ཚས་ཀོའ་ཚས།
༥ ལ་རྗོའུ་སྒྱོ་བ་ཚས།
༦ ཤ་ཚས། ཤ་ཚས་ནི་མཚམས་མཚམས་ལ་མ་གཏོགས་རྒྱུན་དུ་བཟའ་རྒྱུ་དཀའ་མོ་ཡིན་ནི་་རེད།
འོ་་ཚས་འདི་ཚོ་རེད་མོད།
གོང་ན་སྦ་ནག་ཅིག་ཅིག་ཅིག་ཚེ་རིང་ཟེར་བ་ཞིག་གིས། ཨ་མདོ་ཁམས་པ་་་ཁྱོད་ཆུང་དུས་སིལ་འབུ་ལི་ཟ་གི་འགྲོ་དུས་ནང་མི་ཚོར་ཅི་ཟེར་བ་ཡིན་ཞེས་དྲི་བ་ཞིག་བཀོད་འདུག དེའི་ལན་དུ་ ངས་སྒྲུང་ཞིག་དྲན་བྱུང་།
ང་ཚོའི་སྡེ་བ་ནས་ལོ་ལྟར་མི་ཚང་འགའ་རེ་ལྷ་སར་གནས་མཇལ་འགྲོ་གི་རེད།
ལྷ་ས་ནས་གཙང་ལ་སོང་ན་ཞ་ལི་དགོན་པ་ཟེར་བའི་དགོན་རྙིང་རྩ་ཆེན་ཞིག་ཡོད་ཙིག ཡིན་ན་ཡང་མང་ཆེ་བས་དགོན་པ་དེར་མ་མཇལ་ནས་ཕྱིར་ཡོང་གི་ཡོད་ཙིག རྒྱུ་མཚན་གང་ཡིན་ཟེར་ན། ཁོང་ཚོས་དགོན་པ་དེའི་མིང་ཁ་ནས་འབོད་རྒྱུར་ནང་མི་དབར་ལ་ངོ་ཚ་འཛེམ་ནས་དཀའ་ལས་ཁག་པོ་ཆགས་པ་རེད།
ཡིན་ན་ཡང་ངས་ནི་སིལ་འབུ་ལི་འཆའ་གི་འགྲོ་དུས་སིལ་འབུ་ལི་འཆའ་གི་འགྲོ་ཡིན་ཞེས་ཤོད་གི་ཡོད། མ་བཤད་ན་རང་གི་གྱོང་རེད་ཤག སིལ་འབུ་ལི་འདྲ་འདྲའི་འོ་དྲི་དང་མངར་དྲི་ཁ་བའི་སིལ་ཞིམ་པོ་ཞིག་རང་གི་ས་ཐོག་ན་ཡོད་བཞིན་དུ་བཟའ་མ་ཐུབ་ན་དེ་ད་རང་གི་སྡིག་རྒྱོང་མ་རེད་ཅི་རེད། ངོ་ཚ་མ་ཚ་དི་མོ་དེ་མཚམས་མཚམས་ལ་མ་ཤེས་མདོག་མདོག་བྱས་ན་ཁེ་བཟང་རེད་ཡ།
ཡ་ད་ངས་ཁྱེད་ཚོར་གཡུང་ཉོག་བཟོ་སྟངས་གཅིག་བཤད། གཡུང་ཉོག་བཟོ་ན་ཐོག་མར་གཡུང་ཡུས་ཡག་ཐག་ཆོད་པ་ཞིག་བཙོ་དགོས། གཡུང་ཡུས་ཟེར་ན་ཤེས་ཀ་ཟེ། ལྷ་སའི་སྐད་ཀྱིས་ཨ་ལོ་ཟེར་བ་དེ་རེད། ཡིག་སྐད་ཀྱིས་བཤད་ན་ཞོག་ཁོགས་རེད། གཡུང་ཡུས་བཙོས་རྗེས་ཚ་རུ་ཚ་ཐོག་ལ་ཤུན་པགས་བཤུས། དེ་ནས་དཀར་ཡོལ་ནང་བཞག དེའི་སྟེང་མར་གསར་བ་ཆེ་ཙམ་འཕང་སྟེ་རྩམ་པ་ནང་བཞིན་བརྫི་དགོས། ཨོ་་་མར་མང་ཉུང་རང་རང་གིས་ལྟོས་ཀོ འཕེན་རྒྱུ་མང་སོང་ན་སྣུམ་དྲགས་ནས་ཟ་མི་ཐུབ་ན་ཐང་། ཅི་འདྲ་རེད། ཧ་ཅང་སྟབས་བདེ་ཡིན་ནཟེ། ཨ་ཨ་་ དེ་ཟེར་ན་རྩམ་པ་ཡང་དྲན་ཡོང་གི། ཕ་ཡུལ་གྱི་རྩམ་པ་མ་ཟོས་པར་ཡུན་རིང་འགོར་སོང་། ཨ་རོ་ཆ་བོ། ལྷ་སའི་རྩམ་པ་དང་ཨ་མདོའི་རྩམ་པ་ཟ་སྟངས་གཉིས་ཅུང་མི་འདྲ་བ་ཞིག་ཡིན་པ་འདྲ། ལྷ་སའི་རྩམ་པ་བརྫི་དུས་ག་འདྲ་ཡིན་ན་་་་
སྤྱིར་ཡིན་ན་ངས་དེ་རིང་འདི་ནས་ཁྱེད་ཚོར་ཤ་སྒྱོའི་སྐོར་ཞིག་བཤད་འདོད་པ་ཡིན་མོད། ད་༸གོང་ས་མཆོག་གི་འཁྲུངས་སྐར་ལ་ཉེ་བས་དམར་ཟས་མི་བཟོ་ནི་བྱེད། དེའི་ཚབ་ཏུ་ཁྱེད་ཚོར་དྲི་བ་ཞིག་འདོན་རྒྱུ་ལ། ཁྱེད་ཚོའི་ས་ནས་གཡུང་ཡུས་ལ་སྒྱོའི་ཟ་ནི་ཨེ་རེད། དེ་ར་ངོ་མས་ཞིམ་མ་ཨེ་ན།
དམུ་ཐག་བུ་རྒྱུད་ལགས་ཀྱིས་བཤད་པའི་སྔོ་གོར་དེ་ཁ་སང་ངས་བཤད་པའི་གོ་རེ་སོ་ལུག་ཡིན་ས་རེད། རྒྱུ་ཆ་གཅིག་པ་གཅིག་རྐྱང་རེད། ཨོ་་་་འདྲི་རྒྱུ་ཞིག་ལ། དེ་ཟོས་ན་ཅུང་མངར་མོ་བྲོ་བ་ཞིག་ཨེ་རེད། དེས་ཐུག་པ་བསྐོལ་ན་ལྡི་རུ་ནང་བཞིན་བསྐོལ་དགོས། འཐུང་ན་ཡང་མངར་མོ་བྲོ་གི་རེད། ཐོག་མར་ཧུབ་གང་དོ་རེ་འཐུང་དུས་ཞིམ་མོད་མང་བོ་གཏན་ནས་འཐུང་མི་ཐུབ། དེ་འདྲ་ཞིག་ཨེ་རེད།
གཡུང་ཡུས་་་་་་་་་་རྒྱ་སྐད།
ཨ་ལོ་་་་་་་་་་་རྒྱ་གར་སྐད།
ཞོག་ཁོག་་་་་ལྷ་སའི་སྐད།
ཡུང་རིལ་་་་་་་་་ཨམ་སྐད། སྒོང་རིལ་ཡང་ཟེར།
སྤོ་ལངས་མི་ཉན། གསལ་བཤད་ཏོག་ཙམ་ཡིན། སེམས་ལ་མ་བཟུང་ན་འགྲིག
བསྟན་འཛིན་ཤེས་རབ་ཡིན་ན་འདི་ཡང་གང་ཟིག་གི་ཡིན་ནེ་ན། སྒོང་རིལ་གཟེ་དང་ན་བཟའ་མི་གང་བོ་མཐར་ལོང་སེ་བྲོས་འགྲོ་ནི་མ་རེད་དམ། དེས་ན་ཁྱོའི་འོག་གི་དེ་གཉིས་ཀི་མིང་ལ་ཅི་ཟེར་གི་རེད། ཧ་ཧ་ཧ
སྒོང་རིལ་ཟེར་ན་དོན་དངོས་ཐོག་རྡོག་པོའང་རིལ་རིལ་ཡིན་པས་ན་རེད། སྒོང་རིལ་ཟེར་ན་ངོ་ཚ་མདོག་མདོག་བྱེད་པ་དེ་ཚོའི་ནི་་མདོམས་ཀྱི་རླིག་རིལ་ལ་གོ་བ་བླངས་པ་རེད། གོ་བ་ལེན་ས་མདོམས་མ་གཏོགས་་་་མེད་སོང་ནི་ཡིན་རྒྱུ་མ་རེད་པ། བྱ་སྒོང་། ཟན་སྒོང་། མེ་སྒོང་སོགས་ཀྱང་ཡོད་པ་མ་ཡིན་ནམ། དེ་ཚོར་ཡང་མདོམས་ཀྱི་གོ་བ་བླངས་ལ་ད་་་་་སྒོ་ང་ཡོད་པའི་ཟ་མ་ཞིག་་ཟ་མི་ཐུབ་ཐག་ཆོད་ར།
ཨ་རོ་གཅན་བཟོད། ཁྱོད་ཚོའི་སྡེ་བ་ནས་སྒོང་རིལ་ཟེར་ན་རླིག་རིལ་ལ་གོ་བ་ལེན་ནི་ཨེ་རེད། ཧཧཧ ངོ་མ་བྱ་དེ་ཅིག་གི་རྩོག་གི་ཡ།
ཡ་ད་སྒོང་རིལ་ཡིན་ན་ཆེད་ཀི སྒོང་རྡོག་ཡིན་ན་ཆེད་ཀི སྒོང་ཟས་ཡིན་ན་ཆེད་ཀི ཡོང་རིལ་ལམ་ཡོང་ཡེ་ལ་སྒོང་རིལ་གྱི་ཟ་མ་ཞིག་བཟོས་དང་དུས་ངེད་བཟའ་གོ་རྭ་གང་བོས་ཟ་མ་དགོས་བཟའ་ཚང་གང་ཐར་ལོང་སེ་གཏོང་ནི་མ་རེད་ན་ཁྱོའི་སྐེ། མིན་ངེད་ཚང་ཀེར་བོ་ཆེས་ཡིན་གོ ངི་ཆོའུ་སྡེ་བ་དང་གཡས་གཡོན་གྱི་སྡེ་བ་ཚོ་ཡང་གཅིག་པ་ཡིན་ནི་རེད། ངི་ཆོའི་ས་ཆ་དེ་ནས་འདི་མོ་གཟིག་བཤད་སྲོལ་ཡོད་ནི་མ་རེད་ཨོ་ལེད།
ད་དེ་ཚོ་ཆི་ཟིག་ཡིན་ན་ཡིན། གཞུག་ནས་ངི་ཆོའུ་སྡེ་བར་ཡོང་དུས་དིག་མ་གཟོས་ན་སྐྱོན་ཡོད་ནི་མ་རེད།
ཡ་ད་ངས་༸རྒྱལ་བའི་འཁྲུངས་སྐར་ལ་ཁྱེད་ཚོ་ཚང་མར་ང་ཚོའི་ཕ་ཡུལ་གྱི་ཧུབ་རིང་བཟོ་སྟངས་བཤད་གི་ཡིན། ཐུག་པ་རིང་པོ་ཆུ་བཙོས་བྱས་རྗེས་ཐོག་ཏུ་སྣུམ་རན་པོ་ཞིག་བཀུས་ཏེ་ཐུག་པ་མི་འབྱར་བར་བྱས། དེ་ནས་ད་ར་ཡོད་ན་རབ་དང་དེ་མེད་ཚེ་ཞོ་དཀར་ཡོལ་གང་ལ་དཔའི་༼ཀ་ཏོ་ར༽་ནང་དུ་ཆུ་འཁོལ་དང་མཉམ་དུ་ཚྭ་བྲོ་ཙམ་བཏབ་རྗེས་དཀྲུགས་དཀྲུགས་ཡག་ཐག་ཆོད་ཅིག་བཏང་། དེ་ནས་ཙོང་སྔོན་པོ་ཞིབ་ཞིབ་ཏུ་གཙབས་ཏེ་སྣུམ་པ་བརྔོས་ཏེ་དར་ཆུདེའི་ནང་དུ་ཐོབས། ཡང་དཀྲུགས་དཀྲུགས་ཡག་པོ་བཏང་བཤེར་ཁུ་བཟོས། དེ་དུས་ཧུབ་རིང་དེ་ཅུང་གྲང་མོ་ཆགས་བསྡད་ཡོད་པ་དཀར་ཡོལ་ཆེན་པོ་རེའི་ནང་དུ་བལྒས་ཏེ་སྟེང་དུ་དར་ཆུ་དེ་བླུགས་རྗེས་འཐུང་དགོས། ཞིམ་པ་ལ་ཚོད་ཡོད་ནི་མ་རེད། ད་དུང་སྔོན་ཆེད་ང་ཆུང་དུས་ངེད་ཚོའི་ཕ་ཡུལ་དེར་ཧུབ་རིང་འཐུང་སྤྱད་ཧུ་རུ་ཟེར་བའི་ཤིང་གི་ཕོར་པ་ཆེན་པོ་བཅུ་ཁ་རེ་འདུག རྗེས་སུ་གེར་ལེར་རྒྱ་རྒན་ཚོར་བཙོང་གིན་འདུག ཨོ་ད་དེའི་ནང་དུ་ཧུབ་རིང་འཐུང་དང་དུས་གད་ནོ་མི་ཤེས་ཡ། ཧུ་རུ་འདི་གོང་ནས་དྲ་གྲོགས་ཟླ་མེད་ཀྱིས་ཀྱང་བཤད་ཡོད་སྙམ། ད་ཁྱོད་ཚོས་༸རྒྱལ་བའི་འཁྲུངས་སྐར་ལ་ངས་བཟོས་བའི་ཧུབ་རིང་ཧུ་རུ་དོ་རེ་འཐུང་རོགས། གསུམ་འཐུང་མི་ཉན། རྒྱགས་རྒྱུའུ་མང་གྱོ་ཨེ་གོ
ཐུག་པ་ཧུབ་རིང་ངམ་ཧུབ་སེར་ཡིན་ན་དེ་འཐུང་རྒྱུ་ཞིག་ཡིན་ནེ་ནམ། ཟ་རྒྱུ་ཞིག་ཡིན་ནེ་ནམ། ད་ར་ཆུ་དཀྲུག་བཏང་བའི་ཁུ་བ་ཞིག་ཡོད་པ་དེ། ཐུག་པའི་ནང་ལྡུག་དགོས་པ་རེད་པས། ཡང་ན་་་ཟུར་དུ་འཐུང་དགོས་པ་རེད། དཀོན་མཆོག་གསུམ་་་་སྐད་གྲགས་ཆེ་བའི་ཐུག་པ་ཧུབ་རིང་དེ་་་་་ད་ར་ཞིག་དང་མཉམ་དུ་འཐུང་བ་ཡིན་ན་་་ཞིམ་པོ་ག་ཚད་ཡོད་ཟེར་རུང་ཧ་གོ་ཡིས་འདུག་ག ཧེ་ཧེ་ཧེ
ཨ་རོད། ད་ང་ཉལ་གི་བཅུག་པ། དར་ཆུ་དེའི་མིང་ལ་ཚྭ་སྐྱུར་ཟེར་ནི་རེད། ཧུབ་རིང་འཐོང་མ་མྱོང་ཟིག་མོ་ཡང་། ཚྭ་སྐྱུར་ཟེར་བའི་དར་ཆུ་འཐུང་ཅུང་ཙམ་ལས་ཉན་ནི་མ་རེད། ཧུབ་རིང་ཧུ་རུ་གང་འཐུང་ནས་མ་རྒྱགས་ན་ཡང་བསྐྱར་འཐུང་ན་ཆོག་ནི་རེད། ཚྭ་སྐྱུར་དེའི་ནང་དུ་ཡང་བསྐྱར་ཧུབ་ལྡུག་ནི་རེད། ཚྭ་སྐྱུར་ཡང་ཅུང་ཙམ་ཁ་སྣོན་བྱེད་གི་རེད། ཁྱོས་ཡང་དེ་འཐུང་མྱོང་ཡོད་ས་མ་རེད་མོ། སྐྱ་ཁ་བོ་ཁྱོའི་ཁ་ནང་ང་ད་ཅིག་ག་ཧུབ་རིང་ཙི་ཡོང་ས་རེད་ཡ། ཧུབ་སེར་དང་ཚྭ་སྐྱུར་གྱི་ཧུབ་རིང་གཉིས་ཀ་ནོར་མི་ཉན་ཡ། ད་ཚེས་༦་གི་ཞོགས་པའི་དུས་ཚོད་༡་དང་སྐར་མ་༤༥་རེད། ང་ཉལ་གི་ཡིན། ཞོགས་པ་སྔ་བོ་གཙུག་ལག་ཁང་དུ་འགྲོ་དགོས་ནི་རེད། རྩ་བའི་བླ་མ་གཙུག་གི་ནོར་བུ་༸རྒྱ་དབང་རིན་པོ་ཆེ་ཚང་ཕེབས་རྒྱུ་རེད་པས་ཞལ་མཇལ་ཞུ་བར་འགྲོ་དགོས་ནི་རེད་ལོ།
