ཕྱི་ལོ་ ༢༠༡༢ ཟླ་ ༨ ཚེས་ ༡༠ ཉིན་གྱི་བོད་ནང་གི་སྔ་དྲོའི་དུས་ཚོད་ ༡༠།༡༥ ཙལ་ལ་བོད་མདོ་སྨད་རྔ་པ་རྫོང་རྨེའུ་རུ་མ་ཞང་། རུ་ཆེན་དང་པོའི་ཉག་སྐོར་མའི་ཕ་དཔའ་ལོ་དང་། མ་མ་སྒྲོན་གཉིས་ཀྱི་བུ་གཅོད་པ། རང་ལོ་ ༢༤ ཙམ་ཡིན་པ་ཁོང་གིས་རྨེའུ་རུ་མའི་ཞང་ཐོག་ནས་རང་ལུས་མེར་སྲེག་བཏང་སྟེ་འབར་མེ་དྲག་པོའི་ཀློང་དུ་ངོ་རྒོལ་སྐད་འབོད་བྱས་ཤིང་། སྐར་མ་ཁ་ཤས་ལས་མ་འགོར་བར་ས་གནས་སུ་ཡོད་པའི་ཉེན་རྟོག་པ་རྣམས་སླེབས་ཏེ་ཁོང་གི་ལུས་ལ་འབར་བཞིན་པའི་མེ་བསད་ནས་བཙན་ཁྲིད་བྱས་ཡོད་ཅིང་། དངོས་སུ་མཐོང་མཁན་ཁག་ཅིག་གིས་བརྗོད་པ་ལྟར་ན་སྐབས་ཐོག་དེར་འདས་གྲོངས་སུ་གྱུར་ཡོད་མེད་གསལ་པོ་མ་ཤེས་ཀྱང་མེས་ཚིག་པའི་རྨས་སྐྱོན་ཧ་ཅང་ཚབས་ཆེན་ཡིན་སྟབས་གསོན་པའི་རེ་བ་གཏན་ནས་མེད་ཚུལ་འདུག་ནའང་། ད་བར་ཚིག་ཐག་ཆོད་པོས་གྲོངས་ཡོད་མེད་འགྲེལ་བརྗོད་གནང་ཐུབ་མཁན་མ་བྱུང་ལ། སྐུ་ཕུང་གང་དུ་འཁྱེར་ཡོད་མེད་ཀྱང་གསལ་པོ་ཤེས་རྟོགས་མ་ཐུབ། གནས་ཚུལ་བྱུང་མ་ཐག་ནས་རྨེའུ་རུ་མའི་ཞང་ཐོག་ཡོངས་སུ་དྲག་ཆས་ཉེན་རྟོག་པ་སོགས་ཀྱིས་ཁེངས་ནས་དམ་དྲག་ཤུགས་ཆེན་བྱས་འདུག་པ་བཅས།
བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་བློ་བཟང་ཡེ་ཤེས་དང་ཀ་ཉག་ཚེ་རིང་གཉིས་ཀྱིས། ཕྱི་ལོ་ ༢༠༡༢ ཟླ་ ༨ ཚེས་ ༡༠ ལ།
ཨོཾ་ཨཱཿཧཱུཾ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུཾ༔ ཨོཾ་ཨཱཿཧཱུཾ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུཾ༔ ཨོཾ་ཨཱཿཧཱུཾ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུཾ༔ ཨོཾ་ཨཱཿཧཱུཾ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུཾ༔ ཨོཾ་ཨཱཿཧཱུཾ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུཾ༔ ཨོཾ་ཨཱཿཧཱུཾ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུཾ༔ ཨོཾ་ཨཱཿཧཱུཾ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུཾ༔
