ཨ་མདོའི་སྐད་ཐོག་གསུང་འགྱུར་བྱས་པ་འདི་ཞེ་དྲག་ཡག་པོ་བྱུང་ཞག ཨ་མདོ་ཙམ་མ་ཡིན་པའི་བོད་རིགས་གཞན་ལའང་ཨ་མདོའི་སྐད་སྦྱོང་རྒྱུར་ཕན་ཐོགས་ཡོང་བ་འདུག ང་ཚོ་ཆོལ་ཁ་གསུམ་གྱི་བོད་རིགས་ཡོངས་རྫོགས་ནས་སྐད་རིགས་ཕན་ཚུན་སྦྱོང་རེས་བྱས་ན། ཆོལ་གསུམ་སོ་སོའི་སྐད་རིགས་མི་ཉམས་རྒྱུན་འཛིན་ཐོག སྤྱི་སྐད་ཐུན་མོང་བ་ཟེར་བའི་རྙོག་ཁྲ་ཚ་པོ་དེ་ཡང་དགོས་དོན་ཡོད་མ་རེད། ངས་ནི་ཨ་མདོའི་སྐད་དེ་ཕལ་ཆེར་གོ་གི་འདུག ཐུགས་རྗེ་ཆེ། གཅིག་བརྗེད་འདུག སྐུའི་ན་བཟའ་ལ་བལྟས་ན་དཔར་དེ་གཡས་གཡོན་ནོར་འདུག
༡ མི་འབོར་གྱི་དབང་དུ་བྱས་ན། མདོ་སྟོད་སྨད་གཉིས་སུ་མི་གྲངས་ས་ཡ་བཞི་མ་ཟིན་ཙམ་ཡོད་རེད་དྲན། ༧གོང་ས་མཆོག་གི་བཀའ་སློབ་རྣམས་ཁོང་ཚོའི་བགོ་སྐལ་དུ་འཇོག་ཆེད། དབུས་སྐད་ནས་ཨ་མདོའི་སྐད་དུ་བསྒྱུར་བ་འདི་གལ་ཆེར་མཐོང་། ཁམས་སྐད་དུ་ཡང་དེ་ལྟར་དགོས་རྒྱུ་རེད་དྲན། དེ་གཅིག་ཡིན། ༢ སྐད་བསྒྱུར་གྱི་སྐབས་སུ། ཨ་མདོའི་སྐད་ཀྱི་གོ་བ་རྒྱག་སྟངས་དེ་ལ་ཡང་བསམ་བློ་གཏོང་དགོས་རེད་དྲན། གོང་གི་འགྱུར་འདིའི་ཁོངས་སུ། སྐད་ཆ་དུམ་བུ་ཁ་ཤས་ཤིག་གི་གོ་དོན་འཆོལ་འགྲོ་གི་འདུག དེ་ལ་གཟབ་ནན་བྱེད་དགོས་ཀྱི་འདུག དཔེར་ན། གོང་དུ་སྐད་བསྒྱུར་བས། ཨ་མདོའི་སྐད་དུ། “ཆོས་དེ་ད་བེད་སྤྱད་ཟེར་ན་མ་རེད། ཉམས་ལེན་ཟེར་ན་མ་རེད། ད་དུ་མོ་ཞིག་ཡིན་ནི་རེད།” བརྗོད་པ་འདིའི་ནང་གི། “ད་དུ་མི་ཞིག་ཡིན་ནི་རེད”་ཟེར་བ་འདིར་གོ་བ་ལེན་སྟངས་ལ་བསམ་བློ་གཏོང་སྟངས་ཀྱི་འདུག ཨ་མདོའི་སྐད་དུ། “ད་དུ་མོ་ཞིག་ཡིན་ནི་རེད་”ཟེར་ན། གལ་ཆེ་ཆུང་གི་ཚད་གཞི་རྒྱག་སྟངས་ག་འདྲ་རེད། འདི་ཚོར་ཡང་བསམ་བློ་གཏོང་དགོས་ཀྱི་འདུག ༣ སྐད་བསྒྱུར་བས་བརྗོད་པའི་ཚིག་ཕྲད་དེ་ཚོའི་རིགས། ཡིག་སྐད་ཀྱི་ནང་ལ་བརྗོད་ཐུབ་ན་དགེ་མཚན་ཆེ་བར་མཐོང་། སྐད་བསྒྱུར་བས་ཁ་སྐད་གཙོ་ཆེར་བཟུང་འདུག་ ད་དུང་དབུས་སྐད་ཀྱང་ཁ་ཤས་ཤིག་ཤོར་འདུག དཔེར་ན། “ཧ་ཅང་དགའ་ནི་ཡིན་པེ་”ཟེར་བ་ལྟ་བུ། ཁ་སྐད་འདི་ཨ་མདོའི་ཡུལ་ལུང་སོ་སོར་ཡང་འདྲ་གི་མ་རེད། དཔེར་ན། ཨ་མདོ་རྨ་ཆུའི་ཁ་སྐད་དེ་རེབ་གོང་ནས་མི་གོ གནས་སྐབས་ལ་དེ་ཙམ་ཡིན།
གང་འཚམས་ཡག་པོ་བྱུང་འདུག སྐད་བསྒྱུར་བྱས་དུས་ཏོགཙམ་རེ་ནོར་འཁྲུལ་ཤོར་འདུག་མོད། ནོར་འཁྲུལ་ནི་དགེ་མཚན་དང་མཉམ་དུ་འགྲོ་བཞིན་ཡོད་སྟབས། ཏོག་ཙམ་རེ་ཡོང་སྲིད་པ་ཞིག་རེད། དེ་ཡང་ད་དུང་རྗེས་ཕྱོགས་ཕལ་ཆེར་ཉམས་མྱོང་གི་ཐོག་ནས་བཅོས་བསྒྱུར་བྱ་རྒྱུ་རེད་བསམ་ཡོད། བརྙན་པར་འཇོག་སྟངས་དེ་ནོར་ཡོད་ས་རེད། དེ་ལམ་སེང་བཅོས་སྒྱུར་བྱས་ནས་ཡག་ས་རེད།
ད་སྡེ་གི་བླ་མས་གསུངས་ཐ་ཟེས་ནོ། །དུ་ནས་སྡེ་གི་སྐད་སྒྱུར་གི་ར་ཨོ་བསྒྱུར་ཐ་ཟེར་ནོ། །ཨོ་ད་ཉན་གི་ཉན་གི་རྒྱལ་བ་རིན་པོ་ཆེས་གསུང་གོ་ནི་འདྲ་འདྲི། ཡང་སྦྲ་ནག་བརྩོན་འགྲུས་ཀི་བཤད་གོ་ནི་འདྲ་འདྲི། ཨོ་ད་ཆི་ཟིག་ཟེས་ན་ད་ཧྲ་གི་ཟེར་ནོ། །བླ་མའི་གསུང་དུ་སློབ་མས་གོ་དགོ་ནི་རེད་ཟེར་ནོ། །བླ་མའི་གསུང་དུ་སློབ་མས་མ་གོ་ན། ཨོ་ད་ཅིག་ཅིག་ཨོ་བརྒྱལ་རེད་ཟེར་ནོ། ཨོ་ད་འདི་མོ་ཟིག་ཡིན་ཡ།
བརྙན་དཔར་འདི་འཇོག་སྟངས་ནོར་བསྡད་འདུག་པ་མངོན་སུམ་རེད། གང་མགྱོགས་བརྗེ་ཐུབ་ན་ཡག་པོ་འདུག དུས་བབ་དྲ་རྒྱ་ན་བཟོ་བཅོས་རྒྱབ་ཚར་འདུག གང་ལྟར་ལས་གཞི་འདི་ལ་རྗེས་སུ་ཡི་རངས་ཡོད།
༰༊༧གོང་ས་མཆོག་གིས་བོད་སྐད་མ་སྐྱོན་པ་རེད་དམ། བོད་མིས་བོད་སྐད་མ་གོ་བ་རེད། བོད་པ་དང་བོད་པའི་བར་ལ་སྐད་སྒྱུར་ཅིག ངས་ནི་ཡུལ་ལུང་བྱེ་བྲག་པའི་སྐད་ལ་སྣང་བ་ཁྱོན་ནས་འགྲོ་གིན་མིན་འདུག འདིས་ང་ཚོ་གཅིག་འགྱུར་ལ་གནོད་སྐྱེལ་གིན་འདུག དེ་མིན་རྒྱུ་མཚན་མེད།
༧མགོན་པོ་མཆོག་གི་གསུང་བསྒྱུར་གནང་བར་སེམས་གཏིང་ནས་བཀའ་དྲིན་ཆེ་་་་སྦྲ་ནག་བརྩོན་འགྲུས་ལགས། ག་ལེར་ཡར་རྒྱས་སུ་འགྲོ་བའི་རེ་བ་ཡོད་་་ཤུགས་རེ་བྱོས་་་་བུ་རྒོད་པོ།
ཨ་མདོ་སྐད་དང་བོད་སྐད་ནན་གྱིས་སོ་སོར་ཕྱེ་བཞིན་པ་འདིས། རྒྱ་རྒན་ཚོས་ཨ་མདོ་དང་ཁམས་ཕྱེད་ལྷག་བོད་མ་ཡིན་པར་ཟུར་དུ་བཀར་བའི་རྒྱབ་སྐྱོར་དུ་འགྲོ་གིན་འདུག དཀོན་མཆོག་གསུམ། བོད་མིའི་སྐྱིད་སྡུག་མཉམ་མྱོང་རྒྱལ་གྱུར་ཅིག
དབུས་སྐད་དང་ཨམ་སྐད་གཉིས་ཀྱི་བར་ཐག་འདི་ནི་ཡིག་སྐད་དང་ཁ་སྐད་ཀྱི་ཁྱད་པར་དང་འདྲ་བར་སྣང་ཆུང་གཏན་ནས་བྱེད་མི་ཐུབ་ཅིང་གཅིག་གྱུར་ཡང་བྱེད་རྒྱུ་ལས་སླ་བོ་མེད་པ་ཞིག་རེད། འདི་འདྲའི་དུས་ཚོད་ཅིག་ལ་གོང་ས་མཆོག་གིས་དབུས་སྐད་དུ་གསུངས་པའི་བཀའ་སློབ་ཁག་ཨམ་སྐད་དང་ཁམས་སྐད་དུ་སྒྱུར་རྒྱུ་ནི་ཧ་ཅང་གལ་ཆེན་ཞིག་རེད། སྐད་སྒྱུར་ཞེས་པའི་མིང་ཚིག་འདི་ནི་མི་རིགས་མི་འདྲ་བའི་སྐད་རིགས་མི་འདྲ་བ་དང་མི་རིགས་གཅིག་དང་སྐད་རིགས་གཅིག་ཡིན་ཡང་སྐད་གདངས་འདོན་ལུགས་མི་འདྲ་བའི་རིགས་ལ་ཡང་སྦྱོར་དུ་བཏུབ་པ་ཞིག་ལོས་ཀྱང་ཡིན།
སྐད་གདངས་ཡིན་མདོག་ཁ་པོ་ཞིག་འདུག འོན་ཀྱང་མཚམས་རེ་ཨམ་སྐད་གཙང་མ་རང་ཨེ་ཡིན་ན་བསམ་པ་ཞིག་རེད། འོན་ཀྱང་ཡར་རྒྱས་འགྲོ་བའི་རེ་བ་ཡོད། སྤྱིར་བཏང་ཧ་ཅང་ཡག་པོ་འདུག
སྐད་དེ་ངོ་མ་ཡིན་མདོག་ཁ་པོ་ཞིག་བསྒྱུར་འདུག འོན་ཀྱང་མཚམས་རེ་ཨམ་སྐད་གཙང་མ་རང་ཨེ་ཡིན་ན་སྙམ་པ་དེ་འདྲ་འདུག འོན་ཀྱང་རྗེས་ཕྱོགས་སུ་ཡར་རྒྱས་ཡོང་བའི་རེ་བ་ཡོད།
ཨམ་སྐད་སྙན་མོ་ཞིག་བསྒྱུར་ཡོད་པ་འདྲ། འོན་ཀྱང་མགོན་པོ་གང་གི་ཞལ་གསུང་དྲི་མ་མེད་པ། བྱིན་རླབས་ཀྱི་ཚན་ཁ་ཅན་པོ་དེ་ཉན་རྒྱུ་བཀག་འགྲོ་གི་རེད། དེ་ལས་ཕངས་པ་ཞིག་ཅི་ཨེ་ཡོད་ན། ང་ནི་༸གོང་ས་མཆོག་གི་གང་གསུང་པ་དེ་ཉན་རྒྱུ་བྱུང་ན་འདོད་པ་ཚིམས་འགྲོ་གི་འདུག དབུས་སྐད་ཀྱང་ཕྱེད་ཀ་མ་གཏོགས་གོ་མི་ཐུབ།