ང་ཚོའི་སྡེ་བ་ན། ད་ར་ཆུ་དཀྲུག་བཏང་བའི་ཐུག་རྐྱང་དེ་འདྲ་འཐུང་སྲོལ་མེད་ན་ཡང་། ཐུག་པ་སྐྱོར་ཚ་ཟེར་བ་ཞིག་འཐུང་རྒྱུ་ཡོད། དེ་ནི་ཐུག་པ་དང་ཚོད་མ་གཉིས་ལོགས་སུ་བཙོ་གི་རེད། གཙོ་བོ་དེ་ཚོད་མ་རེད། ཚོད་མ་བཟོ་སྟངས་ཅུང་དམིགས་བསལ་ཅན་ཞིག་བཟོ་གི་རེད། ཤ་དང་། ཙོང་དང་། ལ་ཕུག་དང་། སྒོག་པ་རྣམས་ཞིབ་ཞིབ་གྲུ་བཞི་ཆུང་ཆུང་ཆེ་ཆུང་གཅིག་པ་ཡིན་དགོས། ཚ་དང་། གཡེར་མ་དང་། ལ་རྒྱོ་དང་། བྲོ་རྫས་གཞན་ཡང་གྲ་སྒྲིག་དགོས་གི་རེད།
རེབ་གོང་ན་སློབ་གྲྭར་འགྲོ་སྐབས་ཞིག་ལ་ཧ་ལས་པའི་གོར་རེ་ཆེན་པོ་ཞིག་མཐོང་མྱོང་། གོ་རེ་དེའི་འོག་ལ་ཤིང་གི་འཇའ་རྒྱབ་ནས་མི་བརྒྱད་ཀྱིས་ཕྱོགས་སོ་སོ་ནས་སྡེམ་བྱས་ནས་ཁུར་འདུག་ལ་། དེ་དང་མཉམ་དུ་སྐྱ་སེར་མང་པོ་རུ་སྒྲིགས་ནས་དུང་འབུད་རྔ་རྡུང་གིས་ཁུལ་དགེ་ཐོན་སློབ་གྲྭའི་སྒོ་འགྲམ་བར་སླེབས་སོང་། ལམ་བར་ཏུ་མི་མང་པོས་འཚང་ཁ་ཤིག་ཤིག་གིས་ལག་ཏུ་ཁ་དག་བཟུང་ནས་གོར་ཆེན་དེར་མཇལ་གྱི་འདུག ཅུང་ཙམ་ནས་རླངས་འཁོར་ཆེན་པོ་ཞིག་སླེབས་པ་དང་གོར་ཆེན་དེ་རླངས་འཁོར་དེའི་ནང་ཤོང་ཙམ་ཞིག་བྱས་ནས་ཁུར་འགྲོ་སོང་། གོ་ཚོད་ལ་གོར་ཆེན་དེ་རེབ་གོང་ཧོར་ནག་སྡེ་བ་ཡིན་ནམ་གང་ཞིག་ནས་བཟོས་དེ་༧པན་ཆེན་རིན་པོ་ཆེར་ཕུལ་གྱི་ཡོད་པ་རེད་ཟེར།
འོ་ད་ངས་ཉོག་བཟོ་སྟངས་བཤད། ཉོག་སྣ་ཁ་ཁ་ཤས་ཡོད་ནི་རེད། དེ་དག་ལས་ཁ་དགའ་ས་ནི་ཟེར་ཉོག་ཡིན་ནི་རེད། འོན་ཀྱང་ངའི་སྤུན་ཆུང་བ་དགའ་ས་ནི་ཧྲེན་༼སྲེན་༽ཉོག་ཡིན་ནི་རེད། གཡིས་ཉོག་ཟེར་བ་དེ་གྲོ་ཕྱེ་དང་སྣུམ་ཡིན་པས་ལོག་ཀ་ཟིག་རེད། ཀྲུའུ་ཉོག་དེ་སྐར་མ་ཐང་སོགས་ས་རྨ་ཆུ་ཁའི་སྡེ་བ་ཚོས་བཟོ་གི་འདུག
༡༽ ཟེར་ཉོག ཆུའི་ནང་དུ་ཟེར་མ་སྐྱོག་གང་བརྒྱབ་རྗེས་ཆུ་བསྐོལ་དགོས་ནི་རེད། ཟངས་ང་ཁ་ཕྱེ་ནས་ཞོག་མ་གཏོགས་གཅིག་འཕྱུར་ན་ཟངས་ང་ནང་ནས་ཐིག་པ་གཅིག་ཀྱང་ལྷག་ནི་མ་རེད། རྒྱུ་མཚན་ཟེར་མ་དེ་འདའ་སོང་ན་ཆུ་ཡོངས་སུ་རྫོགས་པ་འབག་འབག་སྣབས་ཏོ་ནང་བཞིན་ཆགས་འགྲོ་གི་རེད། ཟངས་ངའི་ཕྱི་ལ་འཕྱུར་ན་འཕྱུར་བ་དེས་གཅིག་རྗེས་གཅིག་གིས་འཐེན་ནས་ཟངས་ང་ནང་ནས་ལྷག་གི་མ་རེད། དེ་བས་དེ་བསྐོལ་སྐབས་གཟབ་གཟབ་བྱས་ནས་འཕྱུར་མ་འཇུག དེ་ནས་འཁོལ་ཞིང་ཟེར་མ་ལྡུར་སོང་ན། ནང་ལ་གྲོ་ཕྱེ་བླུགས། དཀྲུགས་ཞིང་དཀྲུགས་ཞིང་གྲོ་ཕྱེ་བླུགས། ཕྱེ་ལྡོག་ལྡོག་ཆགས་གི་མ་འཇུག དེ་ལྟར་བྱས་ནས་མེ་ཤུགས་ཆུང་རུ་ཐོངས། ད་སྐྱོག་གིས་མ་དཀྲུགས། ཞེན་ཐུར་གྱིས་དཀྲུགས། དེ་ནས་ཚོས་འགྲོ་ནི་རེད། ཚོས་སོང་ན་པང་ལེབ་སྟེང་དུ་ལོང་། སྐྱོགས་གང་རེ་གང་རེད་ལོངས། བླངས་ནས་དེའི་སྟེང་དུ་སྐྱོག་གི་སྟེགས་ཕྱོགས་ཀྱིས་མནན་ནས་ལེབ་ལེབ་བཟོས། ལེབ་ལེབ་དེ་ཅུང་ཟད་འཁྱགས་སོང་ན་དཀར་ཡོལ་ནང་དུ་ལོངས། དཀར་ཡོལ་ནང་དུ་ཟུར་གྱིས་བསླངས་ནས་ཞོག དེའི་ཟུར་དུ་སྒོག་ཆུ་བླུགས་ནས་ཟོ། ཟ་ཞིང་ཟ་ཞིང་སྐན་སྒྲ་ཐག་སེ་ཟོ། ཨ་མ་ཡོད་ན་སྐན་སྒྲ་ཐག་སེ་མ་ཟ་མ་གཏོགས་བཀའ་བཀྱོན་གནང་ནི་རེད། དེའི་ལྷག་མ་ཟ་སྟངས་དེ་གོང་དུ་གཅན་བཟོད་རྒྱམ་ནས་ཞིབ་ཚགས་པོ་བཤད་སོང་། དེ་ག་རེད། ང་ནི་ད་ལྟའི་བར་དུ་གླིང་ཆེན་གསུམ་གྱི་ཁ་ཟས་ནང་ནས་ཞིམ་ཤོས་དེ་ཟེར་ཉོག་དེ་རེད། སྔོན་མ་ཟིག་ཀ་ངས་ཨ་མ་ལ་ཁ་པར་བཏང་། ཨ་མས་ཨ་མི་རི་ཀ་ན་ཟ་མ་འེ་ཧྲ་གི་ཟེར། ངས་ཀྱང་ཨ་མི་རི་ཀ་ན་འཛམ་བུ་གླིང་གི་ཟ་མ་མེད་ནི་ཟིག་ཡོད་ནི་མ་རེད་ཟེར་ནས་ལན་རྒྱབ་པ་ཡིན། ཨ་མས་ཟེར་ཉོག་འེ་ཡོད་ཀི་ཟེར། ངས་ཨ་རི་སླེབས་ནས་ཟེར་ཉོག་རེག་མ་སོང་ཟེར་ནས་བཤད་པ་ཡིན། ངས་ད་དུང་ཡང་དེ་རེག་མ་སོང་།
འོ་ངས་ཨ་ལོ་ཚོད་མ་བཟོ་སྟངས་མ་འདྲ་བ་ཟིག་ཤེས་ཡ། དེ་ཨ་ལོ་མ་བཙོས་གོང་ནས་བཤར་ར་རྒྱོབས། བཤར་ར་རྒྱབ་ཚར་སོང་ན་དེ་ཚུ་ནང་དུ་གཅིག་ཁྲུས། དེ་ནས་བཙུར་རྗེས་ནང་དུ་ཙོང་སྔོན་པོ་རྒྱོབས། དེ་ནས་ནང་དུ་ཤ་འཐག་མ་ཅུང་ཟད་རྒྱོབས། ནང་དུ་སྣུམ་དང་ཚྭ་བླུགས། དེ་ནས་མོ་མོ་བཟོས་ནས་བཙོས། དེ་ནི་ཡོང་ཡེས་ཚོད་མ་ངོ་ནས་དེ་རེད། བྲོ་བ་ཡོད་ལ་མིག་ལ་ཡག དེ་མིན་རྒྱ་གར་ན་བོད་པ་ཚོས་སྔོན་དུ་ཡོང་ཡེས་བཙོས་ནས་མོ་མོ་བཟོ་བཞིན་པ་དེ་ནི་རྒྱ་གར་གྱི་ཨ་ལོ་ས་མ་སི་བཟོ་སྟངས་རེད། མོ་མོ་བཟོ་སྟངས་མ་རེད། མིག་ལ་མི་མཛེས།
ཡ་ད་ཉོག་གཡོ་ན་ཉོག་གཡོ། ངས་ཚུའུ་གཡོག་གཡོ། ཚུའུ་ཉོག་གིས་བྲོ་བ་ཡོང་ས་གཙོ་བོ་དེ་ཚུའུ་རེད་ཚུལ་རྙིང་ཡག་ནི་རེད་། ཟང་ང་ནང་ལ་ཆུ་སྐྱོག་རུས་གང་བླུག་ནས་ཁོལ་དུ་བཅུག་། དེ་ནས་ཚུའུ་རྙིང་་སྤར་བ་གང་དབ་། ཚྭ་རྒྱབ་། ཁོལ་བཞིན་པས་སྐབས་དེར་གྲོ་ཕྱེས་རྒྱབ་ནས་དཀྲིག། བརྡའ་རུས་གྱིས་དཀྲིག་ན་ཡག་། ཀྱོག་གིས་དཀྲིག་ན་ཀྱོག་མགོ་གཅོག་ག། དཀྲིག་གིན་དཀྲིག་གིན་བྱས་ནས་ཧྲ་ཉྱི་་ཚད་རན་པས་སྐབས་དེར་ཉེ་ཆུང་རུ་བཏང་ན་ད་ཕལ་ཆེར་འགྲིག་ནི་རེད་། དེ་ནས་ཕོར་བ་ནང་ལ་བཞག་དཀྱིལ་ནས་དུང་དུང་ཞིག་བཟོས་དེས་ནང་ལ་། མར་བཞག་། ཆུར་བ་རྒྱབ་ན་ཡང་འགྲིག་། མར་མེད་དུས་་སྣུམ་ནག་ཡང་འཇོག་ག། དེ་ཚུལ་ཉོག་རེད་། ཉོག་གཡོ་ཚར་ནས་ཉོག་ཟང་གི་ངོས་ན་སྐམ་བསྡད་ཡོད་པས་ཉོག་ཤིན་འདྲ་བོ་ཡོད་དེ་མར་སྐོག་ནས་ཕོར་བ་ནང་ལ་བླུག་དེས་ཐོ་འོ་ན་བླུག་ན་ད་་། འུམ་ འུམ་།
འོ་རྗེས་སུ། འཁྲུངས་སྐར་ཡོལ་སོང་ན་། ངས་ཁྱོད་ཚོ་ཞག་རྩམ་སྟེར་།
ཚང་མ་ལ་སྐུའི་འཁྲུངས་སྐར་ཉིན་བཀྲིས་བདེ་ལེགས།
དཀར་སྐྱོང་གི་ཉིན་འདི་དག་ཡལ་ཚར་རྗེས་། ངས་ཕྱེ་རྒྱུ་བླུག་གོ། ཁྲག་རྒྱུ་བླུག་ག། གཡོ་རྒྱུ་བླུག་ག། མ་ཎི་པདྨེ་་ངའི་ཁ་ནས་ཡང་ཤོར་ཐ། ཤ་ཚུག་གཉིས་ཀ་་ཞིབ་ཞིབ་བྱས་འཐག་ནས་ཁྲག་དང་མཉམ་དུ་་ཚྱ་རྒྱབ་། གོ་ཐོག་ཅུང་ཙམ་རྒྱབ་་ནས་ཁྲག་རྒྱུ་བླུག་གོ། ཕྱེད་བཙོ་འཚམསནས ་ལེན་ན་སྣེ་ནོ་ལགས་ཁ་འཇོག་ག་འཇིབ་གི་འཇུག་ར་ད་། ཤི་ནོ་མི་ཤེས་ཡ།
རོང་འབྲོག་གཉིས་གྱི་གང་གི་ཟ་མ་ཡིན་མིན་མི་ཤེས་ཡང་། གོ་རེ་ཁུའུ་མགོ་ཟེར་བ་ཞིག་ཡོད་། དེ་སྲག་བྱེད་ཀྱི་ཁྲོ་ཟང་ཆུང་ཆུང་ཞིག་ཡོད་། དེས་མིང་ལ་ཁུའུ་མགོ་ཟེར་། གོ་རེ་འདི་སྐྱུར་མྱལ་ནས་ལང་སྐབས་དེས་ནང་ལ་ཤ་རྙིང་སྐམ་པོ་དང་ཚུལ་རྙིང་སོགས་རྒྱབ་ནས་གྲོ་ཕྱེ་འདག་འདག་དེ་དཀྲིག་དཀྲིག་ཡག་པོ་བྱས་མཐར་། ཁུའུ་མགོ་ནང་ལ་བླུག་། ཁ་བཅད་རྒྱབ་དེས་ནས་ལུད་མེ་འོག་ལ་བཅུག། མེ་ཤུག་ཆེན་པོ་མིན་པ་དང་ཁྲོ་ཟང་དེ་འཐུག་པོ་ཡིན་སྟབས་དེ་ཚོས་ལ་འགོར་ནི་རེད་། ཐོག་གི་མེ་རོ་ཕར་དེད་ཚུར་དེད་བྱས། ཁ་བཅད་གི་ཐོག་ན་ལུང་ཐག་མི་ཆེན་ཞིག་གིས་འཛུབ་ཆུང་ཤོང་བས་ལུང་ཐག་ཞིག་ཡོད་དེས་ནང་ལ་དབྱུག་ཐུར་ཞི་རྒྱག་ག། ཁ་ཕྱེ་ནས་ལྟས་ན་ངང་སོབ་བེ་ཡོད་དུས་ད་འགྲིག་ཡོད་བ་རེད་། ཚ་པོ་ཟ་དགོས་མ་གཏོག་གྲང་མོ་ཆགས་སོང་དེ་འདྲ་ཞིན་པོ་མེད་། བཅག་གིན་བཅག་གིན་ཟས་ན་ད་ཞིམ་ཡ། ལྕེ་མིད་ལ་ཤོག་ར་ཡ་།
འོ་ད་ཚང་མས་བཤད་གི་བཤད་གནའ་སྔོན་མ་བསྐལ་བ་ཡ་ཐོག་འདྲ་བོ་ཟིག་བཤད་ཀི་བསྡད་ཡོད་གི ཡང་བྲིས་ཀི་བྲིས་གི་ལྷ་སའི་རྡོ་རིང་ངོས་ཀྱི་ཡི་གེ་འདྲ་མ། ཡང་ཏོང་ཧུང་གི་ཡི་གེ་འདྲ་མ་དེ་འདྲ་རྐྱང་རྐྱང་འབྲི་གི་བསྡད་ཡོད་ཀི
