༄༅།།ཕྱི་ལོ་༢༠༡༣ ཟླ་༩ ཚེས་༢༨ ཉིན་གྱི་བོད་ནང་གི་ཕྱི་དྲོའི་ཆུ་ཚོད་༤ པ་ཡོལ་ཙམ་ལ་བོད་མདོ་སྨད་རྔ་པ་རང་སྐྱོང་ཁུལ་རྔ་པ་རྫོང་སྒོ་མང་ཡུལ་ཚོའི་སྒོ་མང་མཐའ་བའི་ཞི་ཆུང་། རང་ལོ་༤༡ ཡིན་པ་ཁོང་གིས་རྔ་པ་ནས་མགོ་ལོག་ཕྱོགས་སུ་འཐེན་ཡོད་པའི་གཞུང་ལམ་དང་ཐག་ཉེ་བའི་རང་ཁྱིམ་གྱི་སྒོ་འགྲམ་ནས་རང་ལུས་མེ་རུ་བསྒྲོན་ཏེ་རྒྱ་གཞུང་གིས་བོད་ཐོག་ལ་བཟུང་བའི་གཏིང་གནག་པའི་སྲིད་བྱུས་ལ་ངོ་རྒོལ་སྐད་འབོད་གནང་བཞིན་གཞུང་ལམ་ཕྱོགས་སུ་གོམ་པ་བཞི་བཅུ་ཙམ་རྒྱུགས་ཡོད་ཅིང་། མཐར་ས་གནས་དེ་གར་མེ་དཔུང་གི་ཁྲོད་ནས་སྐུ་སྲོག་ཤོར་ཡོད་འདུག་ལ། སྐབས་ཐོག་དེར་ས་གནས་སུ་མཎ་སྟོན་ལ་འཚོགས་ནས་ཡོད་པའི་སྒོ་མང་མཐའ་བའི་མི་མང་གིས་ཀི་ལྡིར་བྱེད་བཞིན་དམ་པ་ཁོང་གི་སྐུ་ཕུང་བདག་ཉར་བྱེད་དུ་རྒྱུགས་ཡོད་ཀྱང་། མཎ་སྟོན་འཚོགས་སར་ཆེད་དུ་ལྟ་རྟོག་བྱེད་མཁན་དུ་སླེབས་པའི་རྒྱ་གཞུང་གི་ཉེན་རྟོག་པ་སོགས་ཀྱིས་མི་མང་ལ་མེ་མདའ་ཚད་ནས་འགྲོ་མ་བཅུག་པར་འཁྲུག་པ་ཆེན་པོ་ཤོར་གྲབ་བྱས་སྐབས། སྡེ་བའི་མི་སྐྱ་རྒན་པ་རྣམས་ཀྱིས་རོ་གཅིག་གི་སྒང་ལ་གཉིས་ཀྱི་སྣོན་མར་ཆགས་ཉེན་ཆེ་བས་སྤྱི་སྒེར་གཉིས་ཀར་སྡུག་ཐོག་སྡུག་རྩེགས་མ་གཏོགས་མི་ཡོང་བས་ཞི་འཇམ་བྱེད་དགོས་པའི་འབོད་སྐུལ་རིམ་པར་བྱས་ཤིང་། རྒྱ་གཞུང་ལ་ཡང་བཙན་ཤེད་ཁོ་ནས་ཡོང་ཐབས་མེད་ཚུལ་ནན་གྱིས་བཤད་མཐར་རྒྱལ་གཅེས་དཔའ་བོ་ཁོང་གི་སྐུ་ཕུང་རང་ཁྱིམ་དུ་ཅུང་ཙམ་རིང་འཇོག་བཅུགས་ན་ཡང་། རྗེས་ཉེན་རྟོག་པ་སོགས་ཀྱིས་བཙན་ཁྱེར་བྱས་ནས་རྔ་བ་རྫོང་མཁར་གྱི་ཕྱོགས་སུ་རླངས་འཁོར་ནང་དུ་ཁྱེར་ཡོད་འདུག