ཀླུ་སྨྱོན་ལྟར་བྱས་ན་༧གོང་ས་མཆོག་གིས་བོད་སྐད་མ་ཡིན་པའི་སྐད་ཐོག་གསུངས་བཤད་གནང་སོང་ཟེར་རམ། སྤྱིར་མདོ་དབུས་ཁམས་གསུམ་སོ་སོ་ལ་སྐད་མཐོ་དམན་མི་འདྲ་བ་ཇི་སྙེད་ཅིག་ཡོད་པ་ལས་རང་སོ་སོའི་སྐད་ཚད་མཐོ་ཤོས་དེ་ལ་བོད་སྐད་དམ་ཡིག་སྐད་ཅེས་བརྗོད་འོས། དེ་ནི་ང་ཚོས་བོད་ཀྱི་རིག་གཞུང་། བོད་ཀྱི་སྐད་ཡིག་ཅེས་ཤུགས་རྒྱག་ས་དང་བསྲུང་བྱ། སྤེལ་བྱ། མདོ་དབུས་ཁསམ་གསུམ་གོང་བུ་གཅིག་ཏུ་སྒྲིལ་བྱེད་ཀྱི་ཐག་པ་དེ་རེད་མོད། ཡིན་ནའང་ཨམ་མདོ་བྱི་ལི་ཚོས་ཡི་གེ་ཀ་ཀོར་རེ་བྲིས་ཤེས་པའི་ང་རྒྱལ་གྱི་ཨ་མདོའི་ཚད་གཞི་དམན་པའི་སྐད་རྩལ་འདོན་བྱེད་ཀྱིན་འདུག་པར་ངོ་རྒོལ་ཡོད། སྤྱིར་ངས་མཐོང་སྣང་ལྟར་ན་མདོ་སྨད་པ་སྨྱུ་གུ་འཆང་མཁན་གྱིས་བོད་མིའི་སྨྱུག་ཐོགས་པ་བ་རྒྱ་ཆ་་ལྔ་བཅུ་ལྷག་ཟིན་པ་འདྲ་འདུག་པས་ཁོང་རྣམས་བོད་མིར་མཚོན་ན་གལ་ཆེན་ཞིག་རེད་འདུག བོད་མིའི་སྤྱིའི་གཤིས་ཀ་ལྟར་སྤྱི་ལས་བྱེ་བྲག་གལ་ཆེན་འཛིན་པའི་བསམ་སྤྱོད་འདི་ཆེས་མི་འོས་ཤིང་མི་རུང་བ་རེད། ད་དུང་དྲ་གྲོགས་ཁ་ཤས་ཀྱི་སློབ་སྟོན་དུ་ཁ་སྐད་དེ་བྲིས་ན་ཕན་ཡོན་ཆེ་ལུགས་བརྗོད་སོང་། ཁོང་རྣམ་པའི་བསམ་བློ་སྐྱོན་ཅན་རེད་བརྗོད་མི་ཐུབ་སྟེ་བརྗོད་བྱ་དེར་ངས་ངོས་ལེན་བྱ་མི་ཐུབ། ང་ནི་བོད་དབུས་གཙང་གཉིས་ཀྱི་ནང་ནས་གཙང་པ་ཞིག་ཡིན། ཡིན་ནའང་གཙང་པའི་ཐུན་མིན་སྐད་དེ་མི་ཤེས་ལ་ཤེས་ཀྱང་མི་འདོད། ཅིའི་ཕྱིར་ན་སྐད་དེས་བོད་སྐད་དམ་མདོ་དབུས་ཁམས་ཚང་མས་གོ་ཐུབ་པའི་སྐད་དེ་ལ་སྒྲིབ་པས་སོ།།
༧གོང་ས་མཆོག་གི་གསུང་དེ་བོད་སྐད་ལ་སྒྱུར་ཐུབ་མཁན་ཡོད་ན་སྐུ་མཁྱེན་གསུང་དེ་སྒྱུར་རོགས་གནང་དང་། སྐུ་ཡོན་མི་ཆུང་བ་ཞིག་འབུལ་ངེས་ཡིན། ཅིའི་ཕྱིར་ན་༧གོང་ས་མཆོག་གི་གསུང་ཉན་འདོད་པའི་བོད་པ་མང་རབས་ཞིག་འདུག་པས་སོ།།
༧གོང་ས་མཆོག་ནས་ལོ་འགའི་སྔོན་བཀའ་སློབ་ཞིག་ཕེབས་སོང། དེ་ངས་གསལ་པོར་ངེས་ཀྱི་འདུག ཁོང་གིས་གསུངས་དོན། སྔོན་མ་བོད་ཀྱི་སྐྱེས་ཆེན་དམ་པ་རྣམས་དང་མཁས་པ་ཚོས་བརྩམས་པའི་གཞུང་ལུགས་དག་མདོ་དབུས་ཁམས་གསུམ་གྱི་མི་སུ་འདྲ་ཞིག་གིས་བཀླགས་ཀྱང་གོ་བདེ་སྤྱོད་བདེ་ཞིག་འདུག དཔེར་ན་ཨ་མདོའི་མཁས་པ་ཚོས་བརྩམས་པའི་གཞུང་ཞིག་ཡིན་ན་དབུས་ཀྱི་མི་ཚོས་གོ་ཚོད་ཀྱི་རེད། ཅེས་གསུངས། རྒྱུ་མཚན་དེར་བསམ་ན། ཡིག་སྐད་མ་གོ་བ་དང་མདོ་དབུས་ཁམས་གསུམ་གྱི་སྐད་ལ་དཀའ་ངལ་འདུག་གསུངས་ན་ཏོག་ཙམ་སོ་སོ་རང་ཉིད་ཀྱི་འབད་རྩོལ་ལ་རང་ལུས་ཡོད་ས་རེད། ང་རང་ལ་དཀའ་ངལ་མིན་འདུག
བོད་པ་བོད་པའི་བར་ན་སྐད་སྒྱུར་ཅིག་དགོས་འདུག ། ཁ་བརྡར་ཁ་བརྡ་གླེང་བར་སྐད་གཞན་ཞིག་དགོས་འདུག ། བག་ལེབ་བག་ལེབ་གླེང་མཁན་མང་པོ་ཞིག་འདུག་སྟེ། ། ར་སྐད་ལུག་སྐད་རྒྱབ་ནས་བོད་སྐད་དེ་སྨད་འདུག །
ཡག་པོ་བསྒྱུར་འདུག། ཐེང་དང་པོ་ཡིན་པའི་དེར་ཞན་ཆ་ཡོད་སྲིད་། འོན་ཀྱང་གསུང་བསྒྱུར་མཁན་དང་བཤད་མཁན་གཉིས་ཀྱིས་ཆ་ནས་ཤུག་རྒྱག་རྒྱུ་དང་། མི་འཐུད་རྒྱུ་ནི་ཤིན་དུ་ནས་གལ་ཆེ། མེ་ཏོག་དཀར་བས་འདི་ཐད་ལ་ངོ་རྒོལ་བྱེད་གིན་ཡོད་པས། དེ་དག་ལ་བསམ་ཚུལ་ཞིག་ཞུས་ན་འདོད་། གོང་ས་མཆོག་གིས་བཀའ་དགོང་དེ་བོད་ས་ཡོང་རྫོགས་ནས་གོ་བ་ལེན་ཐུབ་རྒྱུ་ནི་ཁོང་གི་ཐུགས་དགོང་ཀྱང་ཡིན་པར་འདོད། རྒྱ་མཚན་ཞིག་འབུལ་། ༢༠༠༥་ལོའི་སྤྱི་ཟླ་༡༢་ནང་་ཨྰ་མར་བ་ཏེར་དུས་མཁོར་དབང་ཆེན་ཐེང་༣༠་གསུང་སྐབས་ཁོང་གིས་ “ཁར་སང་ནས་ཨམ་མདོའི་སྐད་ཐོག་ལ་། སྐད་བསྒྱུར་བྱེད་མཁན་ཞིག་གྲ་བསྒྲིགས་བྱེད་རྒྱ་བྱས་པ་ཡིན་པ་། དེ་ག་པ། འོ་ ཕུ་གེ་ཕུ་་གེ། ཡ་ད་ཁྱེད་རང་ཚོ་ཨམ་ཅོག་ལྒང་ལ་གོན་ཡ་དེ་གོན་ནས། ཡག་པོ་བྱས་ནས་ཉན་འ། ངའི་ཨམ་མདོ་སྐད་བརྗེད་ཚར་ནས་ད་ཡོད་པ་མ་རེད་། གཅིག་རང་གཅིག་ལྷག་འདུག་། དེ་། འདི་མོ་ཟིག་ཡིན་ན་ཧྲ་གི་། ཧྲ་གི་ཧྲ་གི་། ཞེ་གི་ཧྲ་གི་།” ཞེས་བ་གསུང་བ་དེ་ཐུག་ལ་དྲན་ནམ། ཁྱོད་དེ་དུས་དེ་ན་བཞུགས་སམ། ལས་དོན་འདི་དེ་དུས་མགོ་ཚུག་པ་ཞིག་རེད་། སྤྱིར་ན་ང་ཚོ་བོད་ལ་། མདོ་དབུས་ཁམས་གསུམ་གྱིས་སྐད་འདང་མི་འདྲ་བ་གསུམ་ཏུ་ཕྱེ་རྒྱ་ཡོད་པ་དེ་ནི་བོད་རྒྱལ་ཁབ་ཆེན་པོའི་ཁྱད་ཆས་ཡིན་པར་འདོད་། གོམ་པ་ཆུང་ཆུང་ཞིག་ལས་རྒྱག་མི་ཐུབ་ཀྱང་མིག་གི་རང་ལ་ལྟོས་། དགོང་པ་ཆེ་ས་ནས་གཞེས་།
སྐད་བསྒྱུར་བས་དངོས་ནས་ཡག་པོ་དང་། ཧ་ཅང་འདྲ་བོ་ཞིག་བསྒྱུར་འདུག་པས། སྐབས་རེར་དངོས་ནས་༧ གོང་ས་མཆོག་གིས་དངོས་སུ་ཨམ་སྐད་ཀྱི་ལམ་ནས་གསུངས་པ་མིན་ནམ་སྙམ་པའི་ཚོར་སྣང་ཞིག་ཀྱང་སྟེར་ཀྱིན་འདུག ༧ གོང་ས་མཆོག་གི་བཀའ་སློབ་དང་གསུང་ཆོས་གང་མང་མང་ཞིག་གོང་ལྟར་ཨམ་སྐད་ནང་བསྒྱུར་ཐུབ་ཚེ། དབུས་སྐད་ཁྱོན་ནས་ཐོས་མྱོང་མེད་པ་དང་། ཐོས་མྱོང་ཡོད་ཀྱང་བདེ་བླག་ངང་ཐོས་དོན་མི་རྟོགས་པའི་ཨ་མདོ་བ་གང་མང་ཞིག་ལ་ཕན་ཐོག་རྒྱ་ཆེན་པོ་འབྱུང་བ་མ་ཟད། ཁོང་ཚོར་༧ གོང་ས་མཆོག་གི་གསུང་སྐད་དངོས་སུ་ཐོས་པ་ལྟ་བུའི་ཚོར་སྣང་ཁྱད་པར་ཅན་འབྱུང་ངེས་རེད་སྙམ་པ་བྱུང་། སྐད་བསྒྱུར་བས་༧ གོང་ས་མཆོག་གི་གསུང་གི་ཉམས་འགྱུར་དང་མཐུན་པར་བསྒྱུར་རྒྱུའི་ཐད་འབད་བརྩོན་མི་དམན་པ་དང་། ཨ་མདོའི་སྤྱི་སྐད་དང་མཐུན་པར་བསྒྱུར་རྒྱུའི་ཐད་ལ་ཡང་གང་ཐུབ་འབད་པ་བྱེད་རྒྱུའི་རེ་བ་ཡོད།
ངའི་ལས་གཞི་འདི་དགོས་མིན་ད་དུང་ཐེ་ཚོམ་དུ་ལུས་ཡོད་གང་ཡིན་ཟེར་ན་་་འཇིག་རྟེན་གྱི་གཏམ་དཔེར་མཁས་པའི་བཤད་ན་ཇི་ཡང་བདེན་ཟེར་བ་ལྟར་ང་རང་བླུན་པོ་ཆུ་སྣ་གར་འདྲེན་ཟེར་སྲོལ་ལྟར་ཡིན་སྲིད་ཀྱང་་་སྤྱིར་༧ གོང་ས་མཆོག་གི་གསུང་དྲི་མ་མེད་པ་ཚངས་བའི་དབྱིངས་དངོས་་་བོད་མི་ངོ་རེ་ནས་ཉན་ཐུབ་ན་སྐལ་བཟང་དེ་ཚད་མེད་པ་དང་། ཁོང་གི་བཀའ་གསུང་ལ་སོགས་པ་ཡོད་ཚད་ཆོལ་གསུམ་རེ་རེའི་ལུང་སྐད་དུ་བསྒྱུར་ན་བོད་གངས་ཅན་པའི་ཕུ་ནུ་མང་སྲང་ཚོའི་ནང་ཕན་ཚུན་སྐད་བརྡ་མི་གོ་བའི་དཀའ་ངལ་དེ་ཆེ་རི་འགྲོ་སྲིད། ད་ལྟ་ང་ཚོའི་བོད་མའི་ནང་ཕན་ཚུན་སྐད་མི་གོ་བའི་དཀའ་ངལ་ཡོད་པ་ད་ལོའི་ཡུལ་ཤུལ་དུ་ས་ཡོམ་གྱི་གནོད་འཚེ་བྱུང་སྐབས་མིག་མཐོང་ལག་ཟིན་དུ་གྱུར་ཡོད ། གང་ལྟར་ལོ་ཙཱ་བའི་ལྷག་བསམ་ལ་སྔགས་བརྗོད་བྱེད་རྒྱུ་ཡིན ། སྤྱིར་ཨམ་སྐད་དུ་བསྒྱུར་ན་ལུང་ཚན་བྱེ་བྲག་པའི་སྐད་མ་ཡིན་པར་ཨ་མདོའི་སྤྱི་སྐད་དུ་བསྒྱུར་ན་ལེགས །
but i never accept with you guys. if you write in your local language. Who will write and talk in Tibetan language …