ད་ངས་ཇ་བསྐོལ། ཞོགས་པ་སྔ་བོ་ཡར་ལངས་ནས་ཐབ་ཀྱི་ནང་དུ་ཤིང་མ་ཡེ་ཁ་ཤས་དང་། དེའི་ཐོག་ལ་ཨོང་བ་སྐམ་པོ་ཁ་ཤས་བླུགས་ནས། དེའི་འོག་ལ་རྩྭ་ཅག་ཁ་ཤས་ཟིག་བཞག་རྗེས་མེ་སྒྱོན་དགོས་པ་རེད། དེ་ནས་དམར་སྒོར་སྒོར་མེ་འབར་ཡོང་ནི་རེད། མེ་རོ་ཅུང་ཟད་བབས་པ་དང་། ཁྱོན་གོན་ཡིན་ན་ཡང་ན་ཟངས་དེམ་ཡིན་ན་ཡང་ན་པ་ཧྭོ་ནང་ལ་གློ་ཐབ་ནས་ཆུ་བཅུས་ནས་བླུགས། དེའི་ནང་དུ་ཇ་སྤར་བ་གང་བླུགས། དེ་ནས་མེ་ནང་ལ་བཞག དེ་འཁོལ་བ་དང་ནང་དུ་འོ་མ་བླུགས། ཚྭ་ཅུང་ཟད་རྒྱོབས། དེ་ནས་ཆ་ཀ་ནས་རྩམ་ཤིང་མར་ལ་བླངས་ནས། དཀར་ཡོལ་ནས་འབྲུ་མའི་ནང་དུ་རྩམ་པ་ཅུང་ཟད་བླུགས། དེའི་ནང་དུ་ཚུ་ར་རྒྱབས། དེ་ནས་མར་ཅུང་ཟད་བླུགས། དེ་ད་གཏུབས་མ་ཡིན་ནི་རེད། ད་ཇ་བླུགས་ནས་དཀྲུགས་ཀིན་དཀྲུགས་ཀིན་ཟ་དགོས་ནི་རེད།
དྷ་སའི་གནས་ཚུལ་ཚ་བོ་ཚ་བོ།
ད་ནངས་ཞོགས་པ་ནས་གཙུག་ལག་ཁང་དུ་༸རྒྱལ་བའི་འཁྲུངས་ལ་སོང་བ་ཡིན། མར་འགྲོ་དུས་ལམ་ཁ་ན་ཨ་ཅེ་ཞིག་གིས་ཧུབ་སེར་འཚོང་གིན་འདུག འཐུང་ན་འདོད་ནས་ཁའི་ནང་དུ་ཆུ་འཁོར་བྱུང་། གཙུག་ལག་ཁང་ནས་༸རྒྱལ་བ་མཆོག་གི་འཁྲུངས་སྐར་མཛད་སྒོའི་དབུ་བཙུགས་པ་དང་བཀའ་ཁྲི་དང་གྲོས་ཚོགས་ཚོགས་གཙོས་གསུང་བཤད་གནང་གྲུབ་རྗེས། མགོན་པོ་གང་གིས་གསུང་བཤད་སྙིང་བསྡུས་ཤིག་གནང་བྱུང་། དེ་ཚར་མ་ཐག་རྒྱུགས་ཐེངས་གཅིག་གིས་ཕྱིར་ཧུབ་སེར་འཚོང་སར་ཡོང་ནས་ཧུབ་སེར་དཀར་རྒན་དོ་ཟོས་པ་ཡིན། ཕ་ཡུལ་གྱི་ཧུབ་སེར་ནང་བཞིན་ཞིམ་པོ་རང་བྱུང་མ་སོང་ཡང་། ཉིན་འདི་ཚོར་འུ་ཚོས་ཕ་ཡུལ་གྱི་ཟ་རྒྱུ་འཐུང་རྒྱུ་རྐྱང་གླེང་བསྡད་ཙིག་གིས་ཟ་འདོད་ཆེ་གི དེ་ནས་ཞིམ་ཙམ་བྱུང་། མདང་དགུང་ནས་ཆར་བ་ཤག་ཤག་གིས་མཚམས་ཆད་མ་སོང་ལ་ད་ལྟ་ད་དུང་འབབ་བཞིན་འདུག
ད་བརྗོད་བྱ་བརྗེ་བོ་རྒྱག་རོགས། མིག་ལམ་ཚང་མ་བཟའ་རྒྱུ་འཐུང་རྒྱུ་རྐྱང་རྐྱང་གིས་ཁེངས་སོང་། ང་བརྒྱད་ལོ་དང་རིག་གནས་གསར་རྗེའི་སྐབས་ཀྱི་ལྟོགས་སྐོམ་མྱངས་མ་མྱོང་མོད། ལོ་མ་ལོན་གོང་ལ་ལོ་ལོན་གི་ཚུགས་ཀ་བཏོད་ན་མི་ཧྲ་གི་པ།
ཅི་རེད། ལོ་ལོན་གྱིས་མ་གཏོགས་ཟ་མ་ཟ་མི་དགོས་ནི་མིན་ནམ། ཡ་རབས་ཀྱི་མི་ཚོའི་བཟའ་བཏུང་ཚང་མ་ལོ་གཞོན་ཚོས་གཡོ་སྐོལ་བྱེད་དགོས་པས་ན། དེ་གླེང་དགོས་ངེས་ཅན་ཞིག་མ་ཡིན་ནམ། ཡ་དེས་ཅི་བྱེད། ཁྱོས་ངའི་གསལ་བསྒྲགས་འདི་ལ་ས་མིག་ཅིག་སྤྲད་ཏེ་ཁ་བརྡའི་སྟེང་འགོད་རོགས།
ཀ་ཁ་སུམ་བཅུའི་ཡི་གེ་འདི་ཉིད་འདས་པའི་ལོ་ངོ་ཆིག་སྟོང་སུམ་བརྒྱའི་རིང་དེར་ལྷ་ཁང་ངམ་དགོན་པའི་ཡི་གེ་ཆགས་པ་རེད། དེ་ནས་ང་བརྒྱད་ལོར་རྒྱ་དམར་གུང་ཁྲན་གི་བཀའ་དྲིན་ནས་བོད་བཙན་བྱོལ་གཞུང་གསར་བ་ཞིག་ཆགས་པ་དེ་ནས་བཟུང་། ཀ་ཁ་སུམ་བཅུའི་ཁྱབ་དབང་ཇེ་ཆེར་གྱུར་ཏེ་ལས་ཁུངས་སམ་ཡིག་ཚང་གི་ཡི་གེའི་ངོ་བོར་གོ་རིམ་འཕར་ཐུབ་པ་བྱུང་བ་རེད།
ཡིན་ན་ཡང་། ད་ལྟ་ད་དུང་ཀ་ཁ་སུམ་བཅུའི་ལས་ཀ་གཙོ་བོ་དེ། ལྷ་དང་བླ་མ། རྒྱལ་པོ་དང་དཔོན་པོ། དགེ་རྒན་དང་སློབ་མ་སོགས་སྐོར་ཅིག་གི་ལས་ཀ་དང་བྱུང་རབས་ཁོ་ན་ཤོད་སའི་ཡི་གེ་ཆགས་ཡོད་སྟབས། ང་ཚོས་ཀ་ཁ་སུམ་བཅུ་ལ་ལས་ཀ་སྔར་ལས་མང་ཙམ་སྤྲོད་དགོས།
ཇི་ལྟར་ཞེ་ན། དེ་སྔོན་བཞིན་ལྷ་ཁང་དང་ཡིག་ཚང་ཁོ་ནས་མི་སྡོད་པར་མི་སྒེར་གི་ཁྱིམ་ཚང་ལ་ཕེབས་དགོས་པར་འདུག དེ་ཡང་ཐབ་ཚང་ནང་དང་གསང་སྤྱོད་ནང་དུ་ཕེབ་དགོས་པར་འདུག དེ་ནས་སྒོ་མཐའ་ཕྱི་ནང་དང་། གཞུང་ལམ་གྱི་གད་སྙིགས་ནང་ལའང་ཕེབས་ཐུབ་པ་བྱུང་ན་ད་གཟོད་ཀ་ཁ་སུམ་བཅུའི་ལས་དོན་ཡོངས་རྫོགས་འགྲུབ་པ་རེད་ལ། བོད་མི་རིགས་ཀྱི་བསམ་དོན་ཡང་འགྲུབ་ཐུབ་གི་རེད།
བོད་མི་ཚང་མ་ཆབ་སྲིད་པ་དང་། བོད་མི་ཚང་མ་སྙན་ངག་པ། བོད་མི་ཚང་མ་བླ་མ་དཔོན་པོ། དེ་དང་དེའི་ཁ་འཁོར་ནས་བསྡད་ཡུན་མང་དྲག་པའི་སྟབས་ཀྱིས་་་་་་བོད་མི་རིགས་འདི་་་་་་ད་མི་བཤད་་་་ད་མི་བཤད།
ད་ཡིན་ན་ཁྱེད་ཚོས་ཕ་ཡུལ་དྲན་གྱི་ཡོད་པ་ཐག་ཆད་འདུག་ཁ་ལ་ཟེར་རྒྱུ་བག་ལེབ་དང་གོར་རེ་བཤད་དེ་དོན་ལ་སེམས་གཏིང་ནས་རང་ཡུལ་གྱི་ཟ་མ་སོགས་ཟ་འདོད་པའི་རྟགས་མཚོན་འདུག།གོར་རེ་ཟེར་བ་དེ་ཨ་མདོ་སྐད་གཅིག་པོ་མ་རེད།གོར་རེ་ཞེས་པ་ནི་་བོད་ཡོངས་ཀྱི་ཡིག་སྐད་དང་ད་ལྟའི་ཆར་བོད་ཡོངས་ཀྱི་འབྲོག་སྐད་ཡིན།།
འོ་རེད་རེད། མདོ་ལྷ་ཁམས་པ་བདེན། བོད་ཀྱི་ཡི་གེ་ལ་འཕྲིན་ལས་སམ། ལས་ཀ་མང་རུ་གཏོང་དགོས། ང་ཚོས་ན་ཡན་ཆད་ཀྱི་སྟེང་དུ་མི་འགོམ་པའི་བསམ་བློ་དེས་ཀ་ཁ་སུམ་ཅུ་ཚེ་ཕྱི་མར་འདེད་ས་རེད། ང་ཚོས་གང་ཐུབ་ཐུབ་བརྗོད་བྱ་རྒྱ་ཆེ་རུ་གཏོང་དགོས། འབངས་མའི་དགོས་མཁོ་ཕྱོགས་སུ། དེ་ཡང་ཟ་མའི་སྟེང་ན་ཡོད་དགོས་པར་མ་ཟད། ཡོད་ཚད་ཀྱི་སྟེང་ན་ཡོད་དགོས། བོད་མི་རེ་རེའི་ཁ་ན་ཡོད་དགོས། རྐུབ་ན་ཡང་ཡོད་དགོས། སྙ་མའི་ནང་ན་ཡང་ཡོད་དགོས། མཇེ་མགོ་ན་ཡང་ཡོད་དགོས། ལས་ཀ་ལས་ས་ན་ཡོད་དགོས། ངལ་གསོ་ས་ན་ཡོད་དགོས། གཉིད་ཉལ་ས་ན་ཡོད་གདོས། བྱིས་པའི་གཅིན་སྐྱག་གཏོང་ས་ན་ཡོད་དགོས། དེ་ལྟར་བྱས་ན་ཀ་ཁ་སུམ་ཅུའི་འཕྲིན་ལས་རྒྱས་པ་རེད། ཀ་ཁ་སུམ་ཅུའི་འཕྲིན་ལས་རྒྱས་པར་ཤོག བསྐལ་བའི་བར་དུ་རྒྱས་པར་ཤོག བོད་མི་ཡོངས་ལ་རྒྱས་པར་ཤོག འཛམ་གླིང་ཡོངས་ལ་རྒྱས་པར་ཤོག
ང་ཡང་ཆུང་ཆུང་སྐབས་སུ་དག་ཡིག་ཅིག་བློར་འཛིན་བྱས་མྱོང་། དེའི་སྐབས་སུ་འཁུར་བ་ནི་གོ་རེའི་དོན། འདི་འདྲ་ཞིག་རེད། དག་ཡིག་དེ་གང་ཡིན་ད་ལྟ་དྲན་གི་མི་འདུག ངས་ཕྱི་ལོག་ནས་གོ་རེ་དྲན། འབམ་རོ་ཀྲེ་༼མན་པོའོ༽ཟོས་ཀྱིན་ཟོས་གྱིན་ཕ་ཡུལ་གྱི་གོ་རེ་དྲན། སྒྲོ་ན་ཀྲི་ཟོས་ཀྱིན་ཟོས་ཀྱིན་ཕ་ཡུལ་གྱི་གོ་རེ་དྲན། ཕེ་ཚ་ཟོས་ཀྱིན་ཟོས་ཀྱིན་ཕ་ཡུལ་གྱི་གོ་རེ་དྲན། ངས་ཕ་ཡུལ་གྱི་གོ་རེ་ཟོས་ན་འདོད། ངས་ཕ་ཡུལ་གྱི་གོ་རེ་བཤད་ན་འདོད། ངས་ཕ་ཡུལ་གྱི་གོ་རེ་བྲིས་ན་འདོད། རང་ཉིད་སྐྱེ་བ་ནས་བཟུང་ལོ་བཅུ་བདུན་ལ་སླེབས་སླེབས་བར་དུ་ཕ་ཡུལ་གྱི་གོ་རེ་ཟོས་མྱོང་པས། ཕ་ཡུལ་གྱི་གོ་རེ་དེ། ཡུན་རིང་པོར་ཟོས་མ་མྱོང་ན་ཡང་། ཁ་ལ་ཟོས་པའི་གོ་རེའི་ཐོག་མ་དེ་ཡིན་པས། ཕ་ཡུལ་གྱི་གོ་རེའི་བཅུད་དེ་ངའི་རུས་པའི་བཅུད་ལ་ཐིམ་ཡོད།
གོ་རེ། དག་ཡིག དག་ཡིག གོ་རེ། དག་ཡིག་དང་གོ་རེ་གཉིས་ཀྱི་འབྲེལ་བ་ག་རེ་རེད།
ཁྱོད་ཆུང་འདིས་ཤིག་ལ་བློ་འཛིན་བྱས་མྱོང་བའི་དག་ཡིག་ཅིག་ཡིན་འདིས་ད་་བྱིས་པ་དག་ཡིག་ཡིན་ན། ་ཀ་བ་ཀ་ར་ཀ་ཏོ་ར། ཀ་ཅི་ཀ་མད་ཀ་རྐྱང་ཡིན། ཅན་པོ་ཡིན་རྒྱུ་རེད་ལ། ང་ཡང་ འཛིན་གྲྭ་གསུམ་པ་ཡིན་ན་ཅིག་གི་སྐབས་ལ་ཡིན་པ་ཡོད། རེད། ཉིན་ལྟར་རེ་བཞིན་སྔ་དགོང་གཉིས་ལ་དག་ཡིག་ཚིག་རྐང་བརྒྱད་རེ་བརྒྱད་རེ་བོད་ཡིག་དགེ་རྒན་ལ་ཆག་མེད་དུ་བློ་རྒྱུགས་སྤྲོད་དགོས་པ་རེད། རེད་ སྐབས་དེ་དུས་བོད་ཡིག་དགེ་རྒན་ཨ་ཁུ་དར་རྒྱས་རེད། ངས་བརྗེད་མེད་ཀི ཁོང་གིས་འཛིན་གྲྭའི་ནང་སློབ་ཕྲུག་འགའ་རེར་སྟོད་བསྔགས་ཚད་མེད་གཏོང་གི་རེད། དེས་སློབ་ཕྲུག་གཞན་མང་པོ་ཞིག་ལ་སེམས་ཤུགས་འཕར་ཏེ་དག་ཡིག་བློ་འཛིན་འགྲན་བསྡུར་བྱེད་གི་རེད། ཨཨཨ་ ་་མཚམས་དེ་དུས་ཤིག་ལ་བྱིས་པ་དག་ཡིག་་་་ཀ་བ་ཀ་ར་ཀ་ཏོ་ར་ཅན་པོ་དེ་་་འཛིན་གྲྭ་ཚུགས་མ་ཐག་ལ་གསལ་དག་མགྱོག་གསུམ་ངང་ཞོགས་ལྟར་རེ་བཞིན་ཚར་རེ་འདོན་བཅུག་གི་རེད།
རེད། དག་ཡིག་དེའི་མགོ་ནས་མཇུག་བར་དུ་རི་ལུང་ཐང་གསུམ་དང་། སྒོ་མཐའ་ཕྱི་ནང་། གཡས་གཡོན་རྒྱབ་མདུན། རིག་ས་མཐོང་ས། ཟ་རྒྱུ་འཐུང་རྒྱུ། རེག་རྒྱུ་མྱོང་རྒྱུ་ཡོད་ནའི་མིང་ཚིག་རྐྱང་རྐྱང་རེད།
