ཕྱི་ལོ་ ༢༠༡༢ ཟླ་ ༣ ཚེས་ ༡༦ ཉིན་བོད་ནང་གི་དགོང་མོའི་དུས་ཚོད་ ༥ ཙམ་ལ་མདོ་སྨད་རྔ་པ་ཀིརྟི་དགོན་པའི་རྒྱུད་པ་གྲྭ་ཚང་གི་གྲྭ་བློ་བཟང་ཚུལ་ཁྲིམས། རང་ལོ་ ༢༠ ། ཕ་མིང་ལ་ཡེ་ཤེས། མ་མིང་ལ་ཚེ་སྒྲོན་ཡིན་པ་ཁོང་གིས་རྔ་པ་རྫོང་མཁར་གྱི་སྟོད་ཕྱོགས་ཀྱི་གཞུང་ལམ་ནས་ངོ་རྒོལ་སྐད་འབོད་བྱེད་བཞིན་རང་ལུས་མེར་སྲེག་བཏང་འདུག་པ་དང་། ཁོང་གིས་རང་ལུས་མེར་སྲེག་གཏོང་ས་ནས་ཡར་གོམ་བགྲོད་བྱེད་བཞིན་པའི་སྐབས་དེར་ཁོང་གི་མདུན་ཕྱོགས་ནས་དྲག་ཆས་ཉེན་རྟོག་པ་སོགས་རྒྱུགས་ཡོང་སྐབས་ཁོང་མར་འཁོར་ནས་སྐད་འབོད་བྱེད་བཞིན་རྒྱུགས་ཡོད་འདུག་ཀྱང་། སྐབས་དེར་དེའི་ཕྱོགས་ཀྱི་ཉེན་རྟོག་པ་ཞིག་གིས་གཞུས་ནས་ཐང་ལ་འགྱེལ་བཅུག་ཡོད་པ་དང་། དེ་རྗེས་ཁོང་གི་སྐུ་ལུས་ལ་འབར་བཞིན་པའི་མེ་བསད་དེ་བཙན་ཁྲིད་བྱས་ཡོད་ཅིང་། རླངས་འཁོར་གྱི་སྒམ་ཤིང་ནང་དུ་གཡུག་ནས་དྲག་ཆས་ཉེན་རྟོག་པ་སོགས་ཀྱིས་མནན་ནས་འགྲོ་སྐབས་ཀྱང་ལག་པ་གནམ་ལ་བཀྱགས་ནས་སྐད་འབོད་བྱེད་ཀྱིན་ཡོད་པ་དངོས་སུ་མཐོང་འདུག་པས་སྐབས་དེར་ཁོང་གྲོངས་མེད་པ་གསལ་པོ་ཤེས་རྟོགས་བྱུང་།
འོན་ཀྱང་ཁོང་གིས་འབོད་ཚིག་ཅི་ཞིག་སྒྲོག་ཡོད་མེད་ཤེས་རྟོགས་མ་བྱུང་། ཁོང་ནི་རྔ་པ་རྫོང་ཆོས་རྗེ་མ་ཞང་སོ་རུ་མ་སྡེ་བའི་ཡེ་ཤེས་ཚང་ཡིན་ཞིང་། མིང་སྲིང་བཞི་ཡོད་པའི་ནང་གི་ཆེ་ཤོས་ཡིན་འདུག ཁོང་ལོ་ན་བརྒྱད་ཙམ་ནས་རྔ་པ་ཀིརྟི་དགོན་པར་ཆོས་ཞུགས་བྱས་ནས་སྐབས་དེར་ཀིརྟིའི་དགོན་ནང་བསྟན་གཞོན་ནུའི་རིགས་སློབ་ཁང་ཞེས་པའི་ཀིརྟི་དགོན་པའི་སློབ་གྲྭའི་ནང་འཛུལ་ཞུགས་བྱས་ཤིང་རྗེས་སུ་ཕྱི་ལོ་༢༠༠༣ ལོར་སློབ་གྲྭ་སྒོ་རྒྱབ་རྗེས་གསང་སྔགས་རྒྱུད་པ་གྲྭ་ཚང་དུ་ཞུགས་ནས་འདོན་ཆོས་སྤྱོད་སོགས་ལ་སློབ་སྦྱོང་རྩེར་སོན་གྱི་གྲས་ཤིག་དང་། གཉོམ་ཆུང་ཚུལ་མཐུན་ཞིག་ཡིན་འདུག
དེ་རིང་སྔ་དྲོ་ནས་སྔར་དང་མི་འདྲ་བར་རྔ་པ་ཀིརྟི་དགོན་པའི་སྒོ་ཆེན་ཁག་གི་འགྲམ་དུ་དྲག་ཆས་ཉེན་རྟོག་པ་སོགས་ཀྱིས་དམ་དྲག་ཆེན་པོ་བྱས་ཡོད་པ་དང་། དེ་བཞིན་རྔ་པ་རྫོང་མཁར་དུ་ཡོང་སའི་ལམ་ཆེ་ཆུང་ཚང་མར་ཞིབ་བཤེར་ས་ཚིགས་བཙུགས་ནས་དམ་དྲག་བྱས་ཡོད་འདུག དེ་བཞིན་ཕྱི་ལོ་ ༢༠༡༡ ཟླ་ ༡༠ ཚེས་ ༢ ཉིན་འཛིན་བཟུང་བྱས་པའི་རྔ་པ་ཀིརྟི་དགོན་པའི་གྲྭ་ལྷ་བཟོ་བློ་གྲོས་ད་བར་གང་དུ་བཀག་ཉར་བྱས་ཡོད་མེད་ཙམ་ཡང་ཤེས་རྟོགས་རྩ་བ་བྱུང་མེད་འདུག་པ་བཅས།
བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་བློ་བཟང་ཡེ་ཤེས་དང་ཀ་ཉག་ཚེ་རིང་གཉིས་ཀྱིས།
ཕྱི་ལོ་ ༢༠༡༢ ཟླ་ ༣ ཚེས་ ༡༦ ལ།