ཉིན་ཤས་སྔོན་རྒྱལ་གཅེས་དཔའ་བོ་ཁོང་གིས་རང་གི་གྲོགས་པོ་མང་པོར་“རྒྱ་ཚང་གིས་འདུག་འཇུག་ས་མ་རེད་”ཟེར་ནས་ཐེངས་མང་བཤད་འདུག་ལ། དེ་རིང་ཉིན་རྒྱབ་མཎ་སྟོན་འཚོགས་ས་ནས་རང་ཁྱིམ་དུ་སོང་དེ་༸གོང་ས་མཆོག་གི་སྐུ་པར་ཞིག་གི་མདུན་དུ་མཆོད་མེ་ཞིག་བསྒྲོན་ཡོད་འདུག ཁོང་གི་བཟའ་ཟླའི་མིང་ལ་པ་ལོ་ཟེར་ཞིང་། རང་ལོ་༣༩ ཙམ་ཡིན་པ་དང་། ཁོང་གཉིས་ལ་བུ་མོ་རང་ལོ་༡༨ ཅན་ཞིག་དང་། བུ་རང་ལོ་༡༤ ཅན་གཉིས་ཡོད་འདུག ཁོང་ཚང་གི་འཚོ་རྟེན་གཙོ་བོ་ཞིང་ལས་ཡིན་ཡང་། ཁོང་གིས་རྒྱུན་དུ་རང་ཁྱིམ་ནས་ཡུལ་མི་རྣམས་ལ་ཉེ་བར་མཁོ་བའི་གྱོན་ཆས་འདྲ་མིན་བཟོས་ཏེ་སྨོན་ལམ་ཆེན་མོའི་སྐབས་སོགས་མི་ཚོགས་འདུ་འཛོམས་ཆེ་སྐབས་ཐང་ཁྲོམ་བསྟན་ནས་འཚོང་བཞིན་ཡོད་འདུག་ལ། དམིགས་བསལ་ཚེམ་བཟོའི་ཐོག་ལག་རྩལ་ཡག་པོ་ཡོད་པ་ཞིག་ཡིན་འདུག གནས་ཚུལ་མཐའ་མ་འབྱོར་སྐབས་སྡེ་བའི་སྐྱ་སེར་མང་པོ་རྒྱལ་གཅེས་དཔའ་བོ་ཁོང་གི་ཁྱིམ་དུ་ཕར་འགྲོ་ཚུར་ཡོང་བྱེད་བཞིན་ཡོད་པ་རྣམས་བཀག་འགོག་དང་དམིགས་བསལ་དམ་བསྒྲགས་བྱས་མེད་ནའང་། ས་གནས་སུ་ཉེན་རྟོག་པ་མང་པོ་འབྱོར་བཞིན་ཡོད་འདུག་པ་བཅས། བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་བློ་བཟང་ཡེ་ཤེས་དང་ཀ་ཉག་ཚེ་རིང་གཉིས་ཀྱིས། ཕྱི་ལོ་༢༠༡༣ ཟླ་༩ ཚེས་༢༨ ལ།
སྒོ་མང་མཐའ་བ།
ཉམ་ཐག་བདེན་པ་སྲོག་གིས་བདར་བ་ལས།
རང་དབང་རེ་བས་ལམ་ལ་ཆས་པའི་བུར།
ཞི་བདེར་ཞེན་པའི་དམངས་ཀྱི་མགོན་པོ་རུ།
དེ་བཞིན་གཤེགས་པ་རྣམས་ཀྱིས་དཔུང་གཉེན་མཛོད།
སྐྱེ་བའི་མཐའ་མར་ཀུན་ཀྱང་འཆི་འཆི་ཡང་།
སྐྱེས་པ་གཞན་དབང་འཆི་བ་འགྲོ་དོན་དུ།
