ཨ་མདོ་རྔ་བ་ནས་དཔའ་བོ་ཁེར་རྒྱུག་བྱས་འདུག Posted on 2015-03-082015-03-08 By ཁ་བརྡ་ 6 Comments on ཨ་མདོ་རྔ་བ་ནས་དཔའ་བོ་ཁེར་རྒྱུག་བྱས་འདུག ཕྱི་ལོ་༢༠༡༥ ཟླ་༣ ཚེས་༨ ཉིན་གྱི་བོད་ནང་གི་ཕྱེད་ཡོལ་ཆུ་ཚོད་དང་པོ་དང་ཕྱེད་ཀའི་སྟེང་བོད་མདོ་སྨད་རྔ་བ་ཀིརྟི་དགོན་པའི་གྲྭ་དགེ་འདུན་ཕུན་ཚོགས། རང་ལོ་༡༨ ཡིན་པ་ཁོང་གིས་༸གོང་ས་མཆོག་གི་སྐུ་པར་ཆེན་པོ་ཞིག་ཁ་བཏགས་སེར་པོ་ཞིག་གིས་ལྕིབས་ཏེ་མགོ་ཐོག་ཏུ་འཕྱར་ནས་རྒྱལ་བ་རིན་པོ་ཆེ་”བོད་ལ་ཕེབས་འཇུག་དགོས། བོད་ལ་རང་དབང་དང་འདྲ་མཉམ་དགོས།“ ཞེས་སྐད་འབོད་གནང་བཞིན་རྔ་བ་རྫོང་མཁར་གྱི་གཞུང་ལམ་སྟེང་གོམ་བགྲོད་གནང་ཡོད་ཅིང་། ཅུང་མ་འགོར་བར་ཉེན་རྟོག་པ་འབྱོར་སྟེ་ཁོང་བཙན་ཁྲིད་བྱས་ཡོད་འདུག་ལ། རྗེས་ཀྱི་གནས་ཚུལ་ཤེས་ཐབས་མ་བྱུང་། ཁོང་ནི་རྔ་བ་རྫོང་གཅའ་ཡུལ་ཚོའི་ཕྱུགས་ལས་འགབ་མའི་ཕ་བཀྲ་རྒྱ་དང་། མ་རིག་གོ་གཉིས་ཀྱི་བུ་ཡིན་ཞིང་། ཆུང་ཆུང་སྐབས་ནས་རྔ་བ་ཀིརྟི་དགོན་པར་ཆོས་ཞུགས་བྱས་ཏེ་ལོ་སྔོན་མའི་ནང་སྔོན་འགྲོའི་འཛིན་གྲྭ་ཁག་མཐར་ཕྱིན་ཡོད་འདུག་པ་བཅས། བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་བློ་བཟང་ཡེ་ཤེས་དང་ཀ་ཉག་ཚེ་རིང་གཉིས་ཀྱིས། ཕྱི་ལོ་༢༠༡༥ ཟླ་༣ ཚེས་༨ ལ། གསར་འགྱུར།
བཙན་པོའི་སྟོབས་ནི་ཆེར་གྲགས་མོད།། ཁྲི་དམག་ཁྲི་དམག་ཐད་སོར་ལངས།། ད་ཆར་ཉམས་པར་ཆེར་གྲགས་མོད།། ཆིག་རྐྱང་ཁྲི་དམག་ཐད་སོར་བཞེངས།། གནའ་བོའི་དཔའ་རབས་རྡོ་ལ་བརྐོས།། ད་ལྟ་སབ་སིབ་འུར་ཀྱིས་སྒྲོགས།། ད་ཆར་དཔའ་བོའི་རྣམ་ཐར་དག ། གསེར་ལ་བརྐོས་ཀྱང་ཚིམ་པར་དཀའ།།
རྒྱལ་བ་རིན་པོ་ཆེ་རྒྱ་མི ་ལ་མ་ཐོབ་པ་བསྡད་ཡོད་རེད་། རྒྱལ་བ་རིན་པོ་ཆེ་རྒྱ་མི་རྩིས་སྤྲོ་འཆར་ཡིན་ནམ་། རྒྱ་མི་ཡོངས་རྫོགས་བོད་ནས་ཕར་ཕུད་དང་། དེ་ནས་རྒྱལ་བ་རིན་པོ་ཆེ་བོད་ལ་གདན་འདྲེན་ཞུས་དང་། ཕོ་ཁྱོ་ག་རེད་། བོད་ཡུལ་རྒྱ་མིའི་ཁེངས་ནས་རྒྱལ་བ་རིན་པོ་ཆེ་བོད་ཕེབས་མི་ཉན་ནོ་། ཆབ་སྲིད་ཤེས་ཀྱི་ཨ་ཡོད་། ཧ་ཧ་