ཨ་ཁ་ད་ཅི་དྲག ཡང་གཅིག་མེ་ལ་འབར་སོང་། འུ་ཚང་གི་ལས་དབང་འདི་སུ་ལ་བཤད།
བོད་མི་རིགས་ཀྱི་སླད་དུ་སྙིང་གསོན་པོ་ལྷོག་ལྷོག་འཕྱུར་བའི་སྤུན་ཟླ་རྣམ་པའི་ད་མེ་སྲེག་མ་བཏང་ན་བསམ་ཀི དངོས་གནས་མང་དྲག་སོང་།
ངེད་གངས་ཅན་པ་ཚང་གི་བླ་ན་མེད་པའི་གཟི་བརྗིད་ཡིན། རྒྱལ་སྲས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྤྱོད་པ་ཕྱག་འཚལ་ལོ། ད་རུང་ཡིན་ད། ཆོས་ལྡན་གྱི་ཞིང་ཁམས་འདི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སྐྱོབས་རོགས་གནང་། ད་གཅིག་མ་སྐྱོབས་དུས་རྗེས་སུ་སྐྱོབས་རྒྱུ་མེད་པར་ཆགས་ཉེན་འདུག དུས་ལ་བབས་འདུག་བྱང་ཆུབ་སེམས་དཔའི་ཚོགས།
འབྱུང་འགྱུར་གྱི་བདེ་སྐྱིད་ཆེད་དུ།།
ལུས་རིན་ཆེན་བོད་ལ་སྤྱིན་སོང་།།
རྒྱ་དམར་པོའི་བཙན་གནོན་འོག་ཏུ།།
འདུག་མི་བཟོད་དྲག་པོའི་རྒོལ་གཏམ།།
བློ་འབར་བའི་སྐྱེས་མཆོག་ཉིད།།
བཟང་རྒྱུད་འདྲན་མེད་དཔའ་བོ་ཁྱེད།།
ཚུལ་མཐུན་ཞི་བདེ་སྙིང་གི་ནོར།།
ཁྲིམས་མིང་འཛིན་ལ་སྟོད་འདི་ཐལ།།
གངས་དཀར་པོའི་ལ་རྒྱའི་བདེན་དོན་གླེང་ནས།།
རང་དབང་དང་འདྲ་མཉམ་རྩོད་ལེན་བྱེད་པོ།།
ཁེར་རྐྱང་གི་རྒྱལ་སྲས་བློ་བཟང་ཚུལ་ཁྲིམས།།
གངས་རི་བའི་བུ་རབས་དཔའ་རྒོད།།
དཔའ་ཞུམ་མེད་བློ་བཟང་ཚུལ་ཁྲིམས།།
བོད་ཁ་བའི་བདེ་སྐྱིད་ཆེད་དུ།།
རྨད་བྱུང་གི་མཛད་རྗེས་བཞག་སོང་།།
རླབས་ཆེན་གྱི་ཆོད་སེམས་ཆེན་པོ།།
ངོ་མཚར་པའི་སྙིང་སྟོབས་དགུ་འགྱུར།།
རྒྱ་དམར་པོས་བཙོན་དུ་བཅུག་ཡང་།།
དཔའ་ཞུམ་མེད་རྒྱལ་སྲས་སེམས་དཔའ།།
བོད་ཁ་བའི་ཆེད་དུ་འབར་སོང་།།
འཛམ་གླིང་ཁྱོན་ཡོངས་ལ་རྒྱ་ནག་གི་ངོ་གདོང་གསལ་བོར་བསྟན་སོང་། དེ་ལས་ལྷག་ཅིག་གྲུབ་འབྲས་མེད་པ་ལ་དོན་དམ་པའི་བོད་ཀྱི་སོན་རྩ་འདི་དག་རེ་རེ་བཞིན་མེར་བསྲེགས་སོང་ན་སེམས་ཀྱིས་བཟོད་དཀའ་གི །ད་མེར་བསྲེགས་ལས་འགུལ་མཚམས་འཇོག་བྱེད་ན་རེད། རྒྱ་ནག་གིས་ཡ་ལན་སྤྲད་ཡོང་མིན་ཐེ་ཚོམ་རེད་ལ་ཇི་འདྲའི་གདུག་རྩུབ་འོག་གྱོང་ཁ་རང་གིས་ལེན་པ་དང་རྒྱལ་ཁ་གཞན་ལ་སྟེར་བའི་བྱང་ཆུབ་སེམས་དཔའི་མཛད་སྤྱོད་དག་གིས་བོད་སྐྱོབ་པར་རེ་བ་མེད། དེ་ནི་སྟོང་བསམ་རེད། དཔེར་ན། དབུ་མའི་ལམ་ལ་རེ་བ་མེད་པ་ལྟ་བུ་རེད། གྲྭ་བཙུན་དག་གིས་རང་ལུས་མེར་བསྲེགས་ཀྱི་ངོ་རྒོལ་ནི་བོད་རང་བཙན་ཆེད་མ་རེད། བོད་ལ་ཆོས་ལུགས་དད་མོས་ཀྱི་རང་དབང་ཆ་ཚང་བ་ཞིག་དགོས་པ་དང་། རྒྱལ་བ་རིན་པོ་ཆེ་བོད་ལ་གདན་འདྲེན་ཞུ་དགོས་པ། བོད་ཀྱི་སྐད་ཡིག་སྲུང་སྐྱོབ་བཅས་ལ་རྒྱ་ནག་གིས་མཐུན་འགྱུར་ཆ་ཚང་ཞིག་