ཁྲི་རལ་པ་ཅན།
བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་མི་མང་ཆེ་ཤོས་དབུས་གཙང་དང་སྟོད། བར་ཁམས་ཀྱི་བོད་མི་སྔ་མོ་བོད་ས་མ་ཤོར་གོང་དགའ་ལྡན་ཕོ་བྲང་གི་ཁྱབ་ཁོངས་སུ་གཏོགས་པ་ཞེ་གཅིག་ནས་ཡིན་པས། ལོ་རྒྱུས་ཀྱི་དུས་སྐབས་རེ་ཟུང་ནང་རྒྱ་སོག་གི་དམག་འཁྱམས་རེ་གཉིས་རེས་བཙན་འཛུལ་གནས་སྐབས་པ་རེ་བྱས་མྱོང་ཙམ་ལས། ཕྱི་ལོ་༡༩༥༩ ལོར་རྒྱ་དམར་གྱིས་བོད་ས་ཡོངས་རྫོགས་མ་བཟུང་བར་བོད་མིའི་སྤྱི་ཚོགས་དང་ཆོས་རིག་གི་ཁོར་ཡུག་གཙང་མ་ཞིག་གི་ནང་གནས་ཡོད་ཅིང་། བཙན་བྱོལ་བོད་མི་མང་ཤོས་ཁོར་ཡུག་དེ་ནས་སྐྱབས་བཅོལ་དུ་སླེབས་པ་ཤ་སྟག་ཡིན་པས།
སྐྱབས་བཅོལ་གྱི་མི་ལོ་༥༠ ལྷག་ནང་བོད་མིའི་གོམས་སྲོལ་རྙིང་པ་ཆོས་རྒྱུད་ལུང་ཚན་གྱི་དཀའ་རྙོག་ཅུང་རེ་ནང་ཁུལ་དུ་འཕྲད་མྱོང་བ་མ་གཏོགས། རྩ་བའི་ཆོས་ལུགས་རིས་མེད་ཀྱི་དགོན་སྡེ་ཁག་སླར་གསོ་བྱས་ཏེ་འཛམ་གླིང་ཤར་ནུབ་གང་སར་བོད་མིའི་ཆོས་རིག་དར་སྤེལ་རྒྱ་ཆེར་ཐུབ་ཡོད་པ་མ་ཟད། སྤྱི་ཚོགས་ཞི་ལྷིང་དང་ཆིག་སྒྲིལ། ༧རྒྱལ་བ་རིན་པོ་ཆེའི་དར་ཆའི་འོག་ཚང་མ་འདུ་ཐུབ་ཀྱིན་ཡོད་རྐྱེན། བཙན་བྱོལ་བོད་མིའི་སྤྱི་ཚོགས་འདི་འཛམ་གླིང་གི་སྐྱབས་བཅོལ་བའི་ཁྲོད་ཚགས་ཚུད་ཤོས་དང་ཡར་རྒྱས་ཆེ་གྲས། ཐ་ན་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཀྱང་སྐྱབས་བཅོལ་བ་གཞན་ཚོར་ཕན་ཁྱད་འདོན་པར། དཔེ་བལྟས་ཞིབ་འཇུག་གནང་ཡུལ་ཞིག་ཏུ་གྱུར་ཡོད། འོན་ཀྱང་། ཕྱི་ལོ་༡༩༨༠ ནང་ཙམ་ནས་བཙན་བྱོལ་དུ་ཨ་མདོ་བ་མང་པོ་ཅིག་རིམ་འབྱོར་བྱུང་བ་དང་བསྟུན། བཙན་བྱོལ་བོད་མིའི་ཁྲོད་བསམ་སྤྱོད་མི་མཐུན་པའི་གཡོ་འཁྱོམས་ཆེ་ཙམ་འཐོན་འགོ་བརྩམས་ཡོད།
ཨ་མདོ་བ་ཚོ་ནི་གཙོ་ཆེར་རིགས་རྒྱུད་ཀྱི་ཆ་ནས་ཨ་ཞ་དང་ལྡོང་མི་ཉག་སོགས་ཕྱི་ཡོང་གི་མི་རིགས་འདྲེས་མའི་ཚོ་ཁག་རྣམས། བཙན་པོའི་སྐབས་བོད་ཀྱིས་ཞི་དྲག་གི་ཐབས་ཇུས་ལ་བརྟེན་ནས་དབང་འོག་ཏུ་བསྡུས་ཏེ། ཕྱིས་བོད་སིལ་བུར་འཐོར་རྗེས་ས་སྐྱའི་སྐབས་ཧོར་གྱི་སྟོབས་ཀྱིས་ཆོལ་ཁ་གསུམ་ཟེར་བའི་ནང་བཅུག་ནའང་། དེ་རྗེས་དུས་རབས་མང་པོའི་རིང་རྒྱ་སོག་གི་དབང་བསྒྱུར་འོག་བསྡད་མྱོང་བས།༧རྒྱལ་བ་རིན་པོ་ཆེས་ཀྱང་ཚོགས་པ་ཁག་ལ་སྩལ་བའི་བཀའ་སློབ་ཤོག་༨༨པའི་སྟེང་། “བར་ལམ་བོད་སིལ་བུར་ཕྱིན་པ་རེད། ཕྱིས་སུ་དགའ་ལྡན་ཕོ་བྲང་ཚུགས་སྐབས་ལ་མདོ་སྨད་ཁུལ་རྒྱ་བོད་ཧོར་གསུམ་ཞེས་པའི་ཧོར་ཁོངས་སུ་བརྩི་གི་མེད་དམ་”ཞེས་གསུངས་ཡོད་ཅིང་།
བོད་ཀྱི་ལོ་རྒྱུས་སྨྲ་བར་གཞན་དྲིང་མི་འཇོག་པའི་མཁས་པ་བཀྲ་ཤིས་ཚེ་རིང་ནས་ཀྱང་(བོད་ཀྱི་ལོ་རྒྱུས་བགྲོ་གླེང་)དེབ་ཀྱི་ཤོག་༢༥ སྟེང་དུ། “བོད་ཀྱི་བོན་པོ་རྣམས་ཀྱིས་སྟག་གཟིག་པའི་མི་རིགས་དབྱེ་ཚུལ་ཞིག་ཏུ། སྟག་གཟིག་ནས་མཆེད་པའི་ཧོས་ཞེས་པ་ལས་ཞང་ཞུང་པ་བྱུང་བ་བཤད་པ་ལྟར་ན། སེ་འ་ཞ་(Turco-Mongols) ལྡོང་མི་ཉག་པ་ (Tanguts)རྣམས་དང་འདྲ་བར་ཞང་ཞུང་པའང་ཕྱི་ནས་བྱུང་པ་(Indo-Iranic) ཡིན་དགོས་”ཞེས། ཨ་མདོ་ས་ཁུལ་དུ་ཁྱབ་པ་མི་རིགས་གཙོ་བོ་འ་ཞ་བ་རྣམས་ནི་ཧོར་དང་ཏིར་ཀི་བརྒྱུད་པ་དང་། ཨ་མདོ་ལྷོ་རྒྱུད་དུ་གནས་ཆེ་བ་ལྡོང་རིགས་རྣམས་བཅས་ཚང་མ་ཕྱི་ཡོང་གི་མི་རིགས་ཡིན་པར་གསུངས་ཡོད་ཅིང་།
གང་ལྟར། ཨ་མདོ་རྣམས་ཆོས་དང་སྐད་ཡིག་གི་ཆ་ནས་བོད་ཀྱི་ཤུགས་རྐྱེན་འོག་ཡོངས་སུ་ཚུད་ཡོད་ནའང་། ཡུལ་སྲོལ་གོམས་གཤིས་དང་མིའི་གདོང་དབྱིབས་དང་སྤྱོད་ལམ། ལྷག་པར་དམངས་ཁྲོད་དུ་མི་ཕན་ཚུན་བར་འབྲེལ་བ་འཛིན་སྟངས་དང་ཡིད་ཆེས་གནས་ཚད། རིན་ཐང་གི་བསམ་ཚུལ་སོགས་བོད་མི་དང་ཐ་དད་ཡིན་པ་མང་པོ་ཡོད།
ལར་ཨ་མདོ་བ་ཡོངས་ཀྱི་རིག་གནས་གོམས་སྲོལ་ཀྱང་གཅིག་པ་མིན་པར། བྱང་རྒྱུད་ས་ཆ་མང་པོ་རྒྱ་དང་ཧོར། ཁ་ཆེ་དང་ཏིར་ཀི། ཧ་སག་སོགས་མི་རིགས་སྣ་ཚོགས་སུ་འདྲེས་དྲགས་རྐྱེན། མི་རིགས་དེ་ཚོའི་རིག་གཞུང་གིས་ཀྱང་ཤུགས་རྐྱེན་ཆེན་པོ་ཐེབས་པ་དང་ལྷན། ལྷོ་ཕྱོགས་པ་རྣམས་དུས་རབས་མང་པོར་ཁེ་གཙང་དུ་བསྡད་དེ་དུས་ཕྱིས་སོག་པོའི་ཚོ་ཁག་མང་པོར་འདྲེས་ཡོད་སྟབས། འགྲོ་ལུགས་སྡོད་སྟངས་གང་ཅིར་བོད་མི་དང་ཁྱད་པར་ཆེན་པོ་འཐོན་ཡོད།
དཔེར་ན། བོད་མི་མང་ཆེ་བའི་ཁ་ཚིག་གཤིས་ཀ་རང་བཞིན་གྱིས་འཇམ་པོ་དང་བསྟུན་མཁས། སྤྱང་གྲུང་དོད་པོ། གཤིས་སྤྱོད་བསམ་འཁྱེར་གང་ཅི་ནམ་རྒྱུན་མངོན་གསལ་དོད་པོ་དང་ཕྱི་གསལ་ནང་གསལ་མི་སྟོན་པར་སྒམ་བརླིང་ངང་གནས་རྒྱུར་དགའ། ཨ་མདོ་རྣམས་ནི་མང་ཆེ་བ་གཡོ་སྒྱུ་ཆུང་བ་དང་སྤྱང་གྲུང་མི་འཛོམས་པ། དྲང་པོ་དྲང་བཞག་དང་ཨུ་ཚུགས་ཆེ་ལ་གཤིས་ཀ་གྱོང་པོ་ཡིན་པས། རང་གི་སེམས་སུ་ཡིད་ཆེས་དང་བསམ་ཚུལ་གང་ཡོད་པ་སྤྱི་ཚོགས་ནང་ཆེ་བཙན་སུ་དང་མི་མཐུན་པ་བྱུང་ཚེ། ཐབས་མཁས་པོ་དང་རྒྱུ་མཚན་ལྡན་མིན་ལ་མ་ལྟོས་པར་འགལ་ཟླ་དེར་ཁ་གཏད་འཛེམ་ཟོན་མེད་པ་རེད།
ལྷག་པར་བོད་ཧྲིལ་བོ་རྒྱ་དམར་གྱིས་དབང་བསྒྱུར་བྱས་ནས་བཟུང་། ཨ་མདོ་ས་ཆར་བོད་ཡིག་སློབ་གྲྭ་མང་པོ་ཅིག་གཞུང་སྒེར་གཉིས་ཀྱི་ངོ་བོའི་སྟེང་བྱུང་ཡོད་ནའང་། དེ་ཚོའི་ནང་སུམ་རྟགས་སྙན་ངག་དང་རྒྱལ་རབས་ཐར་ཐོར་ཙམ་ལས། བོད་ཀྱི་སྲོལ་རྒྱུན་རིག་གཞུང་ལ་སྦྱངས་པ་གཏིང་ཟབ་བྱེད་རྒྱུའི་གོ་སྐབས་མེད་པར། སློབ་ཚན་གཙོ་བོ་ནི་རྒྱ་ནག་གུང་བྲན་གྱི་བསམ་བློ་ལྟར་གཏན་འབེབས་བསླབ་དེབ་ཁག་དང་། དམིགས་བསལ་ཆོས་དུག་རྒྱུན་ཡིན་པ་དང་སྲོལ་རྒྱུན་རིག་གཞུང་རྗེས་ལུས་ཡིན་པས། དེ་ཚོར་ལྟ་ཙམ་གྱི་དང་གའང་མེད་པར། ནུབ་ཕྱོགས་ཀྱི་རིག་གསར་སྤྱི་དང་དེ་ལས་ཀྱང་དམར་པོའི་མཚན་ཉིད་རིག་པ་བ་ཚོར་ཡིད་སྨོན་མོས་གུས་ཆེན་པོ་བྱེད་པ་སོགས། དམར་པོའི་བསམ་བློ་ཁོ་ན་ངམ་ངམ་ཤུགས་ཀྱིས་ཀླད་པའི་ནང་འཛུལ་ཡོད་པ་མ་གཏོགས། འཛམ་གླིང་སྤྱི་བྱེའི་དེང་དུས་ཀྱི་འགྱུར་བ་དང་མཐུན་པའི་འགྲོ་ལུགས་སྡོད་སྟངས། བསམ་བློ་གཏོང་ཕྱོགས་སོགས་ལ་ཆ་རྒྱུས་ཧ་ཅང་ཞན་པའི་འཁོར་ཡུག་ཅིག་ནང་འཚར་ལོངས་བྱུང་བ་མ་ཟད།
སྔ་མོ་རྒྱ་ནག་ནང་གུང་བྲན་ཐོག་མར་སླེབས་སྐབས་ཀྱི་བསམ་བློའི་ཤན་ཞུགས་ཏེ། མི་རིགས་ཀྱི་ཞེན་ཁོག་གུ་དོག་མཁྲེགས་འཛིན་གྱིས་རྒྱ་ནག་སྐད་ཡིག་ཚད་འཕེར་ཙམ་སྦྱང་མཁན་ཡང་ཉུང་ཉུང་ཡིན་རྐྱེན། ཨ་མདོ་ལོ་གཞོན་ཚོ་སྔ་མོའི་དམར་པོའི་བསམ་བློ་སོགས་རྒྱ་ཡིག་གི་བསྒྱུར་རྩོམ་ཁག་ཅིག་ལྟ་བུ། བརྗོད་བྱ་ཚད་བཀག་ཅན་ཞིག་གི་ནང་མགོ་འཐོམས་ཏེ། བསམ་བློའི་གནས་ཚད་དམའ་མོ་དང་ལྟ་རྒྱ་མཐོང་རྒྱ་ཆུང་ཆུང་། དེའི་སྟེང་རང་བཞིན་གྱི་གཤིས་ཀ་གྱོང་བོས་གྲོགས་བྱས་ཏེ། བསམ་བློ་གཏོང་སྟངས་ཧ་ཅང་གིས་གུ་དོག་པོ་དང་གནས་ལུགས་འཚོལ་ཞིབ་ཀྱི་གཤིས་ཀ་ཅན་ཤིན་ཏུ་ཉུང་ཁར། དོན་འགྲུབ་རྒྱལ་སོགས་ནས་བཟུང་ཆོས་དང་སྲོལ་རྒྱུན་རིག་གནས་ཀྱིས་བོད་ཕོངས་པ་འདྲ་བོ། ནང་དོན་དམར་པོའི་རིག་གསར་སོགས་དང་ཧ་ལམ་མཚུངས་བའི་རྩོམ་ཡིག་རྐྱང་སྤེལ་བ་དང་ལྷན།
བར་ལམ་ནས་ནུབ་ཕྱོགས་ཀྱི་དམར་པོའི་ལྟ་གྲུབ་པ་མཱར་ཁེ་སི་དང་ཨང་གཱལ་སི། ཁཱང་ཏེ་དང་ཧྥེར་པ་ཁི།ནེ་ཆི་སོགས་ཀྱི་ལུང་དྲངས་ཏེ་སྔ་མོའི་ཡོ་རོབ་ཀྱི་ཆོས་སྲིད་གནས་སྟངས་ཁག། དེང་སང་གི་བོད་ལ་དཔེ་འགེབས་བྱས་པ་དཔེ་དེབ་གསར་རྩོམ་གང་མང་ཞིག་འཐོན་པ་ནས་བཟུང་། སྤྱི་ཚོགས་དང་རིག་གཞུང་།ཆབ་སྲིད་དང་ཁྲིམས་ཀྱི་གནས་ཚུལ་སོགས་གང་ཅིའི་ཆ་ནས། གཞན་ལ་རྒྱུས་མྱོང་ཞན་པ་ཨ་མདོ་གཞོན་སྐྱེས་སེར་སྐྱ་མང་པོ་ཅིག་གིས་གསར་རྩོམ་དེ་ཚོའི་ནང་གང་བརྗོད་པ་རྣམས་གཡོལ་ཐབས་བྲལ་བའི་བདེན་དོན་ཞིག་ཏུ་བསམས་ཏེ། བོད་ཕྱི་ནང་གི་སྐད་འཕྲིན་དང་ངོ་དེབ།གསར་ཤོག་བཅས་རྒྱུད་ལམ་མཐོང་ཚད་སྟེང་དུ། ནང་ཆོས་ཀྱིས་བོད་ཕོངས་ལ་སྦྱར་བ་དང་སྲོལ་རྒྱུན་རིག་གཞུང་གིས་བོད་སྐྱོབས་མི་ཐུབ་པས། གཏོར་བཤིག་གི་བསམ་བློ་དང་གསར་བརྗེ་ཡི་སྙིང་སྟོབས་དགོས་པ་དུས་རྒྱུན་བཤད་བསྡད་ཡོད་པ་བཞིན། ཨ་མདོ་གཞོན་སྐྱེས་རེ་གཉིས་ཀྱིས་རང་གི་སྡེ་བའི་ནང་གི་མ་ཎི་འཁོར་ཁང་དང་བསང་ཁྲི་བཤིག་པའི་གནས་ཚུལ་ཡང་བྱུང་མྱོང་ཡོད་པ་རེད།
གནས་ཚུལ་དེ་ཚོ་ལས་ཨ་མདོ་གཞོན་སྐྱེས་གསར་ཞེན་པ་རྣམས་ཀྱི་བསམ་བློ་ལྟར་ན། གསར་བརྗེ་ནི་ངེས་པར་རྙིང་ཚབ་གསར་པས་བྱེད་དགོས་པ་དང་། རྙིང་པ་གཏོར་བཤིག་མ་བྱས་ན་གསར་པ་ལག་བསྟར་མི་ཐུབ་པ། གསར་པ་དར་སྤེལ་གཏོང་བར་རྙིང་པ་རྩ་གཏོར་གྱི་སྙིང་སྟོབས་ཡོད་པ་ནི་བསམ་བློ་བ་དང་སྔོན་འཐོན་པ། ཡར་རྒྱས་ཅན་ཡིན་པར་ངོས་འཛིན་བྱེད།
སྤྱིར་བཏང་མིའི་རིགས་ཀྱིས་ལོ་རྒྱུས་དུས་ཡུན་རིང་པོའི་ནང་རིམ་པར་བསགས་པའི་གསར་རྙེད་ཀྱི་རིགས་ལམ་སྣ་མང་ཕྱོགས་བསྡུས་ཀྱིས་གཞུང་ལུགས་གྲུབ་སྟེ། གནས་ལུགས་འཚོལ་ཞིབ་ཀྱི་རིགས་པ་རྒྱ་ཇེ་ཆེ་དང་གཏིང་ཇེ་ཟབ། སྣ་འཛོམས་འཐུས་ཚང་ཅན་དུ་གཏོང་གི་ཡོད་ནའང་། གུང་བྲན་ལ་དཔེ་བལྟས་ནས་རྙིང་པ་ཡོད་ཚད་རྗེས་ལུས་དང་རྨོངས་འཐོམས་ཡིན་ལུགས། ལོ་རབས་བརྒྱད་ཅུ་པ་ཙམ་ནས་དོན་གྲུབ་རྒྱལ་དང་ལྗང་བུ། དཔའ་རྩེ་དང་དོན་འགྲུབ་དབང་འབུམ་སོགས་མང་པོའི་རྩོམ་ནང་མཐོང་རྒྱུ་ཡོད་ཅིང་།
ཕྱིས་སུ་ཞོགས་དུང་དང་དཔོན་ཚང་ཕག་མོ་བཀྲ་ཤིས། མེ་ལྕེ་དང་བདུད་ལྷ་རྒྱལ་སོགས་བཤད་མི་དགོས་པ་རེད། དེང་སང་ཡང་སེང་རྡོར་སོགས་ཆར་ཤུལ་གྱི་ཤ་མོ་བརྡོལ་བ་བཞིན་བྱུང་གིན་ཡོད་པས། ད་ལྟ་བོད་ནང་གི་ཨ་མདོ་གཞོན་སྐྱེས་མང་ཤོས་ལ་བསམ་བློའི་ཁ་ཕྱོགས་འདིའི་སྟེང་ནས་སྐད་ཆ་མ་བཤད་ན། ཧ་ལམ་གཏམ་གཞན་དང་བླང་དོར་གྱི་གནས་གཞན་དག་ལ་བགྲོ་གླེང་བྱེད་དགོས་ན་གོ་བརྡ་འཕྲོད་དཀའ་བའི་གནས་སུ་གྱར་ཡོད།
ཁོང་ཚོས་བོད་ཀྱི་ཆོས་དང་སྲོལ་རྒྱུན་རིག་གཞུང་ལ་བཟུང་བའི་ལྟ་སྟངས་ནི། དུས་རབས་དཀྱིལ་མའི་ཡོ་རོབ་ཀྱི་རིག་གསར་སྨྲ་བ་དང་བསམ་བློ་བ་ཚོས་ཡེ་ཤུས་ཆོས་ལ་བཟུང་བའི་ལྟ་ཚུལ་དང་འདྲ་བོ་ཡོད་མོད། དོན་དངོས་སུ་ད་ལྟའི་དུས་རབས་ཀྱི་འགྱུར་འགྲོས་དང་གནས་ཚུལ། ལྷག་པར་ནང་ཆོས་དང་ཡེ་ཤུས་ཆོས་གཉིས་རྩ་བ་ནས་ཐ་དད་ཡིན་རུང་། ཨ་མདོ་གཞོན་སྐྱེས་ཚོར་ཁོར་ཡུག་གི་རྐྱེན་གྱིས་བོད་ཀྱི་རིག་གཞུང་གཏིང་ཟབ་ལ་སྦྱང་གོམས་ཞན་པས། མ་བརྟག་མ་དཔྱད་པར་ཆོས་དང་རིག་གཞུང་རྙིང་པ་ཐམས་ཅད་རྒྱུགས་པ་ལེབ་རྡུང་བྱེད་སྲོལ་ཅིག་དར་ཡོད།
ཐ་ན་རྩོམ་གཤིས་དང་ཚིག་འགྲོས་ཀྱི་ཆ་ནས་ཀྱང་འཇུ་བསྐལ་བཟང་དང་སྒོ་ཤེར་སོགས་ནང་ཆོས་དང་སྲོལ་རྒྱུན་ལ་སྦྱང་བ་ཡོད་པ་རེ་འགའ་ཙམ་མ་གཏོགས། མདོ་སྨད་པ་གཞོན་སྐྱེས་གསར་ཞེན་ཅན་མང་ཤོས་རྩོམ་གཤིས་དང་སྐད་ཆ་ལབ་སྟངས་ཚུན་རྒྱ་མི་ཞིག་ལ་བོད་ཆས་གཡོགས་བཞག་པ་འདྲ་བོ་ཡོད།
ཁོང་ཚོར་རྒྱ་ནག་གི་སྐད་ནས་བོད་ཡིག་སྟེང་འགྱུར་རྩོམ་ཁག་གི་རྩོམ་འགྲོས་གོམས་དྲགས་རྐྱེན། ཚིག་གི་ལོ་མ་རྒྱས་སྤྲོས་ཀྱི་གོ་བརྡ་འཕྲོད་ལ་མ་འཕྲོད་པའི་རྒྱ་ལུགས་རྩོམ་སྲོལ་དེ་ཙམ་ལས། བོད་སྐད་གཙང་མའི་གཤིས་དང་མཐུན་པའི་རྩོམ་ཡིག་བྲི་ཐུབ་པ་ཧ་ཅང་ཉུང་བས། གཞུང་ལུགས་རབ་འབྱམས་ཀྱི་ཕ་རོལ་ཏུ་སོན་པ་དགེ་བཤེས་ཐུབ་བསྟན་སྦྱིན་པ་དང་རྩོམ་པ་བོ་གྲགས་ཅན་ཧོར་གཙང་འཇིགས་མེད། ལོ་རྒྱུས་སྨྲ་བ་བཀྲ་ཤིས་ཚེ་རིང་སོགས་ནས་ཀྱང་ཨ་མདོ་གཞོན་སྐྱེས་ཚོའི་རྩོམ་ལ་གོ་བ་མི་ལོན་པར་དཀའ་ངལ་འཕྲད་པ། ཡོངས་གྲགས་སུ་གསར་ལམ་ཁག་དང་རྩོམ་ཡིག་ནང་འཁོད་ཡོད་པ་རེད།
མདོར་རྩ་དེ་ཚོ་ཚང་མ་རྒྱ་དམར་གྱི་དྲིལ་བསྒྲགས་ལག་རྗེས་དང་གཞོན་ནུ་ཚོ་དར་དམར་འོག་འཚར་བའི་ཤུགས་རྐྱེན་ཡིན་པས། གང་ལའང་ལྟོས་མེད་ངང་རིགས་ལམ་རྒྱུ་མཚན་ལས་ཚོར་བ་གཙིགས་སུ་འཛིན་པ་དང་། དངོས་ཡོད་ལག་ལེན་ལས་ཁ་གཡང་གཙོ་བོར་བཟུང་སྟེ་མི་རབས་གསར་པ་དང་ན་གཞོན་གསར་པ། བསམ་བློ་གསར་བརྗེ་དང་གུ་ཡངས་བཅས་ཀྱི་འབོད་ཚིག་འོག། རྒྱ་ནག་གི་སྔ་མོའི་གསར་བརྗེ་ཁག་ལ་ལད་ཟློས་དཔེ་འགེབས་པ་དབྱར་གྱི་ཆུ་བོ་བཞིན་རྒྱས་ཡོང་གི་ཡོད།
རྩ་བའི་ཁོང་ཚོས་ཕྱོགས་ཡོངས་མཐོང་བའི་སྒོ་ནས་སྤྱི་ཚོགས་ཀྱི་དགོས་མཁོ་ལ་གཟིགས་ཏེ་དམར་པོའི་ལྟ་བ་བཟུང་ན། དེ་ནི་རྒྱུ་མཚན་ལྡན་པ་དང་རང་ཉིད་ཀྱི་ཐོབ་ཐང་ཡིན་པས་འོས་འཚམས་སུ་གྱུར་ཡོད། འོན་ཀྱང་དེ་འདྲ་མ་རེད། ༧གོང་ས་སྐྱབས་མགོན་ཆེན་པོས་ངོས་ནས་རྒྱ་ནག་གི་མཁས་པ་མང་པོར་ཐུག་འཕྲད་སྐབས། ཁོང་ཚོ་མང་ཆེ་བས་“དེང་སང་རྒྱ་ནག་ནང་མི་སོ་སོའི་ལྷན་སྐྱེས་ཀྱི་ནུས་པའི་སྟེང་ནས་ཤེས་ཡོན་ཡར་རྒྱས་གཏོང་བར། རང་དབང་དང་མཐུན་རྐྱེན་ལམ་སྲོལ་སོགས་མེད་པར། ཕྱོགས་གཅིག་ཁོ་ནའི་གནས་ཚུལ་གྱི་ཤེས་ཡོན་སློབ་སྦྱོང་ཙམ་རེད་”ཅེས་བརྗོད་ཀྱིན་འདུག་ཚུལ་གསུངས་པ་བཞིན། ཁོར་ཡུག་དེའི་ནང་འཚར་ལོངས་ཀྱི་ཨ་མདོ་གཞོན་སྐྱེས་མང་པོ་ཅིག་མཉམ་ཁ་བརྡ་བྱེད་སྐབས།
ཁོང་ཚོ་མང་པོ་ཅིག་གིས་སོ་སོའི་བསམ་ཚུལ་དེ་རིགས་དམར་པོའི་ལྟ་བ་ཡིན་པའང་མི་ཤེས་པར། འཛམ་གླིང་སྤྱིའི་འགྲོ་ཕྱོགས་དང་མཐུན་ཚབ་ཆེན་པོ་ཡིན་པར་འཁྲུལ་བསྡད་འདུག།
དཔེར་ན། ཉེ་ལམ་ང་རང་གིས་སྐད་འཕྲིན་ཚོགས་ཁག་ཅིག་སྟེང་བོད་ནང་གི་མདོ་སྨད་པ་གཞོན་སྐྱེས་གང་མང་ཞིག་དང་བགྲོ་གླེང་བྱེད་རྒྱུ་བྱུང་། སྐབས་དེར་ཁོང་ཚོ་ཤེས་ཡོན་པ་ཡིན་ཟེར་མཁན་སྐོར་ཅིག་གིས། ནང་པའི་ཆོས་པ་ཡིན་ཕྱིན་རྨོངས་དད་པ་ཡིན་པ་དང་། ཆོས་དད་ཡོད་ཕྱིན་དག་སྣང་སྦྱངས་ཏེ་དངོས་ཡོད་གནས་ཚུལ་མཐོང་མི་སྲིད་པ། མི་ཤེས་ཡོན་མེད་པ་དང་དེང་དུས་ཀྱི་གནས་ཚུལ་མི་མཐོང་མཁན་ཚོ་ཆོས་ཀྱི་སྐྱག་རྫུན་གཡོ་ཇུས་འོག་ཚུད་བཞིན་ཡོད་པས། དེ་ཚོ་ལ་ལམ་ཁ་ངོ་མ་སྟོན་རྒྱུ་དང་ལམ་ནོར་ལྡོག་ཤེས་བྱེད་རྒྱུ། རྨོངས་དད་ཀྱི་ཞྭ་མོ་ཕུད་དེ་ཚན་རིག་གི་ལམ་དུ་བཅུག་རྒྱུ་བཅས་ནི། མང་གཙོ་རང་དབང་གི་དུས་རབས་གསར་པའི་སྤྱི་ཚོགས་ཀྱི་ཁྱད་ཆོས་ཡིན་རབས་ཟེར།
དེང་སང་འཛམ་གླིང་གི་ཆོས་ལུགས་སྣ་ཚོགས་དར་ས་དང་རང་དབང་ལྡན་པའི་རྒྱལ་ཁབ་ཁག་ནང་འཚར་བ་ཚོས། སྐད་ཆ་འདི་འདྲར་ཡིད་ཆེས་རྒྱབ་སྐྱོར་པ་ཉུང་ཉུང་ཡིན་ངེས་གཏན་རེད། འོན་ཀྱང་། དབང་ཆ་གཅིག་སྡུད་ཀྱིས་ཕྱིའི་གནས་ཚུལ་ཡོངས་བཀག་སྡོམ་བྱས་པ་རྒྱ་ནག་ནང་དུ། རྒྱ་ནག་གཞུང་ཁོ་ནའི་དྲིལ་བསྒྲགས་བསམ་བློ་ཙམ་གྱིས་གཞོན་ནུ་ཚོའི་ཀླད་པ་ཁྲུས་ཏེ། དེས་འཛམ་གླིང་དང་དེང་རབས་ཚན་རིག་གི་ཚབ་བྱེད་བཞིན་ཡོད་རྐྱེན། ཕྱོགས་གཅིག་ཁོ་ན་མ་གཏོགས་མཐོང་མེད་པ་དང་རྒྱུས་མྱོང་ཞན་པོ་ཅན། གུ་ཡངས་དང་རང་དབང་གི་སྤྱི་ཚོགས་གཞི་ནས་གོམས་འདྲིས་བསྟེན་དགོས་པ། མི་དེ་རིགས་ཀྱིས་བསམ་འཆར་སྣ་ཚོགས་བཤད་དེ་བོད་དོན་འཐབ་རྩོད་སྣེ་ཁྲིད་འདོད་པ་དང་། བཙན་བྱོལ་སྤྱི་ཚོགས་ལ་འགྱུར་བཅོས་གཏོང་འདོད་པ་ནི་ཉེན་ཁ་ཆེན་པོར་མཐོང་།
