ཕྱི་ལོ་ ༢༠༡༢ ཟླ་ ༨ ཚེས་ ༡༣ ཉིན་གྱི་བོད་ནང་གི་དུས་ཚོད་ ༦།༥༠ ཙམ་ལ་བོད་མདོ་སྨད་རྔ་པ་རྫོང་ཆོས་རྗེ་མ་ཞང་སོ་རུ་མ་སྡེ་བའི་མི་སྐྱ་བཀྲ་ཤིས་དང་། རང་ལོ་ ༢༡ ཡས་མས་ཤིག་ཡིན་པ་ཁོང་དང་། སོ་རུ་མ་ནས་ཡིན་པའི་རྔ་པ་ཀིརྟི་དགོན་པའི་སྨན་པ་གྲྭ་ཚང་གི་གྲྭ་ལུང་རྟོགས། རང་ལོ་ ༢༠ ཡས་མས་ཤིག་ཡིན་པ་ཁོང་གཉིས་ཀྱིས་རྔ་པ་ཀིརྟི་དགོན་པའི་མཐའ་འཁོར་གྱི་འཁོར་ཁང་ཞིག་གི་ནང་ནས་རང་ལུས་ལ་མེར་སྒྲོན་ཏེ་དཔའ་བོའི་སྲང་ལམ་ནས་ངོ་རྒོལ་སྐད་འབོད་བྱས་ཡོད།
དེ་ཡང་གྲྭ་ལུང་རྟོགས་ཀྱིས་དཔའ་བོའི་སྲང་ལམ་ནས་སྐད་འབོད་བྱེད་བཞིན་གཞུང་ལམ་དབུས་མའི་བཞི་མདོར་སླེབས་མཚམས་ཉེན་རྟོག་པ་ཁག་ཅིག་གིས་རུབ་ནས་མེ་བསད་དེ་བཙན་ཁྲིད་བྱས་འདུག་ལ། སྐབས་ཐོག་དེར་ཁོང་གྲོངས་མེད་འདུག བཀྲ་ཤིས་ཀྱིས་དཔའ་བོའི་སྲང་ལམ་ནས་སྐད་འབོད་བྱེད་བཞིན་ཡོང་སྐབས་གཞུང་ལམ་དུ་མ་སླེབས་ཙམ་ལ་ཉེན་རྟོག་པ་མང་པོས་རུབ་བརྡུང་བྱས་ནས་མེ་བསད་དེ་རླངས་འཁོར་ནང་བཙན་ཁྲིད་བྱས་ཡོད་ཀྱང་སྐབས་དེར་ཁོང་གྲོངས་ཡོད་མེད་གསལ་པོ་ཤེས་རྟོགས་མ་བྱུང་། ཁོང་གཉིས་སྐབས་ཐོག་དེར་རྔ་པའི་སྨན་ཁང་དུ་ཁྱེར་ནས་དུས་ཚོད་ཕྱེད་ཀ་མིན་ཙམ་རིང་བསྡད་རྗེས་འབར་ཁམས་ལ་ཁྱེར་ཡོད་ཀྱང་དངོས་སུ་མཐོང་མཁན་གྱིས་བརྗོད་པར། གཉིས་ཀ་མེས་ཚིག་པའི་རྨས་སྐྱོན་ཚབས་ཆེན་ཡིན་སྟབས།གསོན་པོ་ཡོང་རེ་མེད་ཚུལ་བརྗོད།
ལུང་རྟོགས་ཀྱི་ཕ་མིང་ལ་རིས་ཆུང་ཡིན་པ་དེ་སྔོན་ནས་འདས་ཚར་འདུག མ་མིང་ལ་ཀླུ་མོ་ཡིན་འདུག ཁོང་རྔ་པ་ཀིརྟི་དགོན་པའི་སྨན་པ་གྲྭ་ཚང་ཡིན་ཞིང་བཀྲ་ཤིས་གྲྭ་པ་ཡིན་སྐབས་ཁོང་གཉིས་འཛིན་གྲྭ་གཅིག་པ་ཡིན་འདུག ཕྱི་ཚེས་ ༡༣ ཉིན་གྱི་སྔ་དྲོ་སྨན་པ་གྲྭ་ཚང་ཚོགས་འཚོགས་སྐབས་ལུང་རྟོགས་ཀྱིས་བོད་ཀྱི་རྒྱལ་གཅེས་དཔའ་བོ་དཔའ་མོ་ཡོངས་ཀྱི་ཆེད་དུ་དགེ་འདུན་རེ་ལ་རྒྱ་སྒོར་མོ་གཅིག་རེ་སྐུ་འགྱེད་བཏང་ནས་བསྔོ་བ་སྨོན་ལམ་དང་སྐྱབས་འཇུག་ཞུ་སྐུལ་གནང་འདུག
བཀྲ་ཤིས་ཀྱི་མ་མིང་ལ་རྔ་པོ་ཡིན་འདུག ཁོང་དེ་སྔོན་ཀིརྟི་དགོན་པའི་གྲྭ་པ་ཡིན་པ་ཕྱི་ལོ་ ༢༠༡༡ ལོར་སྐྱ་སར་བབས་ནས་ཕ་མའི་རྩར་བསྡད་ཡོད་འདུག