སྤྲད་ཐུབ་ན་མེ་བསྲེགས་ངོ་རྒོལ་ཕལ་ཆེར་མཚམས་འཇོག་བྱེད་མདོག་ཁ་བོ་རེད། དེ་མིན་བོད་ཀྱི་ཆོས་དང་རིག་གཞུང་མི་རིགས་དང་བཅས་པ་རྩ་མེད་གཏོང་བའི་སྲིད་ཇུས་ཅི་རིགས་ལག་བསྟར་བྱེད་པ་དང་བོད་མིའི་འདོད་འདུན་ལ་བརྩི་མེད་རྡོག་རོལ་བཏང་བའི་དྲག་གནོན་གྱི་བྱ་སྤྱོད་འདི་རིགས་ལག་བསྟར་བྱེད་པ་ཡིན་ན་མཐར་མཇུག་འབྲས་གཙང་མ་ཞིག་མི་ཡོང་བ་ཐག་གིས་ཆོད། རང་གཞན་རྒུད་པའི་རྩ་བ་ཁོ་ན་ཉིད་དོ།།
བོད་ནང་དུ་ཡོད་པའི་བོད་མི་རྒན་གཞོན་ཕོ་མོ་སྐྱ་སེར་དབྱེར་མེད་ཀྱི་བོད་བསྟན་པ་ཆབ་སྲིད་ཀྱི་ཆེད་དུ་རང་གི་བརྩེ་བའི་ཚེ་སྲོག་བློས་གཏོང་གི་ལས་འགུལ་ཚད་མཐོ་ཤོས་དེ་རབ་དང་རིམ་པའི་སྤེལ་བཞིན་ཡོད་པ་ང་ཚོ་ཚང་མས་མཐོང་ཐུབ།
ང་ཚོ་བཙན་བྱོལ་རང་དབང་ལུང་པར་ཡོད་པའི་བོད་མི་ཚོའི་ག་རེ་བྱེད་ཐུབ་བམ། བསམ་བློ་གཅིག་གཏོང་དང།
གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་ལས་ཁུངས་ཁག་གི་ལས་བྱེད་རྣམ་པ། སློབ་གྲྭ་ཁག་གི་ལས་བྱེད་རྣམ་པ། བོད་རིགས་སློབ་ཕྲུག་རྒན་གཞོན་རྣམ་པ། བོད་མིའི་གཞིས་ཆགས་དང་ཁ་འཐོར་མི་མང་རྣམ་པ། ཚོང་པ་དང་ཞིང་པ་རྣམ་པ། ཤེས་ཡོན་པ་རྣམ་པ། གཙོས་པའི་བཙན་བྱོལ་སྤྱི་ཚོགས་སྤྱི་ཡོངས་ནས་བསམ་བློ་རྒྱ་ཆེ་གཏོང་བའི་དུས་ལ་བབས་འདུག ང་ཚོ་ཚང་མའི་རང་གི་ནུས་པ་གང་ཡོད་སྤུངས་པའི་དུས་ལ་སླེབས་འདུག
རྣམ་པ་ཚོ། ངའི་ཁ་དང་ཁོའི་རྣ་ཟེར་བའི་དུས་ཚོད་རྩ་བ་ནས་མིན་འདུག
ཆབ་སྲིད་ཐོག་ནས་བལྟས་ཀྱང་རུང། ཆོས་དང་རིག་གཞུང་དང་སྐད་ཡིག་དང་མི་རིགས། ཁོར་ཡུག་ལ་སོགས་པའི་གནས་དོན་ཡོངས་རྫོགས་ནས་བལྟས་ཀྱང་བོད་ཀྱི་གནས་དོན་ནི་ད་ལྟ་ཛ་དྲག་གི་གནས་ཞིག་ལ་སླེབས་འདུག
ང་ཚོ་ཚང་མའི་སོ་སོ་སྒེར་གྱི་ངོས་ནས་གང་ཐུབ་ཅི་ཐུབ་ཀྱི་ནུས་པ་སྤུངས་རྒྱུའི་དུས་ལ་སླེབས་འདུག
བོད་མི་ཚོ། ཡར་ལངས་དང། བོད་མི་ཚོ། གཉིད་བསད་དང།
ཡག་པོ་ཉོན་དང། ང་ཚོ་ཕ་ཡུལ་བོད་ཀྱི་ང་ཚོར་སྐད་གཏོང་གི་འདུག
༦༽ མིག་བརྒྱད་པ་ནས།
སྤྱི་ལོ་ ༢༠༡༢ ཟླ་ ༣ ཚེས་ ༡༧ གི་ཆུ་ཚོད་ ༡ སྐར་མ་ ༢༦
་་་་་་་་་་རེ་བ་མེད། དེ་ནི་སྟོང་བསམ་རེད། དཔེར་ན། དབུ་མའི་ལམ་ལ་རེ་བ་མེད་པ་ལྟ་བུ་རེད། གྲྭ་བཙུན་དག་གིས་རང་ལུས་མེར་བསྲེགས་ཀྱི་ངོ་རྒོལ་ནི་བོད་རང་བཙན་ཆེད་མ་རེད། བོད་ལ་ཆོས་ལུགས་དད་མོས་ཀྱི་རང་དབང་ཆ་ཚང་བ་ཞིག་དགོས་པ་དང་། རྒྱལ་བ་རིན་པོ་ཆེ་བོད་ལ་གདན་འདྲེན་ཞུ་དགོས་པ། བོད་ཀྱི་སྐད་ཡིག་སྲུང་སྐྱོབ་བཅས་ལ་རྒྱ་ནག་གིས་མཐུན་འགྱུར་ཆ་ཚང་ཞིག་སྤྲད་ཐུབ་ན་མེ་བསྲེགས་ངོ་རྒོལ་ཕལ་ཆེར་མཚམས་འཇོག་བྱེད་མདོག་ཁ་བོ་རེད། ་་་་་་་་་་་་