རྒྱུ་མཚན་ཁོང་ཚོར་ཕྱོགས་གཅིག་གི་བསམ་བློའི་ཤུགས་རྐྱེན་དང་ཉམས་མྱོང་མཐོང་རྒྱ་ལས་མེད་པར་ལྟོས་ཏེ། བོད་དོན་དེའང་ཐལ་ཆ་ཅན་དང་བོད་མིའི་འཐབ་རྩོད་ངོ་བོ་དོ་མི་སྙོམ་པ། ཕྱོགས་སུ་ལྷུང་བ་ལམ་ཁ་ཁྱད་མཚར་དེ་འདྲར་ཁྲིད་པ་ཡིན་ན། སྤྱི་ཚོགས་ཆུང་ཆུང་འདི་ནང་ཁུལ་ཟིང་ཆ་ཡོང་བ་དང་ཁ་མི་མཐུན་པ། ནུས་པ་གཅིག་གི་སྟེང་སྤུངས་མི་ཐུབ་པར་མ་ཟད། བོད་མིའི་རིག་གཞུང་གཏིང་ཟབ་ཁག་ཀྱང་མཐོང་དང་ཆ་འཇོག་མེད་པར་སྣུམ་ཟད་མར་མེ་ལ་འགྱུར་ངེས་པར་དམིགས་ཏེ། བསམ་བློ་འདི་རིགས་འཛིན་མཁན་ཚོར་གང་ཐུབ་ཀྱིས་གཞུང་ངོས་ནས་སློབ་གསོ་གོ་རྟོགས་སྤེལ་རྒྱུ་དང་། མང་ཚོགས་དང་ཚོགས་སྡེ་ཁག་ནས་ཀྱང་སྐབས་འཕྲལ་ཆབ་སྲིད་དགོས་མཁོ་ལ་དམིགས་ནས་གང་བྱུང་སྡིངས་ཆ་སྤྲད་དེ་བེད་སྤྱོད་མི་གཏོང་བར། སྣང་མེད་ཀྱིས་རང་ས་ནས་ཅམ་འཇོག་བྱས་ན། ཕུགས་སུ་བཙན་བྱོལ་སྤྱི་ཚོགས་ཀྱི་ཞི་ལྷིང་ཆིག་སྒྲིལ་ལ་ཕན་ངེས་སྙམ།།
ཉིན་རེ་འཚོ་བའི་ཁྲོད་ཚོར་སྣང་སྐྱེས་བཞིན་ཡོད་པ་ཞིག་འདིར་དཔྱད་རྩོམ་ལེགས་པར་སྤེལ་འདུག། དགའ་བསུ་ཡོད་།།།
ཕྲན་གྱིས་ཀྱང་ཞོགས་དུང་སོགས་ཀྱི་དཔེ་དེབ་གང་མང་བལྟ་མྱོང་ཡོད་ནང་ཆོས་ནི་སྤྱི་ཚོགས་ཡར་རྒྱས་འགྲོ་བའི་བཀག་རྡོ་དང་ནང་བསམ་པའི་དབང་བསྒྱུར་མཁན་ཞིག་ལ་ངོས་འཛིན་པ་གསལ་བོ་རེད།།།
ད་དུང་ཁྲི་རལ་གྱིས་དངོས་ནས་རྩོམ་ཡག་པོ་བྲོ་བ་ཅན་ཞིག་སྤེལ་འདུག་དགའ་སུ་ཡོད། བོད་ཨ་མདོ་གཞོན་ནུ་ཚོས་ནུ་ཕྱོགས་པའི་དུས་རབ་བཅོ་བརྒྱད་ཀྱི་གད་སྙིག་ད་གཞི་ནས་ལྟ་བ་ཡོད་མདོག་དང་གསར་བརྗེ་རྣམ་པ་དཔེ་གསར་དུ་དྲངས་གང་ཐུབ་བྱེད།
སྤྱི་ཚོགས་འདི་བསམ་བློ་སྣ་མང་རྩོམ་རིག་སྣ་མང་གསར་གཏོད་སྣ་མང་ཆོས་ལུགས་སྣ་མང་གྲུབ་པ་མ་གཏོགས་ཡིན་ཅིག་མིན་གཉིས་བསམ་ཅིག་གི་གྲུབ་མི་སྲིད་པ་རེད། དེང་སང་གཞོན་སྐྱེས་ཚོས་ཆོས་ལུགས་ལ་དགག་པ་མ་རྒྱབ་ན་གསར་གཏོད་ཀྱི་བསམ་བློ་མེད་།
བོད་ཀྱི་མི་རིགས་དེ་མི་རིགས་སྣ་ཚོགས་འདྲེས་བསྡད་པ་ཅིག་ཡིན་ས་རེད།བཙན་པོ་ནོ་མོན་ཧན་སྐུ་ཕྲེང་བཞི་པའི་འཛམ་གླིང་ཆེན་པོའི་རྒྱས་བཤད་སྣོད་བཅུད་ཀུན་གསལ་མེ་ལོང་ནང་དུ།“བོད་ཡུལ་གྱི་མི་རྣམས་བོད་དག་གིས་སྤྲེའུ་ལས་ཆད་པ་དང་།རྒྱ་གར་དག་གིས་རུ་པ་ཏི་དཔུང་དང་བཅས་པ་ལས་ཆད་པ།རྒྱ་ནག་གི་ཡིག་རྙིང་ལས་ཟན་མེའོ་དཔུང་དང་བཅས་ལས་ཆད་པར་བཤད་འདུག་པས་ཁ་ཚོན་ཆོད་དཀའ་ཡང་།སྔོན་དུས་བོད་ཀྱི་རྒྱལ་བློན་དང་ལོ་ཙཱ་བ་སོགས་ལ་ཁུ་དང་ཟོ་དང་དཔང་དང་གཡུང་དང་རྨ་སོགས།རྒྱ་ནག་དང་ས་རི་དང་གྲུ་གུ་དང་དི་མིར་དང་ཤི་རི་སོགས་ཧོར་གྱི་རུས་མིང་ཅན་ཡང་མང་པོ་འདུག་པས།རིགས་དང་མཆེད་ཁུངས་གཅིག་ཏུ་ངེས་ཚོད་མི་འདུག་”ཅེས་གསུངས་པར་བལྟས་ན།བོད་པ་ཚོ་ནི་ཁ་ཆེ་དང་ཏར་ཀི།རྒྱ་གར་དང་རྒྱ་ནག།ཧོར་སོག་དང་བལ་པོ།མོན་འཇང་སོགས་ཚང་མ་འདྲེས་ནས་གྲུབ་པ་ཅིག་ཡིན་ས་རེད།
རྒྱ་དཔོན་ཚོས་གཏམ་བཤད་བྱེད་སྟངས་ལ་བོད་ཀྱི་སྙན་ངག་གྱེར་འདོན་ཞེས་བཏགས་ཏེ་གསར་བཏོན་ཡིན་འདོགས་བྱེད་ཀྱིན་འདུག
དགོངས་་་་་་ནོར་བཅོས་་་ལྟ་བ་ཅིག་བསམ་བློ་ཅིག་གི་གྲུབ་མི་སྲིད་པ་རེད
དེ་ལས་ཀྱང་ག་ལ་ཚད།ཁོང་ཚོའི་སྐད་ཆའི་ནང་རྒྱུ་འབྲས་བློ་མིག་དང་མི་བུ་སྒལ་ཚིགས་སོགས་མི་གོ་རྒྱུ་མང་པོ་ཡོད་རེད་
རྩོམ་ཆལ་འདི་ཀློག་དུས་སྙིང་གཡུག་གཡུག་འདྲ་བྱེད་ཀྱིན་འདུག དབྱེན་དཀྲུག་མཁན་འདི་ངོ་ཤེས་མཁན་ཡོད་ན་ངོ་སྤྲོད་རེ་གནང་རོགས།
རང་ཤ་བཅད་ནས་ཁྱི་ལ་སྟེར་མཁན་འདི་རིགས་ངེས་པར་དུ་མེད་པ་མ་བྱས་ན་བོད་མི་རིགས་ལ་གྱོང་ཡོང་གི་རེད།
རྩ་བའི་མི་འདིས་བོད་ཀྱི་ལོ་རྒྱུས་ཀྱི་ཕྱོགས་ཙམ་ཡང་ཤེས་ཀྱི་མེད་པ་གསལ་བོ་རེད། ཁྱི་ཕྲུག་འདིར་རྡོ་ལོག་ཅིག་ཅིས་ཀྱང་སྟེར་དགོས་མོད། ད་ལྟ་ཆུ་ཚོད་མ་བྱུང་བས་རྗེས་མ་ཡོང་གི་ཡིན། མི་གླུད་འདི་རྒྱ་བཟའ་ཀོང་ཇོའི་གཡོག་མོ་ཞིག་གི་བུ་ཕྲུག་མིན་ན། མན་ཇུའི་དམག་སྡོམ་ཞིག་གི་རྒྱུད་པ་ཡིན་ཁཽ་ཐག་རེད། རྒྱ་རྒན་ཁྲི་མིང་ཅན་ཁྱོད་བསྡོད་ང་ཡོང་ཆཽག་
༼ཕྱི་ལོ་༡༩༨༠ ནང་ཙམ་ནས་བཙན་བྱོལ་དུ་ཨ་མདོ་བ་མང་པོ་ཅིག་རིམ་འབྱོར་བྱུང་བ་དང་བསྟུན། བཙན་བྱོལ་བོད་མིའི་ཁྲོད་བསམ་སྤྱོད་མི་མཐུན་པའི་གཡོ་འཁྱོམས་ཆེ་ཙམ་འཐོན་འགོ་བརྩམས་ཡོད།༽ འདི་ཐལ་ཆེ་སོང་བ་མིན་ནམ།
ལྡོང་ལྟ་བུའི་བོད་ཀྱི་རུས་ཆེན་གྱི་གྲས་ཀྱང་ཕྱི་མི་ལ་བརྩིས་ནས་རྩོམ་ཡིག་སྤེལ་ན་བཀླགས་མཁན་དག་གིས་ཡག་རབས་རྒྱན་རབས་བཤད་ཀྱི་འདུག ཧ་ཧ་ཧ་
ཡག་པོ་བྲིས་ཡོད་པའི་རྒྱུ་མཚན་ཨ་མདོ་བར་དམའ་འབེབ་བྱས་ཡོད་པ་ལས་གཞན་ཅི་གང་མི་འདུག
གནད་དོ་འདིའི་ཐོག་ཏུ་འགན་ཁུར་ཡོད་པས་རྒྱུ་མཚན་གྱིས་སྐད་ཆ་བཤད་དགོས་ཡོད། ཁ་བརྡ་ཚང་གིས་ངའི་མཆན་བུ་ཡར་གཏོང་རོགས་གནང་། མུ་མཐུད་ནས་རྩོད་ངེས་ཡིན།
ཁྲི་རལ་ལགས།
བཤད་ས་བུ་མོ་ཡིན་ནའང་གོ་ས་མནའ་མ་རེད་ཅེས་པ་ལྟར་ཁྱོད་ཀྱིས་ལབ་ས་ཨ་མདོའི་གཞོན་སྐྱེས་ཚོ་ཡིན་ནའང་གོ་དགོས་མཁན་མའོ་ཡི་བུ་ཏྭ་ལེ་བླ་མ་ཨེ་རེད། སྐད་ཆ་འདི་ལ་ལན་ཞིག་དགོས་ཀྱི་ཡོད། དེ་ནས་ག་ལེ་རྩོད་ཆོག
ཅོ་རི་ཉི་མ་ལགས་དེ་འདྲ་ནམ་ཡང་ལབ་མྱོང་མེད་ལ་བསམ་མྱོང་ཡང་མེད
ད་རེས་ཁྲི་རལ་བས་ནོར་འཁྲུལ་ཚབས་ཆེན་གྱི་རྩོམ་ཡིག་ཅིག་སྤེལ་འདུག ཁྱོད་ཀྱི་འཆལ་རྩོམ་དེར་རྒྱུ་མཚན་ལྡན་ན་ངས་ནམ་ཡང་སྨད་པ་མི་བྱེད། དེང་དུས་བོད་ཀྱི་ཆོས་དང་རིག་གཞུང་འཛིན་མཁན་བརྒྱ་ཆའི་༧༠་ལྷག་ཨ་མདོ་བ་ཚོ་ཡིན་པ་ངེས་པར་དུ་ཤེས་དགོས། དེའི་མ་ཚད་བོད་དོན་ཐོག་ཤུགས་རྒྱག་མཁན་ཚང་མ་ཨ་མདོ་བ་ཡིན་པ་མ་ཤེས་སམ། རང་བསྲེགས་གཏོང་མཁན་ཚང་མ་ཨ་མདོ་བ་ཡིན་པ་མ་ཤེས་སམ། ཁྲི་རལ་བ་ཁྱོད་ཀྱིས་ཡིག་འཁྱོགས་ཤིག་འབྲི་ཤེས་པ་ཙམ་གྱིས་ཁ་ནས་ཐོན་ཚད་བཤད་འདུག ཁྱོོད་ལ་མིའི་གདོང་ཞིག་ཡོད་ན་ངོ་མི་གནོང་ངམ། ཁྱོད་ཀྱིས་དམིགས་གཞི་གང་ཡིན་ནམ། ནང་དཀྲུགས་གཏོང་རྒྱུ་ཡིན་ནམ། གང་ལྟར་འདི་འདྲའི་རྩོམ་འཆལ་ཞིག་རྒྱ་མའི་ཕོགས་གཟན་ཞིག་ཡིན་ན་མ་གཏོགས་སེམས་ལ་དྲན་ཀྱང་ངག་ནས་བཤད་མི་སྤོབས།།
ཨ་མདོ་ཚང་གིས་རང་ཁོངས་རང་མིར་རང་སྟོད་ཀྱི་ཆོ་ལོ་སྒྲོགས་པ་ཙམ་ལས་བོད་ཀྱི་རིག་གནས་ཟབ་སར་འཇོན་ནི་མ་རེད། འདས་པོ་དགེ་ཆེན་དམུ་དགེ་བསམ་གཏན་དང་ཚེ་བརྟན་ཞབས་དྲུང་འདྲ་བ་སྔ་རབ་པའི་ཨ་མདོ་དེ་ཚོར་ཞུ་ཡི་མེད་དང་། དོན་རྒྱལ་གྱིས་ལངས་ཚོར་བབ་ཆུ་དང་ཞོགས་དོངགིས་གནམ་ས་སྒོར་འགྱེད་སོགས་ནི་ཟབ་ཟབ་སྙན་སྙན་གྱིས་འུར་སྟོད་གནམ་སར་ཁྱབས་སོང་། འོན་ཀྱང་དེ་དག་གི་ཚིག་བརྗོད་སོགས་ལ་དཔྱོད་ན་ཟློས་སྐྱོན་དང་མ་ངེས་པའི་ཚིག་ཚོགས་སོགས་ཀྱི་ཡིག་ཕྲེང་སྒྲིགས་འདུག། ད་ཡང་ཁ་བརྡ་ཚང་གིས་ཕྱིར་ཕུད་སྟངས་ཡོང་དང་། ཧཧཧཧཧཧ།།
དུས་ཚོད་འཕྲོ་བརླག་ལ་བཏང་སོང་། གད་སྙིགས་འདི་ལས་ཅང་ལེན་རྒྱུ་མི་འདུག ཨེ་བདེན་མི་བདེན་ལྟོས་ཤིག
རྩོམ་འཆལ་ཅིག་ལས་རྒྱུ་མཚན་ཡོད་པ་ཞིག་མཐོང་མ་སོང་། མོས་མཐུན་མེད། དགོངས་དག།
ཁྲི་རལ་གྱི་རྩོམ་ཡིག་འདིའི་ནང་དུ་ཆོལ་ཁ་དབྱེ་འབྱེད་དང་། ནང་འགལ། དངོས་སྟོབས་རིག་པའི་སྒྲུབ་བྱེད་མེད་པ། བོད་མི་རིགས་ཀྱི་ཆིག་སྒྲིལ་གཏོར་རྐྱེན། སྤྱི་ཚོགས་ཡར་རྒྱས་ཀྱི་འགག་རྡོ་་་་སོགས་ཐན་སྣ་དགུ་ཚང་འདུག་པས་རྩོད་པ་མཐར་ཕྱིན་པ་བྱ་ངེས་ཡིན། དྲ་ཐོག་གི་སྙིང་ཉེར་བའི་དྲ་གྲོགས་དམ་ཚོ་ཕེབས་འོང་རོགས་བྱོས། ང་རང་ཚོས་ཁ་བརྡ་རེ་བྱེད།
བན་དེ་བ། གཞོལ་གཡག་འབྲོང་རྒྱུད། ཨ་ནུ་ཐང་བསོད་ནམས། ལྷ་སྡེ་གནམ་ལོ་ཡག རྐམ་བློ་གསལ། ཨ་ཁུ་སྤོབས་མཐའ་སོགས་གཙོ་བོ་གྱུར་པའི་དྲ་གྲོགས་ཡོངས་ལ་འཚམས་འདྲི་ཞུ་རྒྱུ་ཡིན།
ཅོ་རོ་ཉི་མས། དཔུང་བསྒྲིག་གི་འདུག་ག། ཁོ་རང་དམག་དཔོན་དང། དེ་བཞིན་གོང་གསལ་མིང་བཀོད་རྣམས་རུ་དཔོན་ལ་བསྐོས་ནས་ཁྲི་རལ་པ་ལ་དམག་དྲངས་རྩིས་འདུག། ལྟད་མོ་འདུག།།།
༼བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་མི་མང་ཆེ་ཤོས་དབུས་གཙང་དང་སྟོད། བར་ཁམས་ཀྱི་བོད་མི་སྔ་མོ་བོད་ས་མ་ཤོར་གོང་དགའ་ལྡན་ཕོ་བྲང་གི་ཁྱབ་ཁོངས་སུ་གཏོགས་པ་ཞེ་གཅིག་ནས་ཡིན་པས། ལོ་རྒྱུས་ཀྱི་དུས་སྐབས་རེ་ཟུང་ནང་རྒྱ་སོག་གི་དམག་འཁྱམས་རེ་གཉིས་རེས་བཙན་འཛུལ་གནས་སྐབས་པ་རེ་བྱས་མྱོང་ཙམ་ལས། ཕྱི་ལོ་༡༩༥༩ ལོར་རྒྱ་དམར་གྱིས་བོད་ས་ཡོངས་རྫོགས་མ་བཟུང་བར་བོད་མིའི་སྤྱི་ཚོགས་དང་ཆོས་རིག་གི་ཁོར་ཡུག་གཙང་མ་ཞིག་གི་ནང་གནས་ཡོད་ཅིང་། བཙན་བྱོལ་བོད་མི་མང་ཤོས་ཁོར་ཡུག་དེ་ནས་སྐྱབས་བཅོལ་དུ་སླེབས་པ་ཤ་སྟག་ཡིན་པས། ༽
དེ་དངོས་གནས་རེད། དབུས་གཙང་བ་དེ་ཚོ་བསྟུན་མཁས་དང་གཡོ་སྒྱུ་ཆེ་བ། རང་དོན་ཁོ་ན་གཉེར་མཁན་ཡིན་པས། རྒྱ་དམག་འོང་གི་ལབ་པ་ཙམ་གྱིས་སྐྲག་ཐག་ཆོད་དེ་དབུས་གཙང་གི་མི་ཚང་མ་དེ་དུས་བཙན་བྱོལ་ལ་ལུང་བརྒྱབ་ནས་བྲོས་འོངས་པ་རེད་ཟེར། ནང་གི་ར་ལུག་དང་།
ཐབ་དང་བཅས་པ་འཁྱེར་ཏེ། མི་རིགས་ཤིག་གི་ཞབས་འདྲེན་ཞུས་པ་རེད། རྒྱ་གར་ནས་ཞབས་འདེྲན་ཞུས་འདུག་གཱ། མི་རིགས་ཤིག་གི་ལོ་རྒྱུས་ཀྱི་དཀྱོགས་མཚམས་ལ་བསླེབས་དུས། ད་དུང་སྐུ་དྲག་གི་རྫོབ་ཉམས་དེ་འཁྲབ་ཀྱི་ཡིན་ཞེས་ཨུ་ཚུགས་ཀྱིས་བླུན་རྟགས་བསྟན་པ་རེད། དེ་དུས་ཨ་མདོ་བ་ལྷ་མོ་དོན་འགྲུབ་ཀྱི་ཁར་མ་ཉན་ནས་ཕྱི་ལ་འཕུར་ཡིན་པཱ།
ཁྲི་མིང་ཅན་བཤད་པ་དངོས་གནས་རེད། བོད་ཀྱི་ལོ་རྒྱུས་སུ་རང་རིགས་ལ་བཀའ་དྲིན་ཧ་ཅང་ཆེ་བའི་༧གོང་ས་སྐུ་ཕྲེང་བརྒྱད་པ་ནས་བརྩམས་ཏེ། བཅུ་པ་བཅུ་གཉིས་པ་སོགས་སུ་མངན་ནག་གི་གསོལ་དུག་དྲངས་པ་དེ་དམར་པོའི་རིང་ལུགས་ཀྱིས་ཤན་ཐེབས་པ་རེད་དམ། མིའི་རིགས་ཀྱི་ལོ་རྒྱུས་སུ་ཆེས་སྐྱུག་བྲོ་བའི་ལེའུ་སྐྱུར་མོ་རེ་རེ་སུས་ཁ་ཕྱེ་པ་རེད།
ཐུབ་བསྟན་སྤྱིན་པ་དང་བཀྲ་ཤིས་ཚེ་རིང་སོགས་ཀྱིས་གོ་གི་མ་རེད། ཁོ་ཚོ་ཐ་སྙད་རིག་གནས་ལ་ཧ་ཅང་རྨོངས་པ་རེད། རྨོངས་རྟགས་ཁོ་ཚོས་བྲིས་པའི་རྩོམ་ཡིག་ཁག་ལ་ལྟོས་དང་ཧ་གོ་གི་རེད། ཁོ་ཚོས་གོ་གི་མ་རེད། ཁག་ཡོད་མ་རེད། ༧གོང་ས་མཆོག་གིས་དོལ་རྒྱལ་སོགས་ཀྱི་སྐོར་བཤད་པ་དང་། ནང་ཆོས་དང་འབྲེལ་ཏེ། ཁ་ན་མ་ཐོ་དང་། བར་ཆད་མེད་ལམ་སོགས་གསུངས་དུས། བཀྲ་ཤིས་ཚེ་རིང་ཁ་གདངས་ནས་མགོ་གཡུགས་ཞོར་ཅི་གང་གོ་མ་སོང་ཟེར་གི་རེད། གོ་གི་མ་རེད། ཁག་ཡོད་མ་རེད། ག་འདྲ་སེ་གོ་དགོ་གི་རེད། སྦྱང་སྟོབས་ཀྱི་ཡོན་ཏན་དང་སྐྱེས་ཐོབ་ཀྱི་ཤེས་རབ་མེད་མཁན་དག་གིས་ཅི་ཞིག་གོའམ།
ཨ་མདོའི་གཞོན་སྐྱེས་དེ་ཚོ་བཙན་བྱོལ་ལ་ཕེབས་དུས་དབུས་གཙང་གི་མཁས་མིང་འཛིན་པ་གང་མང་ཞིག་ཟོལ་བཅོས་ལ་རྐུབ་སྟེགས་ལ་བག་མེད་དུ་སྡོད་ཐབས་མེད་པར་བྱས་པ་དེ་དག་གི་ནད་རོ་ལངས་པ་འདྲ།
ཧ་ཧ་ཧ།
རང་གི་རིག་གཞུང་དང་སྐད་ཡིག་ལ་དུངས་པ་དང་དགའ་ཞེན་ཅི་ཡང་མེད་པའི་དབུས་གཙང་པ་ཚོར་བསམ་བློ་འདི་འདྲ་འཁོར་བའང་། རྒྱུ་འབྲས་ལ་རུང་གི་མ་རེད།
ཕྲག་དོག་དང་མིག་སེར་ལངས་ན་༧གོང་ས་མཆོག་གིས་དུས་རྒྱུན་གསུངས་པ་བཞིན་སྡུག་གྱོང་རེད།
དེ་ལས་ཀྱང་ང་རང་ཡིད་སྨོན་སྐྱེས་པ་ཞིག་ནི། ཁ་བརྡ་ཚང་གི་དཀྱེལ་ཡངས་དང་གུ་ཡངས་རང་བཞིན་རེད།
རྩོམ་ཡིག་འདི་འདྲ་སྤེལ་དུ་བཅུག་པའང་། ཕལ་བའི་བློ་ལའང་མི་ཤོངས་པ་ཞིག་རེད། དེ་ལ་འདི་ནས་ཐུགས་རྗེ་ཆེ་ཞུས་པ་ཡིན།
གནས་ཚུལ་རྫུན་མ་ནི་རྫུན་མ་རང་ཡིན་པས་དེ་ལ་ཐུགས་ཁྲེལ་ཡོད་མ་རེད། གུ་ཡངས་ཐེངས་ཤིག་གནང་ཆོག
ཁྱེད་ཅག་ལ་འདི་ལྟ་བུའི་གུ་ཡངས་ཀྱང་ཡོད་པས་ཡིན། ཨ་མདོ་གཞོན་སྐྱེས་ཚོ། ཐུགས་རྗེ་ཆེ།
བོད་བཙན་པོའི་གདུང་རྒྱུད་ཀྱི་མཚན་ཞིག་འཁུར་ནས་སྐྱག་པ་ཆེན་པོ་ཞིག་བཏང་འདུག ད་དུང་། ལ་ལས་འདི་ཞིམ་པོ་འདུག་ཟེར། ཡང་ནས་བསྐྱར་དུ་མཆོད་དང་ཁྱོད་ཚོ་འི་སྐུ་གཟུགས་གསལ་ཐང་ཆགས་ཀྱི་རེད། རྐྱེན་ངན་དང་གཉེན་འཕྲེང་གི་དུས་སྐབས་འདིའི་ནང་བོད་ཀྱི་ཆོས་དང་རིག་གཞུང་སོགས་འཛིན་སྐྱོང་སྤེལ་གསུམ་ཁྱོད་ཚོས་གནང་ཐུབ་མདོག་་ཁ་བོ་འདུག
ཁྲི་རལ་བས། ཨ་མདོ་བ་ཚོ་ལ་བཞེས་ཏོག་ཙམ་ལས་བཞེས་མོག་སྤྲད་ཡ་ལ། སེར་སྣའི་ལྕག་སྒྲོག་གིས་རྦད་དུ་བཅིངས་ཡོད་པ་འདྲ། ཧ་ཧ་ཧ། སྐད་ཆ་འདི་འདྲ་གོ་ན། ཨ་མདོ་བ་ཚོ། དེས་ལས་ཀྱང་ཡག་པོ་ཆགས་འགྲོ་འི་རེད། བོད་ཀྱི་སྤྱི་ཚོགས་ནས་མ་ཐོབ་ཞིག་ཐོབ་པར་བྱེད་པ། མི་རག་པ་ཞིག་ནི་རག་པར་བྱེད་པ་ནི། བོད་སྐད་བཤད་པ་དང་བོད་ཟས་ཟ་བས་རྒྱུ་མཚན་ལ་ལས་སྨིན་པ་བྱེད་དགོས་བ་དེ་ཆོལ་ཁ་གསུལ་དང་ཆོས་རིགས་ཚང་མའི་མ་བགོས་མཐུན་མོང་གི་སྤྱི་ནོར་རེད།
དེ་ལ་བཀག་རྡོ་སྤྲད་ནི་ཡོད་ན། མི་དེའི་རིགས་ཀྱིས། མི་མང་ལ་ཞབས་ཞུ་མི་ཞུ་གཏན་ཁེལ་བ་ཡིན། ཁོང་སྡུག་རྐྱལ་རེད། ཡག་པོ་མ་རེད།
ཆོས་ལུགས་ལ་མི་དགའ་མི་དད་པའི་ཨ་མདོ་ཙམ་ལ་སྐྱོན་བརྗོད་ཡིན་ན། ཨ་མདོ་བ་ནི་བོད་མིན་དགོས་བ་དང་། བོད་མིན་པ་ལ་སྤྱོད་པ་མི་ཡག་པ། སྤྱོད་པ་མི་ཡག་པ་ནི་སྤྱི་ཚོགས་ལ་མིདགོས་བ། དེ་འདྲའི་དག་པའི་ཞིང་ཞིག་ལྷ་ས་མ་ཡིན་པས་ཡོད་དམ། ཧ་ཧ་ཧ། མཁས་བ་མིན་པ་ཞིག་མཁས་བ་ཞིག་བྱེད་འདོད་ཡོད་པ་འདྲ། ཧ་ཧ་ཧ། ད་ཡིན་ན་ཨ་མདོ་བ་ཚོས་མྱངས་སོང་། ལྟོ་རག་རྒྱུ་མིན་པ་འདྲ། ང་རང་ནི་ལྷ་ས་ནས་སྐྱེས་ཡིན། སེམས་ཁྲུལ་ཁོ་རང་མེད། ཧ་ཧ་ཧ།
ཁྲི་རལ་ལགས། ཁྱེད་ཀྱི་རྩོམ་འདི་བཀླགས་ནས་སེམས་པ་ཕམ་སོང་ལ། ཁྱེད་ལ་སྙིང་ཡང་རྗེེ་སོང་། ངའི་སེམས་ཕམ་དོན་ནི་ཁྱེད་ལ་ཆོལ་ཁ་དབྱེན་དཀྲུག་གི་ནད་གཞི་ལྕི་བ་མ་ཟད། སྤྱི་ཚོགས་ཀྱི་ངོ་གདོང་གསལ་ལེ་བ་འདི་ལའང་བསྙོན་ཕོད་པའི་དམར་ཤོག་པ་གཙང་མ་ཞིག་ཏུ་ཆགས་འདུག་པས་ཡིན། ཁྱེད་ཀྱིས་རྩོམ་འདི་འདྲ་སྤེལ་ཏེ་རེ་ངན་བཅངས་བ་ནི་ངལ་བ་འབྲས་མེད་རེད། ཨ་མདོ་བ་ཚོ་དྲང་མོར་བཤད་ན། བོད་པའི་སྐད་ཡིག་རིག་གཞུང་དང་རྒྱལ་ཞེན་གྱི་ཐད་ནས་ང་ཚོ་ཆོལ་ཁ་གསུམ་གྱི་ནང་ནས་ཨང་དང་པོར་བརྩི་ཆོག་པ་རེད། ཡིན་ནའང་། ཁོ་ཚོར་ཡང་སྐྱོན་མེད་པ་མ་རེད། སྐྱོན་མང་པོ་ཡོད་པ་རེད། དེ་བཞིན་དུ་མདོ་སྟོད་དང་དབུས་གཙང་ལའང་དགེ་མཚན་མང་ལ་སྐྱོན་ཡང་མང་བ་རེད། རྩོམ་ཡིག་འདི་རིགས་སྤེལ་བ་ནི་རང་གི་སྤྱི་ཚོགས་ལ་རང་གིས་འགན་མ་འཁུར་བ་ཞིག་དང་། རང་གི་མི་རིགས་ལ་རང་གིས་ཤ་མ་ཚ་བ་ཞིག་ལས་དོན་གྱིས་ཕན་པ་དང་ནུས་པ་ཅི་ཡང་མེད་པས། ཁྲི་རལ་ལགས། ཁྱེད་ལ་རྒྱ་གཞུང་གིས་དངུལ་དངོས་འབོར་ཆེན་སྤྲོད་ཀྱི་ཡོད་པའི་དབང་དུ་བཏང་ཡང་ཁྱེད་རང་བོད་པ་ཞིག་ཡིན་པ་གཏན་ནས་མ་བརྗེད་ཅིག
རྩམ་འདི་ལ་ ཧ་ཧ་ཧ་ཧ་་ཧ་ཧ་ཧ་ཧ འདི་མ་གཏོགས་ཞུ་རྒྱུ་ཅང་མེད་དོ།