གླེན་བཤད་པ་དག་དང་ཡིག་རྨོངས་བ་དག་གིས་ཉོན་ཨ། མང་པོ་ཞིག་གིས་གླེན་བཤད་བྱེད་ཀྱིན་འདུག སྤྱི་སྐད་དགོས་པས་ཨམ་སྐད་སོགས་ལུང་ཚན་སྐད་ལ་བསྒྱུར་ན་ཡག་པོ་མི་འདུག་ཟེར། འོ་ན་དབུས་སྐད་ལུང་ཚན་སྐད་མ་ཡིན་ནམ། བོད་ལ་གཅིག་གྱུར་ཏུ་ཡོད་པའི་བརྡ་སྤྲོད་པའི་གཞུང་ལུགས་ཀྱིས་སྤྱི་སྐད་གཏན་འབེབ་བྱེད་དགོས་པ་ལས་དབུས་སྐད་སྤྱི་སྐད་དུ་འཛིན་པ་དེ་ནི་ཡིག་རྨོངས་པ་དག་གི་བཤད་སྟངས་རེད། དེ་གཅིག་ཡིན། གཞན་ཨམ་སྐད་དུ་བསྒྱུར་བ་དེ་ཧ་ཅང་ཡག་པོ་རེད། ཡིན་ནའང་འདི་ལ་སྐད་སྒྱུར་དང་ཡིག་སྒྱུར་གཉིས་ཡོད་ལ། དེ་ལའང་དངོས་ཡོད་མི་སྣའི་གཏམ་གླེང་གི་སྐད་སྒྱུར་དང་ཡིག་སྒྱུར། སྒྱུ་རྩལ་རྩོམ་རིགས་ཀྱི་ཡིག་སྒྱུར་དང་འཁྲབ་གཞུང་གི་སྐད་སྒྱུར་གཉིས་ཡོད། ༧གོང་ས་མཆོག་གི་གསུང་བཤད་དག་དངོས་ཡོད་མི་སྣའི་གཏམ་གླིང་གི་སྐད་སྒྱུར་གྱི་ཁུངས་སུ་གཏོགས་པ་ལས། གློག་བརྙན་འཁྲབ་གཞུང་གི་སྐད་སྒྱུར་གྱི་ཁོངས་སུ་གཏོགས་ཀྱིན་ཡོད་པ་མ་རེད། དེ་བས་གོང་ས་མཆོག་གི་གསུང་བཤད་དག་ཨམ་སྐད་དུ་བསྒྱུར་རྒྱུ་དེ་ལས་གཞི་ཤིན་ཏུ་ཡག་པོ་ཞིག་རེད། ཡིན་ནའང་སྐད་སྒྱུར་གྱིས་སྐད་སྒྱུར་རང་ལ་ཡོད་པའི་རང་བྱུང་གི་སྐད་ཀྱི་གདངས་གཤིས་དེས་སྟེང་ནས་གོང་ས་མཆོག་གི་གསུང་དོན་མ་ནོར་བར་ཨམ་སྐད་ཀྱིས་སྟེང་ནས་བཤད་པ་ཡིན་ན་དེ་ནི་དངོས་ཡོད་མི་སྣའི་གཏམ་གླེང་སྐད་སྒྱུར་བྱས་པ་རེད་མ་གཏོགས། རང་གི་སྐད་གདངས༧གོང་ས་མཆོག་གི་སྐད་གདངས་ལ་རྫུན་མར་བཅོས། དེ་ནས་༧གོང་ས་མཆོག་གི་གསུང་སྐད་ཀྱི་ལད་མོ་འདྲ་མིན་བྱེད་ཁུལ་བྱས་པ་དེ་ནི་གློག་བརྙན་འཁྲབ་གཞུང་གི་སྐད་སྒྱུར་ཏུ་སོང་བ་མ་ཟད། དངོས་ཡོད་མི་སྣ་དེར་ཁྱད་གསོད་ལྟ་བུ་ཞིག་ཏུའང་གྱུར་བ་རེད། བསམ་བློ་ཞིག་ཐོངས་དང་འཛམ་གླིང་གི་དངོས་ཡོད་མི་སྣ་གྲགས་ཅན་དང་ཆོས་དཔོན། སྲིད་འཛིན་དང་དམངས་གཙོ་དོན་གཉེར་བ་སོགས་ཀྱི་གཏམ་བཤད་དང་ཆོས་བཤད་གང་ཞིག་གློག་བརྙན་གྱི་འཁྲབ་གཞུང་ལྟར་བསྒྱུར་ཡོད་དམ། འདི་ནི་དད་པ་དང་དག་སྣང་ཞིག་གི་གནད་དོན་མ་རེད། འདི་ནི་ང་ཚོའི་མི་རིགས་འདིར་ཆེད་ལས་མི་སྣའི་མུ་གེ་བྱུང་ཡོད་པའི་རྟགས་རེད་ལ། ལྷག་པར་ཏུ་སྐད་སྒྱུར་ལ་ཆེད་ལས་ཞེས་བསྦྱང་བྱ་ཞིག་ཡོད་པ་ངེས་ཟིན་གྱིན་མེད་པའི་ལས་ལས་བྱུང་བའི་འབྲས་བུ་དང་ལྟོས་ངན་རེད། སྦྲ་ནག་བརྩོན་འགྲུས་ཟེར་བ་དང་ཁོ་དང་མཉམ་འབྲེལ་བྱེད་མཁན་དག་ལ་ཞུ་རྒྱུ་ཞིག་ལ། གོང་ས་མཆོག་གིས་གློག་བརྙན་འཁྲབ་ཀྱིན་ཡོད་པ་མ་རེད། གོང་ས་མཆོག་ནི་དངོས་ཡོད་མི་སྣ་ཞིག་ཡིན་ལ་ཁོང་གིས་གསུང་ཆོས་དང་བཀའ་སློབ་སྩོལ་བཞིན་ཡོད་པས། ཁྱེད་ཅག་གིས་ཁོང་གི་གསུང་ཆོས་དང་བཀའ་སློབ་བསྒྱུར་རྒྱུར་རྒྱབ་སྐྱོར་ཡོད་པ་ལས། ༧གོང་ས་མཆོག་གི་སྐད་གདངས་དང་ཉམས་འགྱུར་ལ་ལད་མོ་བྱེད་རྒྱུ་མཚམས་འཇོག་བྱེད་རོགས་ཞུས་པ་ཡིན།
ཧྲ་གི་ཧྲ་གི བསྒྱུར་ནོ་དང་དམིགས་ཡུལ་ཚང་མ་ཧྲ་གི བཤད་རྒྱུ་ཞིག་མེད་ཀི འགོ་བཙུགས་པ་མཇུག་བསྐྱངས་ཏེ་མུ་མཐུད་ནས་བསྒྱུར་རོགས། ཕ་ཡུལ་ལ་ཕན་ཐོགས་ནོ་ཏན་ཏན་རེད། ཙ་གི་ཙིག་གིས་ཉ་རེ་ཉོ་རེད་བཤད་ན་ཐང་། སྤྱིར་ཡོངས་གི་དཔེ་ཟིག་མེད་གི གང་ལྟར་གང་མང་མང་བསྒྱུར་ན་ཧྲ་གི
དྲ་གྲོགས་རྣམས་ཀྱིས་དགོངས་ཚུལ་གཉིས་སུ་གྱུར་ཞིང་གཉིས་ཀར་བདེན་པ་གཅིག་མཚུངས་ཀྱིས་ཡོད་པ་སྣང་། འོན་ཀྱང་ངའི་བསམ་པར་ཁ་སྐད་སྒྱུར་བ་ལས་འོག་ཏུ་ཡི་གེ་བྲིས་ན་ལེགས་མོད། བློ་ཕམ་པ་ཞིག་ལ་བོད་མི་མང་པོ་ཞིག་ད་དུང་ཡང་ཡིག་རྨོངས་པ་ཡིན་པས་ཁ་སྐད་ཐོག་བསྒྱུར་ན་ཕན་ཡོད་པ་སྨོས་ཅི་དགོས། འོན་ཀྱང་དེ་ལྟར་བྱེད་རྒྱུ་མང་དྲག་ན་པདྨ་དཀར་པོ་གསུངས་བ་བཞིན་བོད་ཀྱི་སྤྱི་སྐད་ཡོང་བའི་འགོག་རྐྱེན་དུ་མི་འགྱུར་བའི་ངེས་བ་མེད་པས་བློ་ལྡན་རྣམས་ཀྱིས་བསམ་གཞིགས་བྱེད་གལ་ཆེ། ཁ་ཅིག་གིས་ཨ་མདོའི་སྤྱི་སྐད་དུ་སྒྱུར་ལ་ལེགས་ཚུལ་གསུངས་ཀྱང་གོང་དུ་བཀོད་པའི་སྐད་ཆ་དེ་ལས་ཨ་མདོའི་སྤྱི་སྐད་ཅིག་ཡོད་པ་མ་མཐོང་ལ། དྲང་མོ་བཤད་ན་ཨ་མདོ་ལ་ལུང་ཚན་རེ་དང་སྐད་རེ་ཡོད་པས་ལུང་ཚན་སུ་ཞིག་སྐད་ཨ་མདོའི་སྤྱི་སྐད་རེད། སྐད་སྒྱུར་གྱིས་ཨ་མདོའི་སྐད་དུ་སྒྱུར་སྐབས་ལྷ་སའི་སྐད་ཀྱི་ལེགས་ཆའི་མཛེས་རྒྱན་ཅུང་སྤྲུས་ན། ཨ་སྐད་དང་དབུས་སྐད་གཉིས་ཉེ་སར་བཅར་བའི་གོམས་སྟབས་སྤོ་བ་ཕན་ཐོགས་ཡོད་པ་མ་ཟད། དབུས་གཙང་གིས་ཨམ་སྐད་གོ་བའི་ཕན་ཐོགས་ཡོད་པ་དང་། ཨ་མདོ་བས་དབུས་སྐད་གོ་བར་ཕན་ཐོགས་ཡོད། ཕན་ཚུན་ལ་གོ་བརྡ་འཕྲོད་པའི་ནུས་པ་ཡོད་ཚེ། དེ་དང་མཐུན་པའི་ཟུང་འབྲེལ་གྱི་སྐད་ཅིག་རང་བཞིན་གྱིས་ཐོན་ངེས་ཡིན། དེ་ལྟར་མ་བྱས་བ་རང་ལྟ་མཆོག་འཛིན་བྱས་ན་བོད་ཀྱི་སྤྱི་སྐད་ཅིག་བྱུང་མི་ཐུབ་སྟེ། བོད་མི་རྣམས་ཀྱིས་ཕན་ཚུན་གོ་བརྡ་མི་ཕྲོད་པས།་གོ་བརྡ་མ་ཕྲོད་ན་བོད་ལ་དབང་བའི་སྤྱི་སྐད་ཅིག་འབྱུང་ཐབས་མེད་པའི་གནད་འདི་ཤེས་གལ་ཆེ་བ་འདོད།
མང་པོ་བཤད་རྒྱུ་མེད། གཏམ་བཤད་དང་ཆོས་བཤད་གང་ཞིག་གློག་བརྙན་འཁྲབ་གཞུང་དང་གཅིག་མཚུངས་སུ་བསྒྱུར་མི་རུང་བའི་བསམ་ཚུལ་བྱུང་སོང་། རྒྱུ་མཚན་བཤད་སར་སླེབ་དུས་དངོས་ཡོད་མི་སྣ་དེར་ཁྱད་གསོད་བྱེད་པའི་ཁོངས་སུ་འགྲོ་འོ་ཟེར་བའི་བསམ་བློ་སྦུབས་དོག་པོ་ཞིག་ལ་གཞི་བཅོལ་བ་འདིས་སེམས་པ་སྐྱོ་སོང་། འོ་ན་དངོས་ཡོད་མི་སྣའི་ལད་མོ་བྱེད་ཐུབ་ན་དེ་ཡང་སྒྱུ་རྩལ་ཞིག་མ་རེད་པས? སྒྱུ་རྩལ་ལ་རིན་ཐང་དང་ཆ་འཇོག་མ་བྱེད་ན་ཆེད་ལས་པའི་མུ་གེ་ལོས་ཐེབས་། ད་དུང་དབུས་སྐད་དེ་དབུས་པའི་སྐད་ཡིན་ཙང་སྤྱི་སྐད་མ་རེད་ཟེར་ན་དབྱིན་སྐད་དེ་འཛམ་གླིང་སྤྱི་སྐད་མ་རེད་པས་དེ་དབྱིན་ཡུལ་གྱི་སྐད་རེད་པ་། ད་ཡིག་རྨོངས་སུ་རེད་འདུག? གླེན་བཤད་སུས་བྱེད་འདུག? ད་ལན་དེ་ཙམ་།།
བརྩོན་འགྲུས་ལགས་ཀྱིས་གོང་ས༧མཆོག་གི་གསུངས་ཨ་མདོའི་སྐད་དུ་བསྒྱུར་བ་བཟང་མོད། ཨ་མདོའི་སྐད་ཇི་མ་ཇི་བཞིན་ཐོན་མི་འདུག་སྙམ་དྲན། དབུས་སྐད་རེ་ཟུང་དང་སོ་སོའི་ལུང་པའི་སྐད་སླད་བསྲེས་ནས་བསྒྱུར་འདུག གལ་སྲིད་ཨ་མདོའི་ཡིག་རྨོངས་སེལ་མ་ཐུབ་པའི་གཞོན་སྐྱེས་ཁག་དང་རྒན་རྒོན་གང་རུང་གིས་ཉན་ཐུབ་པའི་དབང་དུ་བཏང་ན་ཡང། བརྒྱ་ཆའི་ལྔ་བཅུ་གོ་ས་མ་རེད་སྙམ་དྲན། གང་ཡིན་ཞེ་ན། ཨ་མདོའི་ལུང་ཚན་རེ་རེ་ལ་སྐད་མ་འདྲ་བ་མང་པོ་ཡོད་པ་རེད། ཡང་ན་རྔ་སྐད་ལྟ་བུ་མཚོ་སྔོན་ཕྱོགས་ནས་མ་གོ་བའི་དཀའ་ངལ་དང། རྨ་ཆུའི་སྐད་ཨ་མདོའི་ས་ཆ་ཁ་ཤས་ནས་གོ་དཀའ་བའི་དཀའ་ངལ་འདུག་སྙམ། བརྩོན་འགྲུས་ལགས་ཀྱིས་མུ་མཐུད་དུ་གསུང་སྐད་བསྒྱུར་བའི་་ལྷག་བསམ་དང་དམིགས་ཡུལ་ཡོད་ན་ཨ་མདོ་སྤྱི་ཡོངས་ནས་གོ་ཐུབ་པའི་བསམ་གཞིགས་རྣལ་མ་གཏོང་དགོས་བར་གལ།