མིག་བརྒྱད་ལགས་ཀྱིས་ཕུང་རྒྱང་རིང་པོའི་བསམ་གཞིགས་ཀྱིས་བསམ་འཆར་ལ་ང་ཡང་རྒྱབ་སྐྱོར་བརྒྱ་ཆ་བརྒྱ་ཐམ་པ་ཡོད་ལགས། བདེན་པ་ཉིད་རྒྱལ་འགྱུར་ཅིག །
ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།
བོད་གངས་ཅན་རང་དབང་ཆེད་དུ།། ཡུལ་ཨ་མདོ་དཔའ་བོ་དཔའ་མོས།། སྲོག་དམར་པོ་མེ་རུ་བསྒྲོན་ཏེ།། བོད་རང་བཙན་ཟེར་བཞིན་བུད་ཐལ།།།། ཡུལ་རྡ་སའི་བཙན་བྱོལ་བོད་མིས།། བོད་དོན་རང་དོན་བརྗེས་ཏེ།། ཁ་གཡང་དང་སྨོན་ཚིག་བསྒྲགས་ནས།། ལོ་དྲུག་ཅུའི་ནམ་ཟླ་ཡལ་ཐལ།། བོད་གཞིས་བཞུགས་གདོང་དམར་བོད་པ།། དཔའ་སྙིང་སྟོབས་མེ་རུ་མ་སྒྲོན།། དཔའ་རྒོད་ཚོ་བཞུད་པའི་ཤུལ་ནས།། བོད་གངས་རིའི་བདེ་སྡུག་སུས་གླེང།། ཡུལ་ཕྱི་སྡོད་བོད་པ་ཚང་མ།། བོད་ལ་རྒྱའི་སྙིང་སྟོབས་མེད་རུང།། སྙིང་རྗེ་དང་སྡུག་བསྔལ་བསམ་ནས།། བོད་ཁ་བའི་བདེ་སྡུག་གཅིག་རོགས།།
དཔའ་བོ་ཁོང་གི་བྱས་འབྲས་ལ་ཡི་རང་དང་རྒྱག་སྐྱོར་ཡོད་མ་ཟད་ཐུགས་དགོངས་ཡོངས་སུ་འགྲུབ་པའི་སྨོན་འདུག་ཞུ།
བོད་མི་དམངས་ཀྱི་མེ་རྒོད་གསར་བརྗེ་ལ་རྒྱལ་ཁ་མྱུར་དུ་ཐོབ་པར་སྨོན།
བདེན་སྐྱོང་གི་མཐེབ་མོ།
ས་པེ་ཅིན་མཁར་ནང་གི་དཔོན་ངན་སྐྲག་འདར་ཤོར་ནས།།
འདི་འཇིགས་སྐུལ་རིང་ལུགས་པའི་བྱེད་སྟངས་ཡིན་ཚུལ་སྒྲོག་དུས།།
ས་འཛམ་གླིང་མི་མང་རྣམས་གད་མོ་འཚེར་འཚེར་དགོད་ཞོར།།
བདེན་སྐྱོང་གི་མཐེབ་མོ་ནི་བོད་ལ་ཀེར་ནས་བསྟོད་ཀི།
འོའའ་ཡའ། ད་དངོས་གནས་གནས་སྟངས་འདིའི་སྐབས་སུ་འདས་པོ་རྣམས་ལ་གདུང་སེམས་མཉམ་སྐྱེད་༡༠༠”% དང་རང་མི་རིགས་ཀྱི་ལ་རྒྱ་ནམ་ཡང་ཉམས་པ་མེད་པ་དགོས„„། དེ་མིན་རྒྱལ་བ་ཡིད་བཞིན་ནོར་བུའི་བཀའ་ལྟར་ད་ལྟའི་དུས་ཚོད་ལ་ཁ་རོག་ཏུ་སྡོད་དགོས་ཚོད་འདུག
༄༅།། སྐྱོ་སྣང་གི་འཕར་ལྡང་། ༼གསེར་རྟ་བསོད་ནམས་ཕུན་ཚོགས།༽
མི་རིགས་ཤིག་གི་ལོ་རྒྱུས་ལ་ཚེ་སྲོག་གི་མཆོད་འབུལ་བྱེད་པའི་
གདོང་དམར་དབའ་བོའི་རྒྱུན་འཛིན་ཞིག་དུར་སར་ནས་འགྱེལ་བའི་ལོ་ཟླ་
འདི་འུ་ཅག་གི་མགོ་སྟེང་ལ་ལྷུང་བའི་སྐྱོ་སྣང་གི་དུས་ཤིག་རེད། ཕ་ཁྱིམ་གྱི་བཙན་རྫོང་ན་འགྱེང་བའི་སྤུན་ཟླའི་ཟུང་ཁྲག་དམར་པོ་དེ་
སྣང་མེད་དུ་བཞུར་བའི་ལོ་ཟླ་རེ་རེ་མཐོང་གྱིན་མཐོང་གྱིན་ཞེ་མཁོན་གྱི་
ཁ་རླང་ནག་པོ་ཁོག་གཏིང་ནས་མཆེད་པའི་དུས་ཚིགས་གྲངས་ཀྱི་
ག་ལ་ཆོད། ཕ་ཁྱིམགཅིག་མཆེད་དང་ཟུང་ཁྲག་གཅིག་འདྲེས་ཀྱི་སྤུན་སྲིང་ཚོའི་
རླབས་ཆེན་གྱི་མཛད་ཆེན་རེ་རེ་བསྐྲུན་སྐབས་མ་འོངས་གངས་ཅན་གྱི་
གཞིས་ཁྱིམ་ལ་དྲོན་སྣང་གསར་བའི་ཁ་ཕྱོགས་དང་གཞིས་ཁྱིམ་