མི་རིགས་གང་ཞིག་ཡིན་ནའང་ལྷད་མེད་པའམ། གཙང་མ་ཡང་མ་ཞིག་ཡོག་མ་རེད། ཁྲི་སྲོང་ལྡེ་བཙན་ཡང་རྒྱའི་ཚ་བོ་རེད། སྨད་མདོ་ཁམས་སྒང་དྲུག་དང་བར་དབུས་གཙང་རུ་བཞི། སྟོད་མངའ་རིས་བསྐོར་གསུམ་དེ་ག་རང་རེད།
xxxxxx
རྩོམ་ཡིག་འདི་ལ་ ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ ཞུ་རྒྱུ་ཡིན།
མདོ་དབུས་ཁམས་གསུམ་གྱི་གཞོན་སྐྱེས་ཤེས་ཡིན་ཅན་ཚོས་རྒྱུ་འབྲས་དྲང་བདེན་རྩ་བའི་རྩེ་ལ་བཞག་གི་ཡོད། གཏམ་བཤད་དང་རྩོམ་བྲིས་སྐབས་སུ་དངོས་ཡོད་ཚན་རིག་དང་མཐུན་པ། དངོས་སྟོབས་རིག་པ་དང་མཐུན་པ། བོད་མི་རིགས་ཀྱི་དངོས་ཡོད་འཚོ་བའི་དཀའ་སྡུག་ཁུར་དུ་ལེན་གྱི་ཡོད། འདི་ནི་ཡ་རམས་བཟང་པོའི་གོམས་་གཤིས་ཡིན་ལ་དམ་པའི་ལྷ་ཆོས་འཇིག་རྟེན་མི་ཆོས་གཉིས་ཀ་དང་མཐུན་པའི་བྱ་བཞག་རེད།
དབུས་གཙང་པའི་མཁས་དབང་གཞོན་སྐྱེས་ར་སེར་དཀོན་མཆོག་རྒྱ་མཚོ། ཁམས་པའི་མཁས་དབང་ཚ་བ་མདའ་སྨྱུག ཨ་མདོའི་མཁས་དབང་ཞོགས་དུང་གསུམ་དཔེ་མཚོན་ཙམ་ཡིན། དེ་དང་དེ་འདྲ་བའི་གཞོན་སྐྱེས་ཤེས་ཡོན་ཅན། ལྷག་བསམ་ཅན་མདོ་དབུས་ཁམས་གསུམ་ལ་ཡོད།
གཞོན་སྐྱེས་དེ་དག་ལ་དམར་པོའི་ལྟ་བས་ཤུགས་རྐྱེན་ཐེབས་པ་མིན། གཞོན་སྐྱེས་དེ་དག་གིས་རང་དབང་དང་འདྲ་མཉམ། དམངས་གཙོ། དྲང་བདེན། རྒྱུ་འབྲས་བཅས་རང་གི་མིག་འབྲས་བཞིན་བརྩི་སྲུང་བྱེད་བཞིན་ཡོད། གཞོན་སྐྱེས་འདི་དག་ནི་བོད་རྒྱལ་ཁབ་དང་མི་རིགས་ཀྱི་རེ་བ་བཅོལ་ས་ཉག་གཅིག་དེ་ཡིན།
ཁོང་རྣམས་པ་ཚོས་གྱེན་ལངས་བྱེད་ས་གཙོ་བོ་དམར་པོའི་སྒེར་གཅོད་པ་དང་ཆོས་ལུགས་ཀྱི་སྒེར་གཅོད་པ་གཉིས་ལ་ཡིན། གྱེན་ལངས་འདི་ནི་དོན་དང་ལྡན་པའི་ལས་ཀ་ཞིག་ཡིན། སྒེར་གཅོད་འདི་གཉིས་ཀྱི་འོག་ཏུ་་་དམྱལ་བ་མི་ཡུལ་དུ་བསླེབས་པ་ལྟ་བུའི་སྡུག་བསྔལ་མྱངས་དང་མྱོང་བཞིན་པ་ཡིན།
ང་ཚོས་དུས་ཇི་སྲིད་རང་དབང་དང་འདྲ་མཉམ། དམངས་གཙོ་མ་འཐོབ་བར་དུ་འཐབ་རྩོད་བྱ་ངེས་ཡིན།
ཚན་རིག་པས་འགྲོ་བ་མིའི་རིགས་འབྱུང་ཁུངས་དཔྱོད་པའི་དཔྱད་མཐའ་རྙེད་པ་ནི་གོ་ལ་འདིའི་མི་རིགས་ཡོངས་རྫོགས་ཡོང་ཁུངས་ཨ་ཧྥི་རི་ཀ་ནས་ཡིན་པར་བཤད།
ཁྱི་ཕྲུག་ཉོན་ཨ། ཁྲི་རལ་བ་ཅན་ནི་མ་སངས་རུས་དགུའི་བུ་བརྒྱུད་སྲིན་པོ་གདོང་དམར་བའི་རྗེ་བོ་སྲིད་པ་གསུམ་ན་མཚན་སྙན་གྱི་གྲགས་པ་ལྷབ་ལྷུབ་ཏུ་གཡོ་མཁན་ཞིག་རེད། ཁོང་གི་བུ་རབས་ཚ་རྒྱུད་ཨ་མདོའི་ཁུལ་གྱི་བོད་སྦྲ་ནག་ཅན་གྱི་ཁྲི་སྡེ་བཞི་བཅུ་རེད་ལ། ཨ་མདོ་ཙོང་ཁའི་རྒྱལ་པོ་ཡང་མངའ་བདག་འོད་སྲུང་གི་བུ་རྒྱུད་ལྷ་སྲས་ཁྲི་ལྡེ་ཡིན་ལ་ཁོང་གི་མི་རྒྱུད་ནི་ཙོང་ཁ་བདེ་ཁམས་བཅོ་བརྒྱད་དུ་ཁྱབ་ཡོད། བོད་ཀྱི་རྩ་བའི་རུས་ཆེན་དྲུག་ཏེ་སྒ་འབྲུ་སེ་རྨི་ལྡོང་སྟོང་རྣམས་ཀྱི་རིགས་རུས་ཆོ་འབྲང་ལ་ལྷད་མ་ཞུགས་པར་དེང་གི་མདོ་སྟོད་སྨད་ཕྱོགས་གང་སར་ས་ཁྱབ་རྡོ་ཁྱབ་ཏུ་གྱུར་ཡོད། སུམ་གཉིས་ས་ལ་དྲག་པོའི་འཁོར་ལོ་ཤིན་ཏུ་སྐོར་མཁན་དམིགས་པའི་ལུང་བའམ་བློན་ཆེན་མགར་སྟོང་བཙན་གྱི་བུ་རབས་ཚ་རྒྱུད་རྣམས་ཀྱང་མདོ་སྨད་དུ་ཡོད། སྟོད་མངའ་རིས་སྐོར་གསུམ་དང་། ལ་དགས། ཀ་ཞི་མིར། ཏུར་ཀི་སུ་ཐན། མདོ་སྨད་དཔའ་རུ་དང་། རྒྱལ་རོང་རྒྱལ་ཁག་བཅོ་བརྒྱད་སོགས་སུ་མདོ་སྟོད་སྨད་གཉིས་ཀྱི་མི་རྒྱུད་བཀྲམས་ཡོད་ལ། ཁོང་ཚོ་ནི་བཀྲུས་ན་མི་དག་པའི་བོད་མི་སླད་མེད་ཁོ་ན་ཡིན།
ཨ་ཞ་དང་མི་ཉག་སོགས་བོད་དུ་མི་རྩི་མཁན་རྒྱ་རིགས་རེ་ཟུང་ཡོད་མོད། ཁག་ཅིག་རྒྱལ་ཁོངས་གཞན་དང་མི་རིགས་ལོགས་སུ་གྱེས་པ་ལས་ལྷག་འཕྲོ་རྣམས་བོད་མི་རིགས་ཀྱི་གྲོས་སུ་ཤ་ཁུ་ཤ་འཐིམས་སུ་གྱུར་ཡོད་པས་དེ་བོད་མ་རེད་ཟེར་ན་ཁྱི་སྨོན་གྱིས་སོ་བརྒྱབ་པ་རེད།
བོད་མིའི་ངོ་གདོང་གི་རྣམ་པ་དང་ཤ་ཚུགས་རུས་དབྱིབས་ཀྱི་གྲུབ་སྟང་ནི། གདོང་དབྱིབས་འཇོང་ལ་ཤ་མདངས་སྨུག་པ། གཟུགས་སྟོབས་ཆེ་ལ་ཤེད་ཤུགས་འཛོམས་པ། སོ་ཕྲེང་དཀར་ལ་མཆེ་བ་རྣོ་བ། སྣ་རྩེ་མཐོ་ཞིང་གདོང་ཐག་རིང་བ། མིག་འབྲས་ནག་ལ་སྨིན་མ་མཐུག་པ། མཁུར་མགོ་མཐོ་ལ་དམར་ཤས་ཆེ་བ། སྐད་གསེང་མཐོ་ལ་ངར་ཤུགས་ཆེ་བ། དཔའ་ཞིང་བརྟན་ལ་གཡོ་སྒྱུ་མེད་པ། ལས་ལ་བརྩོན་ཞིང་དགྲ་ལ་འཐབ་པ། ངང་རྒྱུད་རིང་ཞིང་གཤིས་རྒྱུད་འཇམ་པ། སྐུ་སྟོད་ཆེ་ལ་སྐུ་སྨད་ཕྲ་བ། ཡོངས་སུ་ལྟས་ན་སེངྒེ་འདྲ་བ་དག་ནི་བོད་གདོང་དམར་བའི་རྒྱུད་ངོ་མ་དེ་ཡིན་པས་བོད་ཨ་མདོ་བའི་ཤ་ཚུགས་གདོང་དབྱིབས་ནི་འདི་ལས་མ་འདས་སོ། ཁྲི་མིང་བཏགས་པའི་ཁྱི་སྐྱག་ཁྱེད་ཀྱིས་རང་ཉིད་ཀྱི་གདོང་ལ་ཅིག་ལྟས་དང་། ག་འདྲ་འདུག གཟུགས་བོངས་ཆུང་ལ་དཔུང་ཐག་ཐུང་བ། སྣ་མདོ་ཡངས་ལ་གདོང་སྐེད་ཉག་པ། མིག་གཉིས་ཆུང་ལ་དཔྲལ་བ་ཆེ་བ། ཁ་ཤ་མཐུག་ལ་ཡ་ཁ་ཐུང་བ། འཕོངས་ཤ་ཆེ་ལ་སྒལ་ཐག་ཐུང་བ། མགོ་བོ་ཆེ་ལ་སྐེ་ཚིགས་ཐུང་བ། ཡོངས་སུ་ལྟས་ན་སད་ཀྱིས་བཅོམས་པའི་ལོ་ཏོག་བོངས་ཆུང་སུག་ཐུང་ལྟ་བུ་ཞིག་རེད་དམ། ཡིན་ན་ཁྱོད་བོད་པ་མ་རེད། ཁྱེད་ཀྱིས་ཨ་མདོ་བོད་མ་རེད་ཟེར། ཨ་མདོ་ལ་ཆོས་དད་མེད་ཟེར། མཁས་པ་མེད་ཟེར། དཔའ་བོ་མེད་ཟེར། ལ་རྒྱ་མེད་ཟེར། རྒྱལ་ཞེན་མེད་ཟེར། སྙིང་རྗེ་མེད་ཟེར། སྐྱབས་བཅོལ་དུ་འབྱོར་ཚོ་ཡང་བཙན་བྱོལ་བ་མིན་ཟེར།
བསྟན་པའི་མེ་རོ་མཁོ་ཁམས་སྨད་ནས་གསོས།། བླ་ཆེན་དགོངས་པ་རབ་གསལ་ཨ་མདོ་ཡིན། ། ཆོས་དད་མེད་དམ། མདོ་སྔགས་བཤད་སྒྲུབ་ཟུང་འབྲེལ་ལམ་ལུགས་བཙུགས།། རྗེ་བཙུན་ཙོང་ཁ་པ་ཡང་ཨ་མདོ་ཡིན།། མཁས་པ་མིན་དམ། ཡིག་འབྲུ་ཁྲི་ཚོ་བདུན་གྱི་སྙན་ཞུ་ཕུལ། པཎ་ཆེན་སྣང་བ་མཐའ་ཡས་ཨ་མདོ་ཡིན། དཔའ་བོ་མིན་ནམ། འཛམ་གླིང་གོ་ལ་ཟླུམ་པོ་ཞི་བདེར་བཀོད། རྒྱལ་བ་བསྟན་འཛིན་རྒྱ་མཚོ་ཨ་མདོ་ཡིན།། སྙིང་རྗེ་མེད་དམ། རིགས་ཞེན་ལ་རྒྱའི་མེ་དཔུང་དགོང་ལ་འབར།། མེར་བསྲེགས་དཔའ་བོ་བརྒྱ་ལྷག་ཨ་མདོ་ཡིན། ལ་རྒྱ་མེད་དམ། རི་ཆུ་སྟོང་ཕྲག་མང་པོ་གོམ་པས་གཞལ། རྒྱུ་འབྱོར་ལོངས་སྤྱོད་དོར་མཁན་ཨ་མདོ་ཡིན། རྒྱལ་ཞེན་མིན་ནམ། རྡོ་མཁར་བཙན་རྫོང་ལྕགས་རི་བུ་ལ་བརྩིགས། ། ལོ་ངོ་སྟོང་ཕྲག་མང་པོར་མཐའ་མཚམས་སྲུང་།། བོད་པ་མིན་ནམ།
ཁྱི་བུ་ཁ་ལད་ཁྲི་མིང་ཅན་ཁྱོས་ཉོན་ཨ།
འདོད་ཁམས་དབང་ཕྱུག་རྒྱལ་མོ་དྲེལ་བཞོན་མ། །
མ་གཅིག་དཔལ་ལྡན་ལྷ་མོ་རེ་མ་ཏུ།།
བོད་ཁམས་ཁྲག་བཞིན་དཀྲུགས་པའི་རྨིགས་བུ་དེ།།
སྡར་མ་ཁྲི་མིང་ཅན་ལ་ནད་འབུ་ཐོངས།།
བན་བོན་སྲུང་མ་རྨ་ཆེན་གཉན་ཆེན་བཅས། །
སྲིད་པ་བོད་ལ་ཆགས་པའི་ལྷ་དགུའི་ཚོགས།།
དགྲ་ལྷ་ཝེར་མའི་དཔུང་ཚོགས་མྱུར་བསྡུས་ཏེ།།
འདྲེ་སྲིན་ཁྲི་མིང་ཅན་ལ་ཐོག་གིས་རྒྱོབ།།
སྲིན་པོ་གདོང་དམར་ཁྲོས་པའི་གད་རྒྱངས་ཅན།།
ཨ་མདོ་སྣ་ཆེན་རིགས་ཀྱི་ཕོ་རྒོད་རྣམས།།
འཁོར་གསུམ་དཔའ་ཆས་ལུས་ལ་ཡོངས་དཀྲིས་ཏེ།།
མུག་བུ་ཁྲི་མིང་ཅན་དེ་གཙབས་ཤར་ཐོངས།།
འཁོར་འདས་དངོས་མང་བརྡ་དང་ཐ་སྙད་དང་།།
འཆད་རྩོད་རྩོམ་ལ་ཤིན་ཏུ་བྱང་བ་ཡི།།
སྨྱུག་ཐོགས་རིག་པའི་དཔའ་བོ་ཐམས་ཅད་ཀྱིས།།
དུར་སྲི་ཁྲི་མིང་ཅན་གྱི་སྐྱོན་མཚང་བྲུས།།
མདོ་ཁམས་སྨད
འོ་ཁྲི་རལ་གྱིས་རྡོ་འཕེན་ས་དང་འཕེན་སྟངས་རྩ་བ་ནས་མ་ནོར་ཐལ། འཕེན་ས་སྐྱ་ཀའི་ཚང་རེད། འཕེན་སྟངས་གསར་སྙིང་བསམ་བློའི་ངོས་ཐད་བརྒྱུད་ནས་འཕངས་པ་རེད། རེད་དེ། བོད་ཆོལ་གསུམ་གཅིག་ཏུ་སྒྲིལ་བའི་གོང་བུའི་ནང་དུ། མི་རིགས་ལྔ་བཅུ་ང་གཉིས་ཀྱི་སྐད་ཆ་བཤད་པ་དེ། མོའོ་ཡི་དྲུང་ནས་ག་དུས་གསན་པ་ཡིན་ནམ། གཅིག་བྱས། སྨྱུག་མིང་ལ་ཁྲི་རལ་བ་ཅན། ཞེས་བཀོད་དེ་ཆོས་ལུགས་ལ་ཞེན་ཆེ་ཁུལ་གྱིས་དོན་རྒྱལ་ཞོགས་དུང་སོགས་ལ་སྐྱོན་བརྗོད་ཁུལ་བྱེད་པ་དེས་ཁྱོད་ཨམ་ཕྲུག་ཅིག་ཡིན་པ་མ་ཟད། གསར་གཏོད་དང་གསར་བཅོས་བཤད་བཤད་ནས་མཐའ་མ་ཆོད་པ་ཞིག་ཡིན་པ་བསྟན་འདུག གཉིས་བྱས། དེང་སང་མང་བོས་དོན་དངོས་བོད་ཀྱི་ཆོས་རིག་དངོས་ལ་བཤད་གི་འདུག་གམ། ཡང་ན་མི་མང་གི་བསམ་བློའི་འཛིན་སྟངས་ལ་བཤད་ཀྱིན་འདུག དུས་རབས་སྔ་མའི་ལོ་རབས་བརྒྱད་བཅུ་ཙམ་ནས་གཞུང་ལུགས་དང་ལག་ལེན། བསམ་བློའམ་རྟོགས་དཔྱོད། རྨོངས་ཞེན་བཅས་ཀྱི་སྐྱ་དགར་མ་ཐུབ་པས་ཆོས་མེད་རིག་མེད་གསར་མེད་རྙིང་མེད་འདི་ཆགས་པ་རེད། གསུམ་བྱས། ད་འུ་ཚོ་ལ་གང་ཞིག་གིས་སྟོང་ནས་ཡོད་པ་རེད་དམ་ཞེ་ན། ཡོངས་ཁྱབ་སློབ་གསོ་དང་ལག་རྩལ་སོགས་ད་ཡོད་འཛམ་གླིང་གི་སྤྱི་ཚོགས་འཚོ་འགྲོས་ཐད་ཁོ་ན་རེད། འུ་ཚོས་རང་ཉིད་འཛམ་གླིང་འཚོ་གནས་ཀྱི་གོམས་འདེགས་མཉམ་པོར་བསྐྱོད་པ་ལ། སྔོན་ཐོན་སྤྱི་ཚོགས་ཀྱི་ལེགས་ཆ་དཔེ་ལེན་བྱེད་དགོས་རྒྱུ་ལ། དེ་ལའང་དབྱུག་པ་ལབ་རྡུང་བྱེད་ཚེ། ཁྲི་རལ་གྱིས་རལ་བའི་མེ་ཏོག་གདན་དུ་བཏང་ནས་ཆོས་པར་བསྙེན་བཀུར་ཞུས་པ་ཙམ་གྱིས་འཐུས་པ་ཡིན་ནམ། བཞི་བྱས། མདོར་ན། ཁྲི་རལ་བ་ཅན་ད་དུང་མི་ལོ་གཅིག་སྟོང་གི་མཚམས་ཤིག་ན་འཚོ་སྡད་ཡོད་ཁག་ཐག་རེད། ཡིན་ནའང་ངོ་ཕྱོགས་གཅིག་གི་ཐད་ན་བདེན་ཆ་ཡོད་པ་དེ་ངོས་ལན་བྱེད་དགོས་པ་སྨོས་མ་དགོས་སོ།། ད་ཐེངས་དེ་ཙམ་ཡིན།
འདིར་བཞུགས་རྣམས་ཀྱིས་དར་ཙམ་གསོན་དང་། རྩོམ་ཆལ་འདི་འབྲི་མཁན་དང་དེ་བཞིན་དུ་མཆན་འབྲི་མཁན་ཁག་ཅིག་ ཡོངས་ཁྱབ་ཀྱི་ཚད་གཞི་ལས་བརྒལ་འདུག་པས། འདྲེ་སྲིན་རིགས་དང་། རྒྱ་ཁྱིའི་རིགས། དེ་བཞིན་སྐབས་འཚོལ་ཆུ་ཡི་རང་གཤིས་འཛིན་པ་ཁག་ཅིག་ཡིན་ཤས་ཆེ། ཆོལ་ཁ་སོགས་སུ་དབྱེ་ནས་སྐད་ཆ་བཤད་ན་དེ་ཚོའི་འདོད་པ་དེ་རེད། ཁྱི་རྒན་དེ་གནས་ལུགས་ཀྱིས་གསོད་དགོས། སང་ཉྀན་ངས་སྔགས་པ་ར་ཐོགས་འགའ་ཁྲིད་ཡོང་ནས་དམོད་བོར་རྒྱུ་ཡིན།
སྐུ་དྲག་རིགས་ནི་ནམ་ཡང་རྗེས་ལུས་ཀྱི་བསམ་བློ་ལྡན། མི་རིགས་ལ་དབང་བཙན་གྱིས་མནན་ཏེ་མགོ་བོ་བཀྱག་མི་བཅུག ཆོས་ལུགས་ཀྱི་བླ་མིང་འཛིན་མཁན་རྣམས་ཀྱིས་དམ་ཚིག་གིས་སྡིག་ར་བསྐུལ་ཏེ། བླ་མར་སྐྱོན་ཡོད་ཀྱང་རུང་། མེད་ཀྱང་རུང་ཡར་ཞུ་བྱེད་ས་གཏན་ནས་མེད།
རང་གི་སྡེ་ཚན་དང་མི་མཐུན་པའི་སྐད་ཆ་བཤད་མཁན་ཞིག་བྱུང་ན། རྒྱ་མིའི་ཕྱོགས་སུ་སྦྱར་རྐྱང་བྱེད་པ་འདི་བོད་མི་བཙོན་བྱོལ་བའི་གྲུབ་ཆ་བླ་ན་མེད་པ་ཞིག་རེད། གྲུབ་ཆ་འདི་ནི་མི་མང་གི་བསམ་ཚུལ་ཇི་བཞིན་དུ་བརྗོད་མི་ནུས་པའི་དམངས་གཙོའི་ལམ་སྲོལ་གྱི་འགགས་རྡོ་ཆེ་ཤོས་དེ་རེད།
རྩོམ་ཡིག་འདི་ལ་ལེགས་ཉེས་ཀྱི་བསམ་ཚུལ་བཤད་མཁན་ཚང་མ་ལ་དགའ་བསུ་དང་གུས་ཞབས་ཡོད།ཕྲན་རང་ནས་ད་བར་སྤྱི་ཚོགས་ནང་མི་གང་མང་ལ་འགྲོགས་འདྲེས་བྱས་ཏེ་ཡོང་བའི་བརྒྱུད་རིམ་ནང་།རང་གིས་གང་མཐོང་བ་དང་གང་མྱོང་བ་རྣམས་ཡིག་ཐོག་བཀོད་པ་ཙམ་ལས།དམིགས་བསལ་མི་སྒེར་བ་དེ་འདྲ་ལ་ཚད་བརྒལ་གྱི་སྐྱོན་བརྗོད་བྱས་པ་དང་བྱེད་སེམས་གང་ཡང་མེད།བོད་མི་ནང་ཁུལ་དཀྲུག་ཤིང་གི་བསམ་བློ་ནི་དེ་ལས་ཀྱང་ག་ནས་ག་ནས་ཡོད།རྩ་བ་ནས་ཡིད་ལ་འཁོར་ཙམ་ཡང་བྱས་མྱོང་མེད།
འོན་ཀྱང་།ང་ཚོའི་སྤྱི་ཚོགས་ནང་ནམ་རྒྱུན་ནས་ཨ་མདོའི་རྩོམ་པ་བོ་མང་དག་ཅིག་རྒྱ་ཤན་ཆེ་བ་ནི་མཐོང་ཆོས་སུ་ཡོད་པ་དང་།ཡང་བོད་མི་མང་པོས་ཨ་མདོ་དེ་མི་རིགས་གཞན་ཅིག་འདོད་མཁན་ཡང་མང་པོ་འདུག་པས།དེས་ང་རང་ལའང་སེམས་ནང་ཕོག་ཐུག་ཐེངས་མང་འགྲོ་མྱོང་།ལྷག་པར་བོད་ཀྱི་རྒྱལ་རབས་ཆོས་འབྱུང་མང་པོའི་ནང་མདོ་སྨད་ཨ་མདོ་རྒྱ་སོག་གི་ཡུལ་གྲུ་ཞེས་ཐེངས་མང་ལབ་ཡོད་པ་མ་ཟད།བླ་མ་མང་པོའི་རྣམ་ཐར་དུ་ཨ་མདོ་ནས་བོད་ལ་ཕེབས་ཞེས་ག་ཚད་དགོས་དགོས་བྲིས་ཡོད།རིགས་བརྒྱུད་ཀྱི་ཆ་ནས་ཀྱང་ངས་གསར་བཤད་བྱས་བཞག་པ་རྐང་གཅིག་མེད་པར་མཁས་པ་སུ་དང་སུའི་དགོངས་པ་ཡིན་པ་གསལ་བོར་བཀོད་ཡོད་ལ།
གང་ལྟར་མདོ་ང་ཚོའི་སྤྱི་ཚོགས་ནང་ཡོད་པ་རྣག་ཐུམ་ཞིག་ངས་སྨྲ་བརྗོད་རང་དབང་བེད་སྤྱོད་བྱས་ཏེ་རལ་པ་ཙམ་ཡིན།དེས་འབྱུང་འགྱུར་ང་ཚོ་བོད་ལ་ན་ཚ་དེ་སངས་དྲག་ཡོང་བ་དང་།ན་ཚ་དེ་འདྲ་མ་ཡོང་བར་སྔོན་འགོག་གི་ཆེད་དུ་བྲིས་པ་མ་གཏོགས།ན་ཚ་ཚང་མ་ཁོག་ལ་ཉར།ཁ་ནས་སྙན་པོ་ཞེ་གཅིག་བཤད་རེས་ཀྱིས་རྒྱབ་ཏུ་གཏིང་ནད་ཁུར་ཏེ་ཕན་ཚུན་ལ་གནོད་པ་གཏོང་རྒྱུའི་ཤེས་མཁན་ཅིག་གཏན་ནས་མིན་ལ།དེ་འདྲ་སེམས་ནང་འཁོར་ཙམ་བྱས་མེད་པས།འདིར་ཞུས་པ་ཁག་ལྷག་བསམ་རྣམ་དག་ཡིན།
ཨ་མདོ་རྒྱ་སོག་གིས་བཙན་བཟུང་བྱས་པའི་ས་ཁུལ་ཞིག་ཏུ་ལན་གྲངས་མང་པོར་གྱུར་མྱོང་ཡོད། དེ་ཙམ་གྱིས་ཨ་མདོ་བོད་གྲལ་ནས་གཡུག་དགོས་དོན་ཅི་རེད། ཨ་མདོ་ནས་བོད་ལ་འགྲོ་གི་ཡོད་ཟེར་བ་ཙམ་གྱིས་ཨ་མདོ་བོད་མིན་ནམ། དེང་སྐབས་བོད་ནང་གི་བོད་མི་དག་གིས་བཙན་བྱོལ་སྐྱབས་བཅོལ་བ་ཚོར་རྒྱ་གར་བ་ཟེར་གྱིན་འདུག་དེའང་བོད་གྲལ་ནས་དོར་དགོས་སམ། བཙན་བྱོལ་བོད་མི་རྣམས་བོད་མིན་ནམ། ཨ་མདོ་བ་རྣམས་ཀྱིས་དུས་དང་རྣམ་པ་ཀུན་ཏུ་བོད་ཁ་བ་ཅན་ཟེར་བ་དང་། བོད་མགོ་ནག་ལག་ཕྲེང་བཟུང་ཟེར་བ་སོགས་གཞན་ཞིག་གིས་ཁྱེད་མི་རིགས་གང་གི་ཁོངས་ཡིན་ཟེར་དུས་ང་བོད་ཡིན་ཟེར་བ་ལས་ཨ་ཞ་དང་མི་ཉག་ རྒྱ་ ཧོར་ སོག་་གང་རུང་གི་ཡིན་ཟེར་མྱོང་ངམ།
དེ་ལ་ཇི་སྐད་དུ། “ངན་པ་ཕལ་ཆེར་རང་གི་སྐྱོན།།གང་ཡིན་གཞན་ལ་བགོད་པར་བྱེད།།ཁྭ་ཏས་མི་གཙང་ཟོས་པའི་མཆུ།།ས་གཙང་གཞན་ལ་འབད་ནས་འཕྱིད།།” ཞེས་དང་།
“ཡིད་པ་བསམ་པ་གཞན་བྱས་ནས།།ཚིག་ཏུ་སྨྲ་བ་གཞན་བྱེད་པ།།གཡོན་ཅན་ཞེས་སུ་གྲགས་པ་སྟེ།།བླུན་པོ་མཁས་པར་འཆོས་པ་ཡིན།།” ཞེས་པ་ཉིད་ལས་མ་འདས།
ཨ་མདོ་བ་ཚོའི་བོད་ཀྱི་སྐད་ཡིག་ཐད་ཀྱི་དུངས་ཞེན་དེ་འདྲ་བོད་ཀྱི་ས་ཁུལ་ཚང་མར་ཁྱབ་མཉམ་ཞིག་བྱུང་ཡོད་ཚེ། ད་ལྟ་བོད་མི་རིགས་ཀྱི་དོན་ཆེན་ཞིག་ངང་གིས་འགྲུབ་ཡོད་པར་ཐེ་ཚོམ་མེད་པ་ཞིག་ཡིན།དེ་བཞིན་བརྗོད་རྒྱུ་མང་ཡང་དགོས་མེད་ཀྱི་ཆོལ་ཁའི་ཕྱོགས་ཞེན་ལྟ་བུ་ཆགས་འགྲོ་བས། “མདོར་ན་ཕྲག་དོག་ཅན་གྱི་སྐྱེ་བོ་ཡི།།དགའ་བའི་དངོས་པོ་གཞན་གྱི་རྒུད་པ་ཉིད།།”ཡིན་པ་ནི་ཧ་ཅང་བདེན་པ་དེ་ལྟར་རོ།
ཆེད་རྩོམ་དང་། མཆན་ཚང་མ་བསུབ་ན་མི་འོས་པ་མི་འདུག་སྙམ་ལགས།
མ་གཞི་ང་རང་གི་ལྟ་སྟངས་བྱས་ན་མི་རིགས་ཀྱི་ངོ་བོ་ཟེར་བ་དེ།སྐད་ཡིག་དང་གཤིས་སྤྱོད།གཟུགས་དབྱིབས་དང་བསམ་བློ་ཙམ་གྱི་སྟེང་ནས་འཇོག་རྒྱུ་མ་གཏོགས།རུས་རྒྱུད་ཁོ་ནའི་སྟེང་ནས་འཇོག་རྒྱུ་ནི་ཧ་ཅང་ཁག་པོ་དང་ཁུངས་འཁྱོལ་དཀའ་མོ་རེད་སྙམ།རྗེ་ཙོང་ཁ་པ་ཆེན་པོས་ལམ་རིམ་ནང་མ་བོད་ལ་བུ་རྒྱ་སོག་གང་ཡིན་བྱུང་སྲིད་པ་དང་།ཕ་བོད་པ་ལ་བུ་བོད་པ་མ་གཏོགས་བྱུང་གི་མ་རེད་ཅེས་གསུངས་ཡོད་པས།གཙོ་བོ་ཕ་གི་རུས་རྒྱུད་སྟེང་ནས་དགོངས་པ་བཞེས་ཀི་ཡོད་ས་རེད།