དོན་རྐྱེན་བྱུང་མ་ཐག་ཉེ་འཁོར་གྱི་མི་མང་གིས་ཀི་ལྡིར་བྱས་ཏེ་སྐད་འབོད་སྣ་ཚོགས་བྱས་འདུག་པར་དྲག་ཆས་ཉེན་རྟོག་པ་དང་དམིགས་བསལ་ཉེན་རྟོག་པ་སོགས་འབོར་ཆེན་སླེབས་ནས་མི་མང་ལ་ལྕགས་མདུང་འཛེར་མ་ཅན་སོགས་ཀྱིས་གང་བྱུང་གཅར་རྡུང་བྱས་ཏེ། མི་མང་པོ་ཞིག་རྨས་སྐྱོན་བཟོས་ཤིང་། མི་ཁག་ཅིག་སྐབས་ཐོག་དེར་འཛིན་བཟུང་བཙན་ཁྲིད་བྱས་པར་མ་ཟད། མི་གཅིག་གི་མགོ་ལ་ལྕགས་མདུང་འཛེར་མ་ཅན་གྱིས་གཞུས་ཏེ་མགོ་ཡོངས་རྫོགས་ཁྲག་གིས་བགོས་ཡོད་པར་མ་ཟད། མི་དེའི་རྗེས་ཀྱི་གནས་ཚུལ་གསལ་པོ་ཤེས་རྟོགས་མ་བྱུང་། དེ་རྗེས་རྔ་པ་རྫོང་མཁར་ཡོངས་ལ་དམིགས་བསལ་ཉེན་རྟོག་པ་སོགས་ཧ་ཅང་མང་པོ་འགྲེམས་འཇོགས་བྱས་འདུག་ལ། ཕྱི་ཚེས་ ༡༤ ཉིན་ཡང་རྔ་པའི་རྫོང་མཁར་ལ་དམིགས་བསལ་ཉེན་རྟོག་པ་དང་སྤྱི་བདེ་ཉེན་རྟོག་པ་མང་པོ་འགྲེམས་འཇོག་བྱས་ཡོད་འདུག
ཕྱི་ཚེས་ ༡༤ ཉིན་ཤེས་རྟོགས་བྱུང་བར་གྲྭ་ལུང་རྟོགས་འདས་གྲོངས་སུ་གྱུར་ཡོད་ཀྱང་ཁོང་གི་སྐུ་ཕུང་འབར་ཁམས་ལ་ཁྱེར་ཡོད་སྟབས་ནང་མིར་སྤྲད་ཡོད་མེད་ཤེས་རྟོགས་མ་བྱུང་། ཁ་སང་རྔ་པའི་སྨན་ཁང་ནས་འཁྱེར་སྐབས་མི་གཅིག་སྨན་ཁང་གིས་ཛ་དྲག་ནད་པ་སྐྱེལ་འདྲེན་བྱེད་སའི་རླངས་འཁོར་ནང་ཁབ་ཆེན་བརྒྱབ་ནས་ཁྱེར་ཡོད་འདུག་ལ། གཞན་དེ་དམག་མིའི་རླངས་འཁོར་ནང་བཞག་ཡོད་ཀྱང་དེའི་གནས་སྟངས་ཤེས་རྟོགས་མ་བྱུང་བ་བཅས།
བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་བློ་བཟང་ཡེ་ཤེས་དང་ཀ་ཉག་ཚེ་རིང་གཉིས་ཀྱིས། ཕྱི་ལོ་༢༠༡༢ ཟླ་ ༨ ཚེས་ ༡༣ ལ།
ཨ་ཙི། ད་ཅི་དྲག། ཨོྃ་མ་ཎི་པདྨེ་ཧུྃཿ
དྲྭ་མི་ཚོ། ཁྱེད་ཚོས་དཔའ་འདི་ཚོར་ཐུགས་གསོ་དང་ཆེ་སྟོད་ཀྱི་རྩོམ་ཡིག་གང་མང་ཞིག་སྤེལ་ནས་ཁྱབ་བསྒྲགས་ཅི་ཆེར་གནང་དང་། འོག་གི་དབྱིན་ཡིག་ནང་ཡོད་པ་འདི་རྒྱུད་ལ་འདྲ་མིན་ནང་ཐོངས་དང་།
In alarming reports coming out of Tibet, three more Tibetans set themselves on fire in protest against China’s rule over Tibet, Monday. There are also unconfirmed reports of a third self-immolation that took place later in the evening. In more disturbing reports, following the self-immolations, local Tibetans carried out a protest in solidarity with the self-immolators, which reportedly resulted in the death of a Tibetan protestor. According to sources, Chinese security personnel beat the Tibetan man to death.