བསྐྱར་གསོས་ཕུགས་ནོར་བསྐྲུན། ཆད་མ་མྱོང་བའི་ཚེ་སྲོག་གི་མཆོད་མེ་རེ་རེ་དམར་ལྷམ་ལྷམ་
གངས་འགྲམ་ན་འབར་གྱིན་འདུག། འོད་སྣང་ལ་རེ་བའི་སྤུན་ཟླ་འདི་ཚོས་མིག་ཆུའི་ངོ་གདོང་རླན་ཅང་
དྲན་གདུང་གི་དབྱངས་རྟ་རི་ཆུ་ལ་འཐེན་པའི་ལོ་ཟླ་མང་། གསེར་མདོག་གི་ཉི་སྣང་ཤར་ཉིན་འུ་ཅག་གི་ལས་དབང་སྨག་རིམ་ན་
ད་དུང་ལས་ཚེ་སྲོག་གཏའ་མར་འཇོག་པའི་དབའ་རྒོད་ཚོས་
སྙིང་སྟོབས་ཀྱིས་ཆོད་སེམས་བཞེངས་ཏེ་སྤོབས་སྟོབས་ཀྱིས་
རོ་བོ་གྲངས་མེད་ཁུར། ཤུལ་ལས་ཀྱི་སྤུན་ཟླ་ཚོས་ཁྱེད་ཅག་གི་གཟི་བརྗིད་གླེང་བཞིན་
འཇིགས་གཞོམ་བྲལ་བའི་མེ་དཔུང་ཁྲོད་ཀྱི་དབའ་བོ་དང་དབའ་མོ་ཚོའི་
སྣང་བརྙན་ལ་ཅེར་གྱིན་ཁྱེད་ཅག་གི་རྗེས་སུ་བསྙེག་འདོད་ཀྱིས་དམ་བཅའ་སྦྱང་བཞིན་ཡོད་ཡ། ད་དུང་རྫོགས་མ་ཚར་བའི་གཏམ་རྒྱུད་དང་བཤད་ཚར་བའི་སྙིང་གཏམ་
སོགས་སུ་གླེང་སྙིད་འོདད་དེས་ཕྱིར་ད་དུང་གསོན་དགོས་་་་་་་་་་་་་་་
་ད་དུང་་་་་་་་་་་་་་་་་་་་་་ད་དུང་་་་་་་་་་་་་་་་་་་ད་དུང་་་་་་་་་་་་་་་མིག་ཆུའི་ལོ་རབས་དང་སྐྱོ་སྣང་གི་དུས་རབས་སོགས་ཀྱི་ལོ་རྒྱུས་ངའི་སྙིང་ག་ནས་མཆེད་བཞིན་རྨི་ལམ་ན་འཔར་བཞིན་ཡོད་སུ་ལ་གླེང་དགོས་་་་་་་་་་་
ད་དུང་ཚར་མེད་་་་་་་་་་ད་དུང་རྫོགས་མེད་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་གསེར་རྟ་བསོད་ནམས་ཕུན་ཚོགས་ཀྱིས་རྡ་ས་ནས་སུག་བྲིས་སོ། 2102 3 16
ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པདྨེ་ཧཱུྃ།ཨོྃ་མ་ཎི་པ
༄༅། ཁམས་དགེ་རྒྱལ་རྫོགས་ཆེན་དགོན་པའི་མཁན་པོ་དགེ་བ་འཛིན་བཟུང་། དགེ་རྒྱལ་རྫོགས་ཆེན་དགོན་གྱི་མཁན་པོ་དགེ་བ་མཆོག་ནི་རང་ལོ༤༤དང་བོད་མདོ་ཁམས་ རྫ་སྟོད་གྲོང་སྡེ་རུ་ཕ་མཁོར་རྩའི་མཁས་རྒྱམ་དང་མ་པད་དཀར་གཉིས་ཀྱི་སྲས་སུ་འཁྲུངས་ཡེ་ལོ༡༩༧༠འཁྲུངས། ནང་མི་གཞན་ག་ཚོད་ཡོད་གསལ་ཁ་མ་ངེས། ཁོང་ནི་ཆུང་དུས་ནས་བཟུང་སྟེ་རྫ་སྟོད་དགེ་རྒྱལ་རྫོགས་ཆེན་དགོན་དུ་རབ་ཏུ་བྱུང། ཕྱིས་རྫོགས་ཆེན་ཤྲི་རི་སེང་ཧའི་བཤད་གྲྭ་དང་མདོ་ཁམས་གསེར་རྟ་བླ་རུང་སྒར་སོགས་ཚད་ལྡན་གྱི་ཆོས་གྲྭ་ཁག་ལ་ལོ་མང་རིང་བོད་ཀྱི་བཅུ་ཕྲག་རིག་གནས་སྤྱི་དང་བྱེ་བྲག་ནང་དོན་རིག་པ་ལ་ཐོས་བསམ་རྣལ་མ་མཛད། ཉིས་སྟོང་གཅིག་ལོར་རྒྱ་གར་དུ་གནས་མཇལ་དང་༧སྐྱབས་མགོན་རྒྱལ་བ་རིན་པོ་ཆེ་སོགས་བོད་ཀྱི་བླ་ཆེན་ཁག་གསེར་མཇལ་ཞུ་ཆེད་དུ་ཕེབས་པ་དང་། དེའི་རྗེས་བོད་དུ་མར་ལོག་ནས་གཙོ་བོ་རང་དགོན་དགེ་རྒྱལ་རྫོགས་ཆེན་དགོན་གྱི་བཤད