ས་སྐྱ་པཎ་ཆེན་གྱིས་བོད་སྐད་སྨྲ་བ་ཐམས་ཅད་ཀྱི་ཆེད་ཧོར་གསེབ་ཏུ་སོང་བ་གསུངས་ཡོད་པས།ཧ་ལམ་མི་རིགས་ཀྱི་ངོས་འཛིན་ཀྱང་དེ་འདྲ་ཅིག་མ་ཡིན་ནམ།མིའུ་གདུང་དྲུག་ལའང་རུས་མཛོད་དང་ལོ་རྒྱུས་མང་པོ་མཐོང་ཡོང་དུས་རྙོག་བྲ་ཧ་ཅང་གིས་ཆེན་པོ་རེད།ལྷག་པར་མིའུ་གདོང་དྲུག་མ་ཡིན་ན་བོད་པ་མ་རེད་ཅེས་བཤད་རྒྱུ་དེ་ལས་ཀྱང་དཀའ་མོ་རེད།དཔེར་ན།ཡོངས་གྲགས་སུ་༧གོང་ས་ལྔ་པ་ཆེན་པོ་རང་ཉིད་ནས་རྒྱ་གར་ཟ་ཧོར་གྱི་རིགས་བརྒྱུད་ཡིན་པ་གསུང་གིན་ཡོད་ལ།ས་སྐྱའི་མཁས་གྲུབ་ཀྱི་སྐྱེས་ཆེན་མང་པོ་ཅིག་འོད་གསལ་ལྷ་ལས་མཆེད་པར་སྨྲ།དེ་བཞིན་དུ་ལོ་ཙཱ་བ་དང་པཎ་གྲུབ་མང་པོ་གི་ཤང་རྒྱ་དང་གྱིན་ཤིང་ཧོར།ཁ་ལེ་མོན་སོགས་སྣ་ཚོགས་ཀྱི་རིགས་རྒྱུད་ཡོད་ཅིང་།བོད་ཀྱི་ཆོས་རྒྱལ་སྲོང་བཙན་སྒམ་པོ་ནས་བཟུང་རྒྱལ་ཐོག་རིམ་བྱོན་དང་བཙུན་མོ་རྣམས་ཀྱང་བོད་མིའུ་གདུང་དྲུག་གི་བརྒྱུད་ཡིན་པ་ལོ་རྒྱུས་རུས་མཛོད་སོགས་ཀྱི་ཁུངས་གང་ཡང་མེད་པ་རེད།
ཁྲི་རལ་ལགས། དྲིས་པའི་གཏམ་ལ་ལན་མེད་ན་་་རྩོམ་རྙོག་བྲིས་ནས་ཅི་ཕན། ལན་མེད་པེ།་་ཧཧཧ ཁྱོད་ཀྱིས་རྫུན་བཤད་འོང་གི་འདུག་ག སྤྱི་ཚོགས་ནང་དུ་གང་མཐོང་བ་རྣམས་བཤད་པ་ཡིན་ཨེ། བྱས་ན་་་ཁྱོད་ཀྱིས་་་་༼ནང་ཆོས་ཀྱིས་བོད་ཕོངས་ལ་སྦྱར་བ་དང་སྲོལ་རྒྱུན་རིག་གཞུང་གིས་བོད་སྐྱོབས་མི་ཐུབ་པས། གཏོར་བཤིག་གི་བསམ་བློ་དང་གསར་བརྗེ་ཡི་སྙིང་སྟོབས་དགོས་པ་དུས་རྒྱུན་བཤད་བསྡད་ཡོད་པ་བཞིན། ཨ་མདོ་གཞོན་སྐྱེས་རེ་གཉིས་ཀྱིས་རང་གི་སྡེ་བའི་ནང་གི་མ་ཎི་འཁོར་ཁང་དང་བསང་ཁྲི་བཤིག་པའི་གནས་ཚུལ་ཡང་བྱུང་མྱོང་ཡོད་པ་རེད།༽་ཅེས་བཤད་འདུག
ཨ་མདོའི་གཞོན་སྐྱེས་སུ་ཡིས་མ་ཎི་འཁོར་ཁང་གཏོར་་བ་རེད་དམ་། ཁྱོད་ཀྱིས་མཐོང་མི་འདུག་ག །ཁྱོད་རང་གིས་གང་མཐོང་བ་དང་གང་མྱོང་བ་རྣམས་ཡིག་ཐོག་བཀོད་པ་ཙམ་རེད་མི་འདུག་ག་་་ཧཧཧ
ཨ་མདོའི་གཞོན་སྐྱེས་རྣམས་ལ་དམར་པོའི་ལྟ་གྲུབ་ཀྱིས་ཤུགས་རྐྱེན་ཐེབས་ཡོད་ཟེར་བའི་སྐད་ཆ་འདི་ལ་ཁུངས་ལུང་གང་ཡང་མི་འདུག བོད་བླ་མའི་ཆོས་ལུགས་དང་རྨོངས་དད་ཀྱིས་བོད་རྒྱལ་ཁབ་ཕུང་ལ་སྦྱར་ཡོད་ཟེར་བའི་རྒྱུ་མཚན་གྱིས་དམར་པོའི་ལྟ་བའི་ཤུགས་རྐྱེན་ཡིན་ཟེར་ན་རྒྱུ་མཚན་ཡང་དག་ཞིག་རྩ་བ་ནས་མིན།
དེ་འདྲ་ཡིན་དུས་་་སྐད་ཆ་ཁུངས་ལུང་མེད་པ་བཤད་བཞིན་ཡོད་པ་མཐོང་དུས་འདི་རུ་སྐད་ཆ་ཚིག་གཉིས་བཤད་མཁན་བསླེབས་པ་ཡིན། བོད་བླ་མའི་ཆོས་ལུགས་དང་རྨོངས་དད་ཀྱིས་བོད་རྒྱལ་ཁབ་ཕུང་ལ་སྦྱར་ཡོད་པ་ནི་དངོས་ཡོད་གནས་ཚུལ་ཡིན། ལོ་རྒྱུས་ཀྱི་བདེན་དཔང་དགོས་ནའང་ཡོད། དངོས་ཡོད་ཚན་རིག་དང་མཐུན་པའི་ཞིབ་འཇུག་བྱེད་ནའང་འདྲ། འདི་ནི་བོད་མི་གཞོན་སྐྱེས་ཤེས་ཡོན་ཅན་ཚོས་ཁ་གཅིག་གྲགས་ཡིན་ནོ།
ཆོས་ལུགས་ཀྱིས་ཀླད་པ་བཀྲུས་ཟིན་པའི་གང་ཟག་གིས་ནམ་ཡང་གཏམ་བདེན་པ་སྨྲ་བའི་སྨྲ་ལྕེ་མེད་ཁོ་ཐག། འདི་ནི་ཁོ་ཚོའི་ལྟོ་གོས་གཏམ་གསུམ་དང་འབྲེལ་བ་དམ་ཟབ་ཡོད་པས། ནམ་ཡང་ཆོས་ལུགས་ལྟ་གྲུབ་ཀྱི་བསམ་བློ་དང་འགལ་བའི་འཇིག་རྟེན་མི་ཆོས་རིང་ལུགས་ཀྱི་བསམ་བློ་གསར་པ་དང་ལྟ་བ་གསར་པ་རེ་གཉིས་མགོ་བུས་སོང་ན་བྲང་གཞུང་ལ་ཚ་འདར་རྒྱག་ལ་སྙིང་གོང་ཡང་ལྷོག་ལྷོག་བྱེད་ལ། ཐབས་བརྒྱ་ཇུས་སྟོང་གིས་ཆོས་མེད་རིང་ལུགས་དང་དམར་པོའི་ལྟ་བ་སོགས་བདུད་ཞྭ་ནག་པོ་ཞིག་གཡོག་གང་ཐུབ་ཀྱིས་གཤེ་བར་བྱེད། བྱེད་སྟངས་ལས་སྟངས་འདིས་གནའ་ནས་ད་བར་གསར་གཏོད་རང་བཞིན་ལྡན་པའི་མི་བུ་བྱུང་མེད་ལ་བྱུང་བ་ཐམས་ཅད་འབུར་བཅོམས་བྱེད་གང་ཐུབ་ཀྱིས་འཇིག་རྟེན་འདི་ལས་འདས་པའི་ལྷ་ཡུལ་དང་དག་ཞིང་སོགས་རྨི་ལམ་ལ་རེ་བསྙེག་གིས་ལོ་ཟླ་བསྐྱལ་དང་སྐྱེལ་བཞིན་པ་འདིའོ།
དེ་འདྲར་བརྟེན།བོད་མི་ཟེར་བ་རིགས་བརྒྱུད་བྱེ་བྲག་པ་ཅིག་སྟེང་ནས་མཁྲེགས་བཟུང་བྱས་ན་ཁུངས་འཁྱོལ་རྒྱུ་དཀའ་བར་སྙམ།དཔེར་ན།ཨ་མདོ་མཁས་པ་བོད་ལ་བཀའ་དྲིན་ཤིན་ཏུ་ཆེན་པོ་ཡིན་པ་དམུ་དགེ་བསམ་གཏན་ཕལ་ཆེར་རིགས་རྒྱུད་དེད་ན་སོག་པོ་ཡིན་ལ།ཚེ་ཏན་ཞབས་དྲུང་ཕ་རྒྱ་རིགས་ཡིན་པ་ཡོངས་གྲགས་རེད།འོན་ཀྱང་།ཁོང་རྣམ་པ་ཚོས་ཀྱང་བོད་ཡིན་པ་ཐེངས་མང་གསུངས་ཏེ་བོད་ཀྱི་ལ་རྒྱ་བཟུང་ཡོད་པས།དེ་འདྲ་བོད་མི་དྲག་ཚད་བོད་མི་མ་རེད་ཅེས་སུས་བཤད་ཐུབ་ཀི་རེད།དེ་བས་ངས་བསམ་ན་རུས་གཅིག་གི་སྟེང་ནས་བོད་རིགས་འཚོལ་བ་ལས།བོད་མིའི་ཁྱབ་ཁོངས་དེ་ལས་རྒྱ་ཆེ་ཙམ་བྱས་ན་བོད་ལ་ཕན་རྒྱུ་རེད།
ཡང་མཁས་དབང་ཚོ་འདིར་འདུ་འཛོམས་གནང་བཞག་འདུག བོད་གངས་ཅན་པའི་མཁས་དབང་ཚོ་་ཧི་ཧི་ཧི་་
ཁྲི་རལ་གྱིས་དང་པོ་མི་རིགས་དབྱེ་འབྱེད་ལམ་ནས་ཨ་མདོ་ཚོ་བོད་པ་ལས་ཐ་དད་བཟོ་ཐབས། གཉིས་པ་ལྟ་བ་ཤན་འབྱེད་ཐོག་ཨ་མདོ་བ་ཚོ་ཟུར་ཕུད་ཀྱི་ཤེས་རབ། མདོར་ན་ཐབས་ཤེས་གཉིས་ལྡན་གྱིས་ཨ་མདོ་ཚོ་བོད་པའི་ནང་ནས་ཟུར་འདོན་བྱས་འདུག ཟུར་འདོན་བྱས་རྗེས་ཁོང་ཚོ་གསོད་རྩིས་ཡིན་ནམ། འདི་ལ་ལན་ཞིག་ཡོད་ན་ལེགས།
ཨོ་རེད་་་སྔོན་མར་བོད་གངས་ཅན་བོད་པའི་ཡུལ་དུ་དམངས་གཙོ་གསར་གཏོད་པ་ལུང་་ཤར་ཚེ་རྒྱམ་དང་དགེ་ཆོས་གཉིས་ལ་ཡང་དམར་པོའི་ལྟ་གྲུབ་ཀྱི་རྗེས་འཇུག་པ་རེད་ཟེར་ནས་མ་ཉེས་ཁ་གཡོགས་ཀྱི་ཞྭ་མོ་གོན་མྱངས་བ་རེད། དེང་སང་ཨ་མདོའི་གཞོན་སྐྱེས་ཚོའི་མགོ་ལ་ཞྭ་མོ་གོན་འོང་མདོག་མདོག་འདིའི་རིགས་མཚམས་ཞོག
“ཨ་མདོ་རྣམས་ནི་མང་ཆེ་བ་གཡོ་སྒྱུ་ཆུང་བ་དང་སྤྱང་གྲུང་མི་འཛོམས་པ། དྲང་པོ་དྲང་བཞག་དང་ཨུ་ཚུགས་ཆེ་ལ་གཤིས་ཀ་གྱོང་པོ་ཡིན་པས། རང་གི་སེམས་སུ་ཡིད་ཆེས་དང་བསམ་ཚུལ་གང་ཡོད་པ་སྤྱི་ཚོགས་ནང་ཆེ་བཙན་སུ་དང་མི་མཐུན་པ་བྱུང་ཚེ། ཐབས་མཁས་པོ་དང་རྒྱུ་མཚན་ལྡན་མིན་ལ་མ་ལྟོས་པར་འགལ་ཟླ་དེར་ཁ་གཏད་འཛེམ་ཟོན་མེད་པ་རེད།” ཅེས་པ་ལྟར་ལན་རྒྱབ་མཁན་མང་པོ་དངོས་སུ་འཐོན། རྩོམ་ཡིག་འབྲི་མཁན་གྱིས་བཤད་པ་ལྟར་རང་རིགས་ནང་དེ་ལྟར་ཡོད་མེད་ལྟ་རྟོག་བྱེད་པ་ལ་ཕན་པས། དེ་འདྲ་སེམས་ལ་ཤར་བ་དངོས་སུ་བཏོན་པ་ལ་བྱམས་པ་དགོས་པ་མ་གཏོགས། ཚིག་རྩུབ་སྨྲ་བ་དེ་ཡ་རབས་ཀྱི་ལུགས་དང་འགལ། རྩོམ་ཡིག་ཏུ། ཨ་མདོ་གཞོན་སྐྱེས་དག་ལ་སྨྲས་པ་དེ་ཨ་མདོ་ཙམ་་ལ་མ་ཡིན་པར་ལུང་པ་ཚང་མ་དང་། ཡུལ་ཚང་མ་ལ་ཡོད། དེ་དག་གིས་ཆོས་ལ་ངོ་རྒོལ་བྱེད་ན། ལྷ་ཆོས་དགེ་བ་བཅུ་དང་། མི་ཆོས་གཙང་མ་བཅུ་དྲུག་གི་ངོ་སྤྲོད་བྱེད་དགོས། དེ་མ་ཡིན་པར་དགོན་པ་ལྟ་བུ་ཞིག་ལ་སླེབས་པ་ན། ཕྱག་མི་འཚལ་བའི་རྒྱུ་མཚན་གྱིས་ལ་དྭགས་པ་ཁ་ཅིག་གིས་བརྩིས་པ་ལྟར་ལྟ་བ་ལོག་པར་འཛིན་ན་མི་འོས་པར་སེམས།
ལོ་ངོ་ཉི་ཤུ་ཙམ་སྔོན་དུ། བདག་གིས་མདོ་སྨད་པ་འགའ་ཞིག་ལ་འདི་ལྟར་བྲིས་ཏེ།
“དིང་སང་སོ་སོའི་ལུང་སྐད་ཀྱིས་བོད་ཀྱི་སྐད་བྱིངས་ལ་འགྱུར་བ་བཏང་ཡོད་པ། དེ་དག་ལ་འགའ་ཞིག་དཔེར་མཚོན་པ་ཙམ་དགོད་པ་ལ། བོད་གངས་ཅན་དུ། དིང་སང་མདོ་སྨད་པ་ཀུན་བོད་ཀྱི་རིག་གཞུང་སྐོར་ལ་བོད་ཀྱི་ལུང་པ་གཞན་ལ་བལྟོས་ཏེ་དོ་སྣང་ཆེ་བར་མཐོང་། གཞུང་གསར་རྙིང་མང་པོ་སྤར་བ་དང་། སྤེལ་བ་ལ་གཟེངས་བསྟོད་ཞུ་འོས་པ་དང་། ཆབས་ཅིག་སྐྱོན་བརྗོད་ཀྱང་འོས་པ་འདུག་སྟེ།” ཞེས་སོགས་བྲིས། གཙོ་ཆེ་བ་ནི། པ་དང་བའི་མིང་མཐའ་འདྲེན་ཚུལ་ལ་ཡིན། བརྡ་སྤྲོད་རྩོམ་པ་པོ། ཚེ་ཏན་ཞབས་དྲུང་མཆོག་དང་། དམུ་དགེ་བསམ་གཏན་མཆོག་གི་མཚན་དང་། དེ་དག་་གིས་གསུངས་པའི་དཔེར་བརྗོད་གང་ཡིན། མདོ་སྨད་པ་འགའ་ཞིག་གི་ཁ་སྐད་དུ་འོས་ཀྱི། བོད་སྤྱི་སྐད་དུ་དེ་ལྟར་མི་འོས་པ་ད་ལྟར་ཡང་དེ་བཞིན་དུ་འཛིན་ནོ།
དེང་སྐབས་རྒྱ་ཕོག་ཟོས་ནས་བོད་ནང་དཀྲུགས་ཨེ་ཐུབ་ལྟ་མཁན་མང་ཁོ་འདུག ཁྲི་རལ་ཟེར་བ་འདི་ཡང་དེའི་རིགས་ཡིན་འདྲ། ཚང་མས་དོ་གཟབ་གནང་རོགས།
ཁྲི་རལ་བས་རང་རྩོམ་གྱི་ཁ་ཕྱོགས་ཅུང་ཟད་གཞན་དུ་བསྒྱུར་ནས་གླེང་གིན་འདུག དེ་དྲང་པོ་མ་རེད། རིགས་རྒྱུད་ཀྱི་སྟེང་ནས་བོད་ཙམ་མ་གཏོགས་མི་རིགས་གཞན་ཚང་མར་ཞིབ་འདེད་བྱས་ན་གཅིག་མཚུངས་སུ་ཡོད་པ་རེད།
དེ་བས་རང་གི་ཆེད་རྩོམ་གྱི་དོན་སྙིང་༼ཨ་མདོའི་གཞོན་སྐྱེས་དང་དམར་བོའི་ལྟ་བ༽འི་ཐོག་ནས་གླེང་རོགས། ཆེད་བཟོས་ཞྭ་མོ་དེའི་ཐོག་ནས་གསལ་བཤད་གནང་ན་ལེགས།
དེང་སྐབས་བོད་རང་གི་སྐད་ཡིག་དར་སྤེལ་དང་སྲུང་སྐྱོབ་རྒྱུན་འཛིན་གང་ཅིའི་ཐོག་ནས་ཨ་མདོའི་གཞོན་སྐྱེས་ཚོ་ཡག་ཤོས་སུ་མཐོང་ཡོད། ཨ་མདོའི་གཞོན་སྐྱེས་ཚོའི་བོད་ཡིག་གི་ཤེས་ཚད་བོད་ཁུལ་གྱི་བོད་མི་གཞན་ལས་མཐོ་བ་ནི་མིག་མཐོང་ལག་ཟིན་ཡིན།
དངོས་ཡོད་གནས་ཚུལ་གྱི་ཕྱོགས་རྣམས་དྲང་བདེན་ངང་ཞིབ་བསྡུར་བྱས་ནས་གླེང་ན་དགེ་མཚན་ཆེ།
དམར་བོའི་ལྟ་བའི་ཆ་ནས་གཡག་ཞར་གྱིས་རྩྭ་ཟ་བ་ནང་བཞིན་མིན་ན་ཁྱེད་ཀྱིས་ཡོངས་སུ་མཁྱེན་ངེས་ཡིན་པས་ཞིབ་བརྗོད་མི་དགོས།
ཡ་ད་ངའི་ཨ་མདོ་བ་ཚོར་རྙོག་ཁྲ་བབ་འདུག ངེས་པར་དུ་དཔུང་བསྒྲིགས་ཀྱི་ཡིན། རྒྱུ་མཚན་དང་རིག་པ་བཀོལ་ནས་དཔུང་བསྒྲིགས་ན་མ་གཏོགས་རྩོམ་འདིའི་རྒྱབ་ལ་དམིགས་ཡུལ་ཇི་ཡོད་གསལ་པོ་མིན་འདུག་པས། ཞར་ལ་རྒྱ་གུང་ཁྲན་གྱི་མགོ་སྐོར་ལ་ཚུད་སྲིད།
མདོ་སྨད་ཨ་མདོ་བ་ཚོ་བོད་པའི་རིགས་རྒྱུད་ལས་ཆད་པ་རྩོད་མེད་རེད། སྲིད་ཀྱི་ཐོག་ནས་བཤད་ན། ཨ་མདོ་བ་ཚོ་བོད་ཆེན་པོའི་སྒོ་སྲུང་བ་རེད། ལོ་སྟོང་ཕྲག་རིང་ཐད་ཀར་མི་རིགས་གཞན་དང་འཐབ་རྩོད་བགྱིས་ནས་བོད་ཆེན་པོ་སྲུང་ནས་བསྡད་ཡོད། བསྟན་པ་དབུས་ནས་བཤིག རྒྱལ་པོ་དཀྲོངས་རྗེས། བོད་སྲིལ་བུར་གྱུར་སྐབས། ཨ་མདོ་བ་ཚོ་ཡང་བོད་དབུས་ནས་ཁ་གྱེས་པ་རེད།
ལྟ་བའི་ཐོག་ནས་བཤད་ན། བོད་ཀྱི་ནང་ཆོས་ཀྱི་ལྟ་བ་དབུ་མ། གཞན་སྟོང་རྫོགས་ཆེན་ཚང་མ་ཨ་མདོ་བའི་ནང་ལ་ཡོད། དགེ་ལུགས་ཀྱི་བླ་བྲང་དང་སྐུ་འབུམ། རྙིང་མའི་རེབ་གོང་སྔགས་པ། དེ་བཞིན་རྒྱལ་བ་པན་ཆེན་ཚང་མ་ཨ་མདོ་བའི་ནང་ནས་བྱོན་པ་རེད།
ཆོས་མེད་སྨྲ་བའི་ལྟ་བ་དེ་ད་ཆ་ཤུགས་ཆེ་ཤོས་ལྷ་སའི་རྒྱ་གཞུང་གི་ལས་བྱེད་པ་ཚོ་རེད། ཨ་མདོ་བའི་གྲངས་འབོར་ཤིན་དུ་ཉུང་།
ལྟ་བའི་ཐོག་ནས་བཤད་ན། དོལ་རྒྱལ་ལྷ་རུ་ལྟ་བའི་གཡམ་རྒྱུག་པ་མང་ཤོས་ཁམས་པ་རེད། ཨ་མདོ་བ་མ་རེད། བོད་ལ་དམར་པོའི་ལྟ་བ་སྤེལ་མཁན་གཙོ་བོ་ཁམས་པ་འབའ་པ་ཕུན་ཚོགས་དབང་རྒྱལ་དང་། ཡང་གླིང་རྡོ་རྗེ་སོགས་རེད།
ཨ་མདོ་བ་ཚོ་དེང་དུས་ཀྱི་སློབ་གསོའི་ཆུ་ཚད་མཐོ་ཤོས་སུ་གྱུར་ནས། ཕྱིའི་ལྟ་བ་དང་གྲུབ་མཐར་དོ་སྣང་བྱེད་ཨཔའི་ཆ་རྐྱེན་བསླེབས་ཡོད། ཁམས་ལ་རྒྱ་ཡིག་ཡག་པོ་མ་ཤེས་པས་དེ་ལྟ་བུའི་ཚད་མཐོའི་བགྲོ་གླེང་བྱེད་པའི་ནུས་པ་མེད། དབུས་ལ་བོད་ཀྱི་རིག་གཞུང་མ་ཤེས་པས། རྒྱ་ཡིག་ཤེས་ཀྱང་མི་རིགས་ཀྱི་ལྟ་བ་མེད་པས་བྱ་ཐབས་བྲལ།
ད་ཁྲི་རལ་བ་ཅན་བསམ་བློ་བབ་ནས་ཞིབ་མོར་དང་རྒྱོབས་དང་། བོད་ལ་དྲིན་ཆེ་བ་འདི་ཨ་མདོ་བ་ཚོ་རེད། ཁྱོད་ང་གཉིས་ཀྱི་ཁ་བརྡའི་གླེང་སྟེགས་འདི་ཨ་མདོ་བས་བཟོས་པ་རེད། དྲིན་ཅན་ལ་དྲིལ་ལོག་མ་བྱེད་པ་འདི་ཨ་མདོ་བ་ཚོ་ལ་འདུག ཁྲི་རལ་བ་ཅན་ཁམས་པ་ཞིག་ཡིན་པ་ཡོད། འདི་ལྟར་བོད་མི་དཀྲུག་ནས་དམིགས་ཡུལ་ཅི།
ཁྱོད་ལྟ་བ་བཤད་ན་མི་རྒྱུད་བཤད་དགོས་པའི་རྒྱུ་མཚན་མིན་འདུག ལར་ནས་ཞོགས་དུང་ཡང་ཆོས་ལེགས་པར་ཤེས། དོན་ལེགས་པར་གོ། དང་བཟབ་མོ་བརྒྱབ་ནས་འབྲི་མཁན་ཞིག་རེད། ཁྱེད་ལྟ་བུ་རྒྱ་སྒོར་ལྷན་ནེ་འཐོབ་མ་ཐག་ཚང་མ་གློད་ནས་གྲི་རང་གི་ཕ་མར་སྟོན་མཁན་འདི་འདྲ་མ་རེད། ཁོང་ཟིན་མཁན་རང་དགྲ་རྒྱ་མི་རེད། ཧ་གོ་ཨེ་ཐལ།
ཁྲི་རལ་མིང་ཅན་གྱིས་ག་རེ་གསུངས་ཀྱང་ཆོག་གི མ་དགའ་བ་དང་མ་འདོད་པ་བྱེད་དོན་མེད། བོད་ལ་ཡོད་པ་ནི་ཆོས་སྲིད་གཉིས་རེད། ཆོས་ཀྱི་ཕྱོགས་ནས་བཤད་ན། ནང་བའི་ཆོས་ལ་རིགས་རུས་ལས་བསླབ་བ་གཙོར་གསུངས་ཡོད་ལ། དེ་ཡང་སྐད་གཅིག་ཡི་གེ་གཅིག་གི་སྟེང་ནས་སོ།།དེས་ན་ཉིད་ཀྱིས་རིགས་ཁུངས་རུས་ཁུངས་ནས་བོད་ཚལ་བུར་གཏོང་གིན་འདུག་པས། དེ་ལྟ་ན། བོད་ཐོག་མར་ཁྱིམ་གཅིག་ནས་ཡར་ཀློང་དང་། དེ་ནས་ཆོལ་གསུམ་དུ་རྒྱ་ཆེར་བསྐྱེད་པ་ཡིན་པས་ན། ཐོག་མའི་རུས་རྒྱུན་ལས་གཞན་རྣམས་བོད་པ་མ་ཡིན་པར་ཤོད་དང་བོད་ཀྱི་ཆོས་ཕྱོགས་ལ་ཕྱག་རྗེས་ཆེ་བ་ཡོང་བར་མ་ཟད། སྲིད་ཕྱོགས་ལ་དེ་བས་ཀྱང་ངོ།། སྲིད་ཕྱོགས་ནས་བཤད་ན། བོད་ནང་དུ་བོད་རྣམས་མི་རྡོག་རྩ་གཅིག་ཏུ་བསྒྲིལ་ཏེ་དཔའ་ངར་ཞུམ་མེད་ཀྱིས་བཙན་རྒོལ་གནང་བཞིན་པའི་ནུས་པ་གཙབས་ཧྲུལ་གཏོང་བའི་དཔྱད་ངན་རྒྱབ་ཁྱབ་བསྒྲགས་པས་ན། གུང་ཁྲན་གྱི་དངུལ་ལོར་མང་བོ་རེག་ངེས་ཆེའོ།། གཞན་དུ་ན་དེང་སང་རྒྱལ་ཁབ་དེ་དང་དེའི་མི་རིགས་ཡིན་མིན་རིགས་རུལ་ལ་ལྟ་གིན་མེད་པ་ཤེས་བཞིན་དུ་འདི་འདྲ་འབྲི་དགོས་དོན་མེད་པས་སོ།།དེས་ན་ཁྱོས་ཀྱིས་དཔྱད་པ་བོད་ཀྱི་རྩ་དོན་ལ་ཕན་གྱི་འདུག་གམ། གནོད་ཀྱི་འདུག་བསམ་བློ་ཐོངས་དང་། གནོད་ན་ནི་གུང་ཁྲན་དང་དོལ་ཕྲུག་མ་གཏོགས་འདི་འདྲ་བྱེད་ནུས་བ་མ་མཐོང་ངོ།།
ཨ་མདོ་བ་མང་ཆེ་ཤོས་དྲང་པོ་དང་གཡོ་སྒྱུ་མེད་པ། མཐོ་པར་སྤྲེལ་ལད་ཁྲབ་མ་ཤེས་མཁན། དྲང་གཏམ་ཁོ་ནར་བཤད་མི། དཔེར་ན་ཆབ་སྲིད་བཙོན་ཟུར་ཀླུ་མཁར་བྱམས་ལྟ་བུ་ཡིན། ཁོང་གི་ཆབ་སྲིད་དང་ལང་ཕྱོགས་ལ་ང་རང་ཤིན་ཏུ་དགའ་མོས་ཆེ།
ཤིན་ཏུ་བདེན་པའི་གཏམ་ཡིན་ཡང་། །
ཡུལ་དང་དུས་ལ་མ་བསྟུན་ན། །
གཞན་གྱི་རྣ་བར་མི་འཇེབས་པས། །
རན་པར་སྨྲ་བ་མཆོག་ཏུ་མཛེས། །
དྲ་གྲོགས་རྒྱལ་པོ་རླངས་ཚང་ལགས་། ཁྱོད་བདེན། བོང་རྫི་དང་སྔོན་མ་ནས་སེང་རྡོར་དྲ་ཐོག་ཏུ་རྩོད་གང་མང་བརྒྱབས་ཡོད། ངས་ཀྱང་རྩོམ་བདག་འདི་བོང་རྫི་རེད་བསམས་བྱུང་།
སྤྱིའི་ཆ་ནས་བོད་བླ་མའི་ཆོས་ལུགས་འདི་ཤཀྱའི་རྒྱལ་པོའི་ལུང་རྟོགས་ཀྱི་བསྟན་གང་ཡང་མ་རེད། སྤྲུལ་སྐུའི་ལམ་ལུགས་་དགག་པ་དང་བོད་བླ་མའི་ཆོས་ལ་དགག་པ་རྒྱག་ན་སྡིག་པ་ཡོང་དོན་མེད།
བོད་བླ་མའི་ཆོས་ལུགས་འདིའི་རྒྱུ་གསེར་འབུམ་དང་། ངོ་བོ་སྒེར་གཅོད་རིང་ལུགས། སྤྱོད་པ་གཡོ་སྒྱུ་དང་འབངས་མི་མགོ་སྐོར་གཏོང་རྒྱུ་དེ་རེད། སངས་རྒྱས་ཀྱི་ལུང་རྟོགས་གཉིས་ཀྱི་བསྟན་པའི་ཁུངས་སུ་མི་ཚུད། ང་ཚོས་སྔར་ཡང་བོད་ཀྱི་སྤྲུལ་སྐུའི་ལམ་ལུགས་དང་བོད་བླ་མའི་ཆོས་ལུགས་ལ་དགག་པ་བརྒྱབས་ཡོད་ལ་་་་མུ་མཐུད་ནས་ངེས་པ་ཏུ་སྨྱུག་འཛིན་པ་ཚོས་དགག་དགོས།
ཞེས་ཇི་སྐད་དུ་གསུངས་པ་ལྟར། ཡུལ་དུས་གནས་སྐབས་ལ་མི་གཟིགས་པར་དོན་མེད་མི་རིགས་ཀྱི་ནང་དམེ་དེ་དག་བོད་མི་རིགས་ལ་གཏན་ནས་མི་དགོས། ང་ཚོར་དོལ་རྒྱལ་དམ་སྲིའི་དཀའ་རྙོག་ལུ་གུ་རྒྱུད་དུ་བྱུང་དང་འབྱུང་བཞིན་ཡོད། དེ་ལས་བོད་མི་རྣམས་མཐུན་སྒྲིལ་རྡོག་རྩ་གཅིག་ཏུ་སྒྲིལ་ནས་ཐུན་མོང་གི་རྩ་དོན་སྒྲུབ་དགོས་པ་ལས་དོན་མེད་ཀྱི་གླེང་གཞི་དེའི་རིགས་གནད་ལུགས་ལྡན་མིན་ལ་མི་ལྟོས་པར་ང་ཚོར་མི་དགོས་སོ།།
རྒྱལ་བོ་རླངས་ཚང་པས། ༼མི་འདིར་ཁ་ཡ་མ་བྱེད་གཡུག་ཤོག་ལབ་ན། ཁྱོད་ཚོས་སྐད་བརྒྱབ་ཡོང་གི་འདུག ཁོ་ལ་དགོས་རྒྱུ་དེ་ཁྱོད་ཚོར་ཕོག་ཐུག་དང་ཁོང་ཁྲོ་སློང་རྒྱུ་དེ་ཁོ་ན་རེད། ༽ཟེར་པར་བདེན་ཤས་ཆེ། ཁོ་ལ་ཡ་ལན་སྤྲོད་མི་དགོས་ལ་སྤྲོན་རིན་དེ་ལས་མི་འདུག