ཨཱོྃ་མ་ཎི་པདྨེ་ཧཱུྃ།
རྒྱལ་གཅེས་པ་རྣམས་ལ་སྙིང་ཐག་པ་ནས་མྱ་ངན་གུས་འདུད་ཞུ།
ཨ་རོགས་ཁ་བརྡ་ཚང་་་་་་རྔ་པ་མ་རེད་རྔ་བ་རེད་་་་་་
སེམས་པ་སྐྱོ་དགོས་པའི་གནས་ཚུལ་ཞིག་རེད་་་་་་་ཁོང་ལ་མྱ་ངན་གུས་འདུད་ཞུ་་་་་་་་
ཡང་མ་ཎི་འདོན
དམིགས་མེད་བརྩེ་བའི་གཏེར་ཆེན་སྤྱན་རས་གཟིགས། །དྲི་མེད་མཁྱེན་པའི་དབང་པོ་འཇམ་དཔལ་དབྱངས་། །བདུད་དཔུང་མ་ལུས་འཇོམས་མཛད་གསང་བའི་བདག། །གངས་ཅན་མཁས་པའི་གཙུག་རྒྱན་ཙོང་ཁ་པ། །བློ་བཟང་གྲགས་པའི་ཞབས་ལ་གསོལ་བ་འདེབས།
ཀརྨ་པ་མཁྱེན། དཔའ་མོ་དེ་བདེ་བར་ཤོག
མགོན་པོ་སྤྱན་རས་གཟིགས་ཀྱིས་ལམ་སྣ་དྲོངས། ཨོཾ་མ་ཎི་པདྨེ་ཧཱུཾ།
ད་ཡིན་ན་་་་་ཀརྟི་རིན་པོ་ཆེ་ཡིན་ནའང་་་་གྲོད་ཁོག་རྒྱག་ཡོད་རྒྱུ་རེད་་་་་ད་དུང་་་་་་་མང་དྲག་ན་གྲོད་ཁོག་བཤལ་གྱིན་རེད་ལོ་་་་
བརྡ་སར་ཀརྟི་བྱེས་པ་གྲ་ཚང་གི་་་་་་་བླ་མ་དང་དགེ་འདུན་པ་དེ་ཚོ་་་་་་་མེར་སྲེག་གྱི་དེད་དཔོན་ཆེན་པོ་བློ་སེང་གི་་་་མེར་སྲེག་ལས་ཁུང་གི་ལས་བྱེད་པ་རེད་པས་་་་་་ད་ཡིན་ན་དངོས་གནས་སྐྱུགས་མན་ལངས་ཡོང་གི་འདུག་་་་་་་ཨ་ཁ་ཁ་་་ང་ཡི་སྙིང་གི་སྤུན་ཟླ་གངས་ལྗོངས་ཀྱི་ཕུ་ནུ་ཚོ་་་་་་འདི་འདྲ་རྩ་བ་ནས་མ་གནོང་དང་་་་་སྐུ་མཁྱེན་་་་་་རང་གཞན་སུ་ལའང་ཕན་ཐོག་ཡོད་ཀྱིན་མ་རེད།
ཁྱེད་རྣམ་པ་ཚོའི་བློ་སྟོབས་དེ་ཆོས་ཕྱོགས་སུ་བསྐྱེད་དང་་་་་་དངོས་གནས་འགྲོ་བ་སེམས་ཅན་ཐམས་ཅད་ལ་འཕྲལ་ཕུགས་གཉིས་ཀར་ཕན་བདེ་བསྐྲུན་ངེས་རེད། དཀོན་མཆོག་གསུམ་པོས་མཁྱེན། ཕྱིན་ཆད་འདི་འདྲ་རྩ་བ་ནས་་ཡོང་བར་ཤོག །
མ་ཡོང་བར་་་་ཞེས་བཅོས་རོགས།