་གྲྭའི་མཁན་པོའི་ཕྱག་ལས་གནང་། ཟུར་དུ་རྫ་སྟོད་རྫོང་ཐོག་དུ་རྨོངས་སེལ་འཛིན་གྲྭ་ཞེས་པ་བོད་ཡིག་ཆེད་སྦྱོང་འཛིན་གྲྭ་ཞིག་བཙུགས་འདུག་ལ་ད་ལྟ་བར་དུ་འཛིན་གྲྭ་དེ་ཡི་འགན་འཛིན་དང་དགེ་རྒན་གཅིག་ཆོག་གིས་ཕྱག་ལས་གནང་། འཛིན་གྲྭ་དེ་བཙུགས་དགོས་པའི་རྒྱུ་མཚན་ནི་སྤྱིར་ཁུལ་དེ་གའི་ཞིང་འབྲོག་མང་ཚོགས་ཕལ་ཆེ་བ་ཡིག་རྨོངས་ཡིན་པ་དང་ལྷག་དོན་དུ་རྫ་སྟོད་རྫོང་རང་དུ་ཕྱོགས་མཐའ་ཁག་ནས་སྤོས་པའི་བོད་རིགས་མང་པོ་ཞིག་དུས་རྒྱུན་ལས་ཀ་གང་ཡང་མེད་ལ་སོས་དལ་བག་ཡངས་ངང་མི་ཚེ་བསྐྱལ་བའི་རྒས་གཞོན་རྣམས་ཀྱི་ཆེད་དུ་རྨང་གཞི་བོད་ཀྱི་བརྡ་སྤྲོད་སུམ་རྟགས་དག་གསུམ་དང་ནང་ཆོས་ངོ་སྤྲོད་སྤྱི་ཚོགས་སློབ་གསོ་ཡ་རབས་སྤྱོད་བཟང་སོགས་ཀྱིས་གང་ལ་གང་འདོད་སློབ་སྦྱོང་སྤྲོད་ཆེད་དུ་བཙུགས་པ་ཞིག་རེད་འདུག་ལ་དམིགས་བསལ་དགུན་དུས་ཁུལ་ཞིང་ཆེན་དང་རྫོང་ཐོག་རང་གི་སློབ་མ་རྣམས་ལ་གུང་སེང་སྐབས་དང་བསྟུན་ནས་དམིགས་བསལ་བོད་ཀྱི་རིག་གནས་ཆེད་སྦྱོང་འཛིན་གྲྭ་ཞིག་ཀྱང་རེད། རྨོངས་སེལ་འཛིན་གྲྭ་ལ་མང་དུས་སློབ་མ་སུམ་སྟོང་དང་ཉུང་དུས་ཉིས་སྟོང་ཙམ་ཡོད་འདུག་།
།འཛིན་བཟུང་དགོས་པའི་རྒྱུ་མཚན་ནི་ལོ་བསྟར་ཆག་འཚོགས་པ་ནང་བཞིན་ འདི་ལོའི་དགུན་ངོར་གོང་དུ་བཤད་པའི་དམིགས་བསལ་རིག་གནས་ཆེད་སྦྱོང་སློབ་གྲྭའི་ ནང་ལ་ཟླ་གཉིས་པའི་ཚེས་དགུ་ལ་བདེ་ཆེན་ཞིང་སྒྲུབ་ཞིག་འཚོགས་གནང་འཆར་ཡོད་ འདུག་ལ་དེའི་ནང་ལ་ནང་ཆོས་ངོ་སྤྲོད་དང་སྤྱི་ཚོགས་བགྲོ་གླེང་སོགས་གནང་བའི་ལུགས་སྲོལ་ཀྱང་ཡོད་འདུག་ དེར་བརྟེན་འདི་ལོའི་ཟླ་གཉིས་པའི་ཚེས་དགུ་ལ་དེ་ལྟར་འཚོགས་རྒྱུ་གྲ་སྒྲིག་ བཞིན་པའི་སྐབས་དེ་མ་ཐག་ཏུ་རྫོང་སྲིད་གཞུང་ནས་དང་པོར་འཚོགས་ཆོག་ཁ་ཁ་ལ་དང་། དངོས་གཞི་སྐབས་སུ་རྩ་བ་ནས་འཚོགས་མི་ཆོག་པའི་བཀའ་རྒྱ་ཕབ་འདུག་དེར་བརྟེན་ རྨོངས་སེལ་འཛིན་གྲྭ་གཙོས་པས་བོད་རིགས་ཉིས་སྟོང་ལྔ་བརྒྱ་ཙམ་གྱིས་ངོ་རྒོལ་ སྐད་འབོད་རྫ་ཆུ་ཕ་འགྲམ་ནས་རྫོང་ཉེན་རྟོག་ལས་ཁུངས་སྒོ་འགྲམ་བར་དུ་རྐང་ཐང་དུ་ གོམ་འགྲོས་བྱས་འདུག་ལ། སྐད་འབོད་ནང་དོན་ནི་བོད་ལ་རང་དབང་དགོས་སྨྲ་བརྗོད་རང་དབང་དགོས་ཆོས་ལུགས་དད་ པའི་རང་དབང་དགོས་ལ་རྒྱལ་བ་རི ན་པོ་ཆེ་བོད་ལ་མྱུར་དུ་གདན་འདྲེན་དགོས་སོགས་བརྗོད་ཡོད་འདུག་།