དྲ་གྲོགས་བསམ་ཤེས་ལགས། ཁྱོད་ཀྱིས་་་་ཁྲི་རལ་བ་ཅན་ཁམས་པ་ཞིག་ཡིན་པ་ཡོད། འདི་ལྟར་བོད་མི་དཀྲུག་ནས་དམིགས་ཡུལ་ཅི།ཞེས་བཤད་འོང་དུས་ཁྱོད་རང་གིས་ཀྱང་དཀྲུགས་གཏམ་བཤད་བཞིན་འདུག་ག ཁྱོད་ལ་ཁམས་ཐོག་ཏུ་བཟོད་མི་ཐུབ་པའི་སྡུག་ནད་ག་རེ་ཡོད་དམ། ཁ་སང་ཞིག་ལའང་ཁམས་པ་མི་གསོད་མཁན་དེ་ཚོ་ཟེར་ནས་ཅི་འབྲི་བསྡད་བཞིན་འགུ། ཐུགས་བསམ་བཞེས་ནས་བཤད་རོགས་བྱོས།
ཨ་མདོ་བ་ཚོ་དྲང་པོ་རེད།
གྲོགས་ཅོ་རུ་ལགས། ཐུགས་ལྷོད་ལྷོད་གནང་རོགས། ད་ཁོ་རང་ཚོའི་རྐུབ་བརྟོལ་འདུག་ག བསམ་ཚུལ་མི་མཐུན་པ་བསུབ་ནས་མཐུན་པ་རྒྱུན་མཐུད་ཀྱིན་པ་འདི་སྲིད་དོན་པ་ཁག་ཅིག་གིས་དམིགས་ཡུལ་ག་གེ་མོ་བཟུང་ནས་ཁ་བརྡ་བེད་སྤྱོད་གཏོང་བཞིན་པ་རེད། དེ་བས། ཕྲན་ནས་རྐུབ་ལྕག་ཁ་ཤས་བཞུས་མཐར་རོ་མདོག་བསྟན་སོང་། མདོར་བསྡུས་ནས་བཤད་ན། ཨ་མདོའི་སྲིད་དོན་པ་ཁག་ཅིག་གི་གཡོ་འཕྲུལ་རང་ཡིན་པ་མཁྱེན་རོགས། ་
གལ་སྲིད་ཉིན་ཞིག་ལ་༼གནམ་ས་གོ་འབྱེད༽གཞིར་བཟུང་ནས་ཞོགས་དུང་མཆོག་ལ་ནའོ་པེལ་ཞི་བདེ་རྟགས་མ་སྤྲད་ཀྱི་ཡིན་ལབ་དུས། ངོ་རྒོལ་བྱེད་མཁན་ཐོག་མ་བཙན་བྱོལ་ནང་གི་ཨ་མདོའི་སྲིད་དོན་པ་ཚོ་ཡིན་ངེས་རེད། འདི་ནི་མ་འོངས་ལུང་བསྟན་ཡིན་ད། དེ་འདྲའི་དུས་ཤིག་ཤར་ན་དབུས་དང་ཁམས་ཀྱིས་ག་དུས་ཀྱང་དགག་པ་རྒྱག་སྲིད་ཀྱི་མ་རེད།
གསལ་བཤད་ཞུ་རྒྱུར།
མཆན་བུ་འདེབས་པའི་སྐབས་སུ། སྐྱེ་བོ་སྒེར་ལ་དམོད་ཚིག་སྤེལ་བ་སོགས་ལ་འདི་ནས་དགག་བྱ་ཞུ་ཡི་ཡོད་པ་མཆན་བུ་འགོད་སའི་སྒང་ལ་གསལ་འཁོད་ཞུས་ཡོད་པར་ཐུགས་སྣང་གནང་རོགས།
ད་ལམ་མཆན་བུ་རེ་གཉིས་ཤིག་བསུབ་ཡོད། མཆན་བུ་སྤེལ་མཁན་ཁག་ཅིག་བཀག་ཡོད། སྐྱེ་བོ་སྒེར་ལ་དམོད་ཚིག་དང་ལྷག་ཏུ་༸གོང་ས་མཆོག་ལ་མཚད་སྨད་ཀྱི་ཚིག་བརྗོད་སྤེལ་བ་ཡིན་ན། མཆན་བུ་འདེབས་པའི་གོ་སྐབས་གཏན་འགོག་བྱེད་སྲིད་པ་ཡིན་ན། དེ་ལུགས་ཐུགས་སྣང་གནང་རོགས།
ཁ་བརྡ་རྩོམ་སྒྲིག་པས།
གྲོགས་ཀརྨ་བློ་གསལ་ལགས། ཁ་བརྡའི་ཐོག་ཏུ་མཆན་བུ་འགོད་མ་བཅུག་ནས་རྒྱུན་རིང་ཙམ་ཡིན། གོང་ནས་མར་བཀའ་ཕབ་པ་ཡིན་ནའང་འདྲ། ཁ་བརྡ་ཚང་ལ་སྒོར་མོ་སྤྲད་ཀྱི་ཡོད་པ་ཡིན་ནའང་འདྲ། ང་ཅོ་རིའི་མིང་འདི་ཁ་བརྡ་ཚང་གིས་འགོག་གང་ཐུབ་བྱས་སོང་། ཡིན་ཀྱང་ཁ་བརྡ་ཚང་ལ་ང་ཅོ་རི་ལ་དགའ་མཁན་མི་རེ་ཡང་འདུག་པས་དེ་རིང་མཆན་བུ་ཞིག་འབྲི་བའི་གོ་སྐབས་བྱུང་། ཁྱོད་རང་མཇལ་བར་དགའ་པོ་བྱུང་།
སྐུ་ངོ་རྩོམ་སྒྲིག་པ་ལགས། ཨ་མདོ་སྨད་ཆོག་པ་ཞིག་དང་། དེ་རུ་འཁྲུངས་པའི་གོང་ས་སྨད་མ་ཆོག་དོན་ཅི། དཔེར་ན། འབའ་ལི་ཐང་རྐུན་མའི་ས་ཆ་ཡིན། བཤད་མི་ཉན་སྐྱབས་མགོན་འཁྲུངས་ས་ཡིན་ཞེས་པ་མ་ཐོས་སམ། ཅིིའི་ཕྱིར༼སྨད་ཨ་མདོའི་རྒྱ་མིའི་ལུང་པ་ཡིན། བཤད་མི་ཉན་གོང་ས་འཁྲུངས་ས་ཡིན༽བཤད་མི་ཆོག་གམ། འཁྲབ་ཤེས་བཤད་ཤེས་ནི་གལ་ཆེན་མ་རེད་དམ།
ཁ་བརྡ་ཚང་། རྒྱུ་འབྲས་ཏོག་ཙམ་སྲུང་རོགས་བྱོས་དང་། མའོ་ཡི་བུ་ལྟ་བུ་ཡིན་ཟེར་མཁན་ཏ་ལའི་བླ་མ་ཁོ་རང་རང་རེད། ཁོང་རང་གིས་ཁོང་རང་མཚན་སྨད་ཞུས་པ་ཨེ་རེད།
ཁྲི་རལ་པ་ཟེར་བ་དེས་བཙན་བྱོལ་སྤྱི་ཚོགས་ནང་གི་སོ་སོའི་མཐོང་ཚུལ་ཙམ་དང་ལོ་རྒྱུས་རེ་འགའ་བཀླགས་པའི་མྱོར་ཚོར་ཙམ་བྲིས་འདུག།དེ་ལ་ཧ་ལས་རྒྱུ་དང་ཡ་མཚན་རྒྱུ་གང་ཡང་མེད་པ་རེད།ཨ་མདོ་བ་ཚོའི་ནང་ངོ་མ་གོང་དུ་མང་པོས་ལབ་པ་ནང་བཞིན་གྱི་ཤེས་ཡོན་ཅན་ཡོད་ན།ཁྲི་རལ་གྱིས་བཤད་པ་བདེན་པ་མིན་ཚེ་དེ་ལ་རིགས་ལམ་ནས་དགག་བཞག་སྤོང་གསུམ་བྱས་ཏེ།ཁྲི་རལ་ཟེར་བ་དེ་འགྲོ་ས་མེད་པ་ཅིག་བཟོ་དགོས་པ་རེད་མ་གཏོགས།ཚང་མས་ཁ་རུབ་ཀྱིས་ཚིག་ངན་རྐྱང་རྐྱང་བཤད་པ་ནི་རྒྱུ་མཚན་གྱིས་ཕོངས་རྟགས་འདྲ་བོ་རེད།
ལྷག་པར་ཁ་ཤས་ཀྱིས་རྒྱ་མིའི་སོ་པ་རེད་སོགས་ལབ་པ་ནི་དངོས་གནས་ཐབས་སྐྱོ་བོ་རེད།ང་ཚོའི་སྤྱི་ཚོགས་འདི་དངོས་གནས་རང་དབང་དང་མང་གཙོ་ལྡན་པའི་སྤྱི་ཚོགས་ཤིག་ཡིན་ན།བསམ་ཚུལ་མི་མཐུན་པ་གང་མིན་ཚད་ཡོང་གི་རེད་ལ།དེ་འཇིགས་ཞུམ་བྲལ་བའི་སྒོ་ནས་བཤད་རྒྱུའི་རང་དབང་ཡང་ངེས་པར་དུ་དགོས་པ་རེད་མ་གཏོགས།བསྟོད་པ་རྐྱང་མ་བྱས་པར་ལྡོག་ཕྱོགས་ནས་བསམ་ཚུལ་ཅིག་བཏོན་ཡོང་དུས་ལམ་སེང་རྒྱ་མིའི་སོ་པ་དང་ནང་དཀྲུག་པ།གསོད་རྒྱུ་ཡིན་མདོག་མདོག་སོགས་འཇིགས་སྐུལ་རིང་ལུགས་སྤེལ་ཡོང་བ་དེས།སོ་སོའི་སྤྱི་ཚོགས་འདི་ཚད་གང་འདྲ་ཅིག་ན་ཡོད་རང་མཚང་ཕྱི་ལ་སྟོན་གྱི་ཡོད་པ་རེད།
ཁ་བརྡའི་རྩོམ་སྒྲིག་པ་ལགས། ངའི་མཆན་བུ་མ་བཀག་རོགས་བྱོས། བོད་མི་རིགས་དང་བོད་རྒྱལ་ཁབ་ཀྱི་ཆེད་དུ་འཐབ་རྩོད་བྱེད་དགོས་ཡོད། ངས་བྲིས་པ་རྣམས་ངས་འགན་ཁུར་ཆོག ང་ཅོ་རི་ཉམ་ཆུང་མི་ཡི་གཉའ་ཞིག་རྩ་བ་ནས་མིན། ལྷག་བསམ་རྣམ་དག་གི་ཐོག་ནས་བསམ་ཚུལ་བཤད་མཁན་ཞིག་ཡིན། ཐུགས་རྗེ་གཟིགས
བོད་སྤྱི་པའི་ཆེད་དུ་ཐུགས་བསམ་བཞེས་རོགས་བྱོས། བོད་མི་ཉམ་ཆུང་ཚོས་ཆེད་དུ་ཐུབས་བསམ་བཞེས་རོགས་བྱོས།
དྲང་བདེན་ལ་དགའ་ཞེན་དང་ཆེར་དྲེགས་སྒེར་གཅོད་ཀྱི་གཉའ་གནོན་ཉམ་ཆུང་གི་དཔུང་གྲོགས་་་་་ཁ་བརྡའི་ནང་གི་མི་དྲང་པོ་མདའ་འདྲ་བ་གཅིག་རྐྱང་ཞིག་ཡོད་པ་དེ་་་དྲ་གྲོགས་ཅོ་རི་ཉི་མ་དེ་རིང་འདི་ན་བློ་བུར་དུ་མཇལ་བར་དགའ་བོ་བྱུང། ང་ཡང་ཁ་བརྡའི་དྲ་བ་ལས་རིང་ཙམ་བཞུད་པར་སེམས་བཞིན་ཡོད། ངས་བསམ་དུས་གྲོགས་ཅོ་རི་རིག་རྒྱུ་ཚོར་རྒྱུ་མི་འདུག་པས་ཁོང་ཁ་བརྡའི་དྲ་འབུ་འདི་ཚོ་ལ་ཡིད་བསུན་ནས་གཡོལ་བ་ཡིན་རྒྱུ་རེད་དྲན་བྱུང་་་་ད་ལྟ་བྱེད་དུས་ཁ་བརྡའི་དྲ་བདག་པས་ཁྱེད་ལ་སྒོ་གཏན་བརྒྱབ་པ་འདྲ། ཨ་ཁ་ད་གང་དྲགས་ཡིན་ནའང་འཁོར་བ་འདིར་འཇིག་རྟེན་འདིར་སྤྱི་ཚོགས་འདིར་འདི་འདྲ་བྱེད་དེ་ཚེ་གཞུག་བསྐྱེལ་རྒྱུ་རེད། ཁྱེད་ཀྱི་ཐུགས་དགོངས་ཉིན་ཅིག་འགྲུབ་པའི་སྨོན་ལམ་ཡོད།
ཨ་མདོ་བ་ཚོ་རྒྱ་ཡུལ་དང་འབྲེལ་ནས་སྡོད་དུས་རྒྱའི་ཤུགས་རྐྱེན་ཐེབས་ཡོད་པ་རེད། བཙན་བྱོལ་པ་ཚོ་རྒྱ་གར་བ་དང་མཉམ་དུ་སྡོ་དུས་དེའི་ཤུགས་རྐྱེན་ཐེབས་ཡོད་པའང་གསལ་པོ་རེད། འོན་ཀྱང་འདི་གཉིས་བསྡུར་ན་ས་དང་གནམ་གྱི་ཁྱད་པར་ཡོད་པ་གསལ་པོ་རེད། ཨ་མདོ་བ་ཚོ་རྒྱའི་མངའ་འོག་ཏུ་གནས་ཀྱང་རང་གི་མི་རིགས་དང་དེའི་སྐད་ཡིག་ལེགས་པར་བཟུང་ཡོད་པ་འདིར་བསམ་ཡོད་ཅིག་ཡིན་ན་ལེགས་པར་རྟོགས་སླ། རལ་བས་དེབ་ཁ་ཅིག་བཀླགས་ནས་དེའི་མྱོང་ཚོར་བྲིས་པ་དེ་ཤིན་ཏུ་ནས་ལྟ་རྒྱ་ཆུང་བའི་སྐྱོན་རེད། དེང་དུས་མཁས་པ་ཁ་ཅིག་གིས་ཆོས་ལ་སྐྱོན་བརྗོས་བྱས་ཡོད་པ་བདེན་སྲིད། འོན་ཀྱང་དེ་ནི་མི་རེས་ཟུང་ཡིན་པ་ལས་ཨ་མདོ་བ་ཚང་མ་ག་ལ་ཡིན། མིའི་ཁམས་དང་བསམ་ཚུལ་མོས་པ་སོགས་མ་འདྲ་བ་ཡོད་སྟབས་མི་ཚང་མའི་བསམ་བློའི་འཁྱེར་སོ་གཅིག་པ་ནམ་ཡང་འོང་མི་སྲིད་པ་རེད།
དེ་ནི་ཀླད་མེད་ཁྱོད་ཀྱིས་ངེས་པར་ངེས་དགོས་པ་རེད།།
བྲིས་རྩོམ་འདི་འགོ་ནས་ཚར་གཅིག་བཀླགས་པ་ཡིན། ལོ་རྒྱུས་མཁས་པ་ཞིག་མིན་པས་མཐའ་གཅིག་ཏུ་རེད་དང་མ་རེད་ཅེས་ཁ་ཚོན་བཅད་ནས་བཤད་ཤེས་པ་ཞིག་མི་འདུག ཡིན་ན་ཡང་། སྤྱིའི་ཆ་ནས་སྐད་ཆ་འགོ་མཇུག་ཚང་བ་ཞིག་བཤད་འདུག་སྙམ་སོང་། སྐད་ཆའི་གོ་རིམ་དང་ནང་དོན་བདམས་གསེས་བྱེད་སྟངས་ལ་བལྟས་ན། ཡིག་ནོར་དག་ནོར་རྣམས་ཆེད་དུ་བྲིས་པ་ཡིན་ནམ་ཡང་སྙམ། གང་ལྟར། འབྲི་བ་པོའི་ཀུན་སློང་དངོས་ཏེ། དོན་དངོས་ཡིན་མིན་གྱི་སྐད་ཆ་གང་ཞིག་ཡིན་རུང་། མདོ་དོན་ཨ་མདོ་བ་ཚོར་ཟུར་ཟ་དང་ཁྱད་གསོད་ཅིག་བྱེད་བསམ་པ་དེ་ལེགས་པར་གྲུབ་འདུག་པས་བཀྲ་ཤིས་བདེ་ལེགས་ཞུ།
ལོ་རྒྱུས་ཀྱི་ངོས་ཐད་ནས་བཤད་ན། བོད་ཆོལ་ཁ་གསུམ་པོ་ཤ་རུས་གཅིག་ལས་ཆད་ཅེས་པའི་བཤད་སྲོལ་ཞིག་ཡོད་མོད། དོན་གྱིས་ཆོལ་ཁ་བྱེ་བྲག་པ་རེ་རེ་ཡང་མི་རིགས་སྣ་ཚོགས་ཀྱིས་གྲུབ་ཡོད་པ་ང་ཚོ་ཕན་ཚུན་ལ་ཅེར་དང་ཡང་ཤེས་ཐུབ་པ་ཞིག་རེད། རིགས་པས་སྒྲུབ་དགོས་པ་ཞིག་ཡིན་ན་མིའི་རིགས་རིག་པ་བ་(anthropologists)དག་གི་ཞིབ་འཇུག་གྲུབ་དོན་ཁག་ལ་ལྟོས་དང་ངེས་ཤེས་རྙེད་ཐུབ།
སྐད་ཡིག་དང་རིག་གཞུང་། གོམས་སྲོལ་དང་ལྟ་སྤྱོད་བཅས་ནི་དབྱེན་དཀྲུག་གི་ས་བོན་འབའ་ཞིག་ལས་དོན་ཕན་ལྡན་པའི་བརྗོད་བྱ་ཞིག་གང་ཡང་མ་རེད། ང་ཚོའི་ཕ་ཡུལ་ལ་སྤུན་མཆེད་ཀྱི་བཟའ་ཟླ་ལ་སྲེད་ཚིག་ཙམ་ཡང་བཀོལ་བར་འཛེམ་པ་དང་། གཞན་ཞིག་གི་ཕ་ཡུལ་ན་སྤུན་མཆེད་ཚང་མར་བཟའ་ཟླ་གཅིག་ལས་མེད་པ་སོགས། མི་སོ་སོའི་བསམ་སྤྱོད་ཟེར་བ་དེ་རིག་པའི་གཞུང་ལུགས་གཅིག་གིས་ཁྲུན་ཐག་ཆོད་འགྲོ་བ་ཞིག་ཡེ་ནས་ཡོད་བཟོ་མི་འདུག
གང་ལྟར། མཐོ་སྒང་རི་སྒང་དུ་མི་རབས་མང་པོར་ཁེར་སྡོད་བྱས་ནས་འོང་བ་ཡིན་པས། ང་ཚོ་སུར་ཡང་སྤྱི་ཚོགས་ཀྱི་འདུ་ཤེས་ངོ་མ་ཞིག་ད་དུང་གྲུབ་མི་འདུག་པ་དང་། ཡོད་མེད་མ་ངེས་པའི་ལྷ་འདྲེ་གདོན་བགེགས་ཙམ་པོའི་ཆེད་དུའང་སྤུན་ཟླ་ནང་དམེ་བྱེད་འགྲོ་བའི་ཟོག་གི་རྔ་མ་འདི་ད་དུང་ཡང་ཆད་མི་འདུག་པས། ཞ་ར་དང་ཞ་བོས་གཅིག་གིས་གཅིག་ལ་བཟང་ངན་བཤད་པའི་འོས་མི་འདུག་ཨ་ཡང་སྙམ་མོ།
འདྲེ་རིག་ལྡན་ནས་དངོས་གནས་རྒྱུ་མཚན་ལྡན་པ་ཅིག་གསུངས་འདུག་པར་མད་དོ།།
སྙིང་ཉེ་བའི་དྲ་གྲོགས་བན་དེ་བ་ལགས། ཁྱེད་ཀྱི་མཆན་བུ་མཇལ་ཙམ་བྱུང་བ་ནི་རྨ་བྱ་ཡིས་དབྱར་རྔའི་སྒྲ་ཐོས་པ་ལྟར་བུ་བྱུང་། འཇིག་རྟེན་འདི་ཁྲམ་དང་གཡོ་སྒྱུ་ཡིས་ཟིན་ནས་བསྡད་ཡོད་པའི་གནད་སྟངས་ངའི་ཕ་དམ་པས་ང་ཆུང་དུས་བཀའ་སློབ་མང་པོ་གནང་ཡོད། ཁོང་གིས་གསུངས་སྟངས་བྱས་ན་འཇིག་རྟེན་ཁམས་འདི་ལ་དྲང་པོ་གཅིག་ཡོད་པ་ནི་འཆི་བ་མི་རྟག་པ་འདི་རེད། འདི་ནི་དབང་ཡོད་དང་དབང་མེད། ཉམ་ཆུང་དང་བཙན་པོ། དཔོན་པོ་དང་གཡོག་པོ། མི་དང་དུད་འགྲོ་སོགས་ཚང་མ་ལ་འདྲ་མཉམ་ཡིན་པའི་གནད་ལུགས་ཉག་གཅིག་དེ་རེད་གསུངས་ཀྱི་རེད།ཧཧཧ
དུས་ཇི་་སྲིད་བར་དུ་གྲོགས་ཁྱོད་དང་དམ་ཚིག་གཙང་མའི་ངོར་ནས་ཉམ་ཆུང་བོད་མིའི་དཔུང་རོགས་ཤིག་བྱེད་ཐུབ་པའི་སྨོན་ལམ་ཡོད།
ང་ནི་བཙན་འབྱོལ་དུ་སྐྱེས་པའི་བོད་རིགས་ཤིག་ཡིན། ངའི་མཐོང་ཚུལ་ལ་བོད་ནས་གསར་འབྱོར་ཨ་མདོ་བ་མང་ཆེ་བ་་མི་རིགས་ལ་ཤ་ཞེན་ཡོད་པ། རང་གི་རིགས་གཞུང་ལ་དོ་སྣང་ཡོད་པ། དབུས་གཙང་དང་ཁམས་པ་ནང་བཞིན་རྙིང་ཞེན་གཅིག་པུ་ལ་མགོ་མ་འཁོར་བ་གསར་གཏོད་ལ་དོ་སྣང་ཆེ་བ། སྐད་ཆ་ག་རེ་བཤད་ན་དོན་དག་ཡོད་པ། གསར་འབྱོར་གཞན་ལས་ཨ་མདོ་བ་ཚོར་བོད་པའི་རིགས་གནས་ལ་ལེགས་པ་སོགས་འདུག ཡང་ཨུ་ཚུགས་ཆེ་བ་རང་ཤེད་ཆེ་བ་སོགས་སྐྱོན་ཡང་ཡོད་པས་མི་རིགས་ཚང་མར་ལེགས་ཆ་དང་ཉེས་ཆ་གཉིས་ཆ་ཡོད། གང་ལྟར་མདོ་དབུས་ཁམས་གསུམ་ས་གནས་ཀྱི་དབང་དུ་སྟོད་སྨད་བར་གསུམ་རེད་མ་གཏོགས་མི་རིགས་དང་སྐད་ཡིག་ཆོས་ལུགས་ཚང་མ་གཅིག་པ་རེད།
དགྲ་གཉེན་གཉིས་ཀྱི་གཡོ་ཐབས་དང་རྨོངས་ཞེན་གྱི་དབང་གིས། ཆུ་བཞི་སྒང་དྲུག་དང་། དོལ་རྒྱལ་གྱི་རྩོད་རྙོག་བསླངས་ནས་མདོ་སྟོད་ཀྱི་ནུས་སྟོབས་བོད་དོན་འཐབ་རྩོད་ཀྱི་དཔུང་ཤུགས་ལས་མེད་པར་བཏང་དང་གཏོང་བཞིན་པའི་ལོ་རྒྱུས་དངོས་སུ་མྱོང་བཞིན་དུ། ད་ཡང་འདི་ལྟར་མདོ་སྨད་ཀྱི་དཔུང་ཤུགས་བོད་དོན་འཐབ་རྩོད་ཀྱི་གོང་བུ་ལས་འདོར་ཅི་ཐུབ་བྱེད་ཀྱིན་འདུག
ཡི་གེ་འདི་འབྲི་མཁན་གྱི་ཨ་མདོ་བ་དེ་དང་། འདིའི་འོག་ཏུ་གདོང་འབོག་སྣ་ཚོགས་གོན་ནས་མཆན་འདེབས་མཁན་གྱི་ཨ་མདོ་བ་ཚོ་ཚང་མ་ཧུར་ཐག་བྱོས་དང་། ཁྱོད་ཚོའི་བསམ་དོན་འགྲུབ་རྒྱུ་རེད། ཁྱོད་ཚོའི་བསམ་དོན་ཕ་རོ་མ་རོའི་དུར་ས་ནས་འགྲུབ་རྒྱུ་རེད། སྐྱག་པ་ཟོ་ཨ།
ཨ་མདོ་བོད་པ་མ་རེད་ཟེར་མཁན་དེ་ལོ་རྒྱུས་དང་དངོས་དོན་གཉིིས་ཀ་མི་ཤེས་མཁན་གྱི་ཞ་ར་གཅིག་ཡིན་ཐག་ཆོད་རེད། ཨ་མདོ་ནས་བོད་དུ་ཡོང་ཟེར་བྲིས་འདུག་ཟེར། རྒྱུ་མཚན་འདི་རེད་དམ། ངས་ཕ་ཡུལ་ནག་ཆུ་ནས་ལྷ་ས་ལ་འགྲོ་སྐབས་བོད་དུ་འགྲོ་ཟེར། ལྷོ་རྒྱུད་རོང་ས་ཁག་ལ་བོད་དང་དེར་གནས་བསྡོད་བྱེད་བཞིན་པ་ཚོ་ལ་བོད་པ་ཟེར་འབོད།་ལྷག་པར་དུ་ཡར་ལུང་གཡས་གཡོན་ལ་བོད་ཟེར་མཛུབ་མོ་ཀེར་གྱི་རེད། བོད་ཁམས་གཅིག་སྒྲིལ་མ་བྱུང་གོང་གི་ཡུལ་ལུང་ངོས་འཛིན་གྱི་ཐ་སྙད་འབོད་སྲོལ་གྱི་གོམས་པ་དེ་མི་རབས་ནས་མི་རབས་བརྒྱུད་ཆགས་པས་རེད། དི་ངའི་ཕ་ཡུལ་གཅིག་པུ་མ་རེད། མདོ་ཁམས་གཉིས་ཡོངས་རྫོགས་ནས་དེ་ག་རང་བཤད་སྲོལ་ཡོད། མིག་ལོར་ནས་རྡ་ཤོད་འགྲོ་སྐབས་རྡ་རམ་ས་ལར་འགྲོ་ཟེར་བ་དང་གཅིག་མཚུང་རེད། འདི་ཙམ་ཡང་མི་ཤེས་པར། རྨོངས་དད་ལ་ཨ་འཐས་ཀྱིས་དུས་རབས་ཀྱི་ཉི་མ་འཆར་སྐབས་སྦར་མོས་འགེབས་མ་ཡོང་རོགས།། །།
ཁྲི་རལ་ཅན་གྱི་རྒྱལ་ཚོང་བ་དང་དམིགས་ཡུལ་སྣ་ཚོགས་བཟུང་ནས་བོད་ཀྱི་ཆིག་སྒྲིལ་ལ་གཏོར་བཤིགས་གཏོང་མཁན་གྱི་གསོན་འདྲེ་དེ་སུ་རེད། འདྲེ་རིག་ལྡན་མིང་དང་ཡུལ་གསལ་བོར་བཤད་རོགས།
ད་རེས་ཀྱི་རྩོམ་ཡིག་འདི་མཐོང་སྐབས་དེ་སྔོན་ཧོར་འཇིགས་ཀྱི་དབྱེན་སྦྱོར་དཀྲུག་ཤིང་བྱེད་པའི་རྩོམ་རྫོབ་རྣམས་ཀྱང་བ་ལེར་དྲན་སོང་། ད་ལྟ་ང་ཚོའི་མི་རིགས་འདིར་ཡོད་པའི་མོ་འབོར་གྱི་ཁ་གྲངས་ནི་ས་ཡ་དྲུག་ཙམ་ལས་མེད་པ་རེད། དེ་ཡང་དུམ་བུར་བགོས་ནས་སྐད་ཆ་བཤད་ཡོང་སྐབས་དངོས་གནས་ཐབས་སྐྱོ་པོ་རེད། སྤྱི་ཚོགས་འདྲ་མིན་ནང་མི་ཡག་ཉེས་ཅི་རིགས་ཡོང་གི་རེད་ལ་ཡོང་ཆོག་པ་རེད། དེར་མཐའ་གཅིག་ཏུ་དཀར་ནག་གི་སྐྱ་ཐིག་འཐེན་རྒྱུ་མེད་པ་རེད། དེར་བརྟེན། ང་ཚོས་མོ་འོངས་པར་དྲ་བའི་སྟེང་འབར་གས་འདི་རིགས་དབྱུགས་མཁན་བྱུང་ཚེ་དེར་ཟབ་ཟབ་གནང་དགོས་རྒྱུ་དེ་ཧ་ཅང་གི་གལ་ཆེན་པོ་རེད། ད་ལྟ་ང་ཚཽའི་མི་རིགས་འདི་འདི་འདྲའི་གནས་སྟངས་ཤིག་གི་འོག་ཏུ་ལྷུངས་ཡོད། ད་དུང་དེས་མི་འགྲིག་པར་རྐང་ལག་བྲེག་བཞིན་བསྡད་ན་དངོས་གནས་ཐབས་སྐྱོ་པོ་རེད། གཉིས་ཐད་ནས། ད་ལྟའི་ང་ཚོའི་སྤྱི་ཚོགས་ཆུང་ཆུང་ནང་གདོན་འདྲེ་དེའི་རྩོད་སྙོག་དེས་སྤུན་ཟླ་མང་པོའི་སེམས་པ་མེ་ལ་སྲེག་བཞིན་ཡོད། དེས་མི་འགྲིག་པར་ད་དུང་ས་སྣུམ་འཕར་མ་བཤོ་དགོས་དགོན་ཨ་ཡོད། དྲ་གྲོགས་ཚང་མས་མ་འོངས་པར་འབར་གས་འདི་རིགས་ལ་ཟབ་ཟབ་བྱེད་དགོས་པ་དེ་གལ་ཆེན་པོ་རེད། མི་ཡག་ཉེས་དེ་གང་ཟག་སྒེར་སྟེང་ནས་འཇོག་དགོས་རེད་མ་གཏོགས་སྤྱི་ཡོངས་ལ་ཚད་འཛིན་བྱེད་ཐབས་མེད་པ་རེད། དེར་བརྟེན། རྩོམ་ཡིག་འདི་རིགས་ནམ་ཡང་ང་ཚོར་དགོས་མཁོ་མཐོང་མ་སོང་། དགོངས་འགལ་མེད་པ་ཞུ། ཕྱོགས་གཞན་ནས། ཁ་ལྟ་རྩོམ་སྒྲིག་པས་ཀྱང་རྩོམ་ཡིག་འདི་རིགས་འདོན་སྤེལ་བྱེད་ཕྱོགས་ལ་ཟབ་ཟབ་གནང་དགོས་རྒྱུ་དེ་གལ་ཆེན་པོ་རེད། དེ་སྨྲ་བརྗོད་རང་དབང་གི་གནད་དོན་མ་རེད། སྤྱི་ཚོགས་དུམ་བུར་གཏོང་མིན་གྱི་གནད་དོན་རེད། དེར་བརྟེན། མ་འོངས་པར་ཟབ་ཙམ་གནང་རོགས་ཞུ་རྒྱུ་ཡིན།