རང་བཙན་ང་ཚོའི་ཐོབ་ཐང་རེད། ། དབུས་ལམ་ང་ཚོའི་རེ་བ་རེད། ། རྒྱ་བོད་ང་ཚོ་དབོན་ཞང་རེད། ། རྒྱ་གཞུང་བོད་མིའི་ཁ་གཏད་རེད། ། མའོ་ང་ཚོའི་དགྲ་རྙིང་རེད། ། ཞི་ཅིང་རེ་བ་བྱ་ས་རེད། ། རྒྱ་བོད་དགྲ་རུ་འཛིན་པ་ལས། ། བོད་རྒྱ་མཉམ་གནས་བྱས་ན་ལེགས། ། པཎ་ཆེན་གློད་གྲོལ་བཏང་ན་ལེགས། ། ༸རྒྱལ་དབང་བོད་ཕེབས་བཅུག་ན་ལེགས། ། ལོ་རྒྱུས་རྙིང་པ་བརྗེད་ན་ལེགས། ། ལོ་རྒྱུས་གསར་པ་མཐུན་ན་ལེགས། །
ཆབ་སྲིད་ཟེར་ན་གཡོ་རྒྱུས་རེད།། ཆོས་ལུགས་བྱེད་ན་སེམས་པ་སྐྱིད།། མི་རིགས་ཐོབ་ཐང་ཡོད་ན་བཟང་།། དམངས་ལ་རང་དབང་དགོས་ངེས་རེད།། རང་བཙན་དབུ་མ་མི་ཤེས་མོད།། བོད་མི་མཉམ་འཇོམས་བྱུང་ན་དགའ།། ཆོས་སྲིད་མངའ་ཐང་རྒྱས་ན་འདོད།། བོད་ཡུལ་ཡར་རྒྱུས་བྱུང་ན་སྙམ།། རྒྱ་བོད་མཐུན་སྒྲིལ་བྱུང་ན་ཡག། མི་རིགས་དབྱེ་འབྱེད་མེད་ན་བསམ།། རྒྱ་མིའི་འོག་ཏུ་མེད་ན་སྐྱིད།། མི་རིགས་འདྲ་མཉམ་ཡིན་ན་བཟང་།།
སྤྱིར་འགྲོ་ཤེས་འདུག་ཤེས་བྱས་ནས་བྱ་བ་གང་ཞིག་བྱེད་ཀྱང་སྐབས་དང་བསྟུན་ཤེས་རྒྱུ་ནི་མེད་དུ་མི་རུང་བའི་རྣམ་དཔྱོད་ཅིག་རེད། རང་བསྲེགས་གཏོང་བ་དེ་ཧ་ཅང་གི་ཐལ་དྲག་པའི་ཛ་དྲག་གི་བྱ་སྤྱོད་ཅིག་ཡིན་སྟབས་དེ་ལ་གྲུབ་འབྲས་ཤིག་མ་ཐོན་ན་ཤིན་ཏུ་ནས་བློ་ཕམ་དགོས་པའི་གནས་རེད། ཞི་བའི་རྔམ་སྟོན་ཁྲོམ་སྐོར་ནི་འོས་ཤིང་འོས་ལ་རྣམ་དཔྱོད་དང་ལྡན་པའི་ལས་ཤིག་ཀྱང་རེད། དེར་ནི་བརྒྱ་ཆ་བརྒྱ་ཐམས་པ་འཛམ་གླིང་མི་དམངས་ཀྱིས་རྒྱབ་སྐྱོར་ཀྱང་ཐོབ་ངེས་རེད། མ་ཧཱ་མ་གནྡིས་ཀྱང་ཟས་བཅད་ངོ་རྒོལ་གྲངས་མེད་ཅིག་བྱས་ཡོད་པ་བཞིན་བོད་ཀྱི་བླ་ཆེན་དཔོན་ཆེན་ཚོས་ཀྱང་ཟས་བཅད་ངོ་རྒོལ་མེད་དུ་མི་རུང་བ་རེད། འོན་ཀྱང་དེ་ལྟར་མི་བྱེད་པའི་རྒྱུ་མཚན་ནི་གང་ཡིན་ཤེས་མ་སོང་། ཡང་ན་ད་དུང་དུས་ལ་མ་བབས་པ་ཡིན་ཤས་ཆེ། དེ་མིན་༸་གོང་ས་མཆོག་གིས་ཀྱང་རང་བསྲེགས་གཏོང་མཁན་ཚོར་རྒྱབ་སྐྱོར་ཀྱང་བྱས་མེད་ལ་བཀགས་འགོག་ཀྱང་བྱས་མེད། འདི་ལ་བསམ་བློ་ཞིག་གཏོང་རྒྱུ་འདུག །
སྨྲ་ཤེས་དོན་གོ་བའི་ནང་ནས་རང་དང་གཞན། སྤྱི་དང་སྒེར་བཅས་ལས་གཞན་དང་སྤྱི་གཙོ་བོར་བྱས་པའི་ དཔའ་བོ་ནི། རིན་ཆེན་ལྟར་དཀོན་ཞིང་བརྙེད་དཀའ་བས། ཁེར་རྒྱུགས་མ་གཏོགས། ཚང་མར་སྙིང་སྟོབས་དེ་མེད་པས། མཉམ་རྒྱུགས་བྱེད་པ་དཀའ་ཙམ་གདའ། གུང་ཁྲན་ལ་སྨྲས་པ། གོ་མིན་ཏང་གིས་ཆན་ལུང་ཆམ་ལ་ཕབ། ། གུང་ཁྲན་ཏང་གིས་གོ་མིན་རྩ་རྫོགས་བྱས། ། རང་དབང་ཞི་བདེས་གུང་ཁྲན་འབུད་ལ་ཉེ། ། སྲིད་ལུགས་དེ་ལྟར་འཁོར་བ་དངོས་པོའི་གཤིས། །
བཙན་པོའི་སྟོབས་ནི་ཆེར་གྲགས་མོད།།
ཁྲི་དམག་ཁྲི་དམག་ཐད་སོར་ལངས།།
ད་ཆར་ཉམས་པར་ཆེར་གྲགས་མོད།།
ཆིག་རྐྱང་ཁྲི་དམག་ཐད་སོར་བཞེངས།།
གནའ་བོའི་དཔའ་རབས་རྡོ་ལ་བརྐོས།།
ད་ལྟ་སབ་སིབ་འུར་ཀྱིས་སྒྲོགས།།
ད་ཆར་དཔའ་བོའི་རྣམ་ཐར་དག །
གསེར་ལ་བརྐོས་ཀྱང་ཚིམ་པར་དཀའ།།
རྒྱལ་བ་རིན་པོ་ཆེ་རྒྱ་མི ་ལ་མ་ཐོབ་པ་བསྡད་ཡོད་རེད་།
རྒྱལ་བ་རིན་པོ་ཆེ་རྒྱ་མི་རྩིས་སྤྲོ་འཆར་ཡིན་ནམ་།
རྒྱ་མི་ཡོངས་རྫོགས་བོད་ནས་ཕར་ཕུད་དང་།
དེ་ནས་རྒྱལ་བ་རིན་པོ་ཆེ་བོད་ལ་གདན་འདྲེན་ཞུས་དང་།
ཕོ་ཁྱོ་ག་རེད་།
བོད་ཡུལ་རྒྱ་མིའི་ཁེངས་ནས་རྒྱལ་བ་རིན་པོ་ཆེ་བོད་ཕེབས་མི་ཉན་ནོ་།
ཆབ་སྲིད་ཤེས་ཀྱི་ཨ་ཡོད་།
ཧ་ཧ་
རང་བཙན་ང་ཚོའི་ཐོབ་ཐང་རེད། །
དབུས་ལམ་ང་ཚོའི་རེ་བ་རེད། །
རྒྱ་བོད་ང་ཚོ་དབོན་ཞང་རེད། །
རྒྱ་གཞུང་བོད་མིའི་ཁ་གཏད་རེད། །
མའོ་ང་ཚོའི་དགྲ་རྙིང་རེད། །
ཞི་ཅིང་རེ་བ་བྱ་ས་རེད། །
རྒྱ་བོད་དགྲ་རུ་འཛིན་པ་ལས། །
བོད་རྒྱ་མཉམ་གནས་བྱས་ན་ལེགས། །
པཎ་ཆེན་གློད་གྲོལ་བཏང་ན་ལེགས། །
༸རྒྱལ་དབང་བོད་ཕེབས་བཅུག་ན་ལེགས། །
ལོ་རྒྱུས་རྙིང་པ་བརྗེད་ན་ལེགས། །
ལོ་རྒྱུས་གསར་པ་མཐུན་ན་ལེགས། །
ཆབ་སྲིད་ཟེར་ན་གཡོ་རྒྱུས་རེད།།
ཆོས་ལུགས་བྱེད་ན་སེམས་པ་སྐྱིད།།
མི་རིགས་ཐོབ་ཐང་ཡོད་ན་བཟང་།།
དམངས་ལ་རང་དབང་དགོས་ངེས་རེད།།
རང་བཙན་དབུ་མ་མི་ཤེས་མོད།།
བོད་མི་མཉམ་འཇོམས་བྱུང་ན་དགའ།།
ཆོས་སྲིད་མངའ་ཐང་རྒྱས་ན་འདོད།།
བོད་ཡུལ་ཡར་རྒྱུས་བྱུང་ན་སྙམ།།
རྒྱ་བོད་མཐུན་སྒྲིལ་བྱུང་ན་ཡག།
མི་རིགས་དབྱེ་འབྱེད་མེད་ན་བསམ།།
རྒྱ་མིའི་འོག་ཏུ་མེད་ན་སྐྱིད།།
མི་རིགས་འདྲ་མཉམ་ཡིན་ན་བཟང་།།
སྤྱིར་འགྲོ་ཤེས་འདུག་ཤེས་བྱས་ནས་བྱ་བ་གང་ཞིག་བྱེད་ཀྱང་སྐབས་དང་བསྟུན་ཤེས་རྒྱུ་ནི་མེད་དུ་མི་རུང་བའི་རྣམ་དཔྱོད་ཅིག་རེད། རང་བསྲེགས་གཏོང་བ་དེ་ཧ་ཅང་གི་ཐལ་དྲག་པའི་ཛ་དྲག་གི་བྱ་སྤྱོད་ཅིག་ཡིན་སྟབས་དེ་ལ་གྲུབ་འབྲས་ཤིག་མ་ཐོན་ན་ཤིན་ཏུ་ནས་བློ་ཕམ་དགོས་པའི་གནས་རེད། ཞི་བའི་རྔམ་སྟོན་ཁྲོམ་སྐོར་ནི་འོས་ཤིང་འོས་ལ་རྣམ་དཔྱོད་དང་ལྡན་པའི་ལས་ཤིག་ཀྱང་རེད། དེར་ནི་བརྒྱ་ཆ་བརྒྱ་ཐམས་པ་འཛམ་གླིང་མི་དམངས་ཀྱིས་རྒྱབ་སྐྱོར་ཀྱང་ཐོབ་ངེས་རེད། མ་ཧཱ་མ་གནྡིས་ཀྱང་ཟས་བཅད་ངོ་རྒོལ་གྲངས་མེད་ཅིག་བྱས་ཡོད་པ་བཞིན་བོད་ཀྱི་བླ་ཆེན་དཔོན་ཆེན་ཚོས་ཀྱང་ཟས་བཅད་ངོ་རྒོལ་མེད་དུ་མི་རུང་བ་རེད། འོན་ཀྱང་དེ་ལྟར་མི་བྱེད་པའི་རྒྱུ་མཚན་ནི་གང་ཡིན་ཤེས་མ་སོང་། ཡང་ན་ད་དུང་དུས་ལ་མ་བབས་པ་ཡིན་ཤས་ཆེ། དེ་མིན་༸་གོང་ས་མཆོག་གིས་ཀྱང་རང་བསྲེགས་གཏོང་མཁན་ཚོར་རྒྱབ་སྐྱོར་ཀྱང་བྱས་མེད་ལ་བཀགས་འགོག་ཀྱང་བྱས་མེད། འདི་ལ་བསམ་བློ་ཞིག་གཏོང་རྒྱུ་འདུག །
སྨྲ་ཤེས་དོན་གོ་བའི་ནང་ནས་རང་དང་གཞན། སྤྱི་དང་སྒེར་བཅས་ལས་གཞན་དང་སྤྱི་གཙོ་བོར་བྱས་པའི་
དཔའ་བོ་ནི། རིན་ཆེན་ལྟར་དཀོན་ཞིང་བརྙེད་དཀའ་བས། ཁེར་རྒྱུགས་མ་གཏོགས། ཚང་མར་སྙིང་སྟོབས་དེ་མེད་པས། མཉམ་རྒྱུགས་བྱེད་པ་དཀའ་ཙམ་གདའ།
གུང་ཁྲན་ལ་སྨྲས་པ།
གོ་མིན་ཏང་གིས་ཆན་ལུང་ཆམ་ལ་ཕབ། །
གུང་ཁྲན་ཏང་གིས་གོ་མིན་རྩ་རྫོགས་བྱས། །
རང་དབང་ཞི་བདེས་གུང་ཁྲན་འབུད་ལ་ཉེ། །
སྲིད་ལུགས་དེ་ལྟར་འཁོར་བ་དངོས་པོའི་གཤིས། །