མེ་ལྕེ་འབར་ནས་ཤི་བ་མེད་པ།
གཞིས་ལུས་བོད་མིའི་སེམས་པའི་ཤུགས་རེད།
མིག་ཆུ་བཞུར་ནས་རྫོགས་རྒྱུ་མེད་པ།
བྱེས་འབྱོར་བོད་པ་རང་གི་ལས་རེད།
བོད་དོན་ངོ་མ་གང་ལ་སླེབས་པ།
བླུན་པོས་ཁ་ཚོད་གཅོད་ཐབས་བྲལ་ཡང་།
སྔར་ལས་ལྷག་པའི་རྟགས་དང་མཚན་མ།
གསལ་བོར་མཐོང་འདུག་བོད་རིགས་རྣམ་པ།
མེ་ལ་མཆོང་བ་རང་དོན་མ་ཡིན།
རང་ལུས་བསྲེགས་པ་རང་དོན་མ་ཡིན།
སྐད་འབོད་རྒྱག་པ་རང་དོན་མ་ཡིན།
འདི་དག་བོད་པ་ཚང་མའི་ཆེད་རེད།
བོད་པ་ཞིག་གི་སེམས་པ་ཡོད་ན།
མ་ཎི་བགྲང་བ་ཙམ་གྱིས་ཅི་ཕན།
དཔའ་བོ་ཁོང་གི་ཁ་ཆེམ་ནང་དོན་།
ག་རེ་གསུང་འདུག་ཡིད་ལ་ཨེ་ཤར།
རང་དབང་ལུང་པར་རང་མགོ་ཐོན་ན།
ཁ་ཚིག་སྐམ་པོས་བོད་དོན་བཤད་ཀི།
དོན་ལ་བབས་དུས་ཕག་ལ་ཡིབ་ན།
དོན་དག་ངོ་མ་འགྲུབ་ཀི་ཨེ་རེད།
གཅེས་པའི་ལུས་ཀྱིས་མེ་མཆོད་ཕུལ་ན།
ཕན་ཡོན་ཅི་ཡོད་ཤེས་མཁན་ཨེ་ཡོད།
རང་གི་སྲོག་གིས་བོད་དོན་བསྒྲུབས་ན།
ནུས་ཤུགས་ཅི་ཡོད་ཤེས་མཁན་མེད་ཀི
ཁ་ཤས་ཁ་ནས་ནོར་རེད་ལབ་ཀི
མ་ནོར་ལམ་དེ་སྟོན་རྒྱུ་ཨེ་ཡོད།
ཁ་ཤས་ལྐུག་པའི་ལས་རེད་ཟེར་གི
མཁས་པའི་ཐབས་ལམ་ཡང་དག་གང་རེད།
ང་དང་ཁྱོད་ནི་བོད་པ་གཅིག་པ།
བོད་དོན་ཐོག་ལ་བསམ་ཚུལ་ཁ་ཁ།
དོན་དག་སྙིང་བོ་བོད་དོན་ཡིན།
ཕན་ཚུན་ལས་འགུལ་སྐྱོན་དུ་མ་འཛིན།
རང་ལུས་འདོམ་གང་གཏོང་ཕོད་མེད་ཀྱང་།
མ་འོང་བོད་མིའི་བདེ་སྡུག་བསམ་དགོས།
དཔའ་བོ་དཔའ་མོའི་ཕྱག་རྗེས་འདི་ལ།
བོད་པ་ཡིན་ན་སྐྱོན་དུ་མ་འཛིན།
ཨ་མདོ་རྔ་བའི་དཔའ་རྒོད་ཚོ་ཁྱེད་ཚོའི་སྙིང་སྟོབས་ལ་རྗེས་སུ་ཡི་རིང་ཞུ། མིའི་ཚེ་སྲོག་གི་འགྲོ་སོང་བཏང་ནས་མི་རིགས་ཀྱི་བདེ་སྐྱིད་སྐྲུན་དགོས།
གནམ་གྱི་བུ་ལགས། ཡག་པོ་ཞེ་དྲག་བྲིས་འདུག ངོ་མ་ཡིན་ཡུམ་དུམ་པ་བཅུ་གཉིས་བོ།།