ཡ་དྲིན་ཆེད་ཚོ། འདི་ལ་ཡག་ཉེས་ཀྱི་བརྩད་ཅིང་མེད་ཀི གོང་དུ་བསྒྱུར་བ་པོ་དེས་ཀྱང་གཅིག་བྱས་ན་ཚོད་ལྟའི་ཚུལ་དུ་བསྒྱུར་བ་ཡིན་སྲིད་མོད། དེ་ནི་ཡག་ཐག་ཆོད་རེད་འདུག རྒྱུ་མཚན་ནི་རྒྱལ་བ་རིན་པོ་ཆེའི་རང་གི་ཕ་ཡུལ་ན་གསུངས་ལ་ཉན་འདོད་པའི་རྒན་མགོ་དཀར་ག་ཚོད་ཡོད་པ་རེད། ཚང་མས་ཚིག་གི་ནང་དོན་མི་གོ་བས། འདི་ལྟར་བསྒྱུར་ན་ཚིག་གི་ནང་དོན་གོ་བ་ལ་ཕན་ཐོག་རྒྱུ་རེད་པ། འདིས་ནི་སྐད་རིགས་གཅིག་གྱུར་ལ་ཅིང་གནོད་ཀྱི་མ་རེད། དེས་འཕྲོ་ནས་གོང་གི་དེ་༧ གོང་ས་མཆོག་གི་སྐད་གོ་མཁན་ལ་བསམ་ནས་བསྒྱུར་བ་ནི་ཡིན་རྒྱུ་མ་རེད། དེ་བས་ནས་སྐད་གོ་མཁན་གྱིས་ནི་རང་ལ་བལྟས་ནས་བསམ་འཆར་བཏོན་ན་དེ་འགྲིག་ཡོད་པ་མ་རེད། ཆོས་ཀྱི་བསམ་བློ་་ཐོག་ནས་བཤད་ན་སངས་རྒྱས་ཀྱི་གསུངས་གང་ཟག་གཅིག་ལ་གོ་བར་བྱས་ན་ཡང་ཕན་ཡོན་བསམ་གྱིས་མི་ཁྱབ་པས། བསྒྱུར་མཁན་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
ལུང་ཁུག་འབྲོག་སྐད་ཕྱོགས་ལ་ཞེན་པ་དེ་ཆེ་བས། ཡུལ་སྐད་ཧྲག་གེ་ལྟ་བུ་བྲི་ཐལ་དེ་མང་ན། གཅིག་འགྱུར་བརྡ་སྤྲོད་ནུས་པར་ལྟོར་ཞིག་ཏུ་འགྲོ་བས། དྲང་དབང་རྣམས་པས་བརྡ་སྤྲོད་ཐུགས་དཀྱིལ་དུ་བཟུང་རོགས།
ལས་གཞི་དེ་མགོ་བོ་སྐོར་ཆེད་དང་། རྩེད་མོ་རྩེད་ཆས་ལ་སྤྱོད་ན་བཟང་གི ཆོས་དང་སྲིད་དོན་ལ་སྤྱོད་ན་ཆག་སྒོ་ཆེན་པོ་ལས་མ་འདས། ཆོས་ཀྱི་ཐོག་ནས་བཤད་ན། བླ་མའི་ལུང་རྒྱུན་ཟེར་བ་འདི་ཉམས་འགྲོ་ས་རེད། དེར་བརྟེན། རྒྱལ་བ་ལས་འདས་པའི་མི་གཞན་ཞིག་གིས་རྒྱལ་བའི་ཚབ་བྱས་ནས་ཆོས་འདོན་ན་ཆོས་ཕྱོགས་ཀྱི་འབྱིན་རླབས་དང་དགོས་པ་རྣམས་ཚང་གི་ཨེ་ཡོད། སྲིད་ཀྱི་ཐོག་ནས་ཞུས་ན། བོད་སྤྱི་ལ་དབང་བའི་སྐད་ཤིག་ཡོང་བར་འབད་བརྩོན་བྱེད་པའི་ལྡོག་ཕྱོགས་ཀྱི་ལས་གཞི་སྤེལ་ཞིང་སྐྱོད་ན། བོད་མི་ནང་ཁུལ་ཁ་བྲལ་གཏོང་བའི་བྱ་བ་ཚབ་ཆེ་ཞིག་ལ་འགྲོ། ཨ་མདོ་ལ་ཨ་མདོ་བའི་གསུང་དོད་ཤིག་དང་། ཁམས་པ་ལ་ཁམས་པའི་གསུང་དོད་ཤིག དེ་ནས་གཙང་ལ་གཙང་པའི་གསུང་དོད་ཤིག་དང་། ནག་ཆུ་ལ་ནག་ཆུ་བའི་གསུང་དོད་ཅེས་མཐའ་མ་རྒྱལ་བ་རིན་པོ་ཆེ་བོད་མིའི་སྤྱིའི་གཟུགས་སུ་ཞུགས་པ་དེ་སྐད་དུམ་བུར་བརྟེན་ནས་བོད་མིའི་འདུ་ཤེས་ཀྱང་ཇེ་ཆུང་ཇེ་ཆུང་ལ་སོང་ནས་ཨ་མདོ་དང་ཁམས་པ། དབུས་པ་དང་གཙང་པ་ཟེར་བ་དེ་ཤུགས་ཆེ་རུ་ཆེ་རུ་ལ་སོང་ནས་མཐའ་མ་གང་ཕན་སོང་ངམ། ཁྱོད་ལྟོས་ཨང་། ཉིན་ཞིག་རྒྱལ་བ་ཀརྨ་པས་ཁམས་པའི་མགྲིན་ཚབ་ཀྱི་ནང་ཆོས་གསུང་རྒྱུ་རེད། ད་དེ་དུས་ཨ་མདོ་བ་ཚོར་འཚོར་སྣང་མི་འདྲ་བ་ཞིག་ཡོང་གི་རེད། འོ་དེ་ནས་ཟམ་སྟོང་རིན་པོ་ཆེ་ཡང་ཨ་མདོ་བ་ཞིག་དང་ཁམས་པ་ཞིག་འཚོལ་བར་ཕེབས་ཀྱི་རེད། ད་དེ་ནས་ཉིན་ཞིག་རྒྱ་རི་རིན་པོ་ཆེ་ཡང་ཨ་མདོ་བའི་མགྲིན་ཚབ་ཤིག་བེད་སྤྱོད་གཏོང་གི་རེད། འོ་དེ་ནས་འཇུ་ཆེན་ཐུབ་བསྟན་གྱིས་ཀྱང་དབུས་པའི་མགྲིན་ཚབ་ཤིག་བེད་སྤྱོད་གཏོང་གི་རེད། ལྐུགས་པ། རང་གིས་རང་གི་ལུས་ལ་གྲི་རྒྱབ་པ་ནང་བཞིན། བོད་མིའི་ཆིག་སྒྲིལ་གྱི་འདུ་ཤེས་རྩ་ཆེན་འདི་སྟོར་གྱི་འདུག
མཐོང་ཐོས་བློ་རྒྱ་ཆུང་བའི་བྱིས་པ་དང་།། རྒྱུ་མཚན་ལྟར་སྣང་ལ་དགའ་ཁེངས་དྲེགས་ཅན།། བསམ་ཡོད་རྩམ་ཟན་བོད་པ་ང་ཡིན་ཞེས།། སེམས་ཤུགས་གཅིག་ལས་ཅིག་ཤོས་ཆེ་བར་མངོན།། ཨམ་མདོའི་སེམས་ལ་ཡོད་ཚད་ཨམ་མདོའི་ཡིན།། ཁྲིམས་དང་སྐད་གཉིས་དབུས་པ་གཙང་པའི་དབང་།། ཁམས་པ་ཀླན་པ་མུ་ཅོར་གྲི་་ལ་དགའ།། མཐུན་སྒྲིལ་གཅམ་བུའི་ཚིག་ལ་ཡིད་བརྟན་ཅི།། ཕ་རྒན་སྤྲི་འུ་ཡིན་མིན་ཇི་ལྟར་ཡང་།། མ་འདི་སྲིན་མོ་ཡིན་པ་གདོན་མི་ཟ།། མི་རིགས་འདི་ལ་ངན་པ་དགུ་འཛོམས་སྲིད།། བཟང་པོ་བཅུ་ཞོག་གཅིག་ཀྱང་དཀའ་བ་ཉིད།།
རྩེད་མོ་ཡིན་པས་གྲི་འགོ་ཕུར་མི་དགོས།། ཕུར་སར་སླེབས་སྐུ་མཁྱིན་ཕུར་རོགས་བགྱིས།། སྨྲ་བརྗོད་རང་དབང་རང་ལ་དགོས་པ་བཞིན།། ཀུན་ལ་དགོས་པ་མཁྱིན་གྱིན་ཡོད་ཤག་ཡིན།། བཀྲ་ཤིས་བདེ་ལེགས།།
བརྡ་སྤྲོད་པ་དང་མི་མཐུན་པའི་རིགས་མེད་པར་ཚང་མ་ཡིག་སྐད་དང་མཐུན་ཅི་ཐུབ་བྱ་རྒྱུ་གལ་ཆེན་རེད། གོང་དུ་བསྒྱུར་བའི་ནང་དུ་དེ་འདྲའི་རིགས་དུ་མ་འདུག་པས་དེ་ཡག་པོ་མ་རེད།
༸གོང་ས་མཆོག་གི་བརྙན་འཕྲིན་བཀའ་སློབ་འདི་ཨམ་སྐད་བསྒྱུར་མཁན་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་བ་དང་། ཁྱེད་ཀྱིས་བསྒྱུར་སྟངས་འདིའི་ཐོག་ནས་ཨ་མདོ་ཙམ་མ་ཡིན་པར་བོད་སྤྱི་བའི་དོན་ལ་ཞབས་འདེགས་བླ་ན་མེད་པ་ཞིག་ཞུས་འདུག་པར་བསྔགས་བརྗོད་ཞུ་འོས་པ་ཞིག་རེད། འདི་ནས་ངའི་ཕ་ཡུལ་ཕྱོགས་ཀྱི་འབྲེལ་ཡོད་སྐོར་ཞིག་ལ་བརྙན་འཕྲིན་འདི་ངོ་སྤྲོད་ཞུས་པར་ཁོང་ཚོས་ཁྱེད་ལ་བཀའ་དྲིན་ཆེ་ཞེས་ཞུ་རོགས་གསུང་བྱུང། ཁྱེད་མུ་མཐུད་ནས་༸གོང་ས་མཆོག་གི་བཀའ་སློབ་ལམ་སྟོན་ཁག་འདི་བཞིན་ཐད་བསྒྱུར་གནང་རོགས་མཁྱེན། ང་ཚོ་བོད་མིའི་མང་དག་ཅིག་ཡ་རབས་མགོ་གནོན་བྱེད་རྒྱུར་ངན་གོམས་ཡོད་པ་དང།་ལྷག་པར་གཞུང་ཞབས་སྐུ་ངོ་ཕལ་གྱིས་ཁྱེད་ཀྱི་ལྷག་བསམ་རྣམ་དཔྱོད་ཀྱི་གཉའ་ནས་གནོན་ཐབས་བྱེད་སྲིད་ཀྱང། དེ་ལ་མགོ་བོ་མི་བརྒུར་བར་བོད་སྤྱི་དང་། ཁྱད་པར་བོད་ནང་གི་རང་རིགས་སྤུན་ཟླ་རྣམས་ཀྱི་ཆེད་དུ་སྐབས་བབས་བཀའ་སློབ་ཁག་འདི་བཞིན་བསྒྱུར་རོགས་མཁྱཻན་མཁྱཻན་ཞུ།
བསམ་ཤེས་ཁྱོད་ཀྱིས་བསམ་འཆར་བཏོན་པ་འདི། །བསམ་མི་ཤེས་པའི་བྱིས་བློ་ཁོ་ནར་ཟད། །བསམ་རྒྱ་ཆུང་བའི་གངས་ཅན་ཞབས་འདྲེན་ཁྱོད། །བསམ་ཞིང་བསམ་ན་སྐྱོ་བ་འཕེལ་བའི་རྒྱུ། །ཡ་ཐོག་མཁན་སློབ་པཎ་གྲུབ་མན་ཆད་དང་། །ད་ལྟར་བཞུགས་པའི་བླ་སྤྲུལ་ཕལ་ཆེར་གྱིས། །གསུང་བསྒྱུར་ལ་བསྟེན་གསུང་ཆོས་གནང་ལ་ལྟོས། །བྱིན་རླབས་ཉམས་པའི་ལོ་རྒྱུས་ཐོས་སམ་ཅི། །ཆོས་དང་སྲིད་ཀྱི་བྱ་བཞག་གང་སྤེལ་ཀྱང། །ཚིག་ལ་ལྷག་ཆད་དོན་དག་འཁྲུལ་མེད་ཅིག། །ཤེས་རྟོགས་ཐུབ་པ་གནད་གལ་ཆེ་བའི་ཕྱིར། །ལོ་ཙཱ་བ་ཞེས་དགོས་དོན་དེ་ལྟར་ལགས། །མདོ་དབུས་ཁམ་གསུམ་སྐད་ཡིག་གཅིག་གྱུར་ཀྱང། །ཕྲན་བུའི་སྒྲ་གདང་མཚམས་སྦྱོར་གསལ་སྟོན་ཆེད། །གསུང་བསྒྱུར་འདི་འདྲ་མེད་ན་ཐབས་ཆགས་པས། །དེ་ལ་ངན་གཡོས་ཀུན་སློང་དོར་ན་མཛེས། །རང་ལ་ལེགས་བྱས་སྣ་གཅིག་མེད་བཞིན་དུ། །གཞན་སྐྱོན་བལྟ་བའི་འདྲེན་བྱེད་བགྲད་པ་ཁྱོད། །གངས་ཅན་དྲ་རྒྱའི་ནང་འདིར་འཇུག་པ་ལས། །བསམ་མེད་དུད་འགྲོའི་རྗེས་སུ་རྒྱུགས་ཤིག་ཨང་།