ང་ཡང་ཨ་མདོ་བ་ཞིག་ཡིན་པས་ཨ་མདོ་བར་ཆ་རྒྱུས་ཆེ་ཙམ་ཡོད། གོང་གི་རྩོམ་ཡིག་དེའི་བརྒྱ་ཆ་གོ་དགུ་བདེན་པ་རེད།
མཆོག་ཏུ་བཀུར་འོས་བའི་ཁ་བརྡའི་རྩོམ་སྒྲིག་པ་དག་གིས་ཁྱབ་ཆེ་བའི་ཁ་བརྡ་དྲ་ངོས་འདིར་དངོས་མིང་དང་སྙུག་མིང་སྤྱད་ནས་བོད་ཀྱི་”ཆིག་སྒྲིལ་”་ལ་གནོད་པའི་རྩོམ་ཡིག་དང་མཆན་ཀྱི་རིགས་གང་ཡིན་རུང་ཚང་མ་གཏན་འགོག་གནང་ན་ལེགས་པོ་འདུག དཔེ་མཚོན་གསོན་པོ་གཅིག་ནི་ཁྲི་རལ་བ་ཅན་ཞེས་པའི་སྙུག་མིང་འདིའི་འོག་ནས་བོད་ཀྱི་ཆིག་སྒྲིལ་ལ་གཏོར་བཤིག་གཏོང་བཞིན་པ་ལྟ་བུའོ།།
གོང་གི་རྩོམ་དེའི་ནང་གི་གང་ཞིག་བདེན་པ་མིན་ན་མཐར་ཆགས་སུ་དེད་དེ་དགག་པ་བརྒྱབ་ན་ལེགས། དེ་མིན་ངར་ལངས་ནས་ཅི་ཡང་མི་ཕན་པའི་སྟེང་ཨ་མདོ་བ་ཚོ་རླུང་ཚ་བོ་ཡིན་པའི་ཁུངས་སྐྱེལ་ཞིག་མི་ཆགས་པའི་ངེས་པ་མི་འདུག
ཉེ་བའི་དུས་འདིར། ཆོལ་ཁ་དང་ཆོས་བརྒྱུད་ཁ་ལ་འཁྱེར་ནས། རང་དོན་མ་གྲུབ་པའི་ཁོག་ནད་ཚང་མ་བཙན་བྱོལ་བོད་མིའི་སྒྲིག་འཛུགས་དང་རྒྱལ་བ་རིན་པོ་ཆེར་གཡོག་མཁན་གྱི་ཨ་མདོ་བ་ཡང་རེ་ཟུང་ཡོད། མི་འདིའི་གྲས་ཀྱི་མང་པོ་ཞིག་ད་དུང་རིག་གནས་དང་རིག་གཞུང་། ཆོས་ལུགས་དང་དད་པ་ཟེར་བའི་ཐ་སྙད་མང་པོས་རང་གི་ངོ་གདོང་སྦས་ནས། ཉིན་ལ་ལྷ་མོར་འཐག་འཐག་རོགས་དང་། མཚན་ལ་འདྲེ་མོར་བྲོ་འཁྲབ་རོགས་བྱེད་ཀྱི་ཡོད། གཟབ་གཟབ་བྱོས་ཨ་་་་། དཔའ་ངོ་མ་མེད་ལ་འུར་བཤད་ནས་ཁ་འགོག་ཨེ་ཐུབ་མ་བལྟ་རོགས། ང་འུར་ལ་སྐྲག་མཁན་ཞིག་མིན།
ཁྲི་རལ་པ་དེའང་ཡི་གེ་བྲིས་གཏང་ལ་ལྟད་ན་དབུས་པ་ཞིག་རྩ་བ་ནས་མ་རེད། ངས་བྱས་ན་ཨ་མདོ་བ་ཞིག་རེད་
ཁོ་རངརླུངས་ལངས་ནས་བྲིས་པ་ཞིག་རེད་ ཨ་མདོ་བ་རླུངས་ལངས་ཆེ་བ་ཡོད་པ་ནི་དངོས་གནས་རེད་ ཡིན་ནའང་་ཁམ་པ་ནང་བཞིན་རྒྱུ་མཚན་མེད་པར་རླུངས་ལངས་མཁན་དེ་འདྲ་མ་རེད།
རྩོམ་འདི་འབྲི་མཁན་དང་། ཨ་མདོ་བར་ཟུར་ཟ་བྱེད་མཁན་གྱི་མཆན་པ་རེ་གཉིས་ཡོད་པ་ཚང་མ་ཨ་མདོ་བ་རེད། དོན་དག་འདི་ཚང་མའི་སེམས་ལ་འཇོག་རོགས།
ཁྲི་རལ་པའི་ཨ་མདོའི་སྐོར་བྲིས་པའི་རྩོམ་དེར་ཉིནགཅིག་ནང་མཆན་བྲིས་མཁན་ ༨༤ རྩམ་བྱུང་འདུག་
གལ་སྲིད་རྩོམ་དེ་ཁམས་པའི་སྐོར་ཡིན་ན་ཕལ་ཆེར་མཆན་རེ་གཉིས་མ་ཏོག་བྱུང་ཡོད་ཀྱི་མ་རེད་
དཔེ་ན་རླུངས་འཕྲིན་ཁང་ཞིག་ལ་ཨམ་སྐད་ས་མིག་གཅིག་ཡོད་ཞེས་གསལ་སྒྲགས་ཞིག་བྱས་ན་ ཉི་མ་གཅིག་ལ་ཞུ་ཡིག་ཕུལ་མཁན་ཨ་མདོ་བ་༥༠ རྩམ་ཡོང་གི་རེད་ གལ་སྲིད་ཁམས་སྐད་ལ་ས་མིག་གཅིག་ཡོད་ཟེར་ན་ཕལ་ཆེར་གཟའ་འཁོར་གཅིག་ནང་ཞུ་ཡིག་ཕུལ་མཁན་རེ་གཉིས་ལས་ཡོ་མ་རེད། དེའི་ཁྱད་པར་གང་ཡིན་ནམ།
ཨ་མདོ་བའི་ཕྱོགས་ལ་སེམས་དགའ་ས་ཞིག་འདུག། དེ་ནི་བོད་ཡུལ་ཨ་མདོ་དང་ཕྱི་རྒྱལ་ཡུལ་གྲུ་ཁོག་ན། ཨ་མདོ་བ་ཚོ་སྐུ་གྲགས་ཚོ་དང་ཕྱུག་པོ་ཚོ་དང་མཁས་བ་སུ་ཡིན་ཚོ་མཉམ་དུ་འདྲ་འདྲ་འདྲ་བྱས་ནས་འགྲོ་ཐུབ་མཁན་རྐྱང་རེད། དེ་ཡག་པོ་རེད། རྡ་ས་ན་ལམ་ཁ་དག་ཙམ་འགག་བཞིན་ཡོད་པའི་ཚོར་བ་ཡོད་མཁན་ཡོད་པ་འདྲ། ཁྲི་རལ་བ་ལྟ་བའི་མི་མང་དྲག་པ་ཡིན་འགྲོ།
དེ་ནི་མི་སྐྱོན། ཨ་མདོ་བ་ཞིག་ཡིན་ཕྱིན། ཕ་ས་ཕ་ཡུལ་དགྲ་ལ་སྟེར་ནས་འདུག་ཚུལ་མེད། “ས་གྲུ་བཞི་དགྲ་ལག་ཤོར་སོང་ན། ཕོ་ཚེ་ཐག་རང་ཡང་དགའ་རྒྱུ་མེད”་ཟེར་མི་དེ་ཚོ་ཡིན། བོད་མི་དང་ལྟ་བ་མི་མཐུན་པ་ཞིག་ཡིན་པའི་དབང་དུ་བཏང་ཡང་། བོད་ས་སྲུང་མི་ཞིག་ཡིན་འགྲོ་བས། ཨ་མདོ་བ་ཚོ་བོད་རྒྱལ་ཁབ་ལ་མི་རྒྱུད་དད་ན་འདྲ་། ས་གཤེས་དད་ན་འདྲ། དགེ་ལས་གྱོང་ཞིག་མེད། འདི་ནི་་རྒྱལ་ཁབ་ཞིག་ལ་མཚོན་ན། ཚང་དགོས་བ་ཞིག་དང་ཡོད་དགོས་བ་ཞིག་ཡིན།
ཁྲི་རལ་གྱི་མི་ངོ་དང་། བྱ་ལས། ཁ་དབང་སོགས་ཀྱི་ནུས་བ་མ་གསལ་ན། གྱོད་ཚིག་ཙམ་ལ་ཨ་མདོ་བ་ཚོས་(ཨ་ཧང་བོ་ན་ཧང་བོ)་ཟེར་མི་ཉན།
ཀླུ་སྨྱོན་སྔོན་མ་ཟིག་ནས་སྨྱོས་ནས་ཡོད། སྨྱོན་པའི་སྨྱོ་བཤད་ཁ་ལ་ཁྱེར་ནས་ཡོད། ཨམ་མཇེ་མཁྲེགས་པོ་སྐེད་ལ་བཅང་ནས་ཡོད། ཨ་རིའི་བུ་མོའི་རྗེས་ན་འདུར་ནས་ཡོད།
ང་ཨ་མདོ་པ་རྣམས་ལ་ཤིན་ཏུ་དགའ། གལ་ཏེ་ཨ་མདོའི་མི་རིགས་ཡར་འདེགས་པར་འདོད་ན། ཁ་སྐད་ཟུར་ཆག་མ་འབྲི་བར་སྔོན་གྱི་མཁས་པ་རྣམས་ཀྱི་དཔེ་ལ་བལྟས་ཏེ། ཡི་གེ་དག་པར་འབྲི་དགོས་པ་གལ་ཆེ། དེ་ཡང་ཇི་སྐད་དུ། པཎ་ཆེན་ས་བཟང་མ་ཏིས།
་
ལེགས་པ་བས་ཀྱང་མགྱོགས་པ་གཙོ།
མགྱོགས་པ་བས་ཀྱང་སྙོམས་པ་གཙོ།
སྙོམས་པ་བས་ཀྱང་དག་པ་གཙོ།
དེས་ན་དག་པ་གཙོ་བ་ཡིན།།
་
ཞེས་སོ།
གཙོ་བ་ཡིན།། ཞེས་པ་གཙོ་བོ་ཡིན།། ཞེས་ཞུས་དག་བྱས་སོ།
ཀླུ་སྨྱོན་སྔོན་མ་ཞིག་ནས་སྨྱོས་ནས་ཡོད།
སྨྱོན་པའི་སྨྱོ་བཤད་ཁ་ལ་ཁྱེར་ནས་ཡོད།
ཨམ་མཇེ་མཁྲེགས་པོ་སྐེད་ལ་བཅང་ནས་ཡོད།
ཨ་རིའི་བུ་མོའི་རྗེས་ན་འདུར་ནས་ཡོད།
ཁ་ངོ་བཙོང་དུས་གྲྭ་གཟུགས་བསྟན་ནས་ཡོད།།
ཁ་རྒྱབ་འཚོལ་དུས་གཟན་ཤམ་གཡུག་ནས་ཡོད།།
ཁ་དང་རྐུབ་ལ་བདག་པོ་མ་རྒྱབ་ན།།
ཁ་དོག་དམར་བོ་གོན་ནས་ཅི་ལ་ཕན།།
ཀླུ་སྨྱོན་ཧེརུ་ཀ་ནས་རྒྱུ་མཚན་ལྡན་པའི་བཀའ་མོལ་གསུངས་འདུག།བཀའ་བཀྱོན་བཏང་སྟེ་གཅིག་ཤོར་གཉིས་ཤོར་བྱེད་རྒྱུ་ཙམ་ལས་རྒྱུ་མཚན་བགྲེང་རྒྱུ་མེད་དུས་དོན་དངོས་སུ་སོ་སོ་ཕམ་པའི་རྟགས་རེད་ད།མ་གཞི་རྩོམ་དེའི་ནང་གི་མང་པོ་ཅིག་བདེན་པ་འདྲ་བོ་རེད་གདའ།
ཨ་ཞ་དང་ལྡོང་མི་ཉག་སོགས་ཕྱི་ཡོང་གི་མི་རིགས་འདྲེས་མ་ཞེས་རུས་སུ་མ་གླེང་བར་རིགས་སུ་གླེང་བ་འདི་ཁྱད་མཚར་རེད། ཨ་ཞ་དང་མི་ཉག་ལྟ་བུ་ས་མིང་དང་། ལྡོང་རུས་མིང་རེད། འདི་དང་འདི་ལྟ་བུ་ལས་མཆེད་པ་མ་ཡིན་པའི་༼བོད་༽ཅིག་གང་དུ་ཡོད་པ་རེད་དམ། ལྷ་སྒྲུང་ཁྲོད་ཀྱི་སྤྲེའུ་དང་བྲག་སྲིན་ཞེས་པ་དེ་ལས་མཆེད་པར་གྲགས་པའི་མི་སྡེ་དེ་ཙམ་ལ་བཤད་དམ། འདི་ཕལ་ཆེར་དཀའ་ལས་ཁག་པོ་རེད་བསམ།
ཨ་མདོ་ནས་བོད་ལ་སླེབས་ཟེར་བ་ལྟ་བུའི་བཤད་སྲོལ་ཡོད་པ་ཤིན་ཏུ་བདེན་པ་རེད། ལོ་རྒྱུས་དེབ་མང་པོར་དེ་ལྟར་འཁོད་ཡོད་པ་རེད། རྒྱལ་དབང་བཅུ་བཞི་བ་མཆོག་མདོ་སྨད་སྟག་འཚེར་ནས་ལྷ་སར་ཕེབས་པའི་སྐོར་གྱི་ལོ་རྒྱུས་དེབ་མང་ཆེ་བར་མདོ་སྨད་ནས་ལམ་ལ་ཆས་ནས་བོད་ཀྱི་ས་སྣེ་མ་ཟིན་བར་ལྟ་བུའི་བརྗོད་ཚིག་ཡོད་པ་རེད། དེ་བཞིན་མངའ་རིས་ནས་ཀྱང་དབུས་པའི་རིགས་པ་བོད་པ་ཞེས་ཟེར་བ་རེད། གཙང་པས་ཀྱང་བོད་པ་ལབ་སྲོལ་ཡོད་པ་རེད། བཤད་རྒྱུན་དུའང་དེང་སང་པར་སྐོར་དུ་བོད་པ་རྦད་དུ་ཉུང་རུ་ཕྱིན་འདུག ཨ་མདོ་དང་ཁམས་པ་རྐྱང་རེད་ཟེར་བ་ལྟ་བུ་ཡོད་རེད།
གཞན་གཅིག་ནི་ཕྱི་ལོ་ ༡༩༥༩ ལོར་༧གོང་ས་མཆོག་འཁོར་དང་བཅས་པ་ལྷ་ས་ནས་ཐོན་དེ་ལྷུན་རྩེ་རུ་ཕེབས་ཤིང་། དེར་ལྷུན་རྩེའི་མིང་གཡུལ་རྒྱལ་ལྷུན་རྩེ་རུ་བསྒྱུར་ཞིང་། བོད་གཞུང་དེ་རུ་བཙུགས་པའི་སྐོར་འཁོད་པའི་ལོ་རྒྱུས་དེབ་ཕ་ལྷ་སོགས་ཀྱི་བརྗོད་ཚིག་ཏུ་ལྷུན་རྩེ་ཡང་བོད་ལ་བརྩིས་མེད་པར་བྱེས་ཀྱི་རྒྱལ་ས་ལྷུན་རྩེ་རུ་ཞེས་བྲིས་ཡོད། གལ་སྲིད་ལྷུན་རྩེ་བོད་ཡིན་པའི་བསམ་བློ་ཡོད་ཚེ་དེ་ལ་བྱེས་ཟེར་དགོས་དོན་ཡོད་དམ་བསམ།
དེ་བཞིན་ལྷ་སར་བཞུགས་མྱོང་མཁན་ཚང་མས་མཁྱེན་གསལ་ལྟར། ལྷ་ས་གྲོང་ཁྱེར་དུ་བཞུགས་པ་དག་གིས་ལྷ་ས་ཟེར་བ་ནི་གཙུགས་ལག་ཁང་གཡས་གཡོན་དེ་ཙམ་ལས་གོ་གི་མ་རེད། སེ་ར་མཆོད་མཇལ་དུ་ཕྱིན་ནས་དགོན་པའི་འདབས་སུ་སླེབས་པའི་ཚེ་རླངས་འཁོར་མང་པོས་ལྷ་སར་ཕེབས་་་ལྷ་སར་ཕེབས་ཟེར་ནས་འཚང་ཁ་ཤིག་ཤིག་གནང་གིན་ཡོད་པ་རེད། དེ་ཡང་བཤད་སྲོལ་ཞིག་རེད། རྒྱ་གར་དུ་སླེབས་ནས་སྟོད་ལུང་དང་ཆུ་ཤར་སོགས་ནས་ཡིན་པ་ཚོས་ལྷ་ས་བ་ཡིན་ཟེར་བ་མ་ཟད། ལྷོ་ཁའི་མི་ཡིས་ཀྱང་ལྷ་ས་བ་ཡིན་ཟེར་བ་རེད། དེ་ལ་འགལ་ཆ་ཅི་གང་ཡོད་པ་མ་རེད།
མཁས་དབང་དགེ་འདུན་ཆོས་འཕེལ་གྱི་གསུངས་ཞིག་ཏུ་མི་རིགས་གཞན་དག་གིས་རང་ཁུངས་སུ་ཚུར་བསྡུ་བར་བྱེད་ཅིང་། བོད་རྣམས་རང་ཁུངས་ལས་མཐའ་ལ་འདེད་པར་དགའ་ཞེས་སོགས་འཁོད་པ་ཞིག་ཡོད། གསུངས་འདི་ཤིན་ཏུ་མད། བོད་མི་རྣམས་ལ་ཆབ་སྲིད་ཀྱི་མདུན་ལམ་མེད་ཅེས་བརྗོད་ན་ཏག་ཏག་བསྡད་ཡོད་མེད་ཞུ་མི་ཤེས་ཡང་། གནས་ཚུལ་འདི་ལྟ་བུ་ཡོད་པ་བདེན་པ་རེད།
༼བྱང་རྒྱུད་ས་ཆ་མང་པོ་རྒྱ་དང་ཧོར། ཁ་ཆེ་དང་ཏིར་ཀི། ཧ་སག་སོགས་མི་རིགས་སྣ་ཚོགས་སུ་འདྲེས་དྲགས་རྐྱེན། མི་རིགས་དེ་ཚོའི་རིག་གཞུང་གིས་ཀྱང་ཤུགས་རྐྱེན་ཆེན་པོ་ཐེབས་པ་དང་ལྷན། ལྷོ་ཕྱོགས་པ་རྣམས་དུས་རབས་མང་པོར་ཁེ་གཙང་དུ་བསྡད་དེ་དུས་ཕྱིས་སོག་པོའི་ཚོ་ཁག་མང་པོར་འདྲེས་ཡོད་སྟབས། འགྲོ་ལུགས་སྡོད་སྟངས་གང་ཅིར་བོད་མི་དང་ཁྱད་པར་ཆེན་པོ་འཐོན་ཡོད།༽ཅེས་ཟེར་བའི་བོད་མི་ནི་དབུས་པ་ཡིན་དང་ཁམས་པ་ཡིན་གསལ་བོ་ཧ་གོ་མ་སོང་མོད། དེ་ལྟ་བུའི་ཁྱད་པར་ནི་ག་ས་གང་དུ་ཡོད་པ་རེད། སྐད་ཆ་འདི་ཧོབ་བཤད་ཙམ་དུ་ངེས་པས་དོན་དག་ཅང་ཚོར་མ་སོང་། དེང་གི་མི་རྒྱུད་དང་། རིག་གནས་ཀྱི་ཤུགས་རྐྱེན་གླེང་བའི་རྒྱལ་སྤྱིའི་ཚད་ལྡན་གྱི་མཁས་པ་སུས་ཀྱང་གཅིག་ཤན་གཅིག་ལ་མ་ཞུགས་པའི་མི་རིགས་ཤིག་གཏན་ནས་མེད་པར་བཤད་ཀྱི་ཡོད།
དོན་འགྲུབ་རྒྱལ་སོགས་ནས་བཟུང་ཆོས་དང་སྲོལ་རྒྱུན་རིག་གནས་ཀྱིས་བོད་ཕོངས་པ་འདྲ་བོ། ནང་དོན་དམར་པོའི་རིག་གསར་སོགས་དང་ཧ་ལམ་མཚུངས་བའི་རྩོམ་ཡིག་རྐྱང་སྤེལ་བ་དང་ལྷན།ཞེས་སོགས་ཟེར། ཆོས་ལ་དགག་པ་རྒྱག་པས་རིགས་རྒྱུད་གཞན་ཞིག་ཏུ་འགྱུར་འགྲོ་བ་ཡིན་ན་བོད་བཙན་པོའི་རྒྱུད་པ་ཆ་ཚང་ཨ་མདོའི་རྒྱུད་པ་ཡིན་པ་ལས་ཁྱོད་ཀྱིས་བཤད་པའི་བོད་པ་དེ་མིན་པར་འགྱུར་ཏེ་འུ་དམ་བཙན་གྱིས་བོད་ཀྱི་ལོ་རྒྱུས་ཁྲོད་ནང་ཆོས་ལ་དང་པོ་གོད་ཆག་ཡོང་གི་བཅུག་རབས་ལོ་རྒྱུས་དེབ་ཁག་ཏུ་མང་དུ་བཤད།
ཚིག་གི་ལོ་མ་རྒྱས་སྤྲོས་ཀྱི་གོ་བརྡ་འཕྲོད་ལ་མ་འཕྲོད་པའི་རྒྱ་ལུགས་རྩོམ་སྲོལ་དེ་ཙམ་ལས། ཞེས་པ་ནི་ཧ་ཅང་ཧ་ཅང་དགོད་བྲོ་བ་ཞིག་རེད། ཚིག་གི་ལོ་མས་རྒྱས་སྤྲོས་བོད་ནང་བཞིན་གཞན་སུ་ལའང་ཡོད་ཀྱི་རེད། ཁྱེད་ཀྱིས་སྔོན་གྱི་མཁས་པ་དག་གིས་ཕན་ཚུན་ལ་ཆབ་ཤོག་བཏང་བའི་རིགས་དང་། རྒྱལ་དབང་ལྔ་བའི་དེབ་ཐེར་དཔྱིད་ཀྱི་རྒྱལ་མོ། མཎྡྲིལ་བཤད་པ་སོགས་ལ་གཟིགས་དང་། དགེ་བཤེས་ཐུབ་བསྟན་སྦྱིན་པ་དང་ལོ་རྒྱུས་སྨྲ་བ་བཀྲ་ཤིས་ཚེ་རིང་སོགས་ཀྱིས་གོ་མི་ཐུབ་པ་མང་དུ་ཡོད་པ་ཐེ་ཚོམ་མི་དགོས། དེའི་རྐྱེན་གྱིས་ཁྱོད་ཀྱི་ཚད་གཞི་འདི་ཐིག་ཤིང་ཡོང་རེ་མི་འདུག་ལགས།
མཁས་དབང་དགེ་ཆོས་ཀྱི་གཏམ་རྒྱུད་གསེར་ཐང་དུའང་། བོད་མི་རྣམས་ནི་ཚིག་བསྐོར་ནས་བཤད་པར་དགའ་བ་དང། བླ་ཆེན་དང་མི་ཆེན་གྱི་གསུང་དོན་ལ་ཚོད་དཔག་བྱས་ཏེ་ཉིན་འགྱངས་མཚན་འགྱངས་བྱེད་པ་སོགས་བོད་ཀྱི་གཤིས་ཀར་ཡོད་པར་གསུངས་པ་རྩོམ་སྲོལ་གྱི་གཤིས་ཀ་ལའང་ངེས་པར་ཡོང་ངེས་པས་ཚིག་གི་ལོ་མས་རྒྱས་སྤྲོས་བྱས་པའི་ཐད། བོད་རང་གི་མཁས་པ་དག་གིས་ཡག་པོ་མ་གཟིགས་པའི་གནས་ཚུལ་ཡང་ཡོད་ཅིང་། ཚིག་གི་ལོ་མས་རབ་རབ་མ་བཟོས་ཤིང་ཞེས་སོགས་རྩོམ་པ་བ་རྣམས་ལ་ལམ་སྟོན་ཡང་གནང་ཡོད། ཡིན་ཡང་། རྩོམ་སྲོལ་འདི་ཐད་གར་སེར་སྣ་ཅི་ཡང་མེད་པར་རྒྱ་ནག་ལ་ཕུལ་ཐུབ་པ་དེའང་སྙིང་ཁམས་ཆེན་པོ་རེད།
མདོར་ན་ཨ་མདོའི་གཞོན་སྐྱེས་ཚོར་དམར་པོའི་ཤན་ཤུགས་འདུག་ཟེར་བར་རྒྱུ་མཚན་ཡོད་ཀྱི་རེད། ཨ་མདོ་ཙམ་དུ་མ་ཟད་ཁམས་དང་དབུས་གཙང་གི་གཞོན་སྐྱེས་ཚོའང་ཤན་ཤུགས་འདི་ཡོད་ཁག་ཐག་ཡིན་པ་རེད། རྒྱ་གར་དུ་འཚར་ལོངས་བྱུང་བའི་གཞོན་སྐྱེས་ཚོར་རྒྱ་གར་བའི་ཤན་ཤུགས་ཡོད་པ་ལྟ་བུ་རེད། འདི་བསམ་མ་ཐུབ་པ་གང་ཡང་མ་རེད་དོ།། །།
ཨ་མདོ་པས་རྒྱ་ཞེན་ཆེ་བ་མ་ཟད་དམར་གཞུང་དང་བོད་མི་ཉམས་ཆུང་གི་ཚོགས་སྡེ་གང་ཞིག་གཉིས་བར་དང་པོའི་ཕྱོགས་སུ་འདེམ་རྒྱུ་ཡིན་པར་བཙན་བྱོལ་ནང་གི་ཨ་མདོ་པ་ཚོས་བྱ་སྤྱོད་ནས་མཐོང་གསལ་རེད། ༡༩༥༩ གོང་ལ་ཨ་མདོ་པས་བོད་ཀྱི་མི་རིགས་དང་རྒྱལ་ཁབ་ཀྱི་ཆེད་དུ་ཐུགས་བསམ་བཞེས་མཁན་ཉིན་སྐར་ཙམ་ཡིན་གྱི་རེད།།
དམ་པའི་ཆོས་ཀྱིས་བློ་ཁ་མ་བསྒྱུར་ན།།
དབུས་གཙང་ཕལ་ཆེར་ཁ་འཇམ་ཁོག་པ་ནག།
ཨ་མདོ་མང་ཤོས་ཁ་རྩུབ་ཁོག་པ་དཀར།།
ཁམས་པའི་རིགས་ལ་ཁ་ཁོག་དྲང་བདེན་མང་།།
ཀུན་ཀྱང་བོད་རིགས་མིའུ་གདུང་དྲུག་གོ།
ཨ་ཡོ། ཤུ། རྩོམ་དང་མཆན་ཚང་མ་བཀླགས་ནས་དུས་ཚོད་ཏོག་ཙམ་སྤྱད་ཡིན། དགག་རྒྱུ། རྩོད་རྒྱུ། ངར་རྒྱུ། འཁྲབ་རྒྱུ། ཚང་མ་བསྒྲུབས་ཚར་ནས་ཧ་ལམ་གཅིག་ཀྱང་ལྷག་མེད་པ་འདྲ། མཇུག་མཐར་ང་ལ་ཐོབ་པ་ནི། བོད་སྤྱི་ཚོགས་ཀྱི་ངོ་གདོང་གི་ཟུར་ངོས་ཆུང་ཆུང་ཞིག་རེད། ད་ལྟའི་བོད་ནི་དེ་སྔའི་ཁ་དོག་གཅིག་རྐྱང་བའི་བོད་དེ་མ་ཡིན་པར། ཟུར་ངོས་ཆུང་ཆུང་འདི་ལས་ང་ཚོ་ནར་སོན་བཞིན་པའི་བརྒྱུད་རིམ་མཐོང་ལ། ཟུར་ངོས་ཆུང་ཆུང་འདི་ལས་ང་ཚོ་ད་དུང་གཞན་གྱི་རྗེས་ཆོད་ཀྱིན་མེད་པའི་བར་ཐག་ཀྱང་མཐོང་ཐུབ། ༼ཆུ་ཕྲན་ཆུང་རྣམས་གུ་ཅོ་ཆེ།། རྒྱ་མཚོས་གུ་ཅོ་ག་ལ་སྒྲོག།༽ ག་ལེར་བོད་དང་བོད་མིའི་ཕྱི་ནང་གསང་གསུམ་ཐམས་ཅད་མཐའ་ཡས་པའི་རྒྱ་མཚོར་འཕེལ་བའི་རེ་བ་ཡོད།
ཨ་ཕྱི་ལགས།
དོལ་རྒྱལ་མི་གསོད་བོད་བཙོང་བ་དེ་ཚོ་ཁ་ཁོག་དྲང་བདེན་མང་བ་ཡིན་སྟབས་རེད་པས། དོལ་རྒྱལ་བདུད་ཕྲུག་དེ་ཚོ་ལི་ཐང་། ཆ་ཕྲེང་། ཆབ་མདོ་སོགས་ནས་མ་རེད་པས།
གོང་གི་རྩོམ་ཡིག་ཡག་པོ་བྲིས་འདུག མང་ཆེ་ཤེས་བདེན་པ་རེད།
དྲ་གྲོགས་མང་པོ་ཅིག་གིས་ངའི་ཇ་ཡུན་གཅིག་རིང་བྲིས་པའི་བསམ་ཚུལ་ལ་ལེགས་ཉེས་ཀྱི་བསམ་འཆར་ཚོར་ཤུགས་ཆེན་པོའི་སྟེང་ནས་བཏོན་པར།ཤིན་ཏུ་ནས་ཀྱང་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན།དྲ་གྲོགས་ཁ་ཤས་ཀྱིས་ང་ལ་མཐུ་བརྒྱབས་རྒྱུ་ཡིན་ལུགས་བཤད་པ་དེ་བདེན་པ་ཡིན་ས་རེད།མདང་དགོང་འབུ་ཆུང་ཆུང་ཅིག་གི་སྲོག་སྐྱོབས་ཆེད།གློག་ཀླད་གསར་རྐྱང་ཅིག་ཡོད་པ་སྐས་འཛེགས་སྒང་ནས་ཟགས་ཏེ་ཆག་ཧྲིག་བཏང་ནས་བེད་སྤྱོད་མི་ཐུབ་པར་གྱུར་སོང་བས།མཆན་འདི་ཙམ་འབྲི་རྒྱུར་ཡང་དཀའ་ངལ་མང་པོ་འཕྲད་སོང་།
དེ་བས་རྣམ་པ་ཚོར་བསམ་ཚུལ་བརྗེ་རེས་བྱེད་འདོད་ཆེན་པོ་ཡོད་མོད།ད་ནི་ཕལ་ཆེར་ཉི་མ་མང་པོའི་མཆན་འབྲི་ཐུབ་ས་མ་རེད།གང་ཡིན་ཟེར་ན་གློག་ཀླད་བཟོ་བཅོས་ཆེད་མི་ལག་ཏུ་གཏོང་གི་ཡིན།འོན་ཀྱང་ངའི་སྟེང་ཁོང་ཁྲོ་ལངས་མཁན་ཚོས་སྐྱིད་པོ་བཏང་ན་ཏག་ཏག་ཡིན།རྒད་པོ་ང་ལ་མདང་དགོས་གྱོང་ཆེན་པོ་རག་སོང་།ཟླ་བ་མང་པོའི་ལས་གླ་སྐར་ཆ་གཅིག་ནང་འཕྲོ་བརླག་འགྲོ་སོང་བས།ང་ལ་མཐུ་བཏང་མཁན་ཚོར་ངོ་མ་མཐུ་རྩལ་གྲང་མོ་ཡོད་པ་ཐག་གིས་ཆོད།
གང་ལྟར་རྣམ་པ་ཚོས་བགྲོ་གླེད་མུ་མཐུད་གནང་རོགས།ངས་མཆན་འབྲི་མ་ཐུབ་པར་དགོངས་འགལ་མེད་པར་མཁྱེན།