དཔའ་བོའི་གཤིས་སུ་གྲུབ་པའི་སྤྱོད་ལམ་གྱིས།
རང་འཁོར་གོ་ལའི་རང་དབང་བསྲུང་གྱུར་ཅིག།
མེ་ཤུགས་འཕུར་མདའི་ལྡོག་ཟླར་བཞེངས་པ་ཡི།
བརྩེ་བའི་རང་དབང་ལྷ་མོའི་གར་ཆུང་ལ།
གཅེས་པའི་གྲོང་དང་གྲོང་ཁྱེར་ཆེན་པོ་རུ།
ཁུར་གྱིས་དུབ་པ་དག་ཀྱང་འཇུག་པར་ཤོག
ཨོཾམཎིཔདྨེཧཱུཾ། ཨོཾམཎིཔདྨེཧཱུཾ། ཨོཾམཎིཔདྨེཧཱུཾ།
ཡང་གཅིག་མཆོད་འབུལ་གནང་དང་ཟིག་་་དཀོན་མཆོག་མཁྱེན། འདོད་དོན་འགྲུབ་པར་སྨོན།
དཀོན་མཆོག་གིས་མདུན་ནས་གཟིགས། གངས་ཅན་པས་རྒྱབ་ནས་བལྟས། འདོད་དོན་འགྲུབ་ན་མ་འགྲུབ་ན་ཡང་། གཅེ་ཕྲུག་ཚོ་ཚར་ཐལ། ད་ཅི་བྱ།
དྲུག་རྒྱག་ཞིག་གི་མཆུ་ཁ་མ་སྐོར་ན། ཉམ་ཐག་འུ་ཚོའི་བདེ་སྡུག་མི་གླེང་གི། མེ་བསད། རླུང་འཕེར། སེམས་ཐག་སྔར་བཞིན་དུ་བཅད་ནས་མཆོང་ན་ཅི་དྲག། ཐབས་ཤེས་བཞན་ལྷག་མི་འདུག་བསམ།
བདེ་བ་ཅན་ཞིག་ཡོད་ན། དེ་ནས་སྐྱེ་བར་ཤོག།
འཕར།
ཨ་ཁ་ཁ། ཡང་རྒྱལ་གཅེས་དཔལ་བོ་གཅིག་གཤེགས་ཚ་འདུག། ད་དུང་འདི་མུར་ཕེབས་རྒྱུ་ཡིན་ནམ། ག་དུས་བར་དུ་འདི་བཞིན་འགྲོ་དགོས་སམ། ཕྱིར་སྡོད་བོད་མིས་འདིར་ཁ་གཡང་ཙམ་ལས་ངོ་ཐོག་ཏུ་ཕན་པའི་ཕྱག་ལས་ཞིག་གནང་རྒྱུ་མེད་པ་ཡིན་ནམ།
ད་ཅི་བྱ། ངེས་པ་དོན་གྱི་རྒྱལ་གཅེས་བ་ཚོ་རེ་རེ་བཞིན་བུད་འགྲོ་འདུག ད་ཅི་བྱ།
རྒྱལ་གཅེས་དཔའ་བོ་ཚོས་རང་སྲོག་གཏོང་གི་འདུག ང་ཚོས་སྐད་འབོད་ཅིག་ཀྱང་བྱེད་ཐུབ་ཀྱི་ཡོད་པ་མ་རེད། ད་གང་དྲག། ངས་ཀྱང་རང་སྲོག་བློས་གཏོང་བསམ་གྱི་འདུག ཡིན་ནའང་གྲུབ་འབྲས་གང་ཡང་ཐོན་ཐུབ་ཀྱི་མ་རེད་བསམ་གྱི་འདུག མི་ལུས་འདི་ལྟ་བུ་རྩ་ཆེན་ཞིག་ཡོད་བཞིན་དུ་དོན་འབྲས་མེད་ན་ཤི་བ་ལས་འཚོ་ན་དགའ་སྙམ། དེའི་ཕྱིར་ངས་སྲོག་བློས་གཏོང་གི་མིན་ད།།