རྒྱ་སྤྲང་ཚང་གིས་འདི་ལྟར་བོད་མིའི་བདེ་སྡུག་ལ་བརྩི་བཀུར་མེད་པར་མུ་མཐུད་དྲག་གནོན་ལས་ལམ་གཞན་མི་འཚོལ་བ་འདིས་རྒྱ་བོད་ཀྱི་ཚེ་སྲོག་བར་ལ་དབྱེ་འབྱེད་དང་གྲངས་ཉུང་མི་རིགས་ལ་མཐོང་ཆུང་བྱས་བ་རེད། ཁྱི་རྒན་འདི་བར་མྱི་རི་ཞིག་མི་བྲོ་འི། ཨ་བུའི་རིང་དང་རྐྱལ་རིང་། རྐྱལ་བ་ཁ་ལོ་འཁོར་རེས་ལོས་ཡོད། མགོ་པགས་ཕྱི་རྒྱུ་ཚང་།
མགོ་པགས་གཤུ་རྒྱུ་ཚང་།
བོད་ནང་གི་གནས་ཚུལ་དེ་ཕྱི་ཡི་མི་ཚོས་མཐོང་ན་དངོས་ནས་སྐྲག་འགྲོ་རྒྱུ་རེད་ལ་དེ་མཐོང་དུས་ཁྱོད་ཚོ་བོད་ནང་ནས་ཉིན་གཅིག་ལའང་འདོད་ཡོད་མི་སྲིད།དམར་ཕྱོཊ་ཀྱིས་ད་བར་བོད་ས་ཡོངས་ནས་འབུ་གྲོག་མ་ཞིག་ཀྱང་འཆོར་དུ་མ་བཅུག་པར་རྟག་དཔྱད་དང་མནར་གཅོད་གཏོང་བཞིན་འདུག ཁ་སང་ཨ་མདོ་བླ་བྲང་ནས་གྲྭ་བ་མང་པོས་དཔའ་བོ་དཔའ་མོ་ཚོར་སྨོན་ལམ་ཞིག་གསུངས་བ་རེད།དེ་དུས་ཁོ་ཚོས་ལྟ་བསྐོར་བ་མང་པོ་ཡོད་རྐྱེན་དྲག་གནོན་དེ་འདྲ་མ་བྱས་བ་རེད།ད་ལྟ་ས་རུབ་མ་ཐག་ཏུ་ཁོ་ཚོས་དམག་ཆས་ཕུད་དེ་ག་ས་གང་ནས་བསྐོར་ཏེ་གྲྭ་ཤགས་རེ་རེར་འཛུལ་ནས་ཁྱོད་སྨོན་ལམ་འདོན་དུ་སོང་ཡོད་མེད་སོཊ་ལ་བཙན་འདྲི་བྱེད་བཞིན་འདུག་ཟེར།འདི་འདྲའི་དྲག་གནོན་ཅིག་གི་འོག་ནས་ཁྱོད་འཚོ་འདོད་དམ།
འདི་ནས་ཤི་འཕོས་གྱུར་མ་ཐག དགའ་ལྡན་སྐྱེ་གནས་ཡིད་དགའ་བར། མྱུར་དུ་བྱམས་མགོན་མཉེས་བྱས་ནས། བྱང་ཆུབ་ལུང་བསྟན་ཐོབ་པར་ཤོག
དཔའ་བོ་དཔའ་མོ་ཚེ་འཕོས་གྱུར་མ་ཐག
སྐད་ཅིག་བར་དོའི་གནས་ཡུལ་མི་འགྲིམ་པར།
མྱུར་ཏུ་བོད་པའི་སྐྱེ་བ་ལེན་པ་དང་།
སྐྱབས་མགོན་རྒྱལ་བའི་དབང་བོ་མཇལ་བར་ཤོག
སྐྱེ་བ་ཀུན་ཏུ་ཡང་དག་བླ་མ་དང་།།
འབྲལ་མེད་ཆོས་ཀྱི་དཔལ་ལ་ལོངས་སྤྱོད་ཤོག།
ས་དང་ལམ་གྱི་ཡོན་ཏན་རབ་རྫོགས་ནས།།
རྡོ་རྗེ་འཆང་གི་གོ་འཕང་ཐོབ་པར་ཤོག།
ཕ་མ་སེམས་ཅན་ཐམས་ཅད་བདེ་དང་ལྡན་གྱུར་ཅིང་།།
ངན་འགྲོ་ཐམས་ཅད་རྟག་ཏུ་སྟོང་བ་དང་།།