ཁྲི་རལ་ཞེས་པ་འདི་བོད་ཀྱི་བཙན་པོའི་མཚན་རྫད་མཁན་ཞིག་ཡིན་པ་སྔར་ནས་ཤེས་ཡོད། མིང་འདི་རྗེ་རྒྱུའི་རེ་བ་ཡང་ཐེང་མང་སྟོན་མྱོང་། ཨ་མདོ་བ་བོད་ཁོང་ནས་ཟུར་ཕུད་བཏང་བ་ནི་རྒྱ་དམར་གྱིས་བོད་ས་ཡོངས་རྫོགས་དུམ་བུ་ཆ་སྒོས་ཀྱིས་རྒྱ་མིའི་ཞིང་ཆེན་ཁག་གི་ཁོང་སུ་བཅུག་པ་དང་ཁྱད་པར་ཅི་ཡོད། དེ་ཅིག་ཡིན། གཉིས་ནས་ཁ་བརྡ་ནང་ལ་ཅོ་ཉི་དང་ཀར་བློ་ལྟ་བུའི་མི་སྨྱོན་ཁག་ཅིག་འཛུལ་འདུག་པ་འདི་ཚོ་ལ་ཁ་བརྡ་ཚང་གིས་བྱ་ར་བྱེད་རྒྱུ་མ་འཆུག
བོད་མི་ཉམ་ཆུང་ཚོའི་གཉའ་གནོན་དང་སྒེར་གཅོད་པའི་རྐུབ་གཡོག ལྐོག་ཟ་རུལ་སུངས་ཀྱི་སྐྱག་གཟན། རྒྱུ་འབྲས་དྲང་བདེན་གྱི་དགྲ་བོ་་ལོང་རྟོགས་འདི་ལ་ཁ་བརྡ་ཚང་གིས་བྱ་ར་བྱེད་རྒྱུ་འཆུག ཧཧཧ
འཁོར་བས་བལྟས་ན་མི་ལ་སྨྱོན་པ་དང་།
མི་ལས་བལྟས་ན་འཁོར་བ་སྨྱོན་པ་གཉིས།
དྲང་བདེན་གཤིན་རྗེ་རྒྱལ་པོའི་སྨན་ཁང་ནང་།
སྟོན་ན་སུ་སྨྱོན་ཐག་ཞིག་ཆོད་ངེས་རེད།
རྒྱལ་བཙོང་བལྟས་ན་རྒྱལ་གཅེས་སྨྱོན་པ་དང་།
རྒྱལ་གཅེས་བལྟས་ན་རྒྱལ་བཙོང་སྨྱོན་པ་གཉིས།
དྲང་བདེན་ལ་རྒྱ་ཡོད་པའི་མི་དམངས་མདུན།
སྟོན་ན་སུ་སྨྱོན་ཐག་ཤིག་ཆོད་ངེས་ཡིན།
ཉམ་ཆུང་དགྲ་རུ་ལངས་བའི་ལུང་སྨྱོན་དང་།
དྲང་བདེན་སྲོག་གིས་སྲུང་མཁན་ཅོ་སྨྱོན་གཉིས།
རྒྱུ་འབྲས་དགེ་སྡིག་ལས་ཀྱི་རྒྱ་མའི་ནང་།
བཀྱགས་ན་སུ་ལྕི་ཐག་ཞིག་ཆོད་ངེས་ཡིན།།་་་་་་་་་་་་ཧཧ
བདེན་པའི་བུ་ལ་བདེན་མཐའ་གསལ་གྱི་ཡོད།
དྲང་པོའི་ཉི་འོད་གངས་ལ་ཕོག་གྱི་ཡོད།
རྫུན་པའི་མི་ལ་རྫུན་རྐུབ་གཏོལ་གྱི་ཡོད།
སྒེར་གཅོད་རྒྱལ་པོ་བཙོན་དུ་ལྷུང་གྱི་ཡོད།
བོད་ཀྱི་འབངས་མི་གཉིད་ལས་སད་ཀྱི་ཡོད།
རང་མགོ་གཞན་བཙོང་སུ་ཡིན་ཤེས་ཀྱི་ཡོད།
དྲང་བདེན་བོད་མི་དཔུང་རོགས་ཡོང་གྱི་ཡོད།
དམངས་གཙོའི་དར་ཆ་དགུང་ལ་འཕྱར་གྱི་ཡོད།
ཉམ་ཆུང་བོད་མི་གཅིག་ཏུ་སྒྲིལ་གྱི་ཡོད།
ཆིག་སྒྲིལ་སྟོབས་ཤུགས་དགུང་དང་མཉམ་དུས་ཡོད།
རྒྱལ་བཙོང་ལྐོག་གཟན་བཙོན་དུ་བཅུག་དུས་ཡོད།
རང་དབང་རང་བཙན་ཉི་མ་ཤར་དུས་ཡོད།།་་་་་་་་་་་ཧཧཧ ལུང་བསྟན་ཡིན་ད།
རྩོམ་ཡིག་འདི་ཕྱོགས་གཅིག་རང་གི་ལྟ་ཚུལ་ཁག་ཅིག་བམ་བཤད་བྱས་པ་ལས་ཡོངས་ཁྱབ་ཞིབ་འཇུག་རང་བཞིན་ཡོད་པའི་རྩོམ་ཡིག་དེ་འདྲ་གང་ཡང་མ་རེད། དཔེ་མཚོན་གཅིག་ཁམས་ཨ་མདོ་བས་དབུས་ལ་བོད་པ་ཟེར་དགོས་ཀྱི་རྒྱུ་མཚན་ཡང་ཤེས་མི་འདུག་པ་ལྟ་བུ་རེད། མདོ་ཁམས་ལ་སྟོད་སྨད་གཉིས་སུ་ཕྱེས་པའི་མདོ་སྟོད་སྨད་ཀྱི་མཁས་པ་ཚོས་དབུས་གཙང་ལ་བོད་པ་ཟེར་དོན་ནི། བོད་བཙན་པོའི་སྐབས་ནས་མདོ་སྟོད་སྨད་གཉིས་ལ་བོད་ཆེན་པོ་དང་བོད་ཅེས་པའི་ཐ་སྙད་ཡོད་པ་དེ་ག་རྒྱུན་འབྱམས་སུ་བྱུང་བའི་འབོད་ཚིག་ཅིག་རེད། མདོ་སྟོད་སྨད་ཀྱི་ལྭ་བ་དང་སྐད་དང་ཡི་གེ་དེ་ལས་ཀྱང་བརྡ་རྙིང་བཅས་ལ་ཞིབ་འཇུག་བྱོས་དང་གདོད་མའི་བོད་ངོ་མ་དེ་མདོ་སྨད་ཨ་མདོ་བ་རེད། འདིའི་སྐོར་རྗེས་སོར་ཞིབ་ཏུ་བཤད་ཆོག
ཀློང་བརྡོལ་བླ་མ་ངག་དབང་བློ་བཟང་གི་གསུང་ན་སྐུ་དྲག་རྡོ་རིང་བསྟན་འཛིན་དཔལ་འབྱོར་ལ་ཁྱེད་བོད་པ་ཚོས་ཚོས་སྲེ་མོང་མིང་ལ་ཅི་ཟེར་ཞེས་པའང་གོང་གི་རྒྱུ་མཚན་དེ་འདྲ་རེད། དེས་ན་རྗེ་འདི་བ་ཁམས་ནས་འཁྲུངས་ཤིང་ཁམས་པ་ཡང་བོད་པ་མིན་ཟེར་རྒྱུ་ཡིན་ནམ། སྤྱིར་སྲོང་བཙན་སྐབས་བོད་དེ་ཡར་ལུང་བ་གཅིག་པོ་འདྲ་ཞིག་མི་འདུག་གམ། ལོ་རྒྱུས་ལ་ཞིབ་མོ་གཟིགས་དང་།
ཧཧཧཧཧ དྲ་གྲོགས་ཚོ། རྩོམ་འཆལ་འདི་འདྲ་བ་མཆན་བཏབ་ན་རང་ཉིད་ཀྱང་ཁྱི་གྲལ་དུ་འཕང་པ་ཡིན་པས། གད་སྙིགས་འདི་འདྲ་ལ་མཆན་བཏབ་ནས་དུས་ཚོད་འཕྲོ་བརླག་མ་གཏོང་།
ནང་ཕུ་ནུའི་སྟེང་ལ་དཔའ་གཏམ་དཔུང་པ་འཕུར་མཁན། དགྲ་དམར་པོའི་མདུན་ལ་མགོ་སྒུར་གུས་འདུད་ཞུ་མཁན། སྐྱབས་དམ་པའི་ཆོས་ལ་སྡང་བའི་དགྲ་རུ་བཟུང་མཁན། མགོན་རྩ་བའི་བླ་མར་ལོག་ལྟ་སྐུར་འདེབས་བྱེད་མཁན། ང་དྲང་བདེན་ཡིན་ཞེས་གནས་ལུགས་ཆུ་ལ་གཡུག་མཁན། ཁྱོད་རྫུན་མ་རེད་ཅེས་ཉམ་ཆུང་མགོ་བོ་རྡུང་མཁན། བུ་ཅོ་རི་འདྲ་བའི་བའི་གླེན་པ་གླང་གོག་འདྲ་ཞིག བོད་གངས་རིའི་ལྗོངས་ལ་སྐྱེས་པ་ཆགས་སྒོ་རེད་འདུག
བཀྲ་ཤིས་བདེ་ལེགས་་་་ལུང་རྟོགས་ལགས།་་་་ཧཧ
ང་བུ་སྡུག་ཅོ་རི་སྐྱེས་ཉིན་མོར།
ཕ་མའོ་བོད་ལ་བསླེབས་ཉིན་མོར།
ལས་རིག་གནས་གསར་བརྗེ་སྒྲུབ་ཉིན་མོར།
དྲིན་ཕ་མའི་དབུ་སྐྲ་བཅད་ཉིན་མོར།
གཉེན་ཕུ་ནུའི་སྲོག་དམར་ཤོར་ཉིན་མོར།
ཡུལ་དགོན་སྡེ་རྩ་ནས་བཤིག་ཉིན་མོར།
རྟེན་ཆོས་གསུམ་རྒྱ་ཡུལ་ཁུར་ཉིན་མོར།
བོད་མི་དམངས་མུ་གེས་ཤི་ཉིན་མོར།
བུ་གླེན་པ་ཅོ་རི་སྐྱེས་ལོ་རེད།
སྐྱིད་ཉི་མ་ཤར་དུས་སྐྱེས་ནས་མེད།
སྡུག་མུན་པའི་ནང་དུ་སྐྱེས་ནས་ཡོད།
འདི་ཅོ་རིའི་ཡིན་ལུགས་ཟུར་ཙམ་ཡིན།་་་་་
ད་བར་དུ་དངོས་ཤུགས་རྒྱུད་གསུམ་ནས་བོད་མི་རིགས་ཀྱི་ཆེད་དུ་རང་སྲོག་བློས་གཏོང་མཁན་ཨ་མདོ་བ་ཡིན། མི་རིགས་ཀྱི་ཆེད་དུ་མེ་མདའི་སོ་ཁ་ནས་ལངས་ཕོད་པ་ཡང་ཁོང་ཚོ་ཡིན། སྔོན་ཆད་གླེང་མ་དགོས་བ་ཞིག་རེད། ལོ་ངོ་ལྔ་བཅུའི་རིང་གི་ལོ་རྒྱུས་ལ་ཞི་བལྟས་ཞིག་གློད་དང་། རིག་གནས་དང་། སྙིང་སྟོབས་སོགས་ལ་ཞིབ་འདང་ཞིག་རྒྱབ་ན་རེད། འདི་འབྲི་མཁན་གྱི་མི་འདི་ཕུངས་དཀྲུགས་མཁན་ཞིག་ཡིན་ཀྱང་སྲིད། དེ་མིན་ན། མི་རིགས་ལ་བློ་དཀར་བའི་མདོ་སྨད་པ་དག་ལ་འདི་མོ་ཆོལ་མེད་ཞིག་བཤད་དོན་ཆེ་ཡོད།། རལ་བ་ཅན་པོ་ཁྱོད་བོད་མི་རིགས་ལ་བློ་དཀར་ན་དགྱ་ནག་གི་རྒྱུག་ཁྱི་སྟེ། དོལ་ཚོགས་གི་ཁ་གཏད་ནས་ལངས་ན་ཧ་ཅང་འོས་མཚམས་རེད།
མཆན་ཨང་གོ་ལྔ་པ་རྒྱལ་རོང་ཞེས་པར་ཞུ་པ། གཅིག་བྱས་ན་ཁྱེད་ཀྱིས་མ་ཤེས་པ་འདྲ། གཅིག་བྱས་ན་ཤེས་བཞིན་ཁྱད་གསོད་བྱེད་པ་འདྲ། ང་ཡང་ཡིན་ངོ་མ་དབུས་པ་ཞིག་ཡིན། ཡིན་ནའི་གནས་ལུགས་ཁས་ལེན་དགོས། ༸གོང་ས་སྐུ་ཕྲེང་བདུན་པའི་སྐབས་མཎ་ཇུས་དབུས་ལ་དམག་དྲངས་རྩིས་སྐབས་ཨ་མདོ་ལྕང་སྐྱ་བླ་མས་ཇི་ལྟར་བཀག་ཚུལ་རྣམ་ཐར་དུ་གསལ། གླང་དར་མས་དབུས་སུ་སངས་རྒྱས་བསྟན་པ་སྣུབས་ནས་མི་ལོ་བདུན་ཅུ་འགྲོ་དུས་ཨ་མདོ་བ་བླ་ཆེན་དགོངས་པ་རབ་གསལ་ནས་བསྟན་པའི་མེ་རོ་གསོས། བོད་བཙན་པོའི་སྐབས་ད་ལྟའི་ཨ་མདོ་བ་རྣམས་མཐའ་ཡི་སོ་ཁ་སྲུང་དུ་ཕེབས། རྒྱ་དམག་གིས་བོད་ཤར་ཕྱོགས་ལ་བཙན་འཛུལ་མ་བྱས་གོང་ཨ་མདོ་ཨ་ཕ་ཨ་ལོ་སོགས་དབུས་ལ་ཆེད་བཅར་གྱིས་དབུས་ཀྱི་སྐུ་དྲག་ཚོར་མེ་མདའ་སོགས་མཚོན་ཆ་དགོས་ཚུལ་དང་། མདོ་སྨད་དུ་དམག་གི་རྟེན་གཞི་བཟོས་ནས་རྒྱ་དམག་དབུས་ལ་མ་བཅར་བར་དགོས་སྐོར་ནན་ཞུས་མཛད་ཀྱང་། སྐུ་དྲག་ནང་མོལ་སྐབས་ཁམས་ལ་མཚོན་ཆ་སྤྲོད་མི་ཉན་ཡར་སྡེ་བ་གཞུང་ལ་གྱེན་ལོག་བྱེད་སྲིད་པར་ཐེ་ཚོམ་དང་། མཐར་ཨ་ཕ་ཨ་ལོ་སོགས་བྱ་ཐབས་ཟད་དེ་ཀ་ལན་ཀ་ཏ་ནས་མཚོ་ཐོག་བརྒྱུད་ཨ་མདོར་མི་ལོག་ག་མེད་ཆག་པ་བྱུང་ཡོད། དེ་བཞིན་པཎ་ཆེན་རིན་པོ་ཆེའི་ཡིག་འབྲི་ཁྲི་བདུན་གྱི་སྙན་ཞུ་དང་། ༸གོང་ས་མཆོག་གིས་དགུང་ལོ་བཅུ་དྲུག་སྟེང་ཆོས་སྲིད་ཀྱི་ཐུགས་འགན་བཞེས་པ། འཇམ་མགོན་བླ་མས་བོད་ཀྱི་ཁྱད་ནོར་རྒྱལ་བསྟན་པ་རིན་པོ་ཆེ་སྟོད་ལ་དྭགས་ནས་སྨད་རྒྱལ་མོ་ཚ་བ་རོང་དང་སོག་པོའི་ཡུལ་ལ་ཐུག་གི་བར་ས་ཁྱབ་རྡོ་ཁྱབ་ཏུ་མཛད་པ། ད་ལྟའི་ཆར་ཡང་ཨ་མདོ་དཔའ་རྒོད་གང་མང་ཞིག་གི་རང་ལུས་གསོན་པོ་མེར་སྲེག་གནང་སྟེ་བོད་ཀྱི་བདེན་དོན་རྩོད་པ་བཞིན་པ་དག་ལ་ཞིབ་ཏུ་སོམས་དང་། ང་རང་དབུས་གཙང་ཁོངས་ཀྱི་ལ་སྟོད་པ་ཞིག་ཡིན། ང་ཚོ་དིང་རི་ད་དུང་མོའོ་ཡི་སྐུ་པར་བཤམས་པའི་མི་ཚང་མང་། ངོ་ནོངས་པ་ཞིག་རེད།
ཉེ་བའོ་ལོ་རབས་ནང་བོད་མི་རིགས་འདིར་ད་བར་ཆག་སྒོ་དང་བར་ཆད་ཚང་མ་འཁུར་འོང་མཁན་མང་ཆེ་བ་དོལ་རྒྱལ་བ་ཚོ་དང་། རྒྱ་དམར་གྱི་རྒྱུག་ཁྱི་དེ་ཚོ་རེད། དོལ་རྒྱལ་བ་ཚོའི་ནང་ཨ་མདོ་བ་མེད། རྒྱ་དམར་རྒྱུག་ཁྱི་ཚོའི་ནང་ཨ་མདོ་བ་ཆེས་ཉུང་།
ཨ་རོགས་ཁྱི་རལ། ཁྱོད་ངོ་མ་ཁག་མེད། ཨ་མདོ་བའི་སྙིང་སྟོབས་དང་རྒྱལ་ཞེན། ཤེས་ཡོན་དང་བློ་གྲོས་ལ་ཁྱོད་དང་ཁྱོད་འདྲ་བ་ཚོ་ཕྲག་དོག་གི་འགད་ལ་ཁལ་ཡོད།
དྲ་གྲོགས་འདྲེ་རིོག་ལྡན་ལགས། ཁྱོད་ཀྱི་མཆན་བུ་ཞིབ་ཏུ་བཀླགས་དུས་སྐྱེས་པ་ཕོ་ཞིག་གི་བཀའ་མོས་གནང་འདུག་པས་དགའ་པོ་བྱུང་། ཐུགས་རྗེ་ཆེ། ཕ་བཟང་བུ་་་་མུ་མཐུད་ནས་དཀྲུགས་རྒན་གཡོ་སྒྱུ་ཅན་དེ་དག་དཀྲུག་མ་བཅུག་ཨ
ཕ་བཟང་བུ་་་་མུ་མཐུད་ནས་དཀྲུགས་རྒན་གཡོ་སྒྱུ་ཅན་དེ་དག་ལ་དཀྲུག་མ་བཅུག་ཨ ཅེས་བཅོས་རོགས།
ཁྲི་རལ་པས་མི་བཤད་དགུ་བཤད་བྱས་འདུག།
ཨ་མདོ་བས་ལྷ་ས་ལ་འགྲོ་བ་ལ་བོད་ལ་འགྲོ་ལབ་པའི་རྒྱུ་མཚན་ཀྱིས་ཨ་མདོ་བོད་རིགས་མ་རེད་ཟེར། འོ་ན་ཁམས་པ་ཚང་མ་བོད་ཡིན་ས་མ་རེད། འོ་ན་བིད་རིགས་ཟེར་བ་ནི་དབུས་གཙང་ཉག་གཅིག་ཡིན་ས་རེད། རྣ་བར་མི་འགྲོའི་སྐད་ཆ།
དབྱེན་སྦྱོར་གྱི་རྩོམ་ཡིག་འབྲི་མཁན་དང་དབྱེན་སྦྱོར་གྱི་མཆན་བུ་འདེབས་མཁན་ཚང་མས་སྐྱག་པ་ཟོ།
བུ་ཅོ་རི་སྡུག་ལ་སྦྱར་མཁན་དེ། དགྲ་དམར་པོ་གུང་ཕྲན་ཤོག་ཁག་རེད། བུ་ཅོ་རིས་གདོང་ལེན་བྱེད་ས་དེ། བོད་རང་གི་བླ་མ་དཔོན་པོ་རེད། ཕྱི་དགྲ་བོའི་སྟེང་པ་ཚིག་ཅིག་མེད། ནང་ཕུ་ནུས་སྟེང་ལ་སྟག་ལས་ངར། བུ་ཅོ་རིའི་ལོ་རྒྱས་འདི་འདྲ་རེད། བུ་ཅོ་རིའི་བྱ་སྦྱོད་འདི་འདྲ་རེད། ཧཧཧ
ཧ་ཧ་་་ཨ་ཕྱི་གཞོང་ཧྲད་མ། བཀྲ་ཤིས་བདེ་ལེགས།
བོན་གཡུང་དྲང་བསྟན་པ་དར་སྐབས་སུ།
འདྲེ་སྤྲུལ་གོག་བོད་ལ་མ་བསླེབས་གོང་།
ངའི་བཙན་པོ་བོད་ཀྱི་རྒྱལ་ཁབ་འདི།
ལྷོ་འཛམ་གླིང་འདི་ལ་སྐད་གྲགགས་ཆེ།
བློ་ཕུགས་བསམ་རིང་བའི་བོན་རྒྱལ་ཚོས།
བོན་བློན་ཆེན་ཐོན་མི་ཕྱི་ལ་མངགས།
དབྱངས་གསལ་བྱེད་སུམ་ཅུའི་ཡི་གེ་འདི།
བོད་གདོང་དམར་བ་ལ་ལེགས་སྐྱེས་ཕུལ།
རྒྱ་གར་པོའི་སྐྱག་པ་ཟ་མཁན་དང་།
བོན་རྒྱལ་པོའི་རིགས་རྒྱུད་བཅད་མཁན་གྱིས།
ཁས་བོད་སྐད་བཤད་བཞིན་བོན་ལ་སྡང་།
ལག་བོན་ཡིག་འབྲི་ཞོར་བོན་ལ་སྡང་།
ཁྲེལ་ངོ་ཚ་ཨེ་ཤེས་ཕུང་འདྲེ་ཚོ།
ལས་རྒྱུ་འབྲས་ཨེ་ཐོས་དཀོར་གཟན་ཚོ།
དྲིན་ཕ་མེས་ཨེ་ཤེས་དུད་འགྲོ་ཚོ།
ལུས་ལ་རྒྱ་ཨེ་ཡོད་སྤྲུལ་གོག་ཚོ།
གླུ་གོ་ན་རྣ་བའི་དཀྱུས་ལ་ཞོག མ་གོ་གླུ་ལ་ཡང་ལེན་མེད་་་་་་་་་ཧཧཧཧཧཧཧཧཧཧོ
བུ་ཅོ་རི་དབྱུག་པས་རྡུང་མཁན་ལ།
སྟག་དམར་ཡག་འདྲ་བའི་དཔའ་ཞིག་དགོས།
བྱ་གླག་མོ་འདྲ་བའི་རྩལ་ཞིག་དགོས།
དེ་མིན་ན་ཅོ་རི་ཐུབ་ལེ་མིན།
བུ་ཅོ་རིའི་རྟོག་གེའི་སོ་ཁ་ན།
ཁྱོད་ཨ་ཕྱིའི་གཞོང་གཏམ་སྙིང་རེ་རྗེ།
དགུང་ཁྲི་བདུགས་ཉི་མའི་འོད་ཟེར་ལ།
ཁྱོད་སྲིད་འབུ་མེ་ཁྱེར་ཤ་རེ་ཚ།་་་ཧཧཧཧ གཞོང་ཧྲེད་མ་་བཞུགས་གདན་འཇག
གཞང་ཧྲེད་མ་་་ཞེས་བཅོས་རོགས་བྱོས།
ངའི་ཕ་ཁྱིམ་ཆོས་ལུགས་རུས་མེད་ཡིོན།
སྒོ་ཕྱི་སྒོའི་རྩ་ན་དར་ཆ་ལོངས།
དར་ཆེ་པོའི་རྩེ་ལ་ཉི་ཟླ་བཙུགས།
ཁྱིམ་ཐབ་ཁའི་ཐོག་ཏུ་གཡུང་དྲུང་བཀོད།
ནད་ན་ཚ་བྱུང་ན་ཀུན་རིག་འདོན།
བོན་གཡུང་དྲུང་ཆོས་ལ་གསོལ་བ་འདེབས།
དུས་རྒྱུན་དུ་གུ་རུའི་གཟུང་སྔགས་འདོན།
ཕ་པདྨ་འབྱུང་ལ་གུས་ཤིང་བཀུར།
དུས་རྟག་ཏུ་སྔགས་ཆུ་དམ་རྫས་འཐུང་།
བོད་རྙིང་མའི་ཆོས་ལ་གསོལ་བ་འདེབས།
ང་ཅོ་རི་མཚར་ལོངས་བྱུང་སྐབས་སུ།
དྲིན་ཕ་མས་ས་སྐྱའི་ལེགས་བཤད་བསླབས།
རྗེ་ཀུན་དགའ་རྒྱལ་མཚན་མགོ་ལ་བཞག
བོད་ས་སྐྱའི་ཆོས་ལ་གསོལ་བ་འདེབས།
ནམ་དགོང་མོའི་དགོང་ཟས་ཚར་མཚམས་སུ།
རྗེ་མི་ལ་རས་པའི་རྣམ་ཐར་བཤད།
གཞི་འཁོར་བ་སྤངས་པའི་ཆོས་པ་ལ།
བོད་བཀའ་རྒྱུད་པ་ལ་གསོལ་བ་འདེབས།
རྗེ་ཙོང་ཁ་ཡབ་སྲས་གསུམ་པོའི་སྐུ།
ནང་མཆོད་ཁྲིའི་ནང་དུ་གཤམ་ནས་བཞག
དུས་རྒྱུན་དུ་ཆབ་དང་མཆོད་མེ་ཕུལ།
བོད་དགེ་ལུགས་པ་ལ་གསོལ་བ་འདེབས།
ངས་ཡིན་ལུགས་བཤད་ན་དེ་འདྲ་རེད།
ཆོས་མིན་པའི་ཆོས་པའི་ནོར་འཁྲུལ་དང་།
ཡུལ་ལུང་པ་ཕུང་ལ་སྦྱར་མཁན་ལ།
དུས་རྟག་ཏུ་ཅོ་རིས་དགག་ངེས་ཡིན།
འདི་དྲ་གྲོགས་རྣམས་ཐུགས་ལ་ཞོག་་་་་་་་་་་་་་་་་་་་་་་་་་་་་་་་་་་་ཨོ་ཧོ
ཁྱོད་ཨ་ཕྱིའི་དགོན་པ་དཀར་པོ་རེད།
ནང་སེམས་པ་ཉོན་རྨོངས་དུག་ནག་རེད།
ཁྱོད་རྒད་མོའི་དྲི་དགོས་ལེ་མིན།
མཛེས་ཚ་མོ་ཆུང་མ་ལེན་ནས་ཡོད་་་ཧཧཧཧཧ
རྒྱ་ཐད་ཝན་ཕོག་གཟན་ཞྭ་མོ་དེ།
ཁྱོད་ཨ་ཕྱིའི་མགོ་གོན་མཁན་དེ།
འདྲེ་དོལ་རྒྱལ་ཨེ་རེད་གཞང་ཧྲེད་མ།
ནང་ཉེ་འབྲེལ་འབྲེལ་ཐག་བཅད་མཁན་དེ།
བོན་གཡུང་དྲུང་ཨེ་རེད་གཞང་ཧྲེད་མ།
ཡུལ་བལ་པོའི་ནང་གི་ས་ཆ་དེར།
ཁྱོད་ཨ་ཕྱིའི་ལག་ནས་ཕྲོགས་མཁན་དེ།
མི་དོལ་ཚོགས་ཨེ་གཞང་ཧྲེད་མ།
མའོ་པ་དིས་མཐའ་ནས་སྐོར་དུས་སུ།
ཝ་རྔ་མ་ཤར་རེ་བྲོས་མཁན་དེ།
ཁྱི་ཅོ་རི་ཨེ་རེད་གཞང་ཧྲེད་མ།
དཔའ་ཅི་ཡོད་སེམས་ལ་གསལ་ནས་ཡོད།
དཔུང་ཅི་ཡོད་མིག་གིས་མཐོང་ནས་ཡོད།་་་་་་་་་་་་་་་ཧཧཧཧ
བུ་ཅོ་རིས་ཉམ་ཆུང་མི་ལ་བྱམས།
ཁྱི་ཅོ་རིས་སྒེར་གཅོད་དཔོན་ལ་སྡང་།
ངེད་མི་ཁྱི་གཉིས་ལས་ཀ་འདི།
ཆོས་འཇིག་རྟེན་གཉིས་དང་མཐུན་ནས་ཡོད།
བུ་ཅོ་རི་དྲང་བདེན་ལས་ལ་དགའ།
ཁྱི་ཅོ་རི་རུལ་སུངས་ཐོག་ཏུ་ངར།
ངེད་མི་ཁྱི་གཉིས་ལས་ཀ་འདི།
ཚེ་འདི་ཕྱི་གཉིས་དང་མཐུན་ནས་ཡོད།
བུ་ཅོ་རི་རྒྱལ་ཁབ་ཟིན་ལ་དགའ།
ཁྱི་ཅོ་རི་རྒྱལ་བཙོང་ཐོག་ཏུ་ཟུག
ངེད་མི་ཁྱི་གཉིས་ཀྱི་ལས་ཀ་འདི།
ལུས་ལ་རྒྱ་གཉིས་དང་མཐུན་ནས་ཡོད།
བུ་ཅོ་རི་དྲང་བདེན་གཏམ་དགའ།
ཁྱི་ཅོ་རི་རྫུན་རྐྱལ་་མི་ལ་སྡང་།
ངེད་མི་ཁྱི་གཉིས་ལས་ཀ་འདི།
ལས་རྒྱུ་འབྲས་གཉིས་དང་མཐུན་ནས་ཡོད།་་་་་་་
ངེད་མི་ཁྱི་གཉིས་ཀྱི་ལས་ཀ་འདི།་་་་བཅོས་རོགས་་་་གཞང་ཧྲེད་མ
ཆོལ་ཁ་བཤད་བཤད་ནས་ཡང་ཆོས་ལུགས་ཀྱི་སྒང་ལ་འབྱར་སོང་འདུག ད་ཡིན་ན་ཉོབ་སོང་།
མྱི་ཁྱི་གཉིས་ཀས་སྩོག་པ་མང་པོ་ཞིག་བཏང་འདུག
ཁྲི་རལ་བ་ཅན་དེ་ངོ་མ་སེ་རའི་མེ་ཏོག་ལྟ་བུ་རེད། གཞན་ལ་རྒྱག་དགོས་ན་ལུས་ཡོངས་རྫོགས་ཚེར་མ་ཅན། རང་ལ་ཕོག་ཐུག་ཅི་ཡང་མི་འགྲོ་མཁན་མེ་ཏོག་ལྟ་བུ། དྲ་གྲོགས་ཁྱེད་ཀྱིས་ཨ་མདོ་བར་ཚོར་མཐོང་ཆུང་དང་དམའ་བེབ་བྱེད་དུས་ཚད་དང་ཚོད་མི་དགོས་པར། ངས་དྲ་གྲོགས་ཁྱེད་ཁམས་པ་ཡིན་པ་ཡོད་ཟེར་དུས་འདི་ཙམ་ཡང་ལབ་ཐལ་ཤོར་སོང་ཟེར་ནས་ང་ཁམས་བར་སྡང་ཤས་ཆེ་ཟེར། ངོ་མ་འདི་ལ་ཟུར་གནས་དང་། བདེན་པ་དང་། རིག་པ་དང་། རྣམ་དཔྱོད་ཟེར་བ་ཨེ་འདུག
བོད་ཀྱི་བསྟན་སྲིད་གཉིས་ལ་གནོད་མཁན་ཤུགས་ལྡན་བླ་ཚོང་བ་ཚོའི་ནང་ལ་ཨ་མདོ་ཇི་ཙམ་འདུག ༡༩༥༠ནང་ལ་རྒྱ་དམར་བོད་ལ་བཅར་བརྡུང་ལ་ཡོང་དུས་མགོ་སྟོང་བླ་ཚོང་བ་ཨ་མདོ་ག་ཚོད་འདུག དང་རྒྱོབས་དང་།