འདི་ནང་བཞིན་བོད་ཀྱི་སྤྱི་སྐད་གང་མང་བོད་ཡིག་གི་མཆན་བུ་བཅས་པའི་གློག་བརྙན་མི་ཉུང་བ་ཞིག་འགྲེམས་ཐུབ་ན་ཕན་ངེས་རེད།
ཨ་མདོའི་སྐད་ཐོག་གསུང་འགྱུར་བྱས་པ་འདི་ཞེ་དྲག་ཡག་པོ་བྱུང་ཞག ཨ་མདོ་ཙམ་མ་ཡིན་པའི་བོད་རིགས་གཞན་ལའང་ཨ་མདོའི་སྐད་སྦྱོང་རྒྱུར་ཕན་ཐོགས་ཡོང་བ་འདུག
ང་ཚོ་ཆོལ་ཁ་གསུམ་གྱི་བོད་རིགས་ཡོངས་རྫོགས་ནས་སྐད་རིགས་ཕན་ཚུན་སྦྱོང་རེས་བྱས་ན། ཆོལ་གསུམ་སོ་སོའི་སྐད་རིགས་མི་ཉམས་རྒྱུན་འཛིན་ཐོག སྤྱི་སྐད་ཐུན་མོང་བ་ཟེར་བའི་རྙོག་ཁྲ་ཚ་པོ་དེ་ཡང་དགོས་དོན་ཡོད་མ་རེད། ངས་ནི་ཨ་མདོའི་སྐད་དེ་ཕལ་ཆེར་གོ་གི་འདུག
ཐུགས་རྗེ་ཆེ།
གཅིག་བརྗེད་འདུག སྐུའི་ན་བཟའ་ལ་བལྟས་ན་དཔར་དེ་གཡས་གཡོན་ནོར་འདུག
༡
མི་འབོར་གྱི་དབང་དུ་བྱས་ན། མདོ་སྟོད་སྨད་གཉིས་སུ་མི་གྲངས་ས་ཡ་བཞི་མ་ཟིན་ཙམ་ཡོད་རེད་དྲན།
༧གོང་ས་མཆོག་གི་བཀའ་སློབ་རྣམས་ཁོང་ཚོའི་བགོ་སྐལ་དུ་འཇོག་ཆེད། དབུས་སྐད་ནས་ཨ་མདོའི་སྐད་དུ་བསྒྱུར་བ་འདི་གལ་ཆེར་མཐོང་།
ཁམས་སྐད་དུ་ཡང་དེ་ལྟར་དགོས་རྒྱུ་རེད་དྲན། དེ་གཅིག་ཡིན།
༢
སྐད་བསྒྱུར་གྱི་སྐབས་སུ། ཨ་མདོའི་སྐད་ཀྱི་གོ་བ་རྒྱག་སྟངས་དེ་ལ་ཡང་བསམ་བློ་གཏོང་དགོས་རེད་དྲན།
གོང་གི་འགྱུར་འདིའི་ཁོངས་སུ། སྐད་ཆ་དུམ་བུ་ཁ་ཤས་ཤིག་གི་གོ་དོན་འཆོལ་འགྲོ་གི་འདུག དེ་ལ་གཟབ་ནན་བྱེད་དགོས་ཀྱི་འདུག
དཔེར་ན། གོང་དུ་སྐད་བསྒྱུར་བས། ཨ་མདོའི་སྐད་དུ། “ཆོས་དེ་ད་བེད་སྤྱད་ཟེར་ན་མ་རེད། ཉམས་ལེན་ཟེར་ན་མ་རེད། ད་དུ་མོ་ཞིག་ཡིན་ནི་རེད།”
བརྗོད་པ་འདིའི་ནང་གི། “ད་དུ་མི་ཞིག་ཡིན་ནི་རེད”་ཟེར་བ་འདིར་གོ་བ་ལེན་སྟངས་ལ་བསམ་བློ་གཏོང་སྟངས་ཀྱི་འདུག ཨ་མདོའི་སྐད་དུ། “ད་དུ་མོ་ཞིག་ཡིན་ནི་རེད་”ཟེར་ན།
གལ་ཆེ་ཆུང་གི་ཚད་གཞི་རྒྱག་སྟངས་ག་འདྲ་རེད། འདི་ཚོར་ཡང་བསམ་བློ་གཏོང་དགོས་ཀྱི་འདུག
༣
སྐད་བསྒྱུར་བས་བརྗོད་པའི་ཚིག་ཕྲད་དེ་ཚོའི་རིགས། ཡིག་སྐད་ཀྱི་ནང་ལ་བརྗོད་ཐུབ་ན་དགེ་མཚན་ཆེ་བར་མཐོང་།
སྐད་བསྒྱུར་བས་ཁ་སྐད་གཙོ་ཆེར་བཟུང་འདུག་ ད་དུང་དབུས་སྐད་ཀྱང་ཁ་ཤས་ཤིག་ཤོར་འདུག དཔེར་ན། “ཧ་ཅང་དགའ་ནི་ཡིན་པེ་”ཟེར་བ་ལྟ་བུ། ཁ་སྐད་འདི་ཨ་མདོའི་ཡུལ་ལུང་སོ་སོར་ཡང་འདྲ་གི་མ་རེད། དཔེར་ན། ཨ་མདོ་རྨ་ཆུའི་ཁ་སྐད་དེ་རེབ་གོང་ནས་མི་གོ
གནས་སྐབས་ལ་དེ་ཙམ་ཡིན།
གང་འཚམས་ཡག་པོ་བྱུང་འདུག སྐད་བསྒྱུར་བྱས་དུས་ཏོགཙམ་རེ་ནོར་འཁྲུལ་ཤོར་འདུག་མོད། ནོར་འཁྲུལ་ནི་དགེ་མཚན་དང་མཉམ་དུ་འགྲོ་བཞིན་ཡོད་སྟབས། ཏོག་ཙམ་རེ་ཡོང་སྲིད་པ་ཞིག་རེད། དེ་ཡང་ད་དུང་རྗེས་ཕྱོགས་ཕལ་ཆེར་ཉམས་མྱོང་གི་ཐོག་ནས་བཅོས་བསྒྱུར་བྱ་རྒྱུ་རེད་བསམ་ཡོད།
བརྙན་པར་འཇོག་སྟངས་དེ་ནོར་ཡོད་ས་རེད།
དེ་ལམ་སེང་བཅོས་སྒྱུར་བྱས་ནས་ཡག་ས་རེད།
ད་སྡེ་གི་བླ་མས་གསུངས་ཐ་ཟེས་ནོ། །དུ་ནས་སྡེ་གི་སྐད་སྒྱུར་གི་ར་ཨོ་བསྒྱུར་ཐ་ཟེར་ནོ། །ཨོ་ད་ཉན་གི་ཉན་གི་རྒྱལ་བ་རིན་པོ་ཆེས་གསུང་གོ་ནི་འདྲ་འདྲི། ཡང་སྦྲ་ནག་བརྩོན་འགྲུས་ཀི་བཤད་གོ་ནི་འདྲ་འདྲི། ཨོ་ད་ཆི་ཟིག་ཟེས་ན་ད་ཧྲ་གི་ཟེར་ནོ། །བླ་མའི་གསུང་དུ་སློབ་མས་གོ་དགོ་ནི་རེད་ཟེར་ནོ། །བླ་མའི་གསུང་དུ་སློབ་མས་མ་གོ་ན། ཨོ་ད་ཅིག་ཅིག་ཨོ་བརྒྱལ་རེད་ཟེར་ནོ། ཨོ་ད་འདི་མོ་ཟིག་ཡིན་ཡ།
བརྙན་དཔར་འདི་འཇོག་སྟངས་ནོར་བསྡད་འདུག་པ་མངོན་སུམ་རེད། གང་མགྱོགས་བརྗེ་ཐུབ་ན་ཡག་པོ་འདུག དུས་བབ་དྲ་རྒྱ་ན་བཟོ་བཅོས་རྒྱབ་ཚར་འདུག
གང་ལྟར་ལས་གཞི་འདི་ལ་རྗེས་སུ་ཡི་རངས་ཡོད།
༰༊༧གོང་ས་མཆོག་གིས་བོད་སྐད་མ་སྐྱོན་པ་རེད་དམ། བོད་མིས་བོད་སྐད་མ་གོ་བ་རེད། བོད་པ་དང་བོད་པའི་བར་ལ་སྐད་སྒྱུར་ཅིག
ངས་ནི་ཡུལ་ལུང་བྱེ་བྲག་པའི་སྐད་ལ་སྣང་བ་ཁྱོན་ནས་འགྲོ་གིན་མིན་འདུག
འདིས་ང་ཚོ་གཅིག་འགྱུར་ལ་གནོད་སྐྱེལ་གིན་འདུག
དེ་མིན་རྒྱུ་མཚན་མེད།
༧མགོན་པོ་མཆོག་གི་གསུང་བསྒྱུར་གནང་བར་སེམས་གཏིང་ནས་བཀའ་དྲིན་ཆེ་་་་སྦྲ་ནག་བརྩོན་འགྲུས་ལགས།
ག་ལེར་ཡར་རྒྱས་སུ་འགྲོ་བའི་རེ་བ་ཡོད་་་ཤུགས་རེ་བྱོས་་་་བུ་རྒོད་པོ།
ཨ་མདོ་སྐད་དང་བོད་སྐད་ནན་གྱིས་སོ་སོར་ཕྱེ་བཞིན་པ་འདིས། རྒྱ་རྒན་ཚོས་ཨ་མདོ་དང་ཁམས་ཕྱེད་ལྷག་བོད་མ་ཡིན་པར་ཟུར་དུ་བཀར་བའི་རྒྱབ་སྐྱོར་དུ་འགྲོ་གིན་འདུག
དཀོན་མཆོག་གསུམ།
བོད་མིའི་སྐྱིད་སྡུག་མཉམ་མྱོང་རྒྱལ་གྱུར་ཅིག
དབུས་སྐད་དང་ཨམ་སྐད་གཉིས་ཀྱི་བར་ཐག་འདི་ནི་ཡིག་སྐད་དང་ཁ་སྐད་ཀྱི་ཁྱད་པར་དང་འདྲ་བར་སྣང་ཆུང་གཏན་ནས་བྱེད་མི་ཐུབ་ཅིང་གཅིག་གྱུར་ཡང་བྱེད་རྒྱུ་ལས་སླ་བོ་མེད་པ་ཞིག་རེད། འདི་འདྲའི་དུས་ཚོད་ཅིག་ལ་གོང་ས་མཆོག་གིས་དབུས་སྐད་དུ་གསུངས་པའི་བཀའ་སློབ་ཁག་ཨམ་སྐད་དང་ཁམས་སྐད་དུ་སྒྱུར་རྒྱུ་ནི་ཧ་ཅང་གལ་ཆེན་ཞིག་རེད། སྐད་སྒྱུར་ཞེས་པའི་མིང་ཚིག་འདི་ནི་མི་རིགས་མི་འདྲ་བའི་སྐད་རིགས་མི་འདྲ་བ་དང་མི་རིགས་གཅིག་དང་སྐད་རིགས་གཅིག་ཡིན་ཡང་སྐད་གདངས་འདོན་ལུགས་མི་འདྲ་བའི་རིགས་ལ་ཡང་སྦྱོར་དུ་བཏུབ་པ་ཞིག་ལོས་ཀྱང་ཡིན།
སྐད་གདངས་ཡིན་མདོག་ཁ་པོ་ཞིག་འདུག འོན་ཀྱང་མཚམས་རེ་ཨམ་སྐད་གཙང་མ་རང་ཨེ་ཡིན་ན་བསམ་པ་ཞིག་རེད། འོན་ཀྱང་ཡར་རྒྱས་འགྲོ་བའི་རེ་བ་ཡོད། སྤྱིར་བཏང་ཧ་ཅང་ཡག་པོ་འདུག
སྐད་དེ་ངོ་མ་ཡིན་མདོག་ཁ་པོ་ཞིག་བསྒྱུར་འདུག
འོན་ཀྱང་མཚམས་རེ་ཨམ་སྐད་གཙང་མ་རང་ཨེ་ཡིན་ན་སྙམ་པ་དེ་འདྲ་འདུག
འོན་ཀྱང་རྗེས་ཕྱོགས་སུ་ཡར་རྒྱས་ཡོང་བའི་རེ་བ་ཡོད།
ཨམ་སྐད་སྙན་མོ་ཞིག་བསྒྱུར་ཡོད་པ་འདྲ། འོན་ཀྱང་མགོན་པོ་གང་གི་ཞལ་གསུང་དྲི་མ་མེད་པ། བྱིན་རླབས་ཀྱི་ཚན་ཁ་ཅན་པོ་དེ་ཉན་རྒྱུ་བཀག་འགྲོ་གི་རེད། དེ་ལས་ཕངས་པ་ཞིག་ཅི་ཨེ་ཡོད་ན། ང་ནི་༸གོང་ས་མཆོག་གི་གང་གསུང་པ་དེ་ཉན་རྒྱུ་བྱུང་ན་འདོད་པ་ཚིམས་འགྲོ་གི་འདུག དབུས་སྐད་ཀྱང་ཕྱེད་ཀ་མ་གཏོགས་གོ་མི་ཐུབ།