བྱང་ཆུབ་སེམས་དཔའ་གང་ན་སུ་བཞུགས་པ།།
དེ་དག་ཀུན་གྱི་སྨོན་ལམ་འགྲུབ་པར་ཤོག།
ཨ་ཤི་རེ་ཁོ། དུས་སྙིགས་མ་ལྔ་བདོ། ཉམ་ཆུང་བོད་པ་རྣམས་ཀྱིས། རྒྱ་མིའི་མནར་གཅོད་འོག་ནས་བདེན་པ་རྩོད། ལུས་སྲོག་ཐེད་ལ་བོར། ཕ་མ་བུ་ཕྲུག་བཞག་ནས། གཅིག་རྗེས་གཉིས་མཐུད་དུ། ཕྱི་མའི་ལྔ་ལམ་དུ་གཤེགས་སོང་། དཀོན་མཆོག་གསུམ་པོས། མགོན་སྐྱོབས་གནང་རོགས། དེ་མིན་རེ་ས་མེད་གི །
ཨཱོྃ་མ་ཎི་པདྨེ་ཧཱུྃ།ཨཱོྃ་མ་ཎི་པདྨེ་ཧཱུྃ།ཨཱོྃ་མ་ཎི་པདྨེ་ཧཱུྃ།ཨཱོྃ་མ་ཎི་པདྨེ་ཧཱུྃ།ཨཱོྃ་མ་ཎི་པདྨེ་ཧཱུྃ།ཨཱོྃ་མ་ཎི་པདྨེ་ཧཱུྃ།ཨཱོྃ་མ་ཎི་པདྨེ་ཧཱུྃ།ཨཱོྃ་མ་ཎི་པདྨེ་ཧཱུྃ།
བྱང་ཆུབ་སེམས་དཔའ་གར་ཡོད་མི་ཤེས་ཟེར་བ་དེ་དངོས་གནས་བདེན་པ་རེད། སངས་རྒྱས་ཀྱི་བསྟན་པ་སྤྱི་
དང་ལྷག་པར་བོད་བརྒྱུད་ནང་བསྟན། འགྲོ་བ་སེམས་ཅན་སྤྱི་དང་ལྷག་པར་བོད་མི་ས་ཡ་དྲུག་གཙོས་པའི་བོད་ཀྱི་སྣོད་བཅུད་ཡོངས་རྫོགས་ཀྱི་ཆེད་དུ། རང་གི་སྐུ་ལུས་མེ་མཆོད་འབུལ་མཁན་སེམས་དཔའ་སེམས་མ་
མཐའ་དག་གི་རྣམ་་ཐར་ལ་རྗེས་སུ་ཡི་རང་དང་དད་པ་ཡོད་ལ། ང་ཡང་མ་འོངས་པ་ན་སེམས་ཅན་སྤྱི་དང་
ལྷག་པར་དུ་ཉམ་ཐག་བོད་མི་ཚོའི་ཆེད་དུ་འདི་ལྟ་བུའི་རླབས་ཆེན་གྱི་བྱ་བར་འཇུག་ནུས་པར་བྱིན་གྱིས་རློབས།
དེ་ནས་རང་དབང་ཨ་རྡུ་མན་ནམ་ཁྱོད་ཧམ་པ་ཆེ་ཐག་ཆོད་ནས་ཀིརྟི་སྐྱབས་མགོན་རིན་པོ་ཆེ་ལ་ཡང་མཚན་
སྨད་ཞུ་ཡི་འདུག ཁྱོད་ལ་དཔའ་བློ་ཡོད་ན་མིང་རྫུན་དེ་གཡུགས་ནས་མིང་ངོ་མ་ཤོད་དང་། ཨ་ཕའི་བུ་ལ་བུ་
དྲི་བྲོ་མི་བྲོ་བལྟ་གི་ཡིན་ད། ཕྱོགས་གཅིག་ནས་ཁྱོད་ཆོས་པ་ཡིན་མདོག་མདོག་ དོལ་རྒྱལ་ཚོགས་པས་༧སྐྱབས་
ཀིརྟི་རིན་པོ་ཆེ་ལ་འགྲན་བཙུགས་དགོས་དོན་ག་རེ་རེད། ཨ་མདོའི་་རྔ་བ་འདི་མི་རབས་ནས་མི་རབས་ཀིརྟི་