The self-immolations and protests are being reported from the beleaguered Ngaba region of eastern Tibet, the nerve centre of the ongoing wave of fiery protests.
Tibetan media outlets based in the United States have quoted sources inside the region as saying that the two confirmed self-immolations took place at around 6:50 pm (local time) Monday. Although Phayul, as of now, cannot independently confirm their identities, media reports have named the self-immolators as Lungtok, a monk from the Kirti Monastery in Ngaba, and Tashi, believed to be a layperson. Soon after the protests, Chinese security forces arrived in large numbers and forcibly took both of them away. There are no details currently available on their condition and whereabouts. Soon after the fiery protests, Chinese security forces imposed severe curbs in the region. Local Tibetans responded with protests in solidarity with the self-immolators and against the Chinese government. In ensuing “clashes,” a Tibetan man was reportedly beaten to death by Chinese armed forces. As tensions escalated late into the evening, reports of a third self-immolation by a Kirti Monastery monk at around 8:00 pm (local time), reached exile from the same region. The incident has not been confirmed as yet although the situation in Ngaba is being described as critical.
Last week alone, three Tibetans; a mother of two, a monk, and a Tibetan nomad, torched themselves, in a further intensification of the self-immolation protests that began in 2009. The first eight months of 2012 have on an average witnessed nearly five self-immolations every month.The two confirmed self-immolations on Monday have now taken Tibet’s self-immolation toll to 50.
༄༅།། ལྷག་བསམ་ཅན་བློ་ཡེ་ལགས་དང་ཀ་ཉག་ཚེ་རིང་ལགས་རྣམ་གཉིས་ལ་ཞུ་རྒྱུར།།
ལོ་ཉི་ཤུ་ཡས་མས་ཟེར་བ་མ་ཡིན་པར་ལོ་གྲངས་ཏག་ཏག་གསུངས་ཐུབ་ན་ཡག་པོ་འདུག་པ་དང་། དུས་རྒྱུན་གནས་ཚུལ་མཁོ་སྤྲོད་གནང་དུས་ཡིན་ས་རེད། མ་གསུངས་པར་ཏག་ཏག་ཚིག་ཐག་ཆོད་པོ་གསུང་ཐུབ་ན་དགེ་མཚན་ཆེན་པོ་འདུག་པས་དགོངས་འཇག་དང་། དུས་རྒྱུན་བོད་གནས་ཁག་སྐབས་ཕྲལ་མཁོ་སྤྲོད་གནང་བར་ཐུགས་རྗེ་ཆེ་ཞུ།།
ཕྱི་གསལ་ནང་གསལ་ལགས་ཁྱེད་ཀྱིས་བསམ་ཤེས་ཅུང་ཙམ་ཡང་བྱེད་མི་ཤེས་བ་ཀླད་སྐྱོན་ཡོད་ལས་ཆེ། ཀ་ཉག་ཁོང་རྣམ་པ་ཧ་ལས་དགོས་པ་རེད་གནས་ཚུལ་རྒྱས་ལོན་དང་འགྱོག་མྱུར་་གང་ཇིའི་ཐད་ལ་ཟས་བཅད་གཉིད་བཀག་ངང་འཛམ་གླིང་ལ་རྒྱུད་གཏོང་བྱེད་པ་འདི་ལས་སླ་བོ་རེད་བསམ་གི་འདུག་གམ། དེ་ལས་སོ་སོའི་བྱས་འབྲས་ལ་བསམ་བློ་བཏང་རྗེས་གཞི་ནས་གཞན་ལས་མིག་དཔེ་བྱས་ན་བཟང་བསྙམ་གི
གནས་ཚུལ་གོ་ཐེངས་རེ་ལ་སེམས་ནས་རང་དབང་མེད་པར་༼ཨ་ཧ་བོ།༽ཤོར་འགྲོ་ཀི ཡིན་ཡང་། བྱ་ཐབས་མི་འདུག གདུང་སེམས་མཉམ་བསྐྱེད་ཟེར་ནས་སྐད་འབོད་རེ་དང་མར་མེ་ཁྲོམ་སྐོར་རེ་ང་ཚོ་ཚང་མས་བྱེད་བསྡད་ཀི་ཡོད་པ་རེད། ཡིན་ཡང་། དོན་ངོ་མའི་དེས་ག་རེ་ཕན་ཀི་རེད། དཔྱད་མཆན་པ་ཚོའི་ཅིག་ཤོད་ད། ད་ག་རེ་བྱས་ན་དོན་དམ་པའི་གྲུབ་འབྲས་འཐོན་ཀི་རེད།