གནས་ཚུལ་མཁོ་སྤྲོད་པ། ཀ་ཉག་ཚེ་རིང་།
ཕྱི་ལོ་༢༠༡༤ ཟླ་༡ ཚེས་༡༣ ཉིན་གྱི་བོད་ནང་གི་ཕྱི་དྲོའི་ཆུ་ཚོད་དྲུག་དང་ཕྱེད་ཀ་ཙམ་ལ་རྔ་བ་རང་སྐྱོང་ཁུལ་རྔ་བ་རྫོང་གཅའ་རུ་བ་ཡུལ་ཚོའི་ཕྱུགས་ལས་གོང་མའི་ཕ་ཚེ་དཔག་དང་མ་ན་མེ་སྐྱིད་གཉིས་ཀྱི་བུ་བློ་བཟང་རྡོ་རྗེ། རང་ལོ་༢༥ ཙམ་ཡིན་པ་ཁོང་གིས་རྒྱ་གཞུང་གིས་བོད་ཐོག་འཛིན་པའི་སྲུད་བྱུས་ལ་ངོ་རྒོལ་སྐད་འབོད་གནང་བཞིན་སྐུ་ལུས་མེར་སྲེག་བཏང་ཡོད་ལ། གནས་ཚུལ་དེ་བྱུང་མ་ཐག་རྔ་བ་རྫོང་མཁར་དུ་སྔ་ས་ནས་གྲ་སྒྲིག་བྱས་ནས་ཡོད་པའི་རྒྱ་གཞུང་གི་ཉེན་རྟོག་པ་མང་པོ་འབྱོར་ནས་ཁོང་གི་ལུས་ལ་འབར་བཞིན་པའི་མེ་བསད་དེ་རླངས་འཁོར་ཆུང་ཆུང་སྒམ་ཤིང་ཅན་ཞིག་གི་ནང་དུ་བཞག་ཅིང་སྟེང་ལ་རས་ནག་པོ་ཞིག་བཀབ་ནས་བཙན་ཁྲིད་བྱས་ཀྱང་། སྐབས་དེར་ཁོང་གིས་མགོ་ཡར་བཀྱགས་ནས་ལག་གཉིས་ཐར་མོ་སྦྱར་ཡོད་ཀྱང་དེ་མ་ཐག་ཉེན་རྟོག་པས་མར་མནན་ནས་ཁྱེར་ཡོད་ནའང་། ད་ལྟའི་ཤི་གསོན་གྱི་གནས་སྟངས་དང་གང་དུ་ཡོད་མེད་སོགས་ཤེས་རྟོགས་མ་ཐུབ།
ཁོང་ཚང་ལ་མིང་སྲིང་བཞི་ཡོད་པའི་ཆེ་བ་བུ་མོ་དར་མཚོ་དང་། གཉིས་པ་བློ་བཟང་རྡོ་རྗེ་ཁོང་ཡིན་ཞིང་། གསུམ་པ་བུ་མོ་མེས་མེས། བཞི་པ་བུ་བཀྲ་ཤིས་བཅས་ཡིན་འདུག ལོ་ཤས་གོང་ཕ་མ་གཉིས་ཁར་གྱུར་ཡོད་འདུག བློ་བཟང་རྡོ་རྗེ་ཁོང་ཆུང་ཆུང་སྐབས་རྔ་བ་ཀིརྟི་དགོན་པར་གྲྭ་པ་བྱས་ནས་ལོ་ཤས་རིང་དགོན་པའི་ནང་བསྡད་འདུག་ཀྱང་རྗེས་སུ་སྐྱ་སར་བབ་རྗེས་ཨ་མ་དང་སྤུན་ཆུང་བ་བཀྲ་ཤིས་གཉིས་དང་མཉམ་དུ་མགོ་ལོག་དར་ལག་རྫོང་དུ་རླངས་འཁོར་འཁྲུད་སའི་ཚོང་ཁང་ཞིག་གཉེར་ནས་བསྡད་ཡོད་འདུག ཟླ་ཤས་གོང་ནས་ཕྱུགས་ལས་གོང་མར་ཡོང་ནས་ཕ་ཚེ་དཔག་དང་མཉམ་དུ་བསྡད་ཅིང་དེ་རྗེས་རྔ་བ་ཀིརྟི་དགོན་པའི་སྨོན་ལམ་ཆེན་མོར་མཇལ་དུ་ཡོང་འདུག ཁ་སང་བོད་ཚེས་བཅུ་བཞིའི་ཉིན་རྔ་བ་ཀིརྟི་དགོན་པའི་འཆམ་ལ་ཁེལ་ཡོད་པ་དང་སྔ་དྲོ་ཁོང་འཆམ་ལ་མཇལ་དུ་ཡོང་ཡོད་འདུག གནས་ཚུལ་དེ་བྱུང་ཙམ་ནས་རྔ་བ་རྫོང་མཁར་གྱི་གཞུང་ལམ་ཁག་དང་ལམ་གྱི་བཞི་མདོ་སོགས་དྲག་ཆས་ཉེན་རྟོག་པ་དང་དམིགས་བསལ་ཉེན་རྟོག་པ་མང་པོས་དམ་དྲག་ནན་མོ་བྱས་ཡོད་འདུག་པ་བཅས།
ཕྱི་ལོ་༢༠༡༤ ཟླ་༢ ཚེས་༡༤ ལ།
དགྲ་བོ་རྒྱ་དམར་ཚང་། ང་ཚོས་རིག་ཡོད། ང་ཚོས་གོ་ཡོད།
དགྲ་བོ་རྒྱ་དམར་ཚང་། ང་ཚོའི་སེམས་ཀྱི་རྨ་ཁ་ལ། ཁྲག་གི་ཐིགས་པ་ཡོད།