ཚང་གི་ལྷ་སྡེ་ཡིན་པ་ལས་དོལ་རྒྱལ་ཚོགས་པའི་ལྷ་སྡེ་མ་ཡིན་པས་ཁྱོད་ཚོ་སེམས་ཀྱང་སྡུག་དགོས་ཡ་ཡོད་མ་རེད་ལ་ཇུས་གཏོགས་སྐར་མ་གང་ཡོད་མ་རེད། དེ་ལས་ཁྱི་ཁ་བཙུམ་ནས་བསྡད་ན་ཡག་གི་རེད། ་ཨེ་གོ་ཁོ་རེ་
ཨ་སྡུག་དམན།
འཁོར་བར་འཆིང་བྱེད་མ་རིགས་མདུད་པ་བརྒྱས།་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་དམ་པོར་བསྡམས་པའི་ཀུན་སྨོངས་སེམས་ཀྱི་རྟས།་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་འཇིགགས་རུང་རིགས་དྲུག་གཡང་སར་འཕངས་བ་ལ།་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་འདྲེན་པའི་སྐྱབས་མཆོགབསླབ་གསུམ་ཡོན་ཏན་ཡིན།་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ཨོྃ་མ་ཎི་པདྨེ་ཧཱུྃྃྃཾཿ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ས་རི་ཐང་ཐམས་ཅད་མེ་མདག་གྱི་གང་བའི།་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་གནས་དམྱལ་བའི་བཙོ་སྲེག་སྡུག་བསྔལ་རྟོགས་པའི་ཚེ།་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་དེ་ཅི་ལྟར་བྱས་ཀྱང་བཟོད་ཐབ་བྲལ་ལེགས་ཀྱང།་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་དུས་དེང་སང་གངས་རིའི་ལྗོང་དུ་དངོས་སུ་མཐོང།་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ཨོྃ་མ་ཎི་པདྨེ་ཧཱུྃཿ
ཚེ་སྲོག་སྦྱིན་ནས་བོད་ཀྱི་རྩ་དོན། །འཐབ་རྩོད་བྱས་པ་ཡིད་རང་ཞུ་ཡིན། །མ་ཤི་གསོན་པས་བོད་ཀྱི་སྡིག་སྡུག །འཐབ་རྩོད་བྱེད་ན་བདེན་མཐའ་གསལ་ངེས།།
ཁྱེད་འདྲེ་ནག་མགོ་དགུའི་་་་་་འབག་གདོང་དེ་ཤུས་དང་དེ་ནས་་་་་་་དོན་དམ་པའི་རང་དབང་དེ་་་་་་་ཆོས་དད་དང་དམངས་ཚོགས་རང་དབང་ལ་རྨོངས་པའི་ཁྱེད་རང་ལྟ་བུ་དེ་ཚོ་་་་་་རྨོངས་གཉིད་དེ་ལས་སད་ཕྱིར་་་་་་་བུ་རང་དབང་ཕེབས་ཡོང་།།