ཀླུ་སྨྱོན་ལྟར་བྱས་ན་༧གོང་ས་མཆོག་གིས་བོད་སྐད་མ་ཡིན་པའི་སྐད་ཐོག་གསུངས་བཤད་གནང་སོང་ཟེར་རམ།
སྤྱིར་མདོ་དབུས་ཁམས་གསུམ་སོ་སོ་ལ་སྐད་མཐོ་དམན་མི་འདྲ་བ་ཇི་སྙེད་ཅིག་ཡོད་པ་ལས་རང་སོ་སོའི་སྐད་ཚད་མཐོ་ཤོས་དེ་ལ་བོད་སྐད་དམ་ཡིག་སྐད་ཅེས་བརྗོད་འོས།
དེ་ནི་ང་ཚོས་བོད་ཀྱི་རིག་གཞུང་། བོད་ཀྱི་སྐད་ཡིག་ཅེས་ཤུགས་རྒྱག་ས་དང་བསྲུང་བྱ། སྤེལ་བྱ། མདོ་དབུས་ཁསམ་གསུམ་གོང་བུ་གཅིག་ཏུ་སྒྲིལ་བྱེད་ཀྱི་ཐག་པ་དེ་རེད་མོད། ཡིན་ནའང་ཨམ་མདོ་བྱི་ལི་ཚོས་ཡི་གེ་ཀ་ཀོར་རེ་བྲིས་ཤེས་པའི་ང་རྒྱལ་གྱི་ཨ་མདོའི་ཚད་གཞི་དམན་པའི་སྐད་རྩལ་འདོན་བྱེད་ཀྱིན་འདུག་པར་ངོ་རྒོལ་ཡོད། སྤྱིར་ངས་མཐོང་སྣང་ལྟར་ན་མདོ་སྨད་པ་སྨྱུ་གུ་འཆང་མཁན་གྱིས་བོད་མིའི་སྨྱུག་ཐོགས་པ་བ་རྒྱ་ཆ་་ལྔ་བཅུ་ལྷག་ཟིན་པ་འདྲ་འདུག་པས་ཁོང་རྣམས་བོད་མིར་མཚོན་ན་གལ་ཆེན་ཞིག་རེད་འདུག
བོད་མིའི་སྤྱིའི་གཤིས་ཀ་ལྟར་སྤྱི་ལས་བྱེ་བྲག་གལ་ཆེན་འཛིན་པའི་བསམ་སྤྱོད་འདི་ཆེས་མི་འོས་ཤིང་མི་རུང་བ་རེད།
ད་དུང་དྲ་གྲོགས་ཁ་ཤས་ཀྱི་སློབ་སྟོན་དུ་ཁ་སྐད་དེ་བྲིས་ན་ཕན་ཡོན་ཆེ་ལུགས་བརྗོད་སོང་། ཁོང་རྣམ་པའི་བསམ་བློ་སྐྱོན་ཅན་རེད་བརྗོད་མི་ཐུབ་སྟེ་བརྗོད་བྱ་དེར་ངས་ངོས་ལེན་བྱ་མི་ཐུབ། ང་ནི་བོད་དབུས་གཙང་གཉིས་ཀྱི་ནང་ནས་གཙང་པ་ཞིག་ཡིན། ཡིན་ནའང་གཙང་པའི་ཐུན་མིན་སྐད་དེ་མི་ཤེས་ལ་ཤེས་ཀྱང་མི་འདོད། ཅིའི་ཕྱིར་ན་སྐད་དེས་བོད་སྐད་དམ་མདོ་དབུས་ཁམས་ཚང་མས་གོ་ཐུབ་པའི་སྐད་དེ་ལ་སྒྲིབ་པས་སོ།།
༧གོང་ས་མཆོག་གི་གསུང་དེ་བོད་སྐད་ལ་སྒྱུར་ཐུབ་མཁན་ཡོད་ན་སྐུ་མཁྱེན་གསུང་དེ་སྒྱུར་རོགས་གནང་དང་། སྐུ་ཡོན་མི་ཆུང་བ་ཞིག་འབུལ་ངེས་ཡིན། ཅིའི་ཕྱིར་ན་༧གོང་ས་མཆོག་གི་གསུང་ཉན་འདོད་པའི་བོད་པ་མང་རབས་ཞིག་འདུག་པས་སོ།།
༧གོང་ས་མཆོག་ནས་ལོ་འགའི་སྔོན་བཀའ་སློབ་ཞིག་ཕེབས་སོང། དེ་ངས་གསལ་པོར་ངེས་ཀྱི་འདུག ཁོང་གིས་གསུངས་དོན། སྔོན་མ་བོད་ཀྱི་སྐྱེས་ཆེན་དམ་པ་རྣམས་དང་མཁས་པ་ཚོས་བརྩམས་པའི་གཞུང་ལུགས་དག་མདོ་དབུས་ཁམས་གསུམ་གྱི་མི་སུ་འདྲ་ཞིག་གིས་བཀླགས་ཀྱང་གོ་བདེ་སྤྱོད་བདེ་ཞིག་འདུག དཔེར་ན་ཨ་མདོའི་མཁས་པ་ཚོས་བརྩམས་པའི་གཞུང་ཞིག་ཡིན་ན་དབུས་ཀྱི་མི་ཚོས་གོ་ཚོད་ཀྱི་རེད། ཅེས་གསུངས།
རྒྱུ་མཚན་དེར་བསམ་ན། ཡིག་སྐད་མ་གོ་བ་དང་མདོ་དབུས་ཁམས་གསུམ་གྱི་སྐད་ལ་དཀའ་ངལ་འདུག་གསུངས་ན་ཏོག་ཙམ་སོ་སོ་རང་ཉིད་ཀྱི་འབད་རྩོལ་ལ་རང་ལུས་ཡོད་ས་རེད། ང་རང་ལ་དཀའ་ངལ་མིན་འདུག
བོད་པ་བོད་པའི་བར་ན་སྐད་སྒྱུར་ཅིག་དགོས་འདུག །
ཁ་བརྡར་ཁ་བརྡ་གླེང་བར་སྐད་གཞན་ཞིག་དགོས་འདུག །
བག་ལེབ་བག་ལེབ་གླེང་མཁན་མང་པོ་ཞིག་འདུག་སྟེ། །
ར་སྐད་ལུག་སྐད་རྒྱབ་ནས་བོད་སྐད་དེ་སྨད་འདུག །
ཡག་པོ་བསྒྱུར་འདུག། ཐེང་དང་པོ་ཡིན་པའི་དེར་ཞན་ཆ་ཡོད་སྲིད་། འོན་ཀྱང་གསུང་བསྒྱུར་མཁན་དང་བཤད་མཁན་གཉིས་ཀྱིས་ཆ་ནས་ཤུག་རྒྱག་རྒྱུ་དང་། མི་འཐུད་རྒྱུ་ནི་ཤིན་དུ་ནས་གལ་ཆེ། མེ་ཏོག་དཀར་བས་འདི་ཐད་ལ་ངོ་རྒོལ་བྱེད་གིན་ཡོད་པས། དེ་དག་ལ་བསམ་ཚུལ་ཞིག་ཞུས་ན་འདོད་།
གོང་ས་མཆོག་གིས་བཀའ་དགོང་དེ་བོད་ས་ཡོང་རྫོགས་ནས་གོ་བ་ལེན་ཐུབ་རྒྱུ་ནི་ཁོང་གི་ཐུགས་དགོང་ཀྱང་ཡིན་པར་འདོད། རྒྱ་མཚན་ཞིག་འབུལ་། ༢༠༠༥་ལོའི་སྤྱི་ཟླ་༡༢་ནང་་ཨྰ་མར་བ་ཏེར་དུས་མཁོར་དབང་ཆེན་ཐེང་༣༠་གསུང་སྐབས་ཁོང་གིས་
“ཁར་སང་ནས་ཨམ་མདོའི་སྐད་ཐོག་ལ་། སྐད་བསྒྱུར་བྱེད་མཁན་ཞིག་གྲ་བསྒྲིགས་བྱེད་རྒྱ་བྱས་པ་ཡིན་པ་། དེ་ག་པ། འོ་ ཕུ་གེ་ཕུ་་གེ། ཡ་ད་ཁྱེད་རང་ཚོ་ཨམ་ཅོག་ལྒང་ལ་གོན་ཡ་དེ་གོན་ནས། ཡག་པོ་བྱས་ནས་ཉན་འ། ངའི་ཨམ་མདོ་སྐད་བརྗེད་ཚར་ནས་ད་ཡོད་པ་མ་རེད་། གཅིག་རང་གཅིག་ལྷག་འདུག་། དེ་། འདི་མོ་ཟིག་ཡིན་ན་ཧྲ་གི་། ཧྲ་གི་ཧྲ་གི་། ཞེ་གི་ཧྲ་གི་།” ཞེས་བ་གསུང་བ་དེ་ཐུག་ལ་དྲན་ནམ། ཁྱོད་དེ་དུས་དེ་ན་བཞུགས་སམ། ལས་དོན་འདི་དེ་དུས་མགོ་ཚུག་པ་ཞིག་རེད་།
སྤྱིར་ན་ང་ཚོ་བོད་ལ་། མདོ་དབུས་ཁམས་གསུམ་གྱིས་སྐད་འདང་མི་འདྲ་བ་གསུམ་ཏུ་ཕྱེ་རྒྱ་ཡོད་པ་དེ་ནི་བོད་རྒྱལ་ཁབ་ཆེན་པོའི་ཁྱད་ཆས་ཡིན་པར་འདོད་། གོམ་པ་ཆུང་ཆུང་ཞིག་ལས་རྒྱག་མི་ཐུབ་ཀྱང་མིག་གི་རང་ལ་ལྟོས་། དགོང་པ་ཆེ་ས་ནས་གཞེས་།
སྐད་བསྒྱུར་བས་དངོས་ནས་ཡག་པོ་དང་། ཧ་ཅང་འདྲ་བོ་ཞིག་བསྒྱུར་འདུག་པས། སྐབས་རེར་དངོས་ནས་༧ གོང་ས་མཆོག་གིས་དངོས་སུ་ཨམ་སྐད་ཀྱི་ལམ་ནས་གསུངས་པ་མིན་ནམ་སྙམ་པའི་ཚོར་སྣང་ཞིག་ཀྱང་སྟེར་ཀྱིན་འདུག ༧ གོང་ས་མཆོག་གི་བཀའ་སློབ་དང་གསུང་ཆོས་གང་མང་མང་ཞིག་གོང་ལྟར་ཨམ་སྐད་ནང་བསྒྱུར་ཐུབ་ཚེ། དབུས་སྐད་ཁྱོན་ནས་ཐོས་མྱོང་མེད་པ་དང་། ཐོས་མྱོང་ཡོད་ཀྱང་བདེ་བླག་ངང་ཐོས་དོན་མི་རྟོགས་པའི་ཨ་མདོ་བ་གང་མང་ཞིག་ལ་ཕན་ཐོག་རྒྱ་ཆེན་པོ་འབྱུང་བ་མ་ཟད། ཁོང་ཚོར་༧ གོང་ས་མཆོག་གི་གསུང་སྐད་དངོས་སུ་ཐོས་པ་ལྟ་བུའི་ཚོར་སྣང་ཁྱད་པར་ཅན་འབྱུང་ངེས་རེད་སྙམ་པ་བྱུང་། སྐད་བསྒྱུར་བས་༧ གོང་ས་མཆོག་གི་གསུང་གི་ཉམས་འགྱུར་དང་མཐུན་པར་བསྒྱུར་རྒྱུའི་ཐད་འབད་བརྩོན་མི་དམན་པ་དང་། ཨ་མདོའི་སྤྱི་སྐད་དང་མཐུན་པར་བསྒྱུར་རྒྱུའི་ཐད་ལ་ཡང་གང་ཐུབ་འབད་པ་བྱེད་རྒྱུའི་རེ་བ་ཡོད།
ངའི་ལས་གཞི་འདི་དགོས་མིན་ད་དུང་ཐེ་ཚོམ་དུ་ལུས་ཡོད་གང་ཡིན་ཟེར་ན་་་འཇིག་རྟེན་གྱི་གཏམ་དཔེར་མཁས་པའི་བཤད་ན་ཇི་ཡང་བདེན་ཟེར་བ་ལྟར་ང་རང་བླུན་པོ་ཆུ་སྣ་གར་འདྲེན་ཟེར་སྲོལ་ལྟར་ཡིན་སྲིད་ཀྱང་་་སྤྱིར་༧ གོང་ས་མཆོག་གི་གསུང་དྲི་མ་མེད་པ་ཚངས་བའི་དབྱིངས་དངོས་་་བོད་མི་ངོ་རེ་ནས་ཉན་ཐུབ་ན་སྐལ་བཟང་དེ་ཚད་མེད་པ་དང་། ཁོང་གི་བཀའ་གསུང་ལ་སོགས་པ་ཡོད་ཚད་ཆོལ་གསུམ་རེ་རེའི་ལུང་སྐད་དུ་བསྒྱུར་ན་བོད་གངས་ཅན་པའི་ཕུ་ནུ་མང་སྲང་ཚོའི་ནང་ཕན་ཚུན་སྐད་བརྡ་མི་གོ་བའི་དཀའ་ངལ་དེ་ཆེ་རི་འགྲོ་སྲིད། ད་ལྟ་ང་ཚོའི་བོད་མའི་ནང་ཕན་ཚུན་སྐད་མི་གོ་བའི་དཀའ་ངལ་ཡོད་པ་ད་ལོའི་ཡུལ་ཤུལ་དུ་ས་ཡོམ་གྱི་གནོད་འཚེ་བྱུང་སྐབས་མིག་མཐོང་ལག་ཟིན་དུ་གྱུར་ཡོད ། གང་ལྟར་ལོ་ཙཱ་བའི་ལྷག་བསམ་ལ་སྔགས་བརྗོད་བྱེད་རྒྱུ་ཡིན ། སྤྱིར་ཨམ་སྐད་དུ་བསྒྱུར་ན་ལུང་ཚན་བྱེ་བྲག་པའི་སྐད་མ་ཡིན་པར་ཨ་མདོའི་སྤྱི་སྐད་དུ་བསྒྱུར་ན་ལེགས །