རྒྱ་དམར་གཞུང་གི་ཚད་བརྒལ་བཙན་གནོན་འོག །
བདེན་ཚིག་ཙམ་ཡང་སྨྲ་དབང་གཏན་མེད་ངང་།།
རང་རིགས་སླད་དུ་གཅེས་སྲོག་མེར་བསྒྲོན་པའི།།
རྒྱལ་གཅེས་དཔའ་རྒོད་རྣམ་པར་མྱ་ངན་ཞུ།།
རྟ་བདུན་དབང་བོ་ལགས། ཉིད་ཀྱིས་མི་ལུས་འདི་ལྟ་བུ་རྩ་ཆེན་ཞིག་ཡོད་བཞིན་དུ་དོན་འབྲས་མེད་ན་ཤི་བ་ལས་འཚོ་ན་དགའ་སྙམ། དེའི་ཕྱིར་ངས་སྲོག་བློས་གཏོང་གི་མིན་ད།། གསུངས་འདུག
དྲི་བ་ཞུ་བགྱིར། བསམ་བློ་གཏོང་ཕྱོགས་ཀྱི་ཆ་ནས་བཤད་ན་ཉིད་ཀྱིས་རང་ལུས་མེར་བསྲེགས་ཡང་གཏོང་སྲིད་པ་འདྲ་མོ་འདུག
ཉིང་རྡུལ་མཚོན་ཆའི་བདག་པོ་ཚོ་དང་བསྡུར་ན་སྐུ་ཉིད་ཀྱིས་དགོངས་ཚུལ་ཧ་ཅང་གི་ཐ་དད་པ་ལྟ་བུར་མཐོང་གིན་འདུག
དེས་ན་རྐྱེན་འདི་འདྲ་ཅིག་བྱུང་ན་སྲོག་བློས་གཏོང་སྲིད་པ་དང་།
རྐྱེན་འདི་འདྲ་ཅིག་གི་འོག་སྲོག་བློས་གཏོང་མི་སྲིད་པའི་སྐོར་ལ་ཉིད་ཀྱི་དགོངས་ཚུལ་ཞལ་གསལ་ཅིག་དང་ཆུ་ཚོད་མེད་ན་མདོར་བསྡུས་ཅིག་གསུངས་ན་འགྲིག་གམ།
སྲོག་བློས་བཏང་ནས་རང་ཤི་རྒྱག་པ་དང་།
སྲོག་བློས་བཏང་ནས་དམག་འཐབ་བྱེད་པ།
སྲོག་བློས་བཏང་ནས་བདེན་པ་སྟོན་པ་དག་སྤྱི་ཚོགས་ནང་འབྱུང་བཞིན་པ་འདི་རེད།
སྙིང་རེ་རྗེ།
དྲན་དཀར་ལགས། ངས་ཁ་བརྡའི་ནང་དུ་རང་སྲེག་བཏངས་ན་དགེ་མཚན་མེད་ཚུལ་མང་བོ་སྤེལ་མྱོང་། མི་རེ་རེ་བསམ་ཚུལ་མ་འདྲ་བ་ཡོད་ཕྱིར། མང་བོ་ཞིག་གིས་ངོ་རྒོལ་ཀྱང་རྒྱབ་སོང་། ངས་དུས་ནམ་ཡང་རང་སྲེག་གཏོང་མཁན་ཚོར་རྒྱབ་སྐྱོར་མི་བྱེད། ཡིན་ནའང་ཤི་བ་ཚོའི་ཆེད་དུ་སྨོན་ལམ་རྒྱག་རྒྱུ་ང་ཚོའི་ལས་འགན་རེད། དེ་མིན་རང་སྲེག་གཏོང་མཁན་ཚོས་རང་སྲོག་བཏང་བ་དེ་ལེགས་པོ་འདུག་ནམ་ཡང་མི་ཟེར། དམག་གིས་གཡུལ་ཐབ་ནས་རང་སྲོག་བློས་བཏངས་བ་དེ་ཚུལ་དང་མཐུན་པ་ཞིག་རེད། དང་བོ་དམག་ཁོངས་སུ་འཛུལ་དུས་ནས་སྲོག་ལ་ཉེན་ཁ་ཡོད་པ་ཤེས་གསལ་རེད། ད་མང་བོ་མི་བཤད། །