བོད་གངས་ཅན་གྱི་དག་ཡིག་མཁན་པོ་བཀའ་དྲིན་ཅན་ཚོས་འཇིག་རྟེན་གྱི་དངོས་པོ་ཡོད་ཚད་ཀྱི་མིང་གི་ཐ་སྙད་རྣམས་་དག་ཆ་མ་ནོར་བར་ཕྱོགས་བསྒྲིགས་བྱེད་དགོས་དོན་ཡང་། གངས་ཅན་རིགས་བརྒྱའི་སྒོ་མོ་གསལ་བྱེད་སུམ་བཅུའི་རི་མོ་འདི་བཞིན་ཡིག་ཐོག་ནས་བེད་སྤྱོད་ཅིག་བྱུང་ན་བསམ་པ་རེད།
མང་པོ་ཞིག་གི་སེམས་ངོར་ག་དུས་ཡིན་ཡང་། རྒྱལ་ཁབ་ཆེན་པོའི་དོན་དག་དང་། འཇིག་རྟེན་ཕྱི་མའི་དོན་དག་རྐྱང་རྐྱང་མ་གཏོགས་ཡིག་ཐོག་ཏུ་མི་ཕབ་པ་དེས། ཡི་གེ་དང་མི་རིགས་་གཉིས་ཁ་བྲལ་ཏུ་གཏོང་གིན་པ་མ་ཚོར་བ་རེད།
ང་ཚོས་རང་ཉིད་་སོང་ས་བསྡད་ས་དང་། ཟ་ས་འཐུང་ས། ཉལ་ས་ལངས་ས་ཡན་ཆོད་དུ་བཀོད་འབྲི་སྤྱོད་ཐུབ་དགོས་གི་རེད། བཀོད་འབྲི་སྤྱོད་ས་ག་ཚད་མང་ན་་་བོད་ཡིག་གི་ཚེ་ཐག་དེ་བས་རིང་རྒྱུ་རེད།
ལྷན་རྒྱས་རྣམ་པ་ཚོ་༸སྐུའི་འཁྲུངས་སྐར་ལ་སྤྲོ་བ་ཡོང་བ་ཤོག
གོང་དུ་ཟ་མ་བཟོ་སྟངས་ཚང་མའི་ནང་དུ་འབྲས་ཀྱི་ཟ་མ་བཟོ་སྟངས་གཅིག་ཀྱང་སླེབས་མ་སོང་། དེ་ཡང་གླེང་དགོས་པ་ཞིག་རེད། ཨ་མདོ་ན་འབྲས་ཀྱི་ཐོན་ཁུངས་ཡོད་མེད་མི་ཤེས། མཚོ་སྔོན་ཕྱོགས་ན་འབྲས་ཀྱི་ཐོན་ཁུངས་མེད། འོན་ཀྱང་འབྲས་ཀྱི་ཟས་རིགས་ཡོད། དེ་ཡང་གནའ་སྔ་མོའི་ལུགས་སྲོལ་ལྟར་ན་འབྲས་སིལ་དང་། འབྲས་ཉོག་གཉིས་རེད། དེ་གཉིས་ཀྱི་བཟོ་སྟངས་ལ་ཉམས་མྱོང་དགོས་པ་རེད། ལྷག་པར་དུ་འབྲས་ཉོག་གི་བཟོ་སྟངས་ལ་ཉམས་མྱོང་ཕུན་སུམ་ཚོགས་པ་དགོས་པ་རེད། སྤྱིར་བཏང་གི་ཇ་མ་ཉམས་མྱོང་ཅན་ཞིག་གིས་དེ་བཟོ་ཐུབ་ཀྱི་མ་རེད། གྲྭ་སར་མཚོན་ན་འབྲས་སྤུངས་ཀྱི་རྒན་དམག་མི་ནི་འབྲས་ཀྱི་ཟ་མ་རོགས་སྣ་ཚོགས་བཟོ་བ་ལ་ཐོག་པ་མེད་མོད། འོན་ཀྱང་འབྲས་ཉོག་བཟོ་བ་ལ་ངེས་པར་དུ་དགའ་ལྡན་ནས་ཨ་མདོ་རྒན་ཧ་ཏི༼གླང་ཆེན༽ སྐད་གཏོང་དགོས་པ་རེད། རྒན་ཧ་ཏི་ནི་རང་ཉིད་ཀྱི་ལག་རྩལ་ངོམས་སར་སླེབས་ན་དགའ་སྣང་ཡོད་པར་མ་ཟད། རང་ཉིད་ཀྱི་ལག་རྩལ་ཡོང་རྫོགས་ངོམས་མཁན་ཞིག་རེད། ད་དུང་རྒན་དམག་མི་ནས་ཁོང་གིས་སྔོན་ཆད་དམག་མི་ཁྲི་ཕྲག་ལ་འབྲས་ཀྱི་ཟ་མ་བཟོས་རབས་ངོམས་རྒྱུ་ཡོད་ན་ཡང་། རྒན་ཧ་ཏི་ནས་དེ་ལས་སླ་བོ་ཞིག་རེད། འབྲས་སྐྱ་བཙོ་རྒྱུ་ཙམ་རེད། འབྲས་ཉོག་ནི་ཁྱོད་ཀྱིས་འཇོན་མི་ཡོང་ཟེར་ནས་ཐག་ཉེ་སར་བཏུད་བཅུག་གི་མ་རེད། རྒན་ཧ་ཏི་འདི་རབ་གསལ་ནས་ཤེས་ཀྱི་རེད། བོད་སྐད་ནང་ལ་རྒྱ་གར་སྐད་དཀྲུག་གི་དཀྲུག་གི་བཤད་མཁན་དེ་རེད།
འབྲས་སིལ་དང་། འབྲས་ཉོག་གཉིས་ཀ་དུས་ཆེན་ཁྱད་པར་ཅན་དེ་འདྲ་ལ་བཟོ་གི་རེད། འབྲས་སིལ་ནི་རྟེན་འབྲེལ་མཚོན་བྱེད་རེད། ནང་དུ་གྲོ་མ་དང་། མར། ཀ་ར་བཅས་དཀྲུགས་དགོས་ནི་རེད། འབྲས་ཉོག་ནི་ཨ་མདོ་ནས་ཡིན་ན་ཁྱིམ་པ་དེ་ཚོས་མི་ཤི་བ་དང་དེ་འདྲས་སྐབས་སུ་སྡེ་བ་ཚོ་བའི་ནང་དུ་བཟོ་གི་ཡོད་པ་རེད། འདི་ལ་འབྲས་ཉོག་གཡོས་ཟེར་གི་རེད། དགོན་པ་དེ་ཚོ་ཡིན་ན་ཆོས་ཐོགས་ཆེན་པོ་དེ་འདྲའི་སྐབས་གཡོ་གི་རེད། དེ་ལ་འབྲས་དང་། ཚྭ། མར། ཡང་ན་ཤ ཙོལ་རིལ། རྒུན་འབྲུམ་སྐམ་པོ་བཅས་ཀྱིས་གཡོ་གི་རེད། ང་ནི་འབྲས་ཉོག་ལ་དགའ། ཁྱོད་ཚོ་འབྲས་ཉོག་ལ་འེ་དགའ།
ཡང་མི་གཅིག་གི། ང་ཚོ་སྡེ་བས་འབྲས་ཐུག་ཟེར་ར། འབྲས་ཉོག་མི་ཟེར།
དགོང་མོ་ས་མ་རུབ་ཙམ་ནས་ཟངས་ཆེན་ཞིག་གི་ནང་བསྐོལ་ཏེ་ཞོགས་པའི་ནམ་མ་ལངས་ཙམ་དུ་ཟངས་ཆེན་ཁ་བཏུམས་ནས་འཇོག་དགོས་པ་རེད། དབུགས་དང་རླངས་པ་ཙམ་ཡང་ཕྱིར་གཏོང་གི་མ་རེད།
དེ་ལྟར་བྱེད་ན་འབྲས་ཐུག་གི་བྲོ་བ་གཞན་དང་མ་འདྲ་བའི་ཞིམ་པོ་ཡོད་རེད་ཟེར། རྒྱུ་ཆ་གཙོ་བོ་འབྲས་དང་། ཤ་དང་། མར་དང་། ཀ་ར་དང་། ཙུའུ་ལི་དང་། རྒུ་འབྲུམ་སོགས་རེད།
མིང་མི་འདྲ་བ་ཙམ་ལས་བསྐོལ་སྟངས་གཅིག་པ་རེད།
འོ་བདེན་པ་རེད་མདོ་ལྷ་ཁམས་པ། འབྲས་ཐུག་ཀྱང་ཟེར་གི་རེད། ཐུག་ཉོག་གཉིས་ཀྱི་གཞི་མཐུན་ཡིན་ས་རེད། འདིའི་ནང་ལ་ལ་དྭགས་པས་མངའ་རིའི་ཁམ་བུ་སྐམ་པོ་ཡང་འཕེན་གི་རེད། མངའ་རིས་ཁམ་བུ་བླུགས་ན་བྲོ་བ་མ་འདྲ་བ་ཞིམ་པོ་ཞིག་ཆགས་འགྲོ་གི་འདུག
ད་ང་ཚོས་ཟས་གཡོ་སྟངས་ནས་ཟ་འཐུང་བར་དུ་མང་པོ་བཤད་ཟིན་པ་རེད། འོན་ཀྱང་ང་ཚོས་ཐེངས་མ་བརྒྱ་སྟོང་ལ་འཏུང་མྱོང་བའི་རློན་ཐུག་ཡོང་ཐུག་དེ་ཚོ་དེ་གླེང་མི་འདུག་ག ཟླ་མེད་འདིས་ཀྱང་དེ་དྲན་གྱི་དྲན་ཡོད་ས་མ་རེད། ཡ་ད་ངས་ཁྱོད་གཉིས་ལ་ཐོག་མར་ཡོང་ཐུག་ཅིག་བསྐོལ། ཐོག་ཕྱེ་བརྫིས་རྗེས་ཡག་པོ་ཟིག་བསྣེས། དེ་ནས་ཕྱེ་ཆུ་ཀ་ཆུ་འདྲེས་འགྲོ་གི་རེད། ཕྱེ་དེ་རྡོག་རྡོག་བཟོས་ཏེ་ལན་པན་ཆེ་བ་ཞིག་གི་སྟེང་ནས་བརྡའ་རིས་ཀྱིས་བརྡལ་དགོས་ནི་རེད། འདོམ་པ་གང་གི་ཆེ་ཆུང་ཙམ་དང་ཡང་ན་སྲབ་མཐུག་ལ་ཤོག་བུ་ཙམ་ཡིན་དུས་འགྲིག་ནི་རེད། དེ་ནས་ཡོང་ཐུག་བསྐོལ་ན་ཡོང་ཡེ་༼ཨ་ལུ༽གྲུ་བཞི་མ་བཞི་བྱས་ནས་གཏུབས་ཏེ་ཟངས་ཀྱི་ནང་དུ་ཆུ་བླུགས་པའི་ནང་དུ་ཐོབས། ཚྭ་བྲོ་ཙམ་བརྒྱབས། ཡོང་ཡེ་ཚོས་གྲབ་ཡོད་དུས་ཐུག་པ་ནང་དུ་འདེབས་དགོས། ཨོ་རེད། ད་ཅི་བརྡལ་བའི་ཐུག་པའི་སྟེང་དུ་ཕྱེ་སྐྱ་སྲབ་ཙམ་སྟོར་དགོས། དེ་ནས་བརྡའ་རིས་སྟེང་དུ་དཀྲིས། ཙལ་གྲིས་སྣེ་གཅིག་ནས་སྣེ་གཞན་དེའི་བར་དུ་གཤེགས་དགོས། དེ་ནས་གཏུབས་ལ་ཟངས་ཀྱི་ནང་དུ་ཐོབས། མི་འབྱར་ཙམ་དཀྲིགས། གྲོ་ཕྱེ་རློན་པ་རྟ་རྒྱབ་ནས་ཚོས་ཟེར་བ་བཞིན་མང་པོ་འཇོག་དགོས་ནི་མ་རེད་ཚོས་བསྡད་ཡོད་པ་རེད། ད་དཀར་ཡོལ་ནང་དུ་བཅུས་ལ་ཨོ་ཚོས་མཉམ་གིས་འཐུང་ཡ། ཨོ་ཨོ། ད་ར་རྒྱག་རྒྱུ་བརྗེད་འདུག་ག ཨོ་ལེད་མོ། ཅང་མི་བྲོ་གི་མོ། ཨ་ད་ད་ར་ཁ་བརྒྱབ་ན་ཆོག་ནི་རེད། གཞོན་ནུ་ཁྱོས་དཀར་ཡོལ་གཞན་པ་ཞིག་གི་ནང་དུ་ད་ར་ཞིག་འཁྱེར་ཤོག་ད།
ཁྱོས་བཤད་ཀོ་ནོ་དེ། ཐུག་པ་ལག་གདལ་རེད་མོ། ལག་པས་གདལ་བས་ཐུག་པ་རེད་མོ། ལན་པན་སྟེང་ཤིང་གི་གདལ་རིལ་རིང་པོའི་སྐེ་ལ་དཀྲིས་ནས་གདལ་བའི་ཐུག་པ་དེ། ང་ཚོ་སྡེ་བས་དེའི་མིང་ལ་ཡུང་ཐུག་མི་ཟེར་ལག་གདལ་ཟེར། ཨ་མ་དང་ཨ་ཡེ་དེ་ཚོས་ལན་པན་ཐོག་སྤར་རྒྱ་གྱག་ནོ་གདལ་ནི་རེད་ཡ། སྐབས་རེར་ཐུག་པའི་ནང་དུ་ཡུང་རིལ་གཙབས་པ་དང་། མཚམས་རེར་ལ་ཕུག་གཙབས་གི་རེད། ཤ་དང་ཚིལ་ཉུང་ཉུང་རེ་རྒྱུན་དུ་ཡོད། ཡིན་ན་ཡང་། ད་ར་མི་ལྡུག་སྐྱུར་རོ་ལྡུག
ད་ར། ཡུང་ཐུག་ནང་དུ་ད་ར། ཧུབ་སེར་ནང་དུ་ད་ར། ཧུབ་རིང་ནང་དུ་ད་ར། ད་ར། ད་ར་དང་ད་ར།
ད་ར། ད་ར། ད་ར།
གཅན་བཟོད་སྡེ་བ་ན་ད་ར་འབེལ་བོ་ཡོད་ས་རེད། ཧ་ཧ་ཧ
ད་ར་ནི་དབྱར་དགུན་སྟོན་དཔྱིད་མེད་པར་ཐུག་པའི་ནང་དུ་ལྡུག་པ་དང་དར་རྩམ་ཡང་ཟ་གི་རེད། ཟོག་ལུག་མེད་པའི་ཁྱིམ་ཚང་ཚོར་ད་ར་དང་དཀར་ཆུ་ཧ་ཅང་དཀོན་པོ་རེད། དེ་བས་ད་ར་ཡང་གལ་ཆེན་པོ་ཞིག་ཡིན། ད་ངས་ད་ར་ཉེར་ཚགས་བྱེད་སྟངས་ཤིག་བཤད། རང་གི་ཁྱིམ་དུ་ཟོག་བཟོ་རྒྱུ་མེད་པའང་ཡང་ན་བཟོ་མ་མེད་དུས་སུ་ད་ར་ཉེར་ཚགས་བྱེད་ཀི་རེད། ད་ར་དེ་ཡུན་རིང་བཞག་ན་རྙིང་དྲི་ཅུང་ཀ་སེ་བ་ཡོད་པའི་ད་ར་དེ་ལེགས་པོར་རྩི། ད་ར་རྫ་མའི་ནང་དུ་བླུགས་ཏེ་ནང་དུ་ཤིང་གསོན་པའི་ཤིང་ལེབ་བམ་གང་ལྟར་གསོན་པའི་ཤིང་དུ་ག་ཞིག་དར་རྫའི་ནང་དུ་གཡུག་ནས་བཞག་ན་ད་ར་དེ་ཚད་ལྡན་ནམ་ཞིམ་པའི་ཁྱད་པར་ཡོད་པ་དང་རིལ་དྲི་མ་ཁ་བའི་ཁྱད་ཆོས་ལྡན། འོ་མ་དཀྲོགས་རྗེས་ཀྱི་ད་ར་སོ་མ་དེའི་ནང་དུ་རྩམ་པ་ཟོས་ན་བཤད་མི་ཤེས་པའི་ཞིམ་པོ་ཡིན་ཡ། ད་དུང་དབྱར་གཞུང་ཚ་བ་ཆེ་དུས་དར་ཆུ་འཐུང་གི་རེད། ད་རའི་དུ་ནང་ཆུ་གྲང་མོ་བླུགས་ཏེ་ནང་དུ་ཚྭ་ཙུང་བརྒྱབས་ནས་དཀྲུགས་དཀྲུགས་ཡག་པོ་བཏང་བ་དེས་སྐོམ་སོད་པ་མ་ཟད་ཚ་དུབ་ཡང་འཇོམས་ཀྱི་རེད། འདི་ཚོ་རོང་ཕྱོགས་ཀྱི་ད་རའི་བེད་སྤྱོད་དང་ཁྱད་ཆོས་རེད་ཡ། འབྲོག་ཕྱོགས་ཀྱི་ད་རའི་སྤྱོད་སྒོ་སོགས་འབྲོག་པ་ཞིག་གིས་ཤོད་དང་།