but i never accept with you guys. if you write in your local language. Who will write and talk in Tibetan language …
གླེན་བཤད་པ་དག་དང་ཡིག་རྨོངས་བ་དག་གིས་ཉོན་ཨ།
མང་པོ་ཞིག་གིས་གླེན་བཤད་བྱེད་ཀྱིན་འདུག སྤྱི་སྐད་དགོས་པས་ཨམ་སྐད་སོགས་ལུང་ཚན་སྐད་ལ་བསྒྱུར་ན་ཡག་པོ་མི་འདུག་ཟེར། འོ་ན་དབུས་སྐད་ལུང་ཚན་སྐད་མ་ཡིན་ནམ། བོད་ལ་གཅིག་གྱུར་ཏུ་ཡོད་པའི་བརྡ་སྤྲོད་པའི་གཞུང་ལུགས་ཀྱིས་སྤྱི་སྐད་གཏན་འབེབ་བྱེད་དགོས་པ་ལས་དབུས་སྐད་སྤྱི་སྐད་དུ་འཛིན་པ་དེ་ནི་ཡིག་རྨོངས་པ་དག་གི་བཤད་སྟངས་རེད། དེ་གཅིག་ཡིན། གཞན་ཨམ་སྐད་དུ་བསྒྱུར་བ་དེ་ཧ་ཅང་ཡག་པོ་རེད། ཡིན་ནའང་འདི་ལ་སྐད་སྒྱུར་དང་ཡིག་སྒྱུར་གཉིས་ཡོད་ལ། དེ་ལའང་དངོས་ཡོད་མི་སྣའི་གཏམ་གླེང་གི་སྐད་སྒྱུར་དང་ཡིག་སྒྱུར། སྒྱུ་རྩལ་རྩོམ་རིགས་ཀྱི་ཡིག་སྒྱུར་དང་འཁྲབ་གཞུང་གི་སྐད་སྒྱུར་གཉིས་ཡོད། ༧གོང་ས་མཆོག་གི་གསུང་བཤད་དག་དངོས་ཡོད་མི་སྣའི་གཏམ་གླིང་གི་སྐད་སྒྱུར་གྱི་ཁུངས་སུ་གཏོགས་པ་ལས། གློག་བརྙན་འཁྲབ་གཞུང་གི་སྐད་སྒྱུར་གྱི་ཁོངས་སུ་གཏོགས་ཀྱིན་ཡོད་པ་མ་རེད། དེ་བས་གོང་ས་མཆོག་གི་གསུང་བཤད་དག་ཨམ་སྐད་དུ་བསྒྱུར་རྒྱུ་དེ་ལས་གཞི་ཤིན་ཏུ་ཡག་པོ་ཞིག་རེད། ཡིན་ནའང་སྐད་སྒྱུར་གྱིས་སྐད་སྒྱུར་རང་ལ་ཡོད་པའི་རང་བྱུང་གི་སྐད་ཀྱི་གདངས་གཤིས་དེས་སྟེང་ནས་གོང་ས་མཆོག་གི་གསུང་དོན་མ་ནོར་བར་ཨམ་སྐད་ཀྱིས་སྟེང་ནས་བཤད་པ་ཡིན་ན་དེ་ནི་དངོས་ཡོད་མི་སྣའི་གཏམ་གླེང་སྐད་སྒྱུར་བྱས་པ་རེད་མ་གཏོགས། རང་གི་སྐད་གདངས༧གོང་ས་མཆོག་གི་སྐད་གདངས་ལ་རྫུན་མར་བཅོས། དེ་ནས་༧གོང་ས་མཆོག་གི་གསུང་སྐད་ཀྱི་ལད་མོ་འདྲ་མིན་བྱེད་ཁུལ་བྱས་པ་དེ་ནི་གློག་བརྙན་འཁྲབ་གཞུང་གི་སྐད་སྒྱུར་ཏུ་སོང་བ་མ་ཟད། དངོས་ཡོད་མི་སྣ་དེར་ཁྱད་གསོད་ལྟ་བུ་ཞིག་ཏུའང་གྱུར་བ་རེད། བསམ་བློ་ཞིག་ཐོངས་དང་འཛམ་གླིང་གི་དངོས་ཡོད་མི་སྣ་གྲགས་ཅན་དང་ཆོས་དཔོན། སྲིད་འཛིན་དང་དམངས་གཙོ་དོན་གཉེར་བ་སོགས་ཀྱི་གཏམ་བཤད་དང་ཆོས་བཤད་གང་ཞིག་གློག་བརྙན་གྱི་འཁྲབ་གཞུང་ལྟར་བསྒྱུར་ཡོད་དམ། འདི་ནི་དད་པ་དང་དག་སྣང་ཞིག་གི་གནད་དོན་མ་རེད། འདི་ནི་ང་ཚོའི་མི་རིགས་འདིར་ཆེད་ལས་མི་སྣའི་མུ་གེ་བྱུང་ཡོད་པའི་རྟགས་རེད་ལ། ལྷག་པར་ཏུ་སྐད་སྒྱུར་ལ་ཆེད་ལས་ཞེས་བསྦྱང་བྱ་ཞིག་ཡོད་པ་ངེས་ཟིན་གྱིན་མེད་པའི་ལས་ལས་བྱུང་བའི་འབྲས་བུ་དང་ལྟོས་ངན་རེད། སྦྲ་ནག་བརྩོན་འགྲུས་ཟེར་བ་དང་ཁོ་དང་མཉམ་འབྲེལ་བྱེད་མཁན་དག་ལ་ཞུ་རྒྱུ་ཞིག་ལ། གོང་ས་མཆོག་གིས་གློག་བརྙན་འཁྲབ་ཀྱིན་ཡོད་པ་མ་རེད། གོང་ས་མཆོག་ནི་དངོས་ཡོད་མི་སྣ་ཞིག་ཡིན་ལ་ཁོང་གིས་གསུང་ཆོས་དང་བཀའ་སློབ་སྩོལ་བཞིན་ཡོད་པས། ཁྱེད་ཅག་གིས་ཁོང་གི་གསུང་ཆོས་དང་བཀའ་སློབ་བསྒྱུར་རྒྱུར་རྒྱབ་སྐྱོར་ཡོད་པ་ལས། ༧གོང་ས་མཆོག་གི་སྐད་གདངས་དང་ཉམས་འགྱུར་ལ་ལད་མོ་བྱེད་རྒྱུ་མཚམས་འཇོག་བྱེད་རོགས་ཞུས་པ་ཡིན།
ཧྲ་གི་ཧྲ་གི
བསྒྱུར་ནོ་དང་དམིགས་ཡུལ་ཚང་མ་ཧྲ་གི
བཤད་རྒྱུ་ཞིག་མེད་ཀི
འགོ་བཙུགས་པ་མཇུག་བསྐྱངས་ཏེ་མུ་མཐུད་ནས་བསྒྱུར་རོགས།
ཕ་ཡུལ་ལ་ཕན་ཐོགས་ནོ་ཏན་ཏན་རེད།
ཙ་གི་ཙིག་གིས་ཉ་རེ་ཉོ་རེད་བཤད་ན་ཐང་།
སྤྱིར་ཡོངས་གི་དཔེ་ཟིག་མེད་གི
གང་ལྟར་གང་མང་མང་བསྒྱུར་ན་ཧྲ་གི
དྲ་གྲོགས་རྣམས་ཀྱིས་དགོངས་ཚུལ་གཉིས་སུ་གྱུར་ཞིང་གཉིས་ཀར་བདེན་པ་གཅིག་མཚུངས་ཀྱིས་ཡོད་པ་སྣང་། འོན་ཀྱང་ངའི་བསམ་པར་ཁ་སྐད་སྒྱུར་བ་ལས་འོག་ཏུ་ཡི་གེ་བྲིས་ན་ལེགས་མོད། བློ་ཕམ་པ་ཞིག་ལ་བོད་མི་མང་པོ་ཞིག་ད་དུང་ཡང་ཡིག་རྨོངས་པ་ཡིན་པས་ཁ་སྐད་ཐོག་བསྒྱུར་ན་ཕན་ཡོད་པ་སྨོས་ཅི་དགོས། འོན་ཀྱང་དེ་ལྟར་བྱེད་རྒྱུ་མང་དྲག་ན་པདྨ་དཀར་པོ་གསུངས་བ་བཞིན་བོད་ཀྱི་སྤྱི་སྐད་ཡོང་བའི་འགོག་རྐྱེན་དུ་མི་འགྱུར་བའི་ངེས་བ་མེད་པས་བློ་ལྡན་རྣམས་ཀྱིས་བསམ་གཞིགས་བྱེད་གལ་ཆེ། ཁ་ཅིག་གིས་ཨ་མདོའི་སྤྱི་སྐད་དུ་སྒྱུར་ལ་ལེགས་ཚུལ་གསུངས་ཀྱང་གོང་དུ་བཀོད་པའི་སྐད་ཆ་དེ་ལས་ཨ་མདོའི་སྤྱི་སྐད་ཅིག་ཡོད་པ་མ་མཐོང་ལ། དྲང་མོ་བཤད་ན་ཨ་མདོ་ལ་ལུང་ཚན་རེ་དང་སྐད་རེ་ཡོད་པས་ལུང་ཚན་སུ་ཞིག་སྐད་ཨ་མདོའི་སྤྱི་སྐད་རེད། སྐད་སྒྱུར་གྱིས་ཨ་མདོའི་སྐད་དུ་སྒྱུར་སྐབས་ལྷ་སའི་སྐད་ཀྱི་ལེགས་ཆའི་མཛེས་རྒྱན་ཅུང་སྤྲུས་ན། ཨ་སྐད་དང་དབུས་སྐད་གཉིས་ཉེ་སར་བཅར་བའི་གོམས་སྟབས་སྤོ་བ་ཕན་ཐོགས་ཡོད་པ་མ་ཟད། དབུས་གཙང་གིས་ཨམ་སྐད་གོ་བའི་ཕན་ཐོགས་ཡོད་པ་དང་། ཨ་མདོ་བས་དབུས་སྐད་གོ་བར་ཕན་ཐོགས་ཡོད། ཕན་ཚུན་ལ་གོ་བརྡ་འཕྲོད་པའི་ནུས་པ་ཡོད་ཚེ། དེ་དང་མཐུན་པའི་ཟུང་འབྲེལ་གྱི་སྐད་ཅིག་རང་བཞིན་གྱིས་ཐོན་ངེས་ཡིན། དེ་ལྟར་མ་བྱས་བ་རང་ལྟ་མཆོག་འཛིན་བྱས་ན་བོད་ཀྱི་སྤྱི་སྐད་ཅིག་བྱུང་མི་ཐུབ་སྟེ། བོད་མི་རྣམས་ཀྱིས་ཕན་ཚུན་གོ་བརྡ་མི་ཕྲོད་པས།་གོ་བརྡ་མ་ཕྲོད་ན་བོད་ལ་དབང་བའི་སྤྱི་སྐད་ཅིག་འབྱུང་ཐབས་མེད་པའི་གནད་འདི་ཤེས་གལ་ཆེ་བ་འདོད།
ལུང་པ་ཁུག་ཀྱོག་རེའི་ཞེན་ཁོག་རེ་ཁྱེར་ནས་སྐད་ཆ་རེ་ཤོད་ཨ། སྤྱི་ལ་ཕན་ག་ཚད་ཐོགས་སོང་ངས་ལྟ་ཆོག
ཡག་པོ་འདུག
མང་པོ་བཤད་རྒྱུ་མེད། གཏམ་བཤད་དང་ཆོས་བཤད་གང་ཞིག་གློག་བརྙན་འཁྲབ་གཞུང་དང་གཅིག་མཚུངས་སུ་བསྒྱུར་མི་རུང་བའི་བསམ་ཚུལ་བྱུང་སོང་། རྒྱུ་མཚན་བཤད་སར་སླེབ་དུས་དངོས་ཡོད་མི་སྣ་དེར་ཁྱད་གསོད་བྱེད་པའི་ཁོངས་སུ་འགྲོ་འོ་ཟེར་བའི་བསམ་བློ་སྦུབས་དོག་པོ་ཞིག་ལ་གཞི་བཅོལ་བ་འདིས་སེམས་པ་སྐྱོ་སོང་། འོ་ན་དངོས་ཡོད་མི་སྣའི་ལད་མོ་བྱེད་ཐུབ་ན་དེ་ཡང་སྒྱུ་རྩལ་ཞིག་མ་རེད་པས? སྒྱུ་རྩལ་ལ་རིན་ཐང་དང་ཆ་འཇོག་མ་བྱེད་ན་ཆེད་ལས་པའི་མུ་གེ་ལོས་ཐེབས་། ད་དུང་དབུས་སྐད་དེ་དབུས་པའི་སྐད་ཡིན་ཙང་སྤྱི་སྐད་མ་རེད་ཟེར་ན་དབྱིན་སྐད་དེ་འཛམ་གླིང་སྤྱི་སྐད་མ་རེད་པས་དེ་དབྱིན་ཡུལ་གྱི་སྐད་རེད་པ་། ད་ཡིག་རྨོངས་སུ་རེད་འདུག? གླེན་བཤད་སུས་བྱེད་འདུག? ད་ལན་དེ་ཙམ་།།