སྙིང་རྗེ་བ་ལ། རང་སྲོག་བཅད་པ་དེ་ལས་ངན་རེད། རྒྱལ་གཅེས་དཔའ་བོ་ཡིན་ན་རྒྱ་མི་ལས་བྱེད་ཅིག་དང་སྲོག་དང་བདོ་ན་དཔའ་བོ་རེད། གང་ལྟར་་་་ཤི་བོ་ལ་ཨོྃ་མ་ཎི་པདྨེ་ཧྰུཾ། ཨོྃ་མ་ཎི་པདྨེ་ཧྰུཾ། ཨོྃ་མ་ཎི་པདྨེ་ཧྰུཾ། ཨོྃ་མ་ཎི་པདྨེ་ཧྰུཾ། ཨོྃ་མ་ཎི་པདྨེ་ཧྰུཾ། ཨོྃ་མ་ཎི་པདྨེ་ཧྰུཾ། ཨོྃ་མ་ཎི་པདྨེ་ཧྰུཾ། ཨོྃ་མ་ཎི་པདྨེ་ཧྰུཾ། ཨོྃ་མ་ཎི་པདྨེ་ཧྰུཾ། ཨོྃ་མ་ཎི་པདྨེ་ཧྰུཾ། ཨོྃ་མ་ཎི་པདྨེ་ཧྰུཾ། ཨོྃ་མ་ཎི་པདྨེ་ཧྰུཾ། ཨོྃ་མ་ཎི་པདྨེ་ཧྰུཾ། ཨོྃ་མ་ཎི་པདྨེ་ཧྰུཾ། ཨོྃ་མ་ཎི་པདྨེ་ཧྰུཾ། ཨོྃ་མ་ཎི་པདྨེ་ཧྰུཾ། ཨོྃ་མ་ཎི་པདྨེ་ཧྰུཾ། ཨོྃ་མ་ཎི་པདྨེ་ཧྰུཾ། ཨོྃ་མ་ཎི་པདྨེ་ཧྰུཾ། ཨོྃ་མ་ཎི་པདྨེ་ཧྰུཾ། ཨོྃ་མ་ཎི་པདྨེ་ཧྰུཾ། ཨོྃ་མ་ཎི་པདྨེ་ཧྰུཾ། ཨོྃ་མ་ཎི་པདྨེ་ཧྰུཾ། ཨོྃ་མ་ཎི་པདྨེ་ཧྰུཾ། ཨོྃ་མ་ཎི་པདྨེ་ཧྰུཾ། ཨོྃ་མ་ཎི་པདྨེ་ཧྰུཾ། ཨོྃ་མ་ཎི་པདྨེ་ཧྰུཾ། ཨོྃ་མ་ཎི་པདྨེ་ཧྰུཾ། ཨོྃ་མ་ཎི་པདྨེ་ཧྰུཾ། ཨོྃ་མ་ཎི་པདྨེ་ཧྰུཾ། ཨོྃ་མ་ཎི་པདྨེ་ཧྰུཾ། ཨོྃ་མ་ཎི་པདྨེ་ཧྰུཾ། ཨོྃ་མ་ཎི་པདྨེ་ཧྰུཾ། ཨོྃ་མ་ཎི་པདྨེ་ཧྰུཾ། ཨོྃ་མ་ཎི་པདྨེ་ཧྰུཾ། ཨོྃ་མ་ཎི་པདྨེ་ཧྰུཾ། ཨོྃ་མ་ཎི་པདྨེ་ཧྰུཾ། ཨོྃ་མ་ཎི་པདྨེ་ཧྰུཾ། ཨོྃ་མ་ཎི་པདྨེ་ཧྰུཾ། ཨོྃ་མ་ཎི་པདྨེ་ཧྰུཾ། ཨོྃ་མ་ཎི་པདྨེ་ཧྰུཾ། ཨོྃ་མ་ཎི་པདྨེ་ཧྰུཾ། ཨོྃ་མ་ཎི་པདྨེ་ཧྰུཾ། ཨོྃ་མ་ཎི་པདྨེ་ཧྰུཾ། ཨོྃ་མ་ཎི་པདྨེ་ཧྰུཾ། ཨོྃ་མ་ཎི་པདྨེ་ཧྰུཾ། ཨོྃ་མ་ཎི་པདྨེ་ཧྰུཾ། ཨོྃ་མ་ཎི་པདྨེ་ཧྰུཾ། ཨོྃ་མ་ཎི་པདྨེ་ཧྰུཾ། ཨོྃ་མ་ཎི་པདྨེ་ཧྰུཾ། ཨོྃ་མ་ཎི་པདྨེ་ཧྰུཾ། ཨོྃ་མ་ཎི་པདྨེ་ཧྰུཾ། ཨོྃ་མ་ཎི་པདྨེ་ཧྰུཾ། ཨོྃ་མ་ཎི་པདྨེ་ཧྰུཾ། ཨོྃ་མ་ཎི་པདྨེ་ཧྰུཾ། ཨོྃ་མ་ཎི་པདྨེ་ཧྰུཾ། ཨོྃ་མ་ཎི་པདྨེ་ཧྰུཾ། ཨོྃ་མ་ཎི་པདྨེ་ཧྰུཾ། ཨོྃ་མ་ཎི་པདྨེ་ཧྰུཾ། ཨོྃ་མ་ཎི་པདྨེ་ཧྰུཾ། ཨོྃ་མ་ཎི་པདྨེ་ཧྰུཾ། ཨོྃ་མ་ཎི་པདྨེ་ཧྰུཾ། ཨོྃ་མ་ཎི་པདྨེ་ཧྰུཾ། ཨོྃ་མ་ཎི་པདྨེ་ཧྰུཾ།
རྟ་བདུན་དབང་བོ་ལགས ཉིད་ཀྱི་དགོངས་ཚུལ་གྱི་ཕྱོགས་ཙམ་གོ་ཐུབ་པ་བྱུང་། ནང་མི་གཅིག་གྲོངས་པ་ཡིན་ན་འདད་བཏང་བ་ལས་གཞན་ནང་མི་ཅིག་གི་ངོས་ནས་བྱ་སྲོལ་མེད། འོན་ཀྱང་བདེན་པ་མི་ལ་བརྗོད་པ་དང་རང་གིས་བྱ་བ་གཉིས་ཀྱིས་སྒོ་ནས་འདས་མཆོད་བྱེད་དགོས་པ་གསལ་བོ་རེད། དྲག་གནོན་གྱི་འོག་ཏུ་རང་དབང་གི་ཆེད་དུ་སྐུ་གཤེགས་པ་ཞིག་ལ་བྱེད་འོས་པའི་འདས་མཆོད་ཀྱི་ངོ་བོ་རེད་བསམ་གི
ཁྱོད་ཚོས་འུར་རྒྱག་མ་ཡོང་ཨ། རང་སྲེག་བཏང་དགོས་རེད་ཟེར་མཁན་སུ་ཡང་མེད་ལ་ཟེར་ཤེས་ཀྱི་ཡང་མ་རེད། འོན་ཀྱང་ཁོང་ཚོས་བོད་མི་ས་ཡ་དྲུག་གི་རང་དབང་དང་བདེ་སྐྱིད་ཀྱི་ཆེད་དུ་བློས་བཏང་ཆེན་པོ་འདི་འདྲ་བྱས་དུས། ང་ཚོས་བྱེད་འོས་པ་ནི་ཁོང་ཚོའི་ཆེད་དུ་སྨོན་ལམ་རེ་དང་བོད་དོན་ཆེད་དུ་ལས་འགུལ་རེ་སྤེལ་དགོས་པ་ལས། ལས་འགུལ་འདིས་བཟང་ངན་བཤད་ཁུལ་བྱེད་པ་ནི་འོས་སུ་མ་བབ་པ་ཞིག་རེད།
ཨོྃ་མ་ཎི་པདྨེ་ཧྰུཾ། ཨོྃ་མ་ཎི་པདྨེ་ཧྰུཾ། ཨོྃ་མ་ཎི་པདྨེ་ཧྰུཾ། ཨོྃ་མ་ཎི་པདྨེ་ཧྰུཾ། ཨོྃ་མ་ཎི་པདྨེ་ཧྰུཾ། ཨོྃ་མ་ཎི་པདྨེ་ཧྰུཾ།
བདེ་བ་ཅན་གྱི་ཞིང་དེར་སྐྱེ་བར་ཤོག
དཀོོན་མཆོག་མཁྱེན།