འོ་རེད་རེད། བརྡར་ཐུག་དེ་བཟོད་རྒྱམ་གྱིས་བཤད་པ་ལྟར་བརྡར་དགོས་ནི་རེད། འོན་ཀྱང་ང་ནི་བརྡར་ཐུག་དེར་མགོ་ན་གི ཁ་ལ་མ་ཞིམ་ནི་མ་རེད་ད། བན་དེ་ཡིན་དུས་ང་ཚོར་བརྡར་དགོས་ནི་རེད། མ་བརྡར་གོང་དུ་དུས་ཚོད་གཅིག་རེར་བསྣོས་དགོས་ནི་རེད། བསྣོས་གི་བསྣོས་གི་ཨ་ཁུ་ལ་སྟོན་དགོས་ནི་རེད། བསྣོས་ནོ་འགྲིག་མི་འགྲིག་ཨ་ཁུས་བལྟ་རྒྱུ་རེད། ཨ་ཁུས་མིག་ཤེལ་ཅིག་གྱོན་ནས་མིག་བཙུམ་ནས་བལྟ་གི་རེད། ད་དུང་འགྲིག་མི་འདུག་བསྣོས་བསྣོས་ཟེར་གི་རེད། ང་ནི་ཕྱི་ལ་རྩེས་གི་འགྱོ་རྒྱུ་ལ་བྲེལ་བ་ཡོད། ཨ་ཁུས་ནི་བསྣོས་བསྣོས་ཟེར་གི་རེད། བཟོད་རྒྱམ་གྱིས་བཤད་པ་ལྟར་སྟེང་དུ་ཕྱེ་སྐྱ་གཏོར་དགོས་པ་ཞིག་བརྫིས་ན་གྲོ་ཕྱེ་མཁྲེགས་པོ་མ་བརྫིས་པའི་རྟགས་རེད། ངའི་ཨ་ཁུ་ལ་དེ་འདྲ་ཞིག་བརྫིས་ན་མ་འགྲིག་ནི་རེད། གྲོ་ཕྱེ་ཐོག་མ་ནས་མཁྲེགས་པོ་བརྫིས་ནས་ཐེག་རྒྱ་གྱག་ནོ་བརྫིས་དགོས་ནི་རེད། གྲོ་ཕྱི་སྙི་མོ་བརྫིས་ན་དེ་ནས་མ་འགྲིག་ནི་རེད། ཁྱོད་ཚོ་ཨ་ཁུ་བཙན་པོ་ཟིག་གི་རྩ་ནས་བསྡད་མ་མྱོང་ཟིག་མོ།
སྡེ་འབྲོག་པ་ཚོས་འོ་མ་དེ་འོ་ཟོ་འམ། སྐྱ་བ་ནང་དུ་བླུགས་ནས་དཀྲུགས་ནི་རེད། དཀྲུགས་དཀྲུགས་པའི་རྗེས་ནས་དེའི་ནང་གི་མར་བླངས་རྗེས་ཤུལ་གྱི་དེ་ད་ར་རེད། ད་ར་དེ་ཟངས་ང་ནང་དུ་བླུགས་ནས་བསྐོལ་འཇོག་ནི་རེད། བསྐོལ་ཚར་བའི་རྗེས་ལ་ཆུ་ར་བཙགས་དགོས་ནི་རེད། ཆུ་ར་བཙགས་པའི་རྗེས་ཀྱི་ད་ར་དེ་ཆུ་ར་མ་བཙགས་པའི་ད་ར་ལྟོས་ན་ཅམ་ཅམ་འདྲ་བོ་ཞིག་ཡོད།
བསྟན་འཛིན་ཤེས་རབ་ལགས། སྔོ་གོར་ཟེར་བ་འདི་ལ་མངར་སྐྱུར་ཁ གསུམ་གྱི་བྲོ་བ་གང་ཡང་མེད། འདིའི་བྲོ་བ་ངས་བཤད་ཤེས་མ་སོང་། རྩམ་པའི་བྲོ་བ་ལ་གང་ཟེར་རམ། སྔོ་གོར་གྱི་བྲོ་བ་འདི་རྩམ་པའི་བྲོ་བ་ཡོད་པ་ལ་སྔོ་དྲི་ཡང་ཡོད་པ་ཞིག་ཡིན། འོན་ཀྱང་རྩམ་པའི་བྲོ་བ་དང་གཅིག་མཚུངས་མ་རེད། སྔ་ཕྱེའི་ཐུག་པ་སྐོལ་ན་རིལ་རིལ་ཆུང་ཆུང་མང་པོ་བསྒྲིལ་ཏེ་བསྐོལ་བ་རེད། འཐེན་ཐུག་སྐོལ་སྟངས་དང་གཅིག་པ་རེད། ནང་དུ་ཕྱུར་བ་རག་མོ་མང་ཙམ་བླུགས་ན་བྲོ་བ་དེ་བས་ཆེ།
དམུ་ཐག་བུ་རྒྱུད་ནས་ཤོད་པའི་སྔོ་གོར་ཟེར་བ་དེ། ལྷ་སའི་མཐེ་གཅུས་ཟེར་བ་དེ་ཡིན་ས་རེད་པ། ལྷ་སའི་མཐེ་གཅུས་བཟོས་མྱོང་མེད་དའི་འཐུང་མྱོང་ཡོད། ཤོད་སྟངས་ལ་བལྟས་ན་བྲོ་བ་དང་བཟོ་སྟངས་གཉིས་ཀ་སྔོ་གོར་དང་འདྲ་སེ་མི་འདུག་གམ།
འོ་མ་བཤུག་ན་མར་ཐོན། མར་བླངས་རྗེས་ད་ར་རེད། ད་ར་བསྐོལ་ན་ཕྱུ་ར་ཡོང་། ཕྱུར་ར་བླངས་རྗེས་ཕྱུར་ཁུ་རེད། མི་ཡིས་མིོ་འཐུང་ཕྱུགས་ལ་སྟེར།
འབྲས་ཐུག་གི་སྐོར་ནས་བཤད་། སྔོན་ཆད་ཨ་མྱོས་ཀྱི་ཁ་ནས་འདི་འདྲ་ཞིག་གོ་མྱོང་། དབུས་ནས་སྨོན་ལམ་ཆེན་མོའི་སྐབས་གདན་ས་སེ་འབྲས་དགའ་གསུམ་ཚོག་ན་གྲྭ་བ་ཁྲི་མང་པོ་འཛོམས་གི་རེད་། དེ་དུས་ཚོགས་ཆེན་གྱིས་འབྲས་ཐུག་སྐོལ་སྐབས་ཇ་མ་རྣམས་ལྕགས་ཐག་གིས་བཏག་ཡོད་རེད་། མེ་ཤིང་ཁྱེར་བས་ཁལ་མ་རྟ་ཟོག་དག་ཐབས་ཀྱི་ནང་ལ་དེད་ན་ཁལ་འབབ་གི་རེད་། ཟེར་། དེས་སྐོར་ལ་རྒྱུས་མངའ་ཡོད་པས་དབུས་འདྲ་ཡོད་ཏོག་ཙམ་གསུང་དང་།
ཐུག་པ་ཕོར་བ་གཅིག་དང་ཕོ་བ་བཅུ་བསྐོལ་སྟངས་གཅིག་ཡིན་པ་ནང་བཞིན་རེད། གོང་དུ་ང་ཚོ་སྡེ་བའི་འབྲས་ཐུག་བསྐོལ་སྟངས་རོབ་ཙམ་བཤད་ཡོད་བསམ་སོང་།
བོད་ནང་དུ་༧གོང་ས་མཆོག་གི་འཁྲུངས་སྐར་བསུ་བའི་གཞས་གཏོང་གི་འདུག
རང་གི་རྩ་བའི་བླ་མའི་ཆེད་དུ་བཟུང་བཏང་རུང་འགྱོད་པ་མེད་ཟེར་གི་འདུག
ད། ང་ཚོས་འདི་བ་ནས་ཨ་མདོའི་ཀོ་རེ་གཅིག་པོ་བཤད་བསྡད་ན། སྐྱིད་པོ་ཞིག་མ་རེད།
ང་ཚོ་ཇ་མ་རྐྱང་རྐྱང་རེད། གླུ་བ་གླུ་བས་ས་ནས་གླུ་བླངས་ནས་༧གོང་ས་མཆོག་གི་འཁྲུངས་སྐར་ལ་བརྩི་སྲུང་བྱེད་བཞིན་ཡོད་པ་རེད། ང་ཚོ་ཇ་མ་ཇ་མ་ས་ནས་ཟས་རིགས་འདྲ་མིན་བཟོས་ནས་ ༧གོང་ས་མཆོག་གི་འཁྲུངས་སྐར་བརྩི་སྲུང་བྱས་ན་འགྲིག་ཀ འོ་ད་ཇ་མ་དེ་ཚོ་ཟ་མ་བཟོ་རྒྱུ་མང་སོང་ན་ཡང་ཐང་།
མ་རེད་ཟེར་ཡག་མི་འདུག་ཀྱང་།
བོད་མི་ཡོད་ཚད་ཆབ་སྲིད་པ་དང་། བོད་མི་ཡོད་ཚད་ཆོས་པ། བོད་མི་ཡོད་ཚད་སྙན་ངག་པ་དང་། བོད་མི་ཡོད་ཚད་ལོ་རྒྱུས་སྨྲ་བ་རྐྱང་རྐྱང་་ཅིག་ཡོང་ཡས་ཁག་པོ་ཡིན། བོད་མི་མང་པོ་ཅིག་གི་སེམས་ལ་ཡིན་ན་ཡིན་ཤ་སྟག་དང་ མིན་ན་མིན་ཤ་སྟག ཅིག་གིས་ལོ་རྒྱུས་གླེང་ན་ཚང་མས་ལོ་རྒྱུས་གླེང་། ཅིག་གིས་སྙན་ངག་བྲིས་ན་ཚང་མས་སྙན་ངག་འབྲི། ཅིག་གིས་ཅིག་ལ་བསྟོད་པ་བཏང་ན་ཚང་མས་དེ་ལ་བསྟོད་པ་འཐེན། ཅིག་གིས་ཅིག་ལ་ངན་དམོད་བྱས་ན་ཚང་མས་དེ་ལ་ངན་དམོད་བྱེད།
ཁ་ཐོགས་ཚད་གིས་སྲིད་དོན་བཤད། ཁ་ཐོགས་ཚད་གིས་ནང་ཆོས་བཤད། ད་དུང་ཁ་ཐོགས་ཚད་གིས་གཞས་བཏང་་བསྡད་དགོས་པ་རེད་པས།
འཛམ་གླིང་གི་མི་རྣམས་ཀྱིས། རྐང་རྩེད་དགའ་བའི་རྐང་རྩེད་སྤོ་ལོ་དང་། ལག་རྩེད་དགའ་བའི་ལག་རྩེད་སྤོ་ལོ། ཚོང་ལ་དགའ་བའི་ཚོང་དང་། སྲིད་ལ་དགའ་བའི་སྲིད། དེ་ལྟར་རང་རང་གི་ཁམས་དང་མོས་པར་མཐུན་པའི་ལས་ལ་ཞུགས་འདུག་པ་དེ་འདྲ་རེད།
ང་ཚོ་ནང་བཞིན་ལུག་དཀྱིལ་ལ་འུར་རྡོ་འཕངས་པ་ནང་བཞིན་ཕྱོགས་གཅིག་ལ་མཆོང་རྒྱུགས་བྱེད་བཞིན་མི་འདུག་ལགས། ང་ཚོས་ཁོང་ཚོར་དཔེ་བལྟས་ནས་ལས་ཀྱི་རིགས་ཡོངས་རྫོགས་ལ་འཇུག་ཐུབ་པ་བྱེད་དགོས་གི་རེད།
མདོ་ལྷ་ཁམས་པ་ནས་ཇ་ཁང་ནང་གི་སྐད་ཆ་བཤད་ཐ། ང་ཇ་མ་དཔོན་པོ་དེ་བརྒྱ་ཆ་བརྒྱ་འཐད་པ་ཡིན། ང་ཙོ་ཇ་མ་ལ་ཇ་མའི་སྒྲིག་སྲོལ་ཡོད་ནི་རེད། ཟ་ཁང་ནང་གི་སྐྱོག་དང་དང་ཐོན་བུ། ཆས་སྐོ་སོགས་རྡུང་ནས་གླུ་དབྱངས་ལེན།
ཏིང་ཏིང་ཐག
ཏིང་ཏིང་ཐག
རྩབ་ཤིང་རིང་པོ་སྟེང་དུ་འཐབ་ཡུལ་སྒྲིག
ཁྱོད་ཀྱིས་ཚུར་རྒོལ་བྱེད་པར་ང་ཡིས་འགོག
ལྒང་ལི་ཆུང་ཆུང་དངུལ་མདོག་ལམ་ལམ་འཁྱུགས།
ཏིང་ཏིང་ཐག
ཏིང་ཏིང་ཐག
ཧ་ཡང་ཁ་གཅོད་སྟེང་དུ་རོལ་དབྱངས་རྡུང་།
ཇ་མ་ཇ་གཡོག་ཡོད་ཚད་ཚུར་ལ་ཤོག
དགའ་བའི་བྲོ་དཀར་འཁྲབ་ཞིང་གླུ་དབྱངས་ལེན།
དེ་རིང་འཁྲུངས་སྐར་དུས་ཆེན་དགའ་བས་བསུ།
ཁྱོད་ཀྱི་དད་པའི་གླུ་ཞིག་ཁ་ནས་ལོངས།
ང་ཡིས་དགའ་བའི་རོལ་དབྱངས་འདི་ནས་རྡུང་།
ཇ་མ་ཇ་གཡོག་ཚང་མ་ཞབས་བྲོ་འཁྲབ།
སྐྱབས་མགོན་སྐུ་ཚེ་བསྐལ་བརྒྱར་བརྟན་པར་ཤོག
ཏིང་ཏིང་ཐག
ཏིང་ཏིང་ཐག
ཇ་མ་དཔོན་པོས་གནང་བ་བྱིན་དང་ན།
དགེ་བསྐོས་ཁོང་ཁྲོ་ཟ་རུང་དེ་ག་རེད།
ཏིང་ཏིང་ཐག
ཏིང་ཏིང་ཐག
གཞོན་ནུ་ཟླ་མེད་འདི་མྱི་སྐྱིད་པོ། ང་དགོད་ནས་རྒྱུ་མ་སྐུག་བོ་ད།
གཞས་འདིར་གདངས་དགོད་བྲོ་བོ་ཞིག་བཟོས་ནས་བཏང་བ་ཡིན་ན་སྤྱི་ཚོགས་ཐོག་ཁྱབ་སྤེལ་ཆེན་པོར་འགྲོ་ས་རེད་བསམ།
ཡ་ད་མ་ཇེན་ཆེན་མོ་གཞོན་ནུ་ཟླ་མེད་ཀྱིས་གོ་སྒྲིག་འོག་རང་རེ་ཇ་གཡོག་འཁོར་དང་བཅས་པ་ལྷན་དུ་ཞབས་བྲོ་འཁྲབ་ཡ།
ཏིང་ཏིང་ཐག
ཏིང་ཏིང་ཐག
ཁྱོད་ཇ་དཔོན་ཆེན་མོས་གནང་བ་བྱིན།
ང་ཇ་གཡོག་ཚང་མ་འཛོམས་ལ་ཤོག
སེམས་དགའ་བའི་སྐྱིད་པའི་གླུ་ཞིག་ལེན།
ལུས་བདེ་བའི་རྐང་པའི་བྲོ་ཞིག་འཁྲབ།
ཏིང་ཏིང་ཐག
ཏིང་ཏིང་ཐག
ཟངས་ཐོན་ལྕོགས་རོལ་མོ་ལག་ཏུ་བཟུང་།
གདངས་སྙན་མོ་བར་སྣང་སྒྲ་ཡིས་འགེངས།
རྗེ་༧གོང་ས་མཆོག་ལ་གླུ་ཞིག་འབུལ།
ཁོང་སྐུ་ཚེ་བརྟན་པའི་བྲོ་ཞིག་འཁྲབ།
ཏིང་ཏིང་ཐག
ཏིང་ཏིང་ཐག
དྲིན་ཆེན་མོ་ཨ་མའི་ལག་བཟས་དེ།
ཟས་རོ་བཅུད་ལྡན་པ་གོ་རེ་ཡིན།
རྗེ་༧གོང་ས་མཆོག་ལ་མཆོད་པ་འབུལ།
ཁོང་སྐུ་ཚེ་ཡུན་རིང་བརྟན་གྱུར་ཅིག
ཏིང་ཏིང་ཐག
ཏིང་ཏིང་ཐག
རྩིས་འཁོར་འཁུར་ནས་ལྷ་རྒྱལ་རི་ནས་མར་གངས་སྐྱིད་དུ་འབབ་སྐབས་རྒྱབ་ཁུག་ནང་ནས་ཅིག་གྲགས་ཀིན་འདུག ལམ་སེང་རྒྱབ་ཁུག་ལས་རྩིས་འཁོར་བླངས་ཏེ་ཁ་ཕྱེ་དུས། ཟླ་མེད་དང་མདོ་ཁམས་པ་གཉིས་ཀྱིས་༸རྒྱལ་བའི་འཁྲུངས་སྐར་ལ་ཟངས་སྐྱོགས་རྡུང་བཞིན་གླུ་ལེན་གར་རྩེད་བྱེད་འདུག དེ་ནས་ངས་ཀྱང་མགྱོགས་མྱུར་གྱིས་རྒྱ་གར་ཁྱིམ་ཚང་ཞིག་ནས་ཟངས་སྐྱོགས་གཡར་ཏེ་གླུ་འདི་ལེན་བཞིན་བྲོ་ཞིག་འཁྲབ་ཡིན།
ཏིང་ཏིང་ཐེག
ཏིང་ཏིང་ཐེག
ཇ་དཔོན་ཆེན་མོས་ཀི་ཞིག་བཏབ།།
ཇ་ཕྲུག་མང་པོ་འདི་རུ་འཛོམས།།
སྐྱོགས་དང་ཟངས་ཀྱང་ཁྱེར་ནས་ཡོད།།
༸གོང་ས་མཆོག་ལ་ཞོགས་ཇ་གཡོ།།
སྐུ་ཁམས་དྭངས་པའི་ཇ་ཞིག་འབུལ།།
ཏིང་ཏིང་ཐེག
ཏིང་ཏིང་ཐེག
ཇ་དཔོན་མདུན་ན་ལྡེམས་སེ་ལྡེམས།
ཇ་ཕྲུག་གཞུག་ན་འཁྱུགས་སེ་འཁྱུགས།
སྐྱོགས་དང་ཟངས་ཀྱང་འཚུབས་སེ་འཚུབས།།
༸གོང་ས་མཆོག་ལ་གུང་ཚིགས་བཟོ།།
སྐུ་སྟོབས་རྒྱས་པའི་གུང་ཚིགས་འབུལ།།
ཏིང་ཏིང་ཐེག
ཏིང་ཏིང་ཐེག
རྗེའི་འཁྲུངས་སྐར་བསུ་བའི་གླུ་ཞིག་ལེན།
ཟས་བཅུད་སྣ་འཛོམས་པའི་བཟའ་བཏུང་བསྒྲིགས།།
ཁྱེད་སྐུ་ཚེ་བརྟན་པའི་གླུ་ཞིག་ལེན།།
བོད་གཞིས་བྱེས་འཛོམས་པའི་རྟེན་འབྲེལ་བསྒྲིགས།
མི་ལྷ་ངོ་འཕྲོད་པའི་སྨོན་ལམ་འདེབས།།
མཚམས་འདིར་སླེབས་སྐབས་རྒྱ་གར་མང་པོས་ང་བསྐོར་ནས་བསྡད་འདུག
ཧ་ཧ་ཧ།
ང་ད་ལྟ་ཁོམ་གྱི་མེད་རུང་ཁྱེད་ཚོས་གཞས་བཏང་བ་ཐོས་རྗེས་ལམ་སང་ཡོང་ནས་ཉན་པ་ཡིན། འོན་ཀྱང་གཞས་གཏོང་ཁོམ་མ་བྱུང་ཐལ། སང་ཉིན་ཞིག་ལ་བར་སྐབས་ཀྱི་དུས་ཚོད་ཅིག་བཙལ་ནས་གཞས་གཏོང་གི་ཡོང་གི་ཡིན། རྣམ་པ་ཚོ་མུ་མཐུད་དུ་ཡིན་དྰ་
མ་ཇེན་ཆེན་མོས་ཆོག་མཆན་ཐོབ་བྱུང་ན།
ཇ་གཡོག་འཁོར་བཅས་སླར་ཡང་རྩེད་ནི་རེད།
མ་དཔོན་ཟླ་མེད་བཀའ་ཁྲོལ་གནང་རོགས་ཞུ།
མ་གཡོག་བཟོད་རྒྱམ་རྩེད་འགོ་གཉིས་པ་ལོངས།
ས་ལ་ལ།
སི་ལི་ལི།
ང་རྩེད་གི་རྩེད་གི་སྟོད་ལ་ཡོང་།
སྟོད་རྒྱ་གར་རྡ་རམ་ས་ལར་ཡོང་།
རྗེ་༧སྐྱབས་མགོན་རྒྱལ་བ་བཞུགས་སར་ཡོང་།
རང་སྤུན་ཟླ་ཆ་བོ་འཁོར་ར་རྩེད།
ས་ལ་ལ།
སི་ལི་ལི།
ཁྱོད་རྩེད་གི་རྩེད་གི་ནུབ་ལ་ཤོག
ནུབ་ཡོ་རོབ་གླིང་གི་ལྟེ་བར་ཤོག
བོད་བཙན་བྱོལ་སྐྱོང་བའི་གནས་ལ་ཤོག
རང་སྤུན་ཟླ་ཆ་བོ་འཁོར་ར་རྩེད།
ས་ལ་ལ།
ས་ལི་ལི།
ང་རྩེད་གི་རྩེད་གི་བྱང་ལ་འགྲོ།
བྱང་ཨ་མི་རི་ཀའི་ཡུལ་ལ་འགྲོ།
རྗེ་༧་མགོན་པོར་རྟགས་མ་ཕུལ་སར་འགྲོ།
རང་སྤུན་ཟླ་ཆ་བོ་འཁོར་ར་རྩེད།
ས་ལ་ལ།
སི་ལི་ལི།
ཨ་རོད་མདོ་ཁམས་པ། འུ་གཉིས་ཀྱི་ཟླ་མེད་འདི་དེ་རིང་ཡོང་རྒྱུ་མེད་ནོ་གང་ཞིག་ལ་བུད་སོང་བ་རེད། ཁྱོད་ཀྱི་གླུ་ལེན་སྐབས་སྐད་ངག་འཛར་འཛར་བོ་དེ་གོ་བས་རྣ་བ་ན་སོང་བ་ཆེས་ཡིན་རེ། ཡང་མིན་ན་ཁྱོས་རྩེད་རིག་ལེན་བཞིན་གར་ར་སོང་བས་ཁོས་མ་ཤེས་པ་ག་ལ་ཡིན།
གཅན་བཟོད་རྒྱམ་ནས་བསྟན་པའི་དྲ་ཚིགས་ནང་འཛུལ་བ་ཡིན། ཡིག་གཟུགས་དང་རྒྱབ་ཤོག་ཅུང་ཞན་པ་མ་གཏོགས་དྲ་ཚིགས་བཀོད་སྒྲིག་ཡག་པོ་ཞེ་དྲག་འདུག རྗེས་སུ་ཡི་རིང་ཡོད།།
ཡེ་ཤེས་ལགས་ངེད་རང་དབང་དྲ་ཚིགས་སུ་འཛུལ་བར་བཀའ་དྲིན་ཆེ་ཞུ། རེ་བ་ལ་སྐུ་ཉིན་གྱིས་དེར་ཁྱིམ་གཞིས་ཞིག་བཟུང་སྟེ་དྲ་གྲོགས་ཚོར་རང་གིས་གང་ཐུབ་ཀྱིས་མགྲོན་སྣ་རེ་བྱེད་རོགས་ཞེས་ཀྱང་སྐུལ་ལོ།།
འ་འ་འ། ད་ཆོག་གི་འཁྲབ་གི་འཁྲབ་གི་ཞི་ཉིག་ཚོ་ན་གི་འདུག ཁྱོད་ཚོས་ཤོད་དང་། ཞི་ཉིག་གི་མྱིང་ང་ཡིག་སྐད་གི་ཆི་ཟེར་ནི་རེད། འཚང་ར་མ་རེད་ཀོ ཡང་ཁྱོད་ཚོས་འཚང་ར་ཟེར་ན་ཐང་། འཚང་ར་ད་སྡེ་སྔོན་ཆད་བླ་མ་དཔོན་པོ་ཚོ་འབྲོག་པའི་རི་ནང་ལ་ཕེབས་ན་སྡེར་ཁ་བསྒྲིགས་ནས། སྔ་མ་བླ་མའི་ཕྱོགས་ན་བསྐོར་ནས་བཞག་ཡོད་ནོ་དེ་རེད་ཀོ
ཨ་རོ་གཞོན་ནུ། ཅི་རེད། ཞབས་བྲོ་རྒྱགས་ཐེངས་གཅིག་གིས་ཉལ་ས་ལྷུང་སོང་ནི་མིན་ན།
ད་དགུང་ལོ་ཡར་ར་བརྒྱབས་བཏང་ཟིག་པ།
དཔྱི་མྱིག་ གམ་དཔྱི་མིག་མ་རེད་དམ།
༧མགོན་པོ་གང་གི་དབུ་སྐྲའི་ལོ་མར་མི་སྡུག་སེར་ཐིགས་ཉིན་བཞིན་ལྷུང་། །
ན་ཚོད་གཞོན་པའི་གོམ་ཁ་དེ་ཡང་ཉི་མ་རེ་ལ་དར་དུ་འགྲོ། །
དེ་ལྟར་ན་ཡང་འདི་ན་བློ་མཐུན་སྐྱ་སེར་འགའ་ཡིས་གླུ་དང་གར། །
གཅིག་ལས་གཅིག་ལྷག་ལུས་ཀྱི་སྟངས་སྟབས་གནམ་མཁའི་ལྷ་མོར་འགྲན་བཞིན་འདུག །
དེ་རིང་ཁོ་བོའི་སེམས་ཀྱི་དབུས་སུ་དགའ་སྦྲོའི་ཚོར་བ་ཡོད་མ་ཡིན། །
བདེ་མོའི་ངག་ལས་སྙན་པའི་གླུ་གཞས་བཙན་གྱིས་བཙིར་ཡང་སླེབས་པ་དཀའ། །
འདྲེ་རྒན་ཞིག་གིས་བསླུས་བ་ཡིན་ནམ་དཀོན་མཆོག་བཀའ་ཆད་ཕོགས་སམ་ཅི། །
མིན་ན་དེ་རིང་ཐམས་ཅད་འཛོམས་སར་སྐྱོ་བའི་ཉམས་ཤིག་བསྟན་དོན་ཅི། །
ཟས་བཤད་བྱེད་རྒྱུ་མང་དྲགས་ནས་ཀློག་ཐུབ་པ་མི་འདུག མཆན་བུ་མ་ཀློག་གོང་དག་དག་ལ་ཟས་རྒྱག་ཚད་བཟས་ཀྱང་རྔ་བ་བུད་དུས་གྲོད་ཁོག་ལྟོགས་ཀྱིན་འདུག ཡ་ད་སྔོ་གོར་ཅིག་འཚོལ་དུ་འགྲོ། ཟན་ཚོད་ཅིག་བྱུང་ན་དེ་བས་ལེགས། འཇོག་གཱ་ཞིག་ཀྱང་་་་་་་།
འོ་རེད། མགོན་ཕོ་ཕྱག་གཉིས་པ་བདེན། དཔྱི་མྱིག་རེད་ཀོ སྡེ་ཚང་གིས་ཧྲི་ཧྭོ་ནང་ལ་བརྒྱབ་དང་ཟིག རིགས་བཟང་གི་བུ་ཟེར་ནོ་རེད་ཀོ རང་ང་ཞགས་ཀ་བཏབ་དང་ནི་ཟིག་རིག་གི
རྨུ་ཐག་གི་འཇོག་གྰ་འདི་ལ་གོ་མྱོང་གོ་མྱོང་ཟིག་ད་རེད་ད། འདི་ཟེར་རྒྱུ་ཟིག་ཡིད་ལ་མི་ཤར་གི
ཟླ་མེད་ལེ་ལེ། ད་ང་ཉལ་གི་ཆུགས། ད་སོ་མས་རྐང་སྤོལ་འགྲན་བསྡུར་ལ་བལྟས་ཚར་ཙམ་ཡིན། རང་དབང་ནང་དུ་སོང་གནས་ཚུལ་ཞིག་བཀོད་ཁ་བྱས་ཡོད་ད། ཁྱོས་འདོད་པ་ཁེངས་མིན་མི་ཤེས་ཡ།
ཚེས་༡༢་ཀྱི་ཞོགས་པའི་དུས་ཚོད་༤།༢༣་རེད། ད་གཡག་སྐོར་བྱས་ནས་གཉིད་ལྡོག་གི་ཡིན་དོ།།
འོ་དཀོན་མཆོག་གསུམ། ངས་ཁྱོད་ཚོ་ལ་ཅིག་ཟ་མ་བཟོ་སྟངས་བཤད་བསྡད་ནས་ང་རང་གི་ཧ་ཡང་ནང་གི་ཟ་མ་ཡོང་རྫོགས་ཚིག་ནི་མི་ཚད། ཧ་ཡང་གི་ཞབས་བཞུ་སོང་ཟིག ཅུང་ཟད་མིན་ན་ཁང་པ་ཡང་། ད་ཧོན་ལོག་བསྡད་ཡོད་ཀ་ཟིག་རེད།
ཨ་ཧ་བོ་ན་ཧ་བོ། ཁྱོད་ཁྱི་རྐུན་ནག་པོ་བྱིན་དང་ཟིག་མོ། ཨ་རོད། ཧ་ཡང་ངར་བསྡད་ཡོད་དུས་ནང་དུ་ཆུ་ལྡུགས་ཉན་ནི་མ་རེད། ཐང་ང་ཞོགས་བ་ད་མོ་བྱས་འཁྱགས་ཀི་བཅུག་ར་མིན་ནི། ཧ་ཡང་ནང་ཚང་མ་སྐ་སེ་སྐོ་སེ་ཉན་འགྱོ་གི་གོ སྔོན་མ་ཟིག་ག་ངའི་ཧ་ཡང་ཡང་དིག་བྱས་དང་ནོ།།
ཨ་རོགས་གཞོན་ནུ་ཟླ་མེད། འཇོག་གཱ་ཟེར་བ་དེ་ཉོག་དང་བཟོ་སྟངས་འདྲ་བ་རེད། འོན་ཀྱང་རྒྱུ་ཆ་མི་འདྲ། འདི་རྒྱུ་ཆ་སྔོ་གོར་གྱི་རྒྱུ་ཆ་དང་གཅིག་མཚུངས་རེད། ཟ་འདོད་ཡོད་ན་ངས་འབུལ་ཆོག
AMDO BAKLAP and AMDOJA are epitome of everything about tibetan in general like food, culture, language and even grammar being intentionally AMDOANIZED.
But in reality it is nothing more then a rib tickling JOKE.
One day you guys will come up with a food call AMDO RICE AND DAL. To you guys it may be is normal to me it sucks and stings!
Oh that offends you? You know what all of us are offended by you till now.
Let me ask this, do you ever remember eating and drinking UTSANG BAKLAP or KHAMPA TEA respectively?
You know why because we simply eat TIBETAN BAKLAP & drink TIBETAN TEA.
ངས་དུས་བབ་ཚང་དང་ཁ་བརྡ་ཚང་། གཞན་དྲ་ཚིགས་གང་རུང་གིས་ང་ལ་ཁ་གསལ་ལན་ཞིག་རྒྱབ་མ་སོང་། ཁ་ལག་སྐོར་གྱི་ས་དམིགས་སམ་དྲ་དེབ་ཅིག་བཟོ་ཐུབ་ན་ཡག་པོ་འདུག ཟ་ཁང་གཉེར་མཁན་བོད་རིགས་སྤུན་ཟླ་དང་ཁ་ལག་སྣ་མང་བཟོ་མཁན་ཁག་ལ་ཕན་རེ་ཐོག་ཨེ་ཡོང་སྙམ། མ་གཞི་ནས་ང་ཚོ་བོད་མི་རིགས་ལ་ཁ་ལག་གི་སྐོར་གྱི་རིག་གཞུང་ཞན་པོར་སོང་ཙང་། ཁ་ལག་བཟོ་མཁན་མ་བྱན་རྣམས་ཀྱིས་རང་རང་གི་ལག་རྩལ་ངོམས་ནས་ཚད་ལྡན་གྱི་ཁ་ལག་རྣམས་དྲ་སྟེང་དུ་བཀོད་ཡོང་དུས། ལོ་ངོ་གཉིས་ཙམ་གྱི་རྗེས་སུ་ཁ་ལག་སྣ་ཁ་ཉིས་བརྒྱ་ལྷག་སྟོན་ཐུབ་པའི་རེ་བ་ཡོད། རྗེས་སུ་རིམ་པར་ཞུས་ཆོག
འོ་དེ་རིང་ད་ངས་གཏན་ནས་མ་དྲན་པའི་སྔོ་ལྡུམ་ཞིག་གི་མིང་དྲན་ཐ། དེའི་མིང་ལ་ཨ་ལ་བ་བཞག་ཟེར་ནི་རེད། ཞིང་ཁ་ནང་གི་སྔོ་ལྡུམ་རིགས་ཞིག་རེད། དེ་ནི་དེང་སང་གི་(salad)ལྟར་རྗེན་ཟས་བྱས་ན་འགྲིག་པར་མ་ཟད། ཆུ་ཚ་བོ་ནང་དུ་ཞེན་ཙམ་བྱས་ནས་སྔོ་ཉོག་བཟོས་ནས་ཟོས་ན་ཡང་འགྲིག དེ་མིན་གོང་དུ་ཡེ་ཤེས་ཀྱིས་བཤད་པའི་ཀེའུ་ཤམ་བུ་དེ་ཡང་དྲན་སོང་། ཀེའུ་ཤམ་བུ་དེ་གཙོ་བོ་སྟོན་ཀར་ལོག་མ་ནང་དུ་སྐྱེས་པའི་ལྒོག་རིགས་ཞིག་རེད། ཀེའུ་དང་མཚུངས་པ་གང་ཞིག་ལ། ཡང་ཀེའུ་ལྟར་ཚོམ་བུ་ཚོམ་བུ་བྱས་ནས་སྐྱེ་ཡོད་པ་མ་རེད། དེ་གཙོ་བོ་རྩམ་པའི་སྤོབ་ཡ་དང་། ཡང་ཐུག་པའི་ནང་དུ་རྒྱག་གི་རེད། ཐུག་པ་ནང་དུ་རྒྱགས་སྐབས་གཏུབ་རྗེས་ལྕགས་སྐྱོགས་ཞིག་གི་ནང་དུ་གཡིས་བསྐོལ་རྗེས། ཀེའུ་ཤམ་བུ་ཐུག་པའི་ནང་དུ་བརྒྱབ་པ་དང་། དེ་ནས་ལྕགས་སྐྱོགས་ནང་གི་སྣུམ་དེ་ཀེའུ་ཤམ་བུ་སྟེང་དུ་བླུག་ནས་ལྕགས་སྐྱོགས་ཚ་བོ་དེས་ཐུག་པ་གཅིག་དཀྲུགས་ནི་རེད། སྔོན་མ་མཚོ་སྔོན་པོ་ཕྱོགས་ཀྱི་འབྲོག་པ་ཞིག་གིས་དེ་མཐོང་རྗེས། ཕྱིར་སླེབས་ནས་རང་གི་ཆུང་མ་ལ། དེ་རིང་ད་ངས་ཐུག་པ་ཞིམ་པོ་ཞིག་བསྐོལ་སྟངས་ཤེས་སོང་ཟེར་ནས། ཐུག་པ་བསྐོལ་རྗེས་ལྕགས་སྐྱོགས་སྟོང་པ་ཞིག་མེའི་སྟེང་དུ་ཚ་བོ་ཆགས་བཅུགས་ནས་ཐུགས་པའི་ནང་དུ་དཀྲུགས་དཀྲུགས་བྱས་ནས་འཐུང་ཙ་ན། བྲོ་བ་དེ་མ་སླེབས་པ་རེད་ཟེར་བའི་གཏམ་རྒྱུད་ཞིག་ཀྱང་འདུག
ཡེ་ཤེས་ལགས། བོད་ཀྱི་བཟའ་བཏུང་གི་སྐོར་ལ་དྲ་ཚིགས་ཤིག་དགོས་ཀྱི་འདུག་ཅེས་ཁ་སྔོན་ཟིག་ལ་ཡང་དྲ་གྲོགས་ཤིག་གིས་གསུངས་སོང་། དེ་དུས་ཀྱང་ངས་ཞུས་མྱོང་ལ་ཁ་བྱང་ཡང་དྲ་ཐོག་ཏུ་བཞག་མྱོང་། བདག་གིས་རང་གི་ཟ་ཁང་གི་མིང་ཐོག་ནས་དྲ་ཚིགས་ཤིག་བཟོས་ཏེ་ལོ་གཅིག་ཙམ་འགོར་གྲབ་འདུག དེའི་ནང་དུ་ང་ཚོའི་ཟ་ཁང་དུ་བཟའ་བཏུང་ཅི་ཞིག་བཟོ་བཞིན་ཡོད་པའི་འདྲ་པར་འགའ་རེ་དང་བཅས་གནས་ཚུལ་སྙིང་བསྡུས་སུ་བཀོད་ཡོད། ངས་ཡང་བསྐྱར་ཞུ་འདོད་ལ། གལ་སྲིད་བདག་གིས་བཟོས་པའི་དྲ་ཚིགས་དེ་ང་ཚོའི་བོད་ཀྱི་བཟའ་བཏུང་བགྲོ་གླེང་སྐོར་བྱེད་ས་བྱས་ཀྱང་ཆོག་པས་བློ་མོས་ཡོད་ན་དེར་ཕེབས་རྒྱུ་དང་། གཞན་དྲ་ཚིགས་དེར་མི་འདང་བའི་ཆ་ཅི་མཆིས་ཡིག་ལམ་ནས་འབྲེལ་བ་གནང་ནའང་ཆོག་ལགས།
ཨ་རོགས་ཟླ་མེད། ཁ་སྔོན་ངས་ཁྱེད་ལ་ཁྱིམ་གཞིས་ཆུང་ཆུང་ཞིག་བསྐྲུན་ཟིན་མོད། ད་དུང་གད་དར་ཙམ་ཡང་བྱས་མི་འདུག་གཱ ཨ་ལ་བ་བཞག་དེ་ངས་ཁ་སྔོན་བཤད་ཟིན་པ་མིན་ནམ། ལྡུམ་བུ་སྣེའུ་ལོ་དང་མཉམ་དུ་བཤད་ཡོད་བསམ་མོད། གསལ་བོ་ཞིག་ངས་ཀྱང་དྲན་མ་སོང་། ད་མགྱོགས་པོར་རང་དབང་ནང་གི་རང་ཁྱིམ་དུ་ཕེབས་རོགས་ཞུ།
ཨ་རོག་བཟོད་རྒྱམ་་་་་བདེ་མོ་ཡིན་ནམ།
གནས་སྐབས་རིང་ཁྱེད་ཀྱི་དྲ་རྒྱར་ཡོང་ཁོམ་མི་འདུག་་་་དགོངས་འགལ་མེད་པར་ཞུ། ག་ལེར་ཁྱེད་ཚང་དུ་རང་དབང་གི་ཁྱིམ་གཞི་ཆུང་ཆུང་ཞིག་འཛིན་འདོད་ཡོད་ལགས། རྩེད་མོ་ལ་དགའ་མཁན་ང་དང་ང་འདྲ་བའི་རིགས་ལ་རང་དབར་གི་ཁྱིམ་གཞི་ཞིག་མེད་ན་དཀའ་མོ་ཟིག་རེད། འདི་ན་ང་ཚོའི་ཁྱིམ་བདག་གི་ཁྲིམས་དམ་པོའི་འོག་ན་བཙོག་བཤད་ཙམ་བཤད་སའི་འཁོར་ཁུག་ཅིག་མེད་ནོ་བྱ་བ་བཙོག་གི་་་་་ཨ་ཤུ་རེ་གོ
གནས་སྐབས་དེ་ཙམ་ཡིན་་་་་བདེ་མོ།
གཅན་བཟོད་རྒྱམ། ངས་ཁྱེད་ཀྱི་རང་དབང་གི་ཁྱིམ་གཞི་ལ་འཛུལ་རྒྱུའི་ཐབས་ཤེས་ཡོངས་སུ་རྫོགས་པ་བཏང་བ་ཡིན། ཁྱོན་ནས་འགྲོ་ཐུབ་ཀྱི་མི་འདུག ཁྱེད་ཀྱི་བཏང་བའི་གསང་གྲངས་རེག་སོང་། དེ་ན་གསང་གྲངས་བརྒྱད་འདུག བེད་སྤྱོད་བཏང་ནས།
ཉིན་མ་རེ་ལ་ཚར་རེ་ཚོད་བལྟ་བྱེད།།
ཉིན་རེ་དགོང་རེ་ཚོད་བལྟ་ཡང་ཡང་བྱས།།
དུས་བཟང་ཚེས་བཟང་ཉིན་ལ་ལན་གཉིས་རེད།།
འཁོར་སྐར་བརྡ་རྟགས་གཟའ་རོ་འཁོར་འཁོར་བྱེད།།
མ་གཞི་དེའི་ནང་ལ་ཨ་རིའི་ན་ཡོད་མཁན་ཚོ་འཛུལ་ཞུགས་བྱས་པ་འེ་ཡོད་ཀི དེ་སྔོན། ཁྱོད་ཀྱི་མ་ལག་དེས་ཕྱི་ཕྱོགས་སུ་སྒོ་འབྱེད་ཀི་མེད་ཀི་པ།
བལ་ཡུལ་མཆོད་རྟེན་རིན་པོ་ཆེའི་ཉེ་འཁོར་གྱི་དཔེ་ཚོང་ཁང་ཞིག་ཏུ་ ༼བོད་ཀྱི་ཁ་ཟས་༽་ཞེས་པའི་ཤོག་བུ་སྤུས་ལེགས་བརྙན་པར་བཟང་བའི་དེབ་ཆེན་ཞིག་འདུག་པས་ལྟ་འདུན་ཅན་ཚོས་དེབ་དེ་བསླུས་ཏེ་ཉེན་རེར་ཟས་ྶར་པ་རེ་ཚོད་ལྟ་བྱས་ཀྱང་ལོ་གཅིག་ཉུང་མཏར་འགོརས་རེད།
སྐུ་མཁྱེན་འདྲེ་སྐད་ཀྱིས་བོད་སྐད་མ་བཟའ་རོགས།
གྲོགས་རྩམ་དགའ་ལགས། དེང་དུས་ཁོམ་པ་མེད་པར་ཁག་མེད། འོན་ཀྱང་ཁོམ་དུས་ཤིག་རང་དབང་ནང་དུ་ཁྱིམ་གཞིས་ཞིག་ངེས་པར་འཛིན་པའི་རེ་བ་ཞུ།
ཟླ་མེད་ལགས། ཨ་རི་ནས་འདྲེ་རིག་ལྡན་ཟེར་བས་ཁོ་རང་གིས་དེབ་སྐྱེལ་དང་ནང་འཛུལ། ད་དུང་ཟིན་བྲིས་ཀྱང་སྤེལ་གནང་འདུག ཁ་འབྱེད་མི་ཐུབ་པའི་གནས་སྟངས་དེ་ཅིའི་ཕྱིར་བྱུང་བ་ཡིན་ནམ།
གཅན་བཟོད་རྒྱམ་ལགས་ཀྱི་རང་དབང་དྲ་རྒྱ་བཀོད་ཇུས་་དཔེ་མི་ཟད་པའི་ལེགས་་པོ་འདུག
འོན་ཀྱང་ནང་དུ་འཛུལ་བར་ལྕགས་མཁར་སྒོ་མེད་རེད། ད་ག་རེ་བྱེད་དགོས་རེད།
ཀློག་ཡག་ཁོ་ན་རེད་པས།
ལྕགས་མཁར་སྒོ་མེད་ནང་དུ།།
རང་དབང་དྲ་བ་གཉེར་ཡང་།།
ལྡེ་མིག་སྤར་མོ་གང་བོ།།
ནམ་རྒྱུན་སྐེད་ལ་བརྒྱབས།།
གཞོན་ནུ་ཟླ་མེད་ཁྱོད་གཉིས་ནང་འཛུལ་ལ་ད་ཧྲ་ས་མ་རེད་མོ། ཤུ་རེ་ཁོ། ང་ཡིན་རྒྱུ་ན། ནང་གྱེན་ལ་ཤུར་སེ་དང་འཇོག་གི་རེད་ཡ། ནང་དུ་འཛུལ་མི་ཤེས་ན་གོང་གི་ངའི་ཁ་བྱང་ཏོག་ཏུ་ཡི་གེ་ཐོངས་ཤོག་དང་ངས་བཟོས་ནས་སྐུར་ཡོང་ཡ། ཁྱོས་ར་ཁྱིམ་གིག་ཤིག་བཟུང་ན་རེད་ཡ།
རང་དབང་དྲ་བ་ལྕགས་མཁར་སྒོ་མེད་ནང་། །
འཛུལ་བློ་རེ་བའི་སྐོར་བ་ལན་གསུམ་བརྒྱབས། །
སྒེའུ་ཁུང་ཙམ་ཡང་མིག་གི་ཡུལ་དུ་བྲལ། །
མཁར་རྫོང་གཏོར་བའི་འགད་རྫས་ང་ལ་མེད། །
བཟོད་རྒྱམ་མཁན་པོ་ཐུགས་རྗེ་སྤྱན་གྱིས་གཟིགས། །
རང་དབང་དྲ་བའི་གླིང་ལ་རྒྱུ་འདོད་པའི། །
མདོ་ལྷ་བདག་ལ་འཛུལ་བའི་སྒོ་ཆུང་ཞིག །
མ་གསང་མ་སྦས་ལམ་སྟོན་མཛོད་ཅིག་གུ། །
བཟོད་རྒྱམ་ལེགས་། ངས་ཁྱོད་མི་རིགས་གི་ཡ། ང་གང་ནས་འཛུལ་དགོས་ནི་རེད་། དེབ་སྐྱེལ་བྱེད་ཐུབ་མ་སོང་།
རང་དབང་དྲ་རྒྱ་སྒོ་མེད་ལྕགས་མཁར་བཅུ་དྲུག་གི་ནང་ནས་བཟོད་རྒྱམ་ཡབ་ཡུམ་འཁོར་དང་བཅས་པ་སྐད་ཅིག་གིས་གནས་འདིར་སྤྱན་དྲང་།
ཛྰཿ བོད་ཀྱི་སྐད་ཡིག་སྲུང་སྐྱོབ་བྱེད་པ་ལ།།
རང་གིས་ཁས་བླངས་དམ་བཅས་ཞལ་བཞེས་བཞིན།།
རྒྱ་གར་རྡ་རམ་ས་ལའི་ནུབ་ཕྱོགས་ན།།
ལ་དྭགས་ལྕོག་ལམ་ས་ཡི་གནས་མཆོག་ཡོད།
རྩ་ཆུ་ཤིང་སོགས་མེད་པ་ཡི།།
ལུང་མང་བརྒལ་བའི་ཕ་རོལ་ན།།
བྱང་ལམ་དམར་པོ་ཀྱ་མ་ཀྱུ།།
བྱང་ཐང་དམར་པོ་སྐྱོ་བྱེད་པ།།
བྱང་རི་དམར་པོ་རྔམས་བྱེད་པ།།
གཅན་གཟན་མང་པོ་འདུར་རྒྱུགས་བྱེད།།