ཟླ་གཉིས་ པའི་ཚེས་བཅུ་ཉིན་རྨོངས་སེལ་འཛིན་གྲྭའི་འགན་འཛིན་མཁན་པོ་དགེ་བ་དང་དགེ་རྒན་ཁ་ ཤས་རྫོང་ཉེན་རྟོག་ལས་ཁུངས་སུ་བཀག་ཉར་བྱས་འདུག་ལ་ཡང་བསྐྱར་སློབ་མ་བརྒྱད་ བརྒྱ་ཙམ་ཉེན་རྟོག་ལས་ཁུངས་སུ་སོང་ནས་དགེ་རྒན་རྣམས་ལྷོད་གྲོལ་དགོས་པའི་སྐད་ འབོད་བྱས་འདུག་དེར་བརྟེན་དགུང་མོར་ཁོང་རྣམས་ལྷོད་གྲོལ་བཏངས་གདུག །དེ་རྗེས་མཁན་པོ་དགེ་བ་རྫོགས་ཆེན་དགོན་རང་དུ་སྡོད་པ་ལས་གང་དུ་ཡང་འགྲོ་མི་ ཆོག་པའི་བཀའ་རྒྱ་དང་སྤྱིར་དེ་གའི་མི་མང་དང་སློབ་མ་ཡོངས་ལ་ཉིན་རེ་ཉིན་རེ་ བཞིན་ དམ་དྲག་ཤུགས་ཆེ་རུ་ཆེ་རུ་བཏང་འདུག། མཐར་ཟླ༣ཚེས༨མཚན་མོར་མཁན་དགེ་བ་གར་སོང་ཆག་མེད་དུ་གྱུར་འདུག།། དེ་རྗེས་སུ་ས་ གནས་དེ་གའི་བོད་རིགས་མི་མང་དང་ལྷག་པར་དུ་མཁན་པོ་རང་གི་ནང་གཅིག་པའི་སྲིང་མོ་ཞིག་གིས་ཉེན་རྟོག་ཁང་དུ་སོང་ནས་རེ་བསྐུར་ཞུ་བ་ཐེངས་མང་ཞུས་། ལྷོད་གྲོལ་འཐོབ་རྒྱུ་ལྟ་ཅི་མ་མཐའ་གང་དུ་ཡོད་མེད་ཀྱང་རྩད་མ་ཆོད་མི་འདུག་ལ་སྲིང་མོ་དེ་ཡང་མྱ་ངན་དང་སྡུག་བསྔལ་ཀྱིས་མནར་ནས་ཟླ༣ཚེས༡༥ཉིན་རྫོང་ཉེན་རྟོག་ ལས་ཁུངས་སུ་སྐུ་གྲོང་འདུག། ཤེས་གསལ་ལ་ནི་མཁན་དགེ་བ་རྫ་སྟོད་རྫོང་དུ་མེད་པ་གནད་ཡོད་མི་སྣའི་རྒྱུད་ནས་གསལ་པོར་ཧ་གོ་འདུག ད་དུས་ཡང་ས་གནས་དེ་གའི་བོད་རིགས་གནད་ཡོད་མི་སྣ་སྔ་ཕྱི་བཅུ་གསུམ་ཙམ་ཞིག་། འཛིན་བཟུང་བཀག་ཉལ་བྱས་ཚར་འདུག་ལ་དེ་དག་གི་མིང་དང་ལོ་རུས་སོགས་ཞིབ་ཕྲའི་གནས་ ཚུལ་གསལ་བོར་ད་དུང་ཡང་ཤེས་རྟོགས་ཐུབ་ཀྱིན་མི་འདུག ཟླ༣ ཚེས༡༧ཉིན་བྲིས
ངོ་མ་ང་ཚོ་བོད་མི་རིགས་འདིས་བདེན་ལུགས་ཀྱི་ཆེད་དུ་རང་ལུས་མེ་རུ་མཆོད་དེ་ཡིན་ལུགས་ཤིག་སྟོན་གྱི་ཡོད་ནའང་དེ་ལ་ཡ་ལན་དང་རྒྱབ་སྐྱོར་བྱེད་མཁན་ནི་དཀོན་ཚོད་རེད་ལ།་་་ལྷག་པར་འདས་དང་ད་ལྟའི་བོད་རིགས་དཔའ་བོ་དཔའ་མོ་རྣམས་ལ་སེམས་དང་རུས་པའི་སྟེང་ནས་གདུང་སེམས་མཉམ་སྐྱེད་ཀྱི་ཞུ་ཡིག་ཕུལ་བའི་སྨྱུག་ཐོགས་པ་དེ་བས་ཉིན་མོའི་སྐར་མ་ཙམ་དུ་མཐོང་གི་འདུག་་་་་འདས་དང་ད་ལྟའི་བར་དུ་འཕྲིན་ཐུང་དང་འཕྲིན་ཐུང་ཞིག་གིས་ཁ་གཡང་ཙམ་སྒྲོག་ནས་གདུང་སེམས་མཉམ་སྐྱེད་ཡིན་ཟེར་གྱི་ཡོད་ནའང་དོན་དང་མཐུན་པའི་སྐད་ཆ་ཅི་ཞིག་བཤད་ན་སྐབས་དང་འབྲེལ་ཞིང་།་་་ཅི་ཞིག་སྒྲོག་ན་འདས་པོ་དང་འདས་པོའི་ནང་མི་ཚོ་ལ་ཕན་ཐོགས་མིན་གཏན་ནས་བསམ་བློ་མི་གཏོང་གི་མེད་པ་འདྲ།་་་་ལྷག་པར་ང་ཚོ་ཆིག་སྒྲིལ་དང་ནུས་པ་གཅིག་ཏུ་སྤུངས་ནས་ལས་འགུལ་སྤེལ་ཟེར་བ་ཙམ་ལས་ང་ཚོ་ཆིག་སྒྲིལ་དང་ནུས་པ་གཅིག་ཏུ་སྤུངས་ནས་ལས་འགུལ་ཅི་ཞིག།་་་བྱ་ཐབས་ཅི་ལྟར།་་ཅི་འདྲ་ཞིག་ཡིན་པའི་བདེན་ལུགས་ཤིག་ཁ་བརྡའི་གསེབ་ན་ཏིལ་ཙམ་ཡང་མཐོང་ཡུལ་ན་མེད་པས་དོན་ངོ་མའི་ང་ཚོས་ཁ་བརྡ་བརྒྱུད་ནས་ཅི་ཞིག་འཚོལ་གྱིན་པ་ནི་དེ་བས་མོག་མོག་ཅིག་ཏུ་གྱུར།་་་་་