དྲ་གྲོགས་བསམ་ཤེས་ལགས། ངས་ཁྱོད་ལ་ཏོག་ཙམ་རིན་ཐང་འདྲ་ཞིག་བརྩི་མྱངས་ཡོད། གོང་གི་རྩོམ་ཡིག་ལ་ལྟོས་དང་། ཆོལ་ཁའི་བར་དུ་མེ་སྤར་ཆོག་ཆོག་རེད། དེའི་ཐོག་ཏུ་སྣམ་ཏོག་ཙམ་བླུག་དང་དེ་ནས་མཇུག་འབྲས་ཅི་ཡོང་མཁྱེན་གསལ་རེད། ཡིན་ཀྱང་དྲ་གྲོགས་འདྲེ་རིག་ལྡན་ལགས་ཀྱིས་མ་བྷན་ཚོ་ལ་དགག་ལན་ཡག་པོ་བརྒྱབས་སོང་བས་དཀའ་ངལ་གང་བྱུང་མ་སོང་། ངས་ཁྱོད་ལ་རེ་བ་ཞིོག་ཞུ་རྒྱུ་ཡིན། དོལ་རྒྱལ་བའི་ཐོག་ཏུ་ཅིག་བཤད་གཡུག་ཞོག བོད་ཀྱི་བསྟན་སྲིད་གཉིས་ལ་གནོན་མཁན་དོལ་རྒྱལ་བ་ཡིན་མདོག་མེད། ཁས་ལེན་གྱི་མིན།
མྱི་ཁྱི་གཉིས་ཀྱི་བཏང་བའི་བཙོག་པ་འདི་ལྐོག་ཟ་རུལ་སུངས་དང་རྒྱལ་བཙོང་བ་རྣམས་ཀྱི་བཞེས་ལག་ཡིན་ད།
ཁྲི་རལ་བ་ཟེར་བ་དེ་ཕལ་ཆེར་ཨ་མདོ་ཡིན་ས་རེད། དོལ་རྒྱལ་པ་ཚོ་དགེ་ལུགས་གྲལ་ནས་ཐོན་པ་བཞིན་ཁོང་ཡང་ཨ་མདོ་གྲལ་ནས་ཐོན་ཚར་བ་རེད། ཁོང་ལ་ཨ་མདོ་ཚོར་ཞེ་འཁོན་ཞིག་ཡོད་པ་གསལ་པོ་རེད་འདུག ད་ཁ་རྩོད་མ་བྱེད། མཚམས་འཇོག་རོགས།།
བཀུར་འོས་ཁ་བརྡའི་དྲ་བདག་ནས་ད་ལམ་ཆོས་ལུགས་དབར་ལ་དཀྲུགས་ཤིང་བྱེད་པའི་གཏེ་བོ་་་་ཨ་ཕྱི་་་་་ཟེར་བའི་མཆན་ལ་བཏང་འཛིན་ཡག་པོ་གནང་བར་གུས་འདུད་དང་ཡི་རངས་ཞུ། ཁྱེད་ཁ་བརྡའི་སྒྲིག་ལམ་ཡུན་གནས་དང་ཁ་བརྡའི་ཁྲིམས་ལ་མི་བརྩི་བའི་མི་ངན་དེ་དང་དེ་འདྲའི་རིགས་ཚར་ཐག་ནག་པོ་གཅོད་རོགས།
འདིར་གྲ་གྲོགས་ལྷན་རྒྱས་ལ་དོན་དག་གལ་ཆེན་ཞིག་ཞུ་རྒྱུ་ཡོད།
ཁྲི་མིང་ཅན་དེ་དམར་རྒྱ་ཚང་གི་ཆེད་མངགས་པ་ཞིག་ཡིན་པའི་ཁོངས་ཐུབ་ངོ་རྟགས་དང་བདེན་དཔང་ལག་སོན་བྱུང་སོང་ན། དེ་རིང་ནས་བཟུང་ཆོལ་གསུམ་བོད་མི་སུ་འདྲ་ཞིག་གིས་ཀྱང་འདྲེ་ཁ་མ་གཙེ་རོགས།
གཙོ་བོ་དམོད་བོར་རྒྱུ་ཤིན་ཏུ་གལ་ཆེ། བན་བོན་སྔགས་གསུམ་གྱིས་མཐུ་ཐོང་། གློག་ཀླད་ཆག་པ་ཆུང་ཆུང་རེད། རྐང་པ་ཆག་པ་ཤོག འཕོངས་རུས་ཆག་ནས་སྐྱག་པའང་མི་ཐོང་བ་ཤོག
འོ། ཁྲི་རལ་གྱི་རྩོམ་དེ་ངོ་མ་དོགས་སློང་སྙིང་སྟོབས་ཅན་གྱི་རྩོམ་ཞིག་ཡིན་འདུག། མཆན་ནི་མང་གི་སྙིང་རླུང་སྟོད་ལ་འཚང་བ་ཡང་གང་མང་འདུག།།།
སོ་སོ་དང་ཅུང་ཙམ་བསམ་ཚུལ་མི་མཐུན་པ་བྱུང་དུས་ནས་གསོད་དགོས་པ་དང་གཏུབ་དགོས་པ།ནང་དཀྲུག་དང་རྒྱ་མིའི་སོ་མྱུལ་སོགས་མིང་འདོགས་པ་ནི།དངོས་གནས་རང་དབང་ཅན་དང་མང་གཙོའི་སྤྱི་ཚོགས་ལ་རྒྱུས་རྩ་བ་ནས་མེད་པར།དམར་པོ་དམར་རྐྱང་གི་ལྟ་བ་རེད་དོ།།དམར་པོའི་སྒེར་གཅོད་ཀྱི་བསམ་བློ་ཡོད་པར་དེ་ལས་དཔང་རྟགས་གང་མི་དགོས་པ་རེད།
མ་གཞི་ཁྲི་རལ་པ་ཟེར་བ་དེ་གང་ཡང་ཤེས་མཁན་ཅིག་མ་རེད།འོན་ཀྱང་།ཁོང་གིས་ཨ་མདོ་བོད་མ་རེད་ནམ་ཡང་ལབ་མི་འདུག་ད།ཁོང་གིས་དབུས་གཙང་དང་ཨ་མདོ་སྤྱི་ཚོགས་ཀྱི་རྒྱབ་ལྗོངས་ཅུང་མི་འདྲ་བ་དང་།ཨ་མདོ་བ་ཚོ་བོད་པར་ག་འདྲ་བྱས་ནས་ཆགས་པའི་བརྒྱུད་རིམ་ཙམ་བྲིས་འདུག
དེ་དངོས་ཡོད་གནས་ཚུལ་རེད།རྒྱ་གར་བ་ཚོ་ལྟ་བུར་མཚོན་ན།རྒྱ་གར་བྱང་ཕྱོགས་ཀྱི་མི་མང་ཆེ་བ་ཨེ་རན་དང་ཏྲིར་ཀེ་ཨ་རབ་སོགས་ནས་ཡོང་བའི་བཙན་འཛུལ་བ་དང་ཚོང་པ་ཆོས་སྤེལ་མཁན་སོགས་རེད།ལོ་རྒྱུས་ཀྱི་དུས་ཡུན་རིང་པོའི་ནང་ཁོང་ཚོ་ད་ཆ་རྒྱ་གར་བ་གཙང་མར་གྱུར་ཚར་བ་རེད།
རྒྱ་ནག་པ་ཚོའང་དང་པོ་རྒྱལ་ཁབ་དྲུག་གི་སྐབས་དང་རྒྱལ་ཁབ་བཞིའི་སྐབས།ཐ་མ་ཚང་མ་ཧན་རྒྱལ་ཁབ་ཀྱི་འོག་བསྡུས་ཏེ་རྒྱ་མི་ཧན་མི་རིགས་ཟེར་བ་དེ་བྱུང་བ་རེད།དོན་དངོས་སུ་མི་རིགས་མི་འདྲ་བ་མང་པོ་ཅིག་གཅིག་གྱུར་བྱས་ཏེ་ཧན་མི་རིག་བྱུང་བ་རེད།
རང་ཅག་བོད་ལའང་ཏུན་ཧོང་ཡིག་རྙིང་དང་ལི་ཡུལ་བྱང་བུ།ལོ་རྒྱུས་ཡིག་རྙིང་དང་རུས་མཛོད་རྙིང་པ་སོགས་མང་པོའི་ནང་དུ།སྟོད་མངའ་རིས་ཕྱོགས་ཞང་ཞུང་དང་ཁམས་ཀྱི་ཕྱོགས་སུམ་བྷ།མདོ་སྨད་ཕྱོགས་འ་ཞ་དང་རྒྱ་ཡི་བྲང་དཀར་རྗེ་སོགས་་དང་དབུས་གཙང་ཁུལ་སྤུར་རྒྱལ་བོད་བཅས་ཚང་མ་རྒྱལ་ཁབ་རེ་རེ་ཡིན་པ་དང་།འབངས་དང་རྒྱལ་པོ་ཡོད་པ་བཅས་གསལ་བོ་ཡོད་པ་རེད།
འོན་ཀྱང་།དེ་ཚང་མ་སྲོང་བཙན་གྱིས་གཅིག་གྱུར་བྱས་ཏེ་བོད་མི་རིགས་དང་རྒྱལ་ཁབ་གྲུབ་པ་རེད།
སོག་པོ་ལའང་དང་པོ་ཁེར་ལེན་དང་མེར་ཁེ་ཏི།ཆེ་ཡིན་དང་ཏྲ་ཏྲར་སོགས་མི་རིགས་རུས་བརྒྱུད།རྒྱལ་ཁབ་མི་འདྲ་བ་མང་པོ་ཇིང་གར་རྒྱལ་པོས་གཅིག་གྱུར་བྱས་པ་ནས་སོག་པོ་མི་རིགས་དང་རྒྱལ་ཁབ་ཆེན་པོ་ཅིག་གྲུབ་པ་རེད།མི་རིགས་ཚང་མ་དེ་འདྲ་བྱས་ཏེ་རིམ་པས་རྒྱ་བསྐྱེད་བྱུང་བ་མ་གཏོགས།དང་པོ་ནས་ཚང་མ་ཁྱིམ་ཚང་གཅིག་ནས་བྱུང་བ་ཅིག་གང་ན་ཡོད།
བོད་མི་རྣམས་སྤྲེའུ་ཅིག་དང་སྤྲེའུ་མོ་ཅིག་ལས་མཆེད་པར་བཤད་པའི་ཁུངས་བཅོལ་ས་ནི་ཇོ་བོ་རྗེས་གཏེར་ནས་བཏོན་པ་ཅིག་ཁུངས་བཅོལ་བ་རེད།གཏེར་སྟོན་ཚོས་ས་འོག་ལ་ཕར་བཅུག་སྟེ་རང་གིས་ཚུར་ལེན་བཞྀན་ཡོད་པ་ཧ་ལམ་ཡོངས་གྲགས་རེད།དེ་ཚོ་རྒྱ་གར་མཁས་པས་བཟོས་བཞག་པ་ཙམ་རེད།
ལ་སྟོད་བུ་ནི་རྒྱ་མོ་བཟའི་བྲན་གཡོག་གི་བུ་རྒྱུད་རྗེས་ལ་བོད་ཆགས་པ་རེད་ཅེས་བཤད་ན་བསམ་ཚུལ་འུ་རེད། ཧ་ཧ་ཧ་་་་
སྐུ་རྩེད་ཡིན། རིགས་རྒྱུད་གང་ཡིན་མིན་ལ་ཁྱད་པར་རྩ་བ་ནས་མི་འདུག་བསམ། མདོ་སྨད་པ་བོད་མིན་ཡང་རང་གི་འཚོ་བ་རོལ་སྟངས་ཤིག་ཡོད་པས་མ་མཐའ་མི་རིགས་ཤིག་མིན་ཡང་འགྲིག་གི་ཡོད་པ་རེད་བསམ།
དགོངས་དག ལ་སྟོད་བུ་ཞེས་པ་ལ་སྟོད་སྟོབས་རྒྱས་ལ་ནོར་བཅོས་ཡོང་བ་ཞུ།
ཧེ་ཧེ། ཨ་མདོ་གཞོན་སྐྱེས་བྱིངས་དང་ཞོགས་དུང་གི་རྗེས་འབྲངས་པ་གཉིས་ཉ་ཉུང་མཉམ་བསྲེས་བྱས་པ་གཅིག མདོ་སྨད་ལོ་རྒྱུས་ལ་རྒྱུས་མེད་ཧམ་བཤད་བྱས་པ་གཉིས། སྟོད་དབུས་གཙང་ལ་རྨོངས་ཞེན་བྱས་པ་གསུམ། ད་མང་དྲགས་ནས་བགྲངས་ཚོད་མི་འདུག ཚོར་ཤུགས་དང་ཕྱོགས་ལྷུང་གི་མིག་ཤེལ་གྱོན་ནས་ཨ་མདོ་གཞོན་སྐྱེས་རྣམས་ལ་དམའ་འབེབས་འདོད་པ་ནི་བཞད་གད་ཀྱི་གནས་སུ་མཐོང་།
བཙན་པོའི་དམག་གི་གདུང་རྒྱུད་ཨ་མདོའི་གཞོན་སྐྱེས་རྣམས་གཉིད་སད་ཟིན་པ་དང་། བོད་ཀྱི་རིག་གནས་རིན་ཐང་ཅན་ལ་བདག་གཅེས་བྱས་པ་མཐོང་ནས་སྙིང་གཟེར་ན་སྡུག་གྱོང་ཡིན། ཁྱོད་སྐུ་དྲག་རིག་གནས་དང་དབུས་གཙང་གི་བྲན་གཤིས་རིག་གནས་ལ་མོས་ན་དེ་ག་རང་གྱིས།
ཁ་བརྡ་དྲ་བའི་ནང་གི་མཆན་འབྲི་མཁན་ཁྲོད་ཡར་བཤད་དུས་མར་བཤད་མཁན་ལ་དྭགས་བློ་བཟང་འཇམ་དཔལ་ལགས་ཀྱིས་བོད་སྤྱི་སྐད་ཟེར་བ། སྔོན་ཆད་ཡོད་མ་མྱོང་བ་རྗེས་མ་ཡོང་སྲིད་པའི་སྐོར་དེ་གཏན་འཁེལ་བ་ལྟ་བུའི་ཡང་ཡང་ལབ་ལོབ་བྱེད་པ་ནི་ལ་དྭགས་ཀྱི་ཁ་སྐད་ཕྲད་རྗེས་མཐུན་པ་དེ་ལྟ་བུར་བཤད་ཀྱི་ཡོད་པ་ནམ་ཅི། གཏམ་རྒྱུད་གསེར་ཐང་དུ་མཐའ་མི་རེ་འགའི་ཁ་སྐད་བསྟན་བཅོས་སུ་བཅུག་ཏེ་་ཞེས་སོགས་དགེ་ཆོས་དམ་པའི་དགག་ཡུལ་གྱི་ཡུལ་བ་བོད་སྐད་སྨྲ་བོ་ཁོང་གིས་མདོ་སྨད་རིག་པའི་འབྱུང་གནས་ཡར་འདེགས་ཚུལ་གྱི་གཏམ་སྨྲ་ཚུལ་འདི་ངོ་མཚར་རོ།
རྗེ་བཙུན་མི་ལ་རས་པའི་མགུར་འབུམ་ཏིང་རི་སྐད་གཞི་སྟེང་ནས་ཡི་གེར་བཀོད་པ་དང་། རྒྱལ་དབང་ལྔ་བའི་རྣམ་ཐར་དི་ཀི་ལིའི་གོས་བཟང་དབུས་ཀྱི་སྐད་གཞིའི་སྟེང་ཡི་གེར་བཀོད་པ་སོགས་ཀྱིས་བོད་ཀྱི་སྐད་ཡིག་ལ་གཏོར་བརླག་ནམ་ཡང་བྱས་མེད་ལ། བརྡ་སྤྲོད་ཀྱི་སྤྱི་འགྲོས་དང་མཐུན་པས་འདྲིས་མ་འདྲིས་ཀྱིས་གོ་དཀའ་བ་རེ་ཟུང་ལས་སྤྱི་བྱིངས་ལ་ཀློག་པའི་ཚེ་ཕུན་སུམ་ཚོགས་པའི་བྲོ་བ་ཡོང་གི་ཡོད།
གལ་སྲིད་བོད་ལ་སྤྱི་སྐད་ཅིག་ཡོད་པའི་དབང་དུ་བཏང་ན་ཕྲད་དང་སྦྱོར་ཚུལ་གྱི་རྣམ་དབྱེ་མ་རླག་པ་ཞིག་གི་སྟེང་དུ་ཡོད་པ་ལས། བཀའ་བསྟན་རྙིང་པར་ག་གེ་མོར་དེ་ལྟར་མི་འདུག་ཟེར་བ་ནི་བརྡ་སྤྲོད་པའི་གཞུང་ལུགས་མེད་པའི་ཡིག་རིགས་ལ་ཞུ་དག་གཏོང་ཚུལ་ཞིག་ཡིན་སྲིད་མོད། བོད་ལ་ནི་བརྡ་སྤྲོད་ཀྱི་རྣམ་གཞག་གཏན་འཁེལ་བ་ཡོད་ཕྱིར་ཁུངས་གཏུགས་ས་གཞུང་ལ་བྱེད་པ་ལས་བྲིས་ནོར་ཡིག་ནོར་དང་། འབྲི་མཁན་གྱི་བརྗོད་བདེ་དབང་བཙན་པར་བྱེད་སྲིད་པའི་པར་གསར་རྙིང་གང་ཡིན་ལ་ཁ་ཡ་བྱེད་ཀྱི་མ་རེད།
དེ་བཞིན་དུ་བོད་བཙན་པོ་སྐབས་སུ་བྱུང་མྱོང་བའི་ཡི་གེའི་ཡར་རྒྱས་ཀྱི་ཆེད་དུ་བཟོ་བཅོས་མང་དུ་བྱེད་པ་དེ་བཞིན་དུ་དེང་ཡང་། དགེ་བཤེས་ཐུབ་བསྟན་སྦྱིན་པ་སོགས་ཀྱིས་འདིའི་ཐད་དགོངས་པ་བཞེས་འདུག་ལ། མ་འོངས་པར་བོད་མི་ཁ་ཤས་ཀྱང་བོད་ཀྱི་བརྡ་སྤྲོད་གསར་བའམ་བསྣན་པའི་རིགས་ལ་རྒྱུས་མེད་ཆགས་སྲིད་ན་དེ་དུས་སྡུག་སྐད་ཤོར་བ་ལས་སློབ་པས་དགའོ།
དེ་རིང་ཡང་ཁོམ་སྐབས་ཅུང་ཙམ་བཙལ་ནས་དྲྭ་ངོས་་འདིར་ཐང་གཅིག་ཉུལ་བ་ཡིན།ད་དུང་བསྐྱར་ཟློས་དང་བསྐྱར་བཤད་ཁོ་ན་ལས་ཉན་རིན་བལྟ་རིན་བྲོ་བ་གཅིག་མ་མཆིས་པས་ད་ཕྱིན་ཆད་འདིར་མི་ཡོང་ཁ་ཐག་ཡིན།རྣམ་པ་ཚོས་མི་འཐུད་དུ་དབྱེན་དཀྲུག་དང་དམོད་སྦྱོར་གྱི་ལས་ལ་བརྩོན་རོགས།
ཁྲི་རལ་བ་ཅན་འདི་ཁྲམ་པ་དྲག་མོ་ཞིག་ཡོད་པ་འདྲ།
ཚང་མས་ལྟོས་དང་། ཉོན་དང་།
མཆན་34
༼ཕྲན་རང་ནས་(ད་བར་སྤྱི་ཚོགས་ནང་མི་གང་མང་ལ་འགྲོགས་འདྲེས་བྱས་ཏེ་ཡོང་བའི་བརྒྱུད་རིམ་ནང་)།རང་གིས་གང་མཐོང་བ་དང་གང་མྱོང་བ་རྣམས་ཡིག་ཐོག་བཀོད་པ་ཙམ་ལས།༽
ཡང་།
མཆན་100
༼དྲ་གྲོགས་མང་པོ་ཅིག་གིས་(ངའི་ཇ་ཡུན་གཅིག་རིང་བྲིས་པའི་བསམ་ཚུལ་ལ)་ལེགས་ཉེས་ཀྱི་བསམ་འཆར་ཚོར་ཤུགས་ཆེན་པོའི་སྟེང་ནས་བཏོན་པར།༽
ཁྱི་དད་ན་ཁྱི་བླུད་ཟེར་བ་འདི་འདྲ་ལ་བརྫོ་ལི་རེད། ཧ་ཧ་ཧ།
ད་རེས་ཀྱི་འབར་གས་དེའི་ཐོག་ནས་ངས་གནད་དོན་གཅིག་གསལ་པོ་མཐོང་བ་ནི་ང་ཚཽའི་སྤྱི་ཚོགས་ཆུང་ཆུང་དེ་ཇི་ཙམ་འབར་གྲབས་ཡོད་པ་དེ་རེད། མཆན་བརྒྱ་དང་ལྔ་བཅུ་ཙམ་བྲིས་ཡོད་ཀྱང་། དེ་དག་གི་ཁྲོད་ནས་གནས་ལུགས་དང་རྒྱུ་མཚན་སྤུངས་ནས་སྐད་ཆ་ཤོད་མཁན་ཧ་ཅང་གི་ཉུང་ཉུང་རེད། ཕལ་མོ་ཆེ་ནི་ལོང་གཏམ་དང་། ཉོག་བཤད། ད་དུང་ཕྱོགས་ཞེན་ཁོ་ན་རེད། མ་ཞིག་ནས། བོད་མི་རིགས་འདིར་གཞི་ཁྱོན་ཆེ་ཆུང་ལ་མ་ལྟོས་པར་བསྲེས་ལྷད་ཡོད་པ་ཡོངས་གྲགས་རེད། མདོ་སྨད་ཁུལ་དུ་བོད་པ་དང་སོག་པོ་རིགས་རྒྱུད་འདྲེས་པ་མ་ཟད་རྒྱ་རིགས་དང་ཡང་འདྲེས་ཡོད་པ་ཡོངས་གྲགས་རེད། དེ་ནི་སྤྱི་ཚོགས་ཀྱི་ཟུར་གཅིག་གི་གནད་དོན་རེད་མ་གཏོགས་མདོ་སྨད་པ་ཚང་མ་སོག་རྒྱུད་དང་རྒྱ་རྒྱུད་རེད་ཟེར་ན་ནོར་བ་རེད། དེ་བཞིན་དུ་དབུས་གཙང་ཁུལ་སྤྱི་དང་ལྷག་པར་དུ་ལྷོ་ཁ་ཁུལ་དུ་རྒྱ་གར་སིག་དང་རིགས་རྒྱུད་འདྲེས་པའང་ཡོད་པ་རེད། དེ་ཙམ་དུ་མ་ཟད་བལ་པོའི་རིགས་དང་ཡང་འདྲེས་པ་ཡོད་པ་རེད། དེ་ཚོ་ཚང་མ་དོན་དངོས་རེད། མ་གཞི་ནས་ཆོལ་ཁ་གསུམ་གྱི་བོད་མི་བར་གྱི་རུས་སྒྲོམ་ཆེ་ཆུང་ལའང་ཁྱད་པར་ཡོད་པ་མཐོང་ཆོས་རེད། ཁམས་རིགས་རྣམས་གཟུགས་སྟོབས་ཆེ་བ་ཡོད་པ་རེད། དེ་ཡང་ཁྱད་པ་ཞིག་རེད། འོན་ཀྱང་། ཁྱད་པར་དེ་རིགས་ས་བབ་སོགས་ཀྱི་དབང་གིས་ཡོང་ཆོག་གི་རེད། དེ་བས་ཀྱང་མངོན་མཚན་ཆེ་ཤོས་ནི། དེང་སང་ང་ཚཽའི་མི་རིགས་འདི་མགོ་སེར་དང་ཅི་ཙམ་རིགས་འདྲེས་པ་ཇི་མང་དུ་མཐོང་རྒྱུ་ཡོད། དེར་ཟབ་ཙམ་བྱེད་དགོས་པ་རེད། གང་ཡིན་ཟེར་ན། དེ་ནི་ང་ཚོས་སྟངས་འཛིན་བྱེད་ཐུབ་པའི་གནད་དོན་ཞིག་རེད། དེ་མིན་འདས་པའི་ལོ་རྒྱུས་ཁྱེར་ནས་ད་ལྟའི་མཐུན་སྒྲིལ་ལ་བརྡལ་ཤིག་བཏང་ན་ཡག་པོ་རྩ་བ་ནས་མི་འདུག དེ་དང་འབྲེལ་ནས་གནད་དོན་གཞན་ཞིག་ཞུ་རྒྱུ་ནི། ད་ལྟའི་བཙན་བྱོལ་སྤྱི་ཚོགས་ཁྲོད་བོད་ཡིག་ཡག་ཤོས་དང་བོད་ཡིག་ལ་དོན་སྣང་ཆེ་ཤོས། མི་རིགས་ཀྱི་ཤ་ཞེན་ཆེན་པོ་ཡོད་མཁན་གཙོ་བོ་གཅིག་ཨ་མདོ་བ་རེད། འོན་ཀྱང་། མི་རིགས་དང་རིག་གཞུང་ཤོད་བཞིན་དུ་ཕྱི་རྒྱལ་དང་རིགས་འདྲེས་བྱེད་མཁན་མང་ཤོས་ཨ་མདོ་བ་རེད། དེ་དོན་དངོས་རེད། དེ་ཡིན་དུས་རིགས་ཞེན་གྱི་སྐད་ཆ་ཆེན་པོ་བཤད་ཀྱང་། ལག་ལེན་དེ་ལོགས་སུ་ཕྱིན་ན་ཚར་བ་རེད། ཕྱི་གླིང་ཁུལ་དུ་ཡོད་པའི་ཨ་མདོའི་ཕོ་གསེར་མི་ཉུང་བ་ཞིག་མགོ་གསེར་བུ་མོ་དང་གཉེན་སྒྲིག་བྱས་ནས་ཡོང་བ་ཤ་སྟག་རེད། དེ་བས་ཀྱང་ཡིད་སྐྱོ་བ་ཞིག་ལ་དེ་དག་གི་ཁྲོད་ནས་རྒྱབ་ཏུ་རང་ཉིད་ཀྱི་བུ་ཕྲུག་དང་བཟའ་ཟླ་གཡུགས་ནས་མགོ་གསེར་བུ་མོའི་རྐུབ་ལ་འཐམས་ནས་ཕྱི་རྒྱལ་དུ་སྐྱོད་མཁན་མང་ཤོས་དེ་ཡང་ཨ་མདོ་བ་རེད། དེའི་དབང་གིས་བཙན་བྱོལ་སྤྱི་ཚོགས་ནང་ཨ་མདོ་བའི་མི་ལ་རང་ཚུགས་མེད་དང་ལྷག་བསམ་མེད་ལུགས་བརྗོད་པའི་རྒྱུ་མཚན་ཡང་དེ་རེད། ངས་སྐད་ཆ་དེ་རིགས་བསྡུར་ཚད་ཀྱི་ཐོག་ནས་ཤོད་ཀྱི་ཡོད་མ་གཏོགས་ཆཽལ་ཁ་གཞན་གཉིས་ཀྱི་ནང་མགོ་གསེར་རྐུབ་ལ་རྒྱུགས་མཁན་མེད་པ་རེད་བཅས་ཤོད་ཀྱི་ཡོད། དེ་ནི་དོན་དངོས་རང་རེད་མ་གཏོགས་འུར་གཏམ་གང་ཡང་མ་རེད།
ཅོ་རི་མཆོག་གི་མཆན་༡༣༡པ་སྟེ། “ངས་ཁྱོད་ལ་རེ་བ་ཞིོག་ཞུ་རྒྱུ་ཡིན། དོལ་རྒྱལ་བའི་ཐོག་ཏུ་ཅིག་བཤད་གཡུག་ཞོག བོད་ཀྱི་བསྟན་སྲིད་གཉིས་ལ་གནོན་མཁན་དོལ་རྒྱལ་བ་ཡིན་མདོག་མེད། ཁས་ལེན་གྱི་མིན།”ཟེར་བ་ལ།
དོལ་རྒྱལ་བ་དེ་ཚོ་སྤུན་ཟླ་རེད། ཤ་གཅིག་ལས་བཏུབས་པའི་སྟི་ག་རེད་སྙམས་ནས་ལོ་མང་པོ་མཐུན་ཐབས་དང་། ཁོང་ཚོར་རྒྱུ་མཚན་དང་གོ་སྐོན་བྱས་ནས་དོལ་རྒྱལ་གྱི་རྙོག་ཁྲ་དེས་བོད་རྒྱ་ཆེའི་མི་དམངས་ཀྱི་མདུན་ལམ་ལ་བར་ཆད་མི་ཡོང་བའི་རེ་བ་བྱས་མྱོང་། འོན་ཀྱང་དོལ་ཚོགས་དེ་ཚོས་དུག་གི་མྱོས་པའི་གླང་ཆེན་བཞིན། ད་ཆ་གང་ཐུབ་ཅི་ཐུབ་ཀྱིས་བོད་མི་དམངས་ཀྱི་མདུན་ལམ་ལ་འགོག་རྐྱེན་བཟོ་བ་འདི་བློ་ལ་གཤོངས་ཐུབ་མ་སོང་།
དཔེར་ན། གོང་ས་མཆོག་ཕྱི་རྒྱལ་གྱི་ཡུལ་གྲུ་ཁག་ལ་མ་ཕེབས་གོང་ལ་ཁོང་ཚོས་ཡུལ་དེའི་སྲིད་གཞུང་ལ་གོང་ས་མཆོག་མཇལ་འཕྲད་མི་ཡོང་བའི་ལས་འགུལ་སྤེལ་བ་དང་གཅིག། ༼ནོར་ཝེ་སྲིད་གཞུང་གི་མི་སྣས་ཁོང་ཚོར་དོལ་རྒྱལ་རྗེས་བྲང་པ་ཚོས་རྒྱལ་བ་རིན་པོ་ཆེ་མཇལ་འཕྲད་མི་ཡོང་བའི་རེ་བ་ཤུགས་ཆེན་ཞུས་བྱུང་གསུངས་པ་དེས་མཚོན།༽ དེ་ནས་གོང་ས་མཆོག་ཡུལ་གྲུ་གང་ལ་ཕེབས་ཀྱང་རྒྱུ་མཚན་མེད་པ། ལོག་རྟོག ཧམ་པ། ཁྲམ་པ་སོགས་ཀྱི་བྱ་སྤྱོད་བཀོལ་ནས་གོང་ས་མཆོག་དང་བོད་མི་དམངས་ཀྱི་སྙིང་ལ་རྒྱག་གང་ཐུབ་བྱེད་པ་ནི། དཔེར་ན། གོང་ས་མཆོག་ཡང་སྲིད་རྫུན་མ་རེད་ཟེར་བ། གོང་ས་མཆོག་ལ་རྫུན་མ་ཤོད་ཟེར་བ་སོགས་ཀྱིས་ཁོང་གིས་བོད་ཀྱི་རིག་གཞུང་དང་བོད་མི་དམངས་ཀྱི་མངོན་འདོད་དེ་འཛམ་གླིང་ལ་ངོ་སྤྲོད་གནང་བར་བར་ཆད་གང་ཐུབ་རེད། དོལ་རྒྱལ་བ་ཁོ་རང་ཚོས་བཤད་རྒྱུར། ཏ་ལའི་བླ་མར་རྫུན་མ་ཤོད་ཟེར་ནས། བོད་ཀྱི་བདེན་པ་གསལ་བར་བྱེད་ཟེར། བདེན་པ་གང་རེད། ད་བར་གོང་ས་མཆོག་གིས་རྒྱལ་སྤྱིའི་མདུན་དུ་རྒྱ་གཞུང་གིས་བོད་མིར་སྡུག་སྦྱོང་གཏོང་རྒྱུ་མཚམས་འཇོག་གྱིས་ཟེར་བ་དེ་རྫུན་རེད་དམ།
དེ་ལ་བོད་དོན་མི་ཟེར་ན་གཞན་བོད་དོན་གཞན་གླེང་རྒྱུ་མེད།
མུ་མཐུད་ཞུ་བར།
དེ་བཞིན་དོལ་ཚོགས་ཀྱིས་བོད་མིའི་ཆོས་ལུགས་དབར་ལ་དཀྲུག་ཤིང་བརྒྱབ་ནས་ཁོང་ཚོའི་ཁེ་ཕན་སྒྲུབ་རྩིས་བྱེད་པ་ནི། སྔོན་མ་ཞྭ་དམར་རིན་པོ་ཆེ་ཇར་མེ་ནི