འདྲེ་བྱ་སྣ་ཚོགས་སྐད་སྒྲོག་ཅིང་།།
གནམ་ལྕགས་སེར་ཆེན་ཤ་ར་ར།།
དུང་གི་བུ་ཡུག་འཁྱིལ་ལི་ལི།།
གཞལ་ཡས་དེ་ཡི་ནང་ཤེད་ན།།
རྩོམ་རིག་ཀུན་གྱི་བདག་པོ་སྟེ།།
གཅན་ཚ་བཟོད་རྒྱམ་ཐོད་དམར་བཞུགས།།
འདིར་གཤེགས་རྟེན་ལ་བརྟན་པར་བཞུགས།།
རིག་གཞུང་གཅེས་འཛིན་བྱེད་དུ་གསོལ།།
སྐད་ཡིག་དགྲ་བགེགས་བསྒྲལ་དུ་གསོལ།།
ཡག་པོ་རེད།
ཧེ་སྐུ་ངོ་ཚོ། ཨ་མདོ་བག་ལེབ་ལ་ཐོམ་ནས་མ་ཞུགས།
རྡ་སའི་མོ་ཏ། taxi རིན་གོང་འཕར་ཚར་ཤག གོ་ཚོད་ལ་སྣུམ་གོང་འཕར་བས་ཡིན་ཟེར། ཡིན་ཡང་སྣུམ་གོང་ཆག་དུས་མོ་ཏའི་གོང་ཚད་མི་ཆག་པ་ཅི་ཡིན་ནམ། ཐུགས་བསམ་གཞེས་རོགས། ཕྱིན་འབྱུང་དཀའ་ངལ་འཕྲད་རྒྱུ་རང་རེད་ཤག།།།།།
ཨ་རོག་ དེ་དངོས་ནས་བདེན་ནི་རེད་
ཨ་རོག དེ་དངོས་གནས་བདེན་ནི་ཨེ་རེད།
taxi རིན་གོང་ཧིན་སྒོར་༡༠་ལས་འཕར་མི་འདུག་ཡ། དེ་ཙམ་གྱིས་དེང་སང་གི་རྒྱ་གར་ནང་གི་སྐྱབས་བཅོལ་བོད་མི་ཚོར་དཀའ་ངལ་འདྲ་ཅང་འཕྲད་ཨེ་ཡོང་ང་། དེང་སང་དྷ་སའི་སྐྱབས་བཅོལ་བོད་མི་དེ་ཚོ་དེ་འདྲ་རང་ད་མེད་ཀི་ཡ།
ང་ཚོའི་སྡེ་བ་ན་༼རྟ་སྒ་བཤད་དུས་བོང་སྒ་མ་ཤོད༽ཟེར་བའི་གཏམ་དཔེ་ཞིག་ཡོད།
ལ་ལ་ཞིག་གིས་གཏམ་དཔེ་དེ་འདྲ་ཞིག་གོ་མྱོང་མེད་པ་འདྲ།
ཧ་ཧ་ཧ། ང་ཚོའི་སྡེ་བ་ནས། སྐྱ་གྱ་བཤད་དུས་དོ་གྱ་བཤད་ཀི ཟེར་གི་རེད། འུ་གཉིས་ཀྱི་གཏམ་དཔེ་དེའི་དོན་གཅིག་པ་རེད།
སྐྱ་གྱ་དོ་གྱ་ཟེར་དུས་ཡང་ངས་ཅིག་དྲན་ཡོང་གི ང་བྱིས་པ་ཡིན་དུས་སྐྱ་གྱ་དང་ང་ཚོའི་སྡེ་བ་ཧ་ཅང་ཐག་ཉ་རེད། བྱིས་པ་ཚོས་ཕན་ཚུན་ལ་སྡིགས་རེས་བྱེད་སྐབས་འདི་འདྲ་ཟེར་གི་རེད། སྐྱ་གྱ་སྐྱ་བ་བཤུ་རྒྱ་ཚོ། དོ་གྱ་དོ་ལང་འཁོར་ནི་ཚོ། ཧ་ཧ་ཧ། ད་ཡང་བྱིས་བཤད་བརྒྱབས་དང་ཐལ། གཞན་ཚོར་མི་སྐྲག་གི་ར།་སྐྱ་གྱ་དོ་གྱའི་མི་འདྲ་ཡོད་ན་ང་ལ་གཅེར་ན་ཙོ་ཐང་ཡ། མདོ་ལྷ་ཁམས་པ་ཁྱོས་ཅང་ང་བཤད་མི་ཉན་གོ ཁ་ལ་བདག་བྱོས།
ང་དང་གྲོགས་པོ་ཚོ་གླ་ལ་ནང་ནས་ག་ལེར་ནང་གྱེན་དུ་སོང་སྐབས། གྲོགས་པོ་རྟ་མགྲིན་གྱིས་གློ་བུར་དུ་ཕྱི་ལོང་ཞིག་རིག་སོང་། ང་ཚོས་གང་མགྱོགས་ཀྱིས་བདའ་བདའ་མཏར་བཟུང་ཏུབ་པ་བྱུང་། གྱམ་པ་ནང་དུ་ཁྱེར་སོང་ནས་ཆུ་ནང་དུ་རྩེད་མོ་རྩེས་རྩེས་མཏར་རྡོ་གཡའ་མ་ལེབ་མོ་རེ་ལག་ཏུ་བཟུང་ནས་ཕྱི་ལུང་བཤས་པ་ཡིན། གྲོགས་པོ་མི་བཞི་ཡོད་པ་རང་རང་ལ་ཐེམས་པའི་ཤ་སྐལ་བགོས་རྗེས་མེ་བཏང་སྟེ་ཤ་བསྲེགས་པ་ཡིན། ཕྱི་ལོང་གི་ཤ་རྒྱག་ཚང་ཅིག་ཟོས་རྗེས་སྡེ་བའི་ཆུ་མགོ་ཁར་ཡོང་ནས་ཆུ་མགོ་ནང་དུ་ཆུ་བསྐྱེལ་བྱས་པ་ཡིན། ཨ་མྱེ་ཚེ་བཟུང་བླ་སང་གོ་དེས་རིག་སྟེ་ལྕང་ཀྱུག་ཅིག་ཁྱེར་ཡོང་ནས་རྒྱུ་ཁུག་ལ་མེ་ལྕགས་བཞུས་པ་འདྲ་རེ་མ་བཞུས་པར་དུ་ཆུ་མགོ་ནང་དུ་ཆུ་བསྐྱེལ་བྱས་ནས་བསྡད་པ་ཡིན། ཧ་ཧ་ཧ།
བྱིས་དུས་འདི་དྲན་དང་དུས་མ་བཤད་པར་སྡོད་མི་ཚིགས་ཀི
ཨ་ལ་ལ་ལ། ད་མཆན་བུ་སུམ་བརྒྱ་ཐམས་པ་ ༣༠༠ ཏག་ཏག་རེད་འདུག
དཀོན་མཆོག་གསུམ། གཅན་བཟོད་་་་་་་ཁྱོས་་་་་བྱི་ལོང་བསད་པའི་སྐོར་དེ་མ་བཤད་ན་ཧྲ་གི་པ།
ང་དང་གྲོགས་པོ་སྐོར་ཅིག་གིས་བྱི་ལོང་ས་ཁར་བུད་པ་མཐོང་ནས་་་་བདའ་བདའ་བའི་མཐའ་མར་བཟུང་ཐུབ་པ་བྱུང་ཏེ་་་ཐོག་ལ་ཆིས་ཡུག་༼ས་སྣུམ༽བླུགས་ཏེ་གསོན་སྲེག་བྱས་པ་དེ་དྲན་དང་ཐལ། དེ་དྲན་ན་ད་ལྟའང་ལུས་ལ་ཤ་བཟེད་ལངས་ནས་འདུག་མི་བཟོད་པ་ཡོང་གིས། ཇོ་བོ་རིན་པོ་་་་་་འདི་དྲན་བཅུག་ནོ་་་་་གཅན་བཟོད་ཁྱོད་ཡིན་པ།
འདི་ལྟར་བཤད་ཡོང་ན་་་། ཁྱོད་ཚོ་སྡེ་བའི་བྲ་ཚགས་ཨང་དང་པོ་ཁྱོད་དང་། ང་ཚོ་སྡེ་བའི་བྲ་ཚགས་ཨང་དང་པོ་ང་ཡིན་ས་རེད་པ།
གོ་རེ་ཡི་སྐོར་ནས་བཤད་ན་གཅན་ཚ་སྣང་རའི་གོར་མོ་ཆེ་འདྲ་བ་ཞིག་དཀོན་པོ་རེད།
འ་རོགས་ཚོ། ཁྱོད་ཚོས་སོག་ཟེར་བ་དེ་འེ་ཤེས། གྲོ་མ་བསྐོ་གི་སོང་ན་མཚམས་མཚམས་ལ་སོག་ཟེར་བ་དེར་ཕྲད་གི་རེད། གྲོ་མ་བསྐོ་མཁན་ནི་ང་ཚོ་མི་གཅིག་བུ་མ་ཡིན་པར་ཨ་བྲས་ཀྱང་བསྐོ་གི་ཡོད་པ་རེད། ཨ་བྲས་གྲོ་མ་བསྐོས་ནས་ཕྱོགས་གཅིག་ཏུ་སྤུངས་ཡོད་པ་རེད། གྲོ་མའི་མགོ་སྔ་ཚང་མ་གཏུབ་ནས་སྤུས་དག་བཟོས་ཡོད། གྲོ་མ་དེར་དཀར་པོ་ཞིག་དང་དམར་པོ་ཞིག་ཡོད་པ་རེད། དཀར་པོའི་མིང་ལ་སྐྱ་ཀ་གྱོ་མ་ཟེར། དམར་པོའི་མིང་ལ་གྱོ་མ་ཟེར། སོག་ལ་ཕྲད་ན་གྱོ་མ་མང་པོ་ཕྱོགས་གཅིག་ཏུ་སྤུངས་ཡོད་པ་དེ་དང་ཕྲད་པ་རེད། དེ་ཁྱེར་ཡོང་ནས་མིས་ཨ་བྲ་ལ་རྐུ་མ་བརྒྱབ་པ་འེ་རེད།
ང་ཆུང་དུས་ངེད་ཚང་གི་ཨ་ཡེ་ལོ་ལོན་དང་ངེད་གཉིས་གྱོ་མ་སྐོ་བར་ཕྱིན་མྱོང་། སོག་ཟེར་ན་མི་སེས་ར། ཨ་བྲས་བསགས་བཞག་ཡོད་པའི་གྱོ་མའི་ཁུང་བུ་ཞིག་རྙེད་མྱོང་། སོག་ཟེར་བ་དེ་ཡིན་རྒྱུ་རེད་པ། ཉིན་དེར་གྱོ་མ་སྐོ་མ་དགོས་པར་ད་ཁུག་གང་ཏག་ཏག་རེག་སོང་བས་སེམས་སྐྱིད་ཅིང་དགའ་བཞིན་ཕྱིར་ཡུལ་དུ་ཡོང་བ་ཡིན། འོན་ཀྱང་ད་བར་དུ་དེ་ནི་ལས་ངན་པ་ཞིག་གམ་ཨ་བྲ་ལ་བརྐུས་སོང་མྱོང་བའི་ཚོར་བ་ཙམ་ཡང་མ་བྱིན་ཐལ།
ཨ་རོད་ཟླ་མེད། རང་དབང་ནང་གི་ཁང་སྟོང་དེའི་སྒོའི་འཁོར་མྱིག་ལ་བཙའ་བརྒྱབས་ཀོ གཞུག་ནས་སྒོ་བྱུང་གི་ཕྱེ་མི་ཐུབ་ན་ཙོ་ཐང་ཡ།
བཟོད་རྒྱམ། ངས་རང་དབང་ནང་ལ་སྦྱང་བཞིན་པའི་སྒང་ཡིན། ཁ་སང་ཟིག་ཀ་གཅིག་བཏང་བ་ཡིན། དེ་སླེབས་བསྡད་འདུག མཆན་གཉིས་རྒྱབ་འདུག ངས་མཆན་དེ་ཚོ་ལ་ལན་ཞིག་རྒྱག་དགོས་བསམ་ནས་ཚོད་བལྟ་བྱས་བྱས་པའི་མཐའ་མ། མ་རྩོམ་ཡང་གར་སོང་ཆ་མེད་དུ་བུད་སོང་ཟིག མདང་ཡང་རྩོམ་ཡིག་ཞིག་བཏང་བ་ཡིན་མོད། གར་སོང་ལ་མི་ཤེས་ཀི ད་ངས་སྦྱང་གི་ཡིན། རང་དབང་དེ་ཞེ་དག་གིས་ཅིག་སྦྱང་ན་མ་གཏོགས་ལས་སླ་བོར་མི་ཤེས་ཀི
ཁྱོའི་སྐྱག་ལག་དེས་ཟིན་བྲིས་གསུབ་སྤྱད་དེ་ནན་དང་ནི་ཡིན་པ། དེ་མིན་ན་རང་ང་རང་ང་ཡལ་འགྲོ་བ་ཞིག་ད་མིན་པ།
ཨ་རོ་་་་གཅན་བཟོད། ཁྱོད་ད་སྒྲུང་བཤད་ན་ཧྲ་གི་ཡ།
ཨ་མ་དྲེད་མོང་དང་འབའ་འབའ་ལུ་གུ་གཉིས་ཀྱི་སྒྲུང་དེ་བཤད་ཨེ་ཤེས།
ང་རང་སྒྲུང་དེར་ཉན་འདོད་ཧ་ཅང་ཆེན་པོ་འདུག བཤད་ཤེས་ན་ཅིག་ཤོད་དང་།
ཨ་མ་དྲེད་མོང་དང་འབའ་འབའ་ལུ་གུའི་སྒྲུང་ལས་ཨ་མ་དྲེད་མོང་དང་དྲེད་ཕྲུག་རྒྱ་ལི་ཡི་སྒྲང་དེ་ད་ཨང་ཨང་ཨང་། བཤད་ཤེས་མཁན་ཞིག་གིས་བཤད་དང་དུས། རང་ང་སྣབས་ཙོ་ལུག་འགྲོ་ཡ། གཅིག་ཡག་ནོ་ད་ཉན་སྐྱད་ཙིག་མེད། ངས་དེ་གཉིས་ཀ་བཤད་ད་ཤེས་ཡ་ར། དེ་རིང་ད་ང་ཤར་ཕྱོགས་ཚང་གི་བུ་ལ་ཡང་ཁོམས་པ་ཅིག་ཅིག་ཡོད་ཀི་མེད་ཀི་ཡོད། སང་གནངས་ཟིག་ག་ད་བཤད་ཨེ་གོ
ལས་ཀ་མེད་མཁན་དེ་ཚོས་ཉི་མ་མི་བ་ཡིན་འགྲོ
འཛམ་གླིང་ཐོག་མི་རྣམས་ཀྱིས་རང་ཉིད་སྐྱེ་བ་ནས་བཟུང་མ་ཤི་བར་དུ་ལས་ཀ་རིགས་འདྲ་མིན་ལས་གི་ཡོད། ་ནང་གསེས་དབྱེ་ན་གཙོ་བོ་ལས་ཀ་རིགས་གསུམ་ཡོད། ལུས་ཀྱི་ལས་ཀ། ངག་གི་ལས་ཀ སེམས་ཀྱི་ལས་ཀ་དང་གསུམ་རེད། ལུས་ཀྱི་ལས་ཀ་དེར་དེང་སང་ནུབ་ཕྱོགས་ན་ཕལ་ཆེར་ཞིག་གིས་ཤུགས་ལས་ཟེར་ཀྱིན་འདུག
ཤུགས་ལས་མེད་ན་ཡང་ལས་ཀ་གཞན་དག་ཡོད་པ་རེད། བཀྲ་ཤིས་ཟེར་བ་ཕལ་ཆེར་ཤུགས་ལས་བྱེད་མཁན་ཞིག་ཡིན་པ་འདྲ། སོང་ཙང་ཁོས་སྐད་ཆ་འདི་ཁ་ནས་ཐོན་པ་རེད།
ཨ་རོ་ཨ་ཁུ་བཟོད་རྒྱམ་། དེ་མ་བྱེད་ངུ་ཚོ་ར་སྒོ་ཞིག་ཕྱེ་དང་། རང་དབང་ཚང་ལ་ཡོང་ནས་ལ་གཞེས་ཐེན་ན་འདོད་ཀི་། དེ་མ་བྱེད་། སྒོ་ཕྱེ་ངའི་རོགས་ན་ཡང་ཆང་བཟི་ཁ་ཤེས་ཡོད་། སྒོ་ནས་ལང་ནས་བསྡད་ན་གྲང་ནས་མི་བསྡོད་ཀི་