ངས་འདི་ལྟར་བསམ་བློ་གཏོང་དུས་ང་ཚོའི་ཁ་བརྡ་ནི་མགོ་སྔ་མེད་པའི་ཤིང་དུམ་ཞིག་དང་མཚུངས་ལ།་་་དབྱིབས་དང་ཁ་དོག་མ་ངེས་པའི་ཕྱི་རྫིག་ནང་སྟོང་གི་གཟིགས་རིས་ཙམ་ལས།་་་་་ད་ལྟ་དང་མ་འོངས་པའི་བསམ་སྦྱོར་དང་སྣེ་ཁྲིད་ཀྱི་ཁ་ཕྱོགས་སྟོན་པའི་ཁ་བརྡ་ཞིག་གང་ན་ཡོད།་་་་་སྤྱིར་བོད་མི་རིགས་འདིའི་བསྐལ་པ་ཏོག་ཙམ་བཟང་ན་དེ་ལ་བསམ་སྦྱོར་གཡོས་པའི་སྨྱུག་ཐོགས་པ་མི་དགོས་ཟེར་ནའང་ཚང་ཁ་རེད་ལ།་་་་ཁ་བརྡ་ཡང་དོན་དང་མཐུན་པའི་གནས་ལུགས་བརྗོད་རྒྱུར་ཅི་འདྲའི་སྨྱུག་ཐོགས་པ་མང་པོ་ཞིག་ཁ་བརྡའི་ཟུར་དང་གསེང་ན་ཚང་ཁ་ཤིག་ཤིག་གིས་སྒམ་ཚིགས་དང་གནས་ལུགས་ཟབ་མོ་ཞིག་ཡོད་ཁུལ་བྱེད་པ་ནི་རང་རེའི་སྲོལ་ལུགས་ཤིག་མངོན་པ་མ་ཟད།་་་་་་ཡིན་ལུགས་མིན་ལུགས་བཅོ་བརྒྱད་ཅི་ཞིག་བཤད་ཀྱང་ཆུ་བཞུར་བཞུར་བྱས་ནས་བྲིས་ནས་རྫོགས་རྒྱུ་མེད་མོད།་་་གནད་འགག་གི་དུས་ཚིགས་ཤིག་ལ་ཐུག་དུས་ཁོང་ཚོ་ཚང་མ་ལྐུགས་པར་གྱུར་ནས་ངག་ཀྱང་མི་བརྟོལ་བའི་ཚུལ་དུ་གྱུར་འགྲོ་བ་འདི་རྒྱ་གར་ཚ་བའི་ཡུལ་གྱི་འབྲས་དང་ལྡ་ལྡི་མ་འགྲིག་པ་ཡིན་ནམ།་་་གནས་ལུགས་ཤིག་ལ་བསྟུན་ནས་དོན་དང་མཐུན་པའི་ཁ་བརྡ་ཞིག་ཅི་ཞིག་བཤད་རྒྱུར་བསམ་བློ་འདང་ངེས་ཤིག་མེད་སོང་བ་ཡིན་ནམ།་་་་ངས་ཕྱོགས་གང་ནས་བལྟས་ཀྱང་ད་ལྟའི་ཁ་བརྡའི་སྐུད་ལམ་ན་དངོས་ཡོད་དེ་འདྲ་ཤིག་ཏུ་མཐོང་གི་འདུག་པས་འཁང་རའི་ཡིག་ཀྱོག་ཙམ་
ཟིན་བྲིས་འདེབས་པའི་ཁུལ་ཡིན་ཡང་རང་སེམས་རྣལ་མ་ནི་འདས་པོ་ཁོང་རྣམ་པར་རྒྱབ་སྐྱོར་ཀྱི་མེ་ལྕེ་བཞིན་འབར་གྱིན་ཡོད་ལ།་་་ཆུ་བོ་བཞིན་སེམས་ཁོངས་ནས་བཞུར་གྱིན་འདུག་་་་་
སྤྱིར་ང་ཚོ་བཙན་བྱོལ་པའི་གནས་གཞི་རྣམས་ལ་མཚོན་ན་གནས་མལ་བདེ་བའི་ཚོར་སྣང་ཏོག་ཙམ་ཡོད་ན་ནང་ཁུལ་ལམ་གྲྭ་ས་ཁག་ནས་ཤེས་ཡོན་པའི་སྨྱུག་ཐོགས་ཚང་ཁ་ཆེ་ལ།་་་རྡ་སའི་གངས་སྐྱིད་ནས་ཆབ་སྲིད་ཀྱི་བསམ་བློ་གཅིག་ལས་གཅིག་མཐོ་རབས་སྒྲོགས་པ་མ་ཟད་སྤྱི་འཐུས་ཚོགས་ཁང་ན་དགག་རྒྱག་གི་རྣོ་ངར་འགྲན་པ་བཞིན་དུ་མཐོང་དུས་ངོ་མ་རང་སེམས་དྲོལ་མོར་བདེ་ཤིག་ཤིག་གི་ཚོར་བ་ཟབ་མོ་ཞིག་དབང་མེད་དུ་སྐྱེས་ཏེ།་་་་་ང་ཚོ་བཙན་བྱོལ་གྱི་གནས་གཞི་ཆུང་ཆུང་འདི་འདྲ་ཞིག་ཏུའང་ཤེས་ཡོན་པ་དང་།་་་ཆབ་སྲིད་པ།་་་་རང་སེམས་རང་གིས་སྟོན་པའི་དཔུང་ཁག་གསར་པ་ཞིག་ནར་སོན་པའི་ཚོར་བ་ཞིག་ང་དང་ཁྱེད་ལའང་སྐྱེ་སྲིད་ཀྱང་།
དྲ་གྲོགས་རྣམ་པར་དགོངས་དག་ཞུ་རྒྱུར།་་་ངས་ཟིན་བྲིས་ཆ་ཚང་དཀྱུས་གཅིག་ཏུ་མ་བཀོད་པར་འདི་ལྟར་བཀོད་པ་ནི་ངའི་གློག་ཀླད་ཀྱི་རྐྱེན་གྱིས་བྱུང་བའི་དགོངས་འགལ་མེད་པར་ཞུ།