བརྩོན་འགྲུས་ལགས་ཀྱིས་གོང་ས༧མཆོག་གི་གསུངས་ཨ་མདོའི་སྐད་དུ་བསྒྱུར་བ་བཟང་མོད། ཨ་མདོའི་སྐད་ཇི་མ་ཇི་བཞིན་ཐོན་མི་འདུག་སྙམ་དྲན། དབུས་སྐད་རེ་ཟུང་དང་སོ་སོའི་ལུང་པའི་སྐད་སླད་བསྲེས་ནས་བསྒྱུར་འདུག གལ་སྲིད་ཨ་མདོའི་ཡིག་རྨོངས་སེལ་མ་ཐུབ་པའི་གཞོན་སྐྱེས་ཁག་དང་རྒན་རྒོན་གང་རུང་གིས་ཉན་ཐུབ་པའི་དབང་དུ་བཏང་ན་ཡང། བརྒྱ་ཆའི་ལྔ་བཅུ་གོ་ས་མ་རེད་སྙམ་དྲན། གང་ཡིན་ཞེ་ན། ཨ་མདོའི་ལུང་ཚན་རེ་རེ་ལ་སྐད་མ་འདྲ་བ་མང་པོ་ཡོད་པ་རེད། ཡང་ན་རྔ་སྐད་ལྟ་བུ་མཚོ་སྔོན་ཕྱོགས་ནས་མ་གོ་བའི་དཀའ་ངལ་དང། རྨ་ཆུའི་སྐད་ཨ་མདོའི་ས་ཆ་ཁ་ཤས་ནས་གོ་དཀའ་བའི་དཀའ་ངལ་འདུག་སྙམ། བརྩོན་འགྲུས་ལགས་ཀྱིས་མུ་མཐུད་དུ་གསུང་སྐད་བསྒྱུར་བའི་་ལྷག་བསམ་དང་དམིགས་ཡུལ་ཡོད་ན་ཨ་མདོ་སྤྱི་ཡོངས་ནས་གོ་ཐུབ་པའི་བསམ་གཞིགས་རྣལ་མ་གཏོང་དགོས་བར་གལ།
ཡ་དྲིན་ཆེད་ཚོ། འདི་ལ་ཡག་ཉེས་ཀྱི་བརྩད་ཅིང་མེད་ཀི གོང་དུ་བསྒྱུར་བ་པོ་དེས་ཀྱང་གཅིག་བྱས་ན་ཚོད་ལྟའི་ཚུལ་དུ་བསྒྱུར་བ་ཡིན་སྲིད་མོད། དེ་ནི་ཡག་ཐག་ཆོད་རེད་འདུག རྒྱུ་མཚན་ནི་རྒྱལ་བ་རིན་པོ་ཆེའི་རང་གི་ཕ་ཡུལ་ན་གསུངས་ལ་ཉན་འདོད་པའི་རྒན་མགོ་དཀར་ག་ཚོད་ཡོད་པ་རེད། ཚང་མས་ཚིག་གི་ནང་དོན་མི་གོ་བས། འདི་ལྟར་བསྒྱུར་ན་ཚིག་གི་ནང་དོན་གོ་བ་ལ་ཕན་ཐོག་རྒྱུ་རེད་པ། འདིས་ནི་སྐད་རིགས་གཅིག་གྱུར་ལ་ཅིང་གནོད་ཀྱི་མ་རེད། དེས་འཕྲོ་ནས་གོང་གི་དེ་༧ གོང་ས་མཆོག་གི་སྐད་གོ་མཁན་ལ་བསམ་ནས་བསྒྱུར་བ་ནི་ཡིན་རྒྱུ་མ་རེད། དེ་བས་ནས་སྐད་གོ་མཁན་གྱིས་ནི་རང་ལ་བལྟས་ནས་བསམ་འཆར་བཏོན་ན་དེ་འགྲིག་ཡོད་པ་མ་རེད། ཆོས་ཀྱི་བསམ་བློ་་ཐོག་ནས་བཤད་ན་སངས་རྒྱས་ཀྱི་གསུངས་གང་ཟག་གཅིག་ལ་གོ་བར་བྱས་ན་ཡང་ཕན་ཡོན་བསམ་གྱིས་མི་ཁྱབ་པས། བསྒྱུར་མཁན་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
ལུང་ཁུག་འབྲོག་སྐད་ཕྱོགས་ལ་ཞེན་པ་དེ་ཆེ་བས།
ཡུལ་སྐད་ཧྲག་གེ་ལྟ་བུ་བྲི་ཐལ་དེ་མང་ན།
གཅིག་འགྱུར་བརྡ་སྤྲོད་ནུས་པར་ལྟོར་ཞིག་ཏུ་འགྲོ་བས།
དྲང་དབང་རྣམས་པས་བརྡ་སྤྲོད་ཐུགས་དཀྱིལ་དུ་བཟུང་རོགས།
ལས་གཞི་དེ་མགོ་བོ་སྐོར་ཆེད་དང་། རྩེད་མོ་རྩེད་ཆས་ལ་སྤྱོད་ན་བཟང་གི ཆོས་དང་སྲིད་དོན་ལ་སྤྱོད་ན་ཆག་སྒོ་ཆེན་པོ་ལས་མ་འདས།
ཆོས་ཀྱི་ཐོག་ནས་བཤད་ན། བླ་མའི་ལུང་རྒྱུན་ཟེར་བ་འདི་ཉམས་འགྲོ་ས་རེད། དེར་བརྟེན། རྒྱལ་བ་ལས་འདས་པའི་མི་གཞན་ཞིག་གིས་རྒྱལ་བའི་ཚབ་བྱས་ནས་ཆོས་འདོན་ན་ཆོས་ཕྱོགས་ཀྱི་འབྱིན་རླབས་དང་དགོས་པ་རྣམས་ཚང་གི་ཨེ་ཡོད།
སྲིད་ཀྱི་ཐོག་ནས་ཞུས་ན། བོད་སྤྱི་ལ་དབང་བའི་སྐད་ཤིག་ཡོང་བར་འབད་བརྩོན་བྱེད་པའི་ལྡོག་ཕྱོགས་ཀྱི་ལས་གཞི་སྤེལ་ཞིང་སྐྱོད་ན། བོད་མི་ནང་ཁུལ་ཁ་བྲལ་གཏོང་བའི་བྱ་བ་ཚབ་ཆེ་ཞིག་ལ་འགྲོ། ཨ་མདོ་ལ་ཨ་མདོ་བའི་གསུང་དོད་ཤིག་དང་། ཁམས་པ་ལ་ཁམས་པའི་གསུང་དོད་ཤིག དེ་ནས་གཙང་ལ་གཙང་པའི་གསུང་དོད་ཤིག་དང་། ནག་ཆུ་ལ་ནག་ཆུ་བའི་གསུང་དོད་ཅེས་མཐའ་མ་རྒྱལ་བ་རིན་པོ་ཆེ་བོད་མིའི་སྤྱིའི་གཟུགས་སུ་ཞུགས་པ་དེ་སྐད་དུམ་བུར་བརྟེན་ནས་བོད་མིའི་འདུ་ཤེས་ཀྱང་ཇེ་ཆུང་ཇེ་ཆུང་ལ་སོང་ནས་ཨ་མདོ་དང་ཁམས་པ། དབུས་པ་དང་གཙང་པ་ཟེར་བ་དེ་ཤུགས་ཆེ་རུ་ཆེ་རུ་ལ་སོང་ནས་མཐའ་མ་གང་ཕན་སོང་ངམ།
ཁྱོད་ལྟོས་ཨང་། ཉིན་ཞིག་རྒྱལ་བ་ཀརྨ་པས་ཁམས་པའི་མགྲིན་ཚབ་ཀྱི་ནང་ཆོས་གསུང་རྒྱུ་རེད། ད་དེ་དུས་ཨ་མདོ་བ་ཚོར་འཚོར་སྣང་མི་འདྲ་བ་ཞིག་ཡོང་གི་རེད། འོ་དེ་ནས་ཟམ་སྟོང་རིན་པོ་ཆེ་ཡང་ཨ་མདོ་བ་ཞིག་དང་ཁམས་པ་ཞིག་འཚོལ་བར་ཕེབས་ཀྱི་རེད། ད་དེ་ནས་ཉིན་ཞིག་རྒྱ་རི་རིན་པོ་ཆེ་ཡང་ཨ་མདོ་བའི་མགྲིན་ཚབ་ཤིག་བེད་སྤྱོད་གཏོང་གི་རེད། འོ་དེ་ནས་འཇུ་ཆེན་ཐུབ་བསྟན་གྱིས་ཀྱང་དབུས་པའི་མགྲིན་ཚབ་ཤིག་བེད་སྤྱོད་གཏོང་གི་རེད།
ལྐུགས་པ། རང་གིས་རང་གི་ལུས་ལ་གྲི་རྒྱབ་པ་ནང་བཞིན། བོད་མིའི་ཆིག་སྒྲིལ་གྱི་འདུ་ཤེས་རྩ་ཆེན་འདི་སྟོར་གྱི་འདུག
མཐོང་ཐོས་བློ་རྒྱ་ཆུང་བའི་བྱིས་པ་དང་།།
རྒྱུ་མཚན་ལྟར་སྣང་ལ་དགའ་ཁེངས་དྲེགས་ཅན།།
བསམ་ཡོད་རྩམ་ཟན་བོད་པ་ང་ཡིན་ཞེས།།
སེམས་ཤུགས་གཅིག་ལས་ཅིག་ཤོས་ཆེ་བར་མངོན།།
ཨམ་མདོའི་སེམས་ལ་ཡོད་ཚད་ཨམ་མདོའི་ཡིན།།
ཁྲིམས་དང་སྐད་གཉིས་དབུས་པ་གཙང་པའི་དབང་།།
ཁམས་པ་ཀླན་པ་མུ་ཅོར་གྲི་་ལ་དགའ།།
མཐུན་སྒྲིལ་གཅམ་བུའི་ཚིག་ལ་ཡིད་བརྟན་ཅི།།
ཕ་རྒན་སྤྲི་འུ་ཡིན་མིན་ཇི་ལྟར་ཡང་།།
མ་འདི་སྲིན་མོ་ཡིན་པ་གདོན་མི་ཟ།།
མི་རིགས་འདི་ལ་ངན་པ་དགུ་འཛོམས་སྲིད།།
བཟང་པོ་བཅུ་ཞོག་གཅིག་ཀྱང་དཀའ་བ་ཉིད།།
རྩེད་མོ་ཡིན་པས་གྲི་འགོ་ཕུར་མི་དགོས།།
ཕུར་སར་སླེབས་སྐུ་མཁྱིན་ཕུར་རོགས་བགྱིས།།
སྨྲ་བརྗོད་རང་དབང་རང་ལ་དགོས་པ་བཞིན།།
ཀུན་ལ་དགོས་པ་མཁྱིན་གྱིན་ཡོད་ཤག་ཡིན།།
བཀྲ་ཤིས་བདེ་ལེགས།།
བརྡ་སྤྲོད་པ་དང་མི་མཐུན་པའི་རིགས་མེད་པར་ཚང་མ་ཡིག་སྐད་དང་མཐུན་ཅི་ཐུབ་བྱ་རྒྱུ་གལ་ཆེན་རེད།
གོང་དུ་བསྒྱུར་བའི་ནང་དུ་དེ་འདྲའི་རིགས་དུ་མ་འདུག་པས་དེ་ཡག་པོ་མ་རེད།
༸གོང་ས་མཆོག་གི་བརྙན་འཕྲིན་བཀའ་སློབ་འདི་ཨམ་སྐད་བསྒྱུར་མཁན་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་བ་དང་། ཁྱེད་ཀྱིས་བསྒྱུར་སྟངས་འདིའི་ཐོག་ནས་ཨ་མདོ་ཙམ་མ་ཡིན་པར་བོད་སྤྱི་བའི་དོན་ལ་ཞབས་འདེགས་བླ་ན་མེད་པ་ཞིག་ཞུས་འདུག་པར་བསྔགས་བརྗོད་ཞུ་འོས་པ་ཞིག་རེད། འདི་ནས་ངའི་ཕ་ཡུལ་ཕྱོགས་ཀྱི་འབྲེལ་ཡོད་སྐོར་ཞིག་ལ་བརྙན་འཕྲིན་འདི་ངོ་སྤྲོད་ཞུས་པར་ཁོང་ཚོས་ཁྱེད་ལ་བཀའ་དྲིན་ཆེ་ཞེས་ཞུ་རོགས་གསུང་བྱུང། ཁྱེད་མུ་མཐུད་ནས་༸གོང་ས་མཆོག་གི་བཀའ་སློབ་ལམ་སྟོན་ཁག་འདི་བཞིན་ཐད་བསྒྱུར་གནང་རོགས་མཁྱེན། ང་ཚོ་བོད་མིའི་མང་དག་ཅིག་ཡ་རབས་མགོ་གནོན་བྱེད་རྒྱུར་ངན་གོམས་ཡོད་པ་དང།་ལྷག་པར་གཞུང་ཞབས་སྐུ་ངོ་ཕལ་གྱིས་ཁྱེད་ཀྱི་ལྷག་བསམ་རྣམ་དཔྱོད་ཀྱི་གཉའ་ནས་གནོན་ཐབས་བྱེད་སྲིད་ཀྱང། དེ་ལ་མགོ་བོ་མི་བརྒུར་བར་བོད་སྤྱི་དང་། ཁྱད་པར་བོད་ནང་གི་རང་རིགས་སྤུན་ཟླ་རྣམས་ཀྱི་ཆེད་དུ་སྐབས་བབས་བཀའ་སློབ་ཁག་འདི་བཞིན་བསྒྱུར་རོགས་མཁྱཻན་མཁྱཻན་ཞུ།
དེ་ངོ་ཡག་པོ་བྱེ་བྲག་འདུག་པས་དགའ་བསུ་་ཡོད།
མུ་མཐུད་ནས་རྒྱ་ཁྱབ་ཡོངས་ཐུབ་པའི་རེ་བ་ཆེ་པོ་ཡོད