དགྲ་བོ་རྒྱ་དམར་ཚང་། མེ་ལྕེ་ཡི་བཙན་ཁ་ན། ཆོད་སེམས་ཀྱི་དམ་བཅའ་ཡོད།
ཡུལ་དེ་ན་ང་རང་ཚོར་ཐར་ས་མེད་རུང་།
གནས་དེ་ན་ཁྱེད་ཚོར་འདུག་ས་མེད།
ལོ་རྒྱུས་ཡོད་ལ། བདེན་པ་རྩོད་བཞིན་ཡིན།
དགྲ་བོ་རྒྱ་དམར་ཚང་། མེ་ལྕེ་ཡི་བཙན་ཁ་ན། ཆོད་སེམས་ཀྱི་དམ་བཅའ་ཡོད།
དག་པའི་ཞིང་ཟེར་བའི་སྐྱེ་ས་ཞིག་ཡོད་ན། དཔའ་བོ་མེ་འབར་ཁྱོད་ཚོ་མྱུར་དུ་དེར་སྐྱེ་བར་ཤོག ཡང་བསྐྱར་ཀླ་ཀློས་བཟུང་བའི་མུན་ནག་གི་བོད་འདིར་མི་སྐྱེ་བར་སྨོན། རྒྱུ་མཚན་ཁྱེད་ཅག་གིས་ཡང་ཡང་སྡུག་བསྔལ་དེ་མྱོང་མི་དགོས་པའི་ཆེད་དུའོ།
ཡང་ཡང་སྡུག་བསྔལ་མི་མྱོང་ཕྱིར། ཀླ་ཀློའི་དབང་འོག་མི་སྐྱེ་བར།
བདེ་བ་ཅན་གྱི་དག་ཞིང་དུ། དཔའ་རྒོད་ཁྱེད་ཅག་མྱུར་སྐྱེ་ཤོག
འདི་ཡང་སྨོན་ལམ་ཆེན་མོའི་ཁ་སྣོན་སྨོན་ཚིག་ཏུ་འདོན་རོགས།
འདས་སོང་གི་ལོ་ཟླའི་ནང་མེར་བསྲེགས་མཁན་ཡོངས་ལ་ཁྱད་ཆོས་ཤིག་ཡོད་པ་ནི་མིན་ན་ལོ་ཆུང་གྲྭ་བ་རེད། མིན་ན་གྲྭ་ལོག་རེད། མིན་ན་རིག་གནས་ཀྱི་ཡོན་ཚད་དམན་ཞིང་བསམ་བློ་ནར་མ་སོན་པའི་གཞོན་སྐྱེས་བསམ་མེད་ཚོ་རེད། གནའ་དེང་ཕྱི་ནང་གི་གནས་ཚུལ་ཤེས་མཁན་ཞིག་ཡིན་ན་རང་བསྲེགས་མི་བྱེད་ཐག་ཆོད་རེད། མདོར་ན་ཁོང་ཚོ་ཐལ་མོ་བར་གྱི་འབུ་སྦྲང་གི་དཔེ་རུ་སོང་འདུག་སྟེ། འུར་ལངས་ཧོལ་རྒྱུགས་ལ་དགའ་ཞིང་གནས་ལུགས་ཅི་ཡང་མི་ཤེས་པའི་བྱིས་པ་བསམ་མེད་བརྒྱ་ཕྲག་ལྷག་གི་རང་ལུས་མེར་རུ་བསེགས་པ་འདི་དོན་དངོས་ཐོག་སུ་ཞིག་གིས་འགན་ཁུར་དགོས་མིན་ལ་བསམ་བློ་ཞིབ་ཏུ་གཏོང་རན་རེད། སུ་ཞིག་གིས་ཅི་དང་གང་ཞིག་གི་ཆེད་དུ་དཀྲོག་གཏམ་དང་འཆལ་གཏམ་ཉོག་གཏམ་བཤད་པའི་མཇུག་འབྲས་མིག་གི་མཐོང་གསལ་འདི་ཡིན་ན། གཞན་གྱིས་ལུས་བསྲེགས་ན་སྣ་ལམ་ལ་གཞོབ་དྲི་འཐུལ་མི་འོངས་ནའང་ཅི་མི་སྙམ་པར་བསྡད་འདུག་པའི་ཏིང་འཛིན་གྱི་སེམས་དེ་འདྲ་ཅི་ལྟར་ཐུབ་སོང་ངམ། མདོར་ན་ཁ་གསོན་པའི་ནང་ནས་གང་དྲན་དྲན་དུ་ཆེན་པོ་ཆེན་པོ་ཞིག་བཤད་ནས་མི་སྡོད་པར།རང་བསྲེགས་ཀྱི་རྒྱུ་རྐྱེན་དང་མཇུག་འབྲས། དེའི་འོས་འགན་ངོ་མ་སུས་ཐོགལ་འབབ་མིན་ལ་བསམ་བློ་ཞིབ་པར་བཏང་སྟེ། གསར་སྐྱེས་ཀྱི་ཚེ་སྲོག་རེ་རེ་ཆུད་ཟས་སུ་མི་འགྲོ་བའི་ཐབས་ལ་རེམ་རྒྱུ་གལ་ཆེན་རེད་ཡ། ཨ་ལྟས་ངན་ཚོ། ད་ལྟད་མོར་བལྟས་ནས་ཁྱི་ལབ་རྒྱབ་ནས་འདུག་རན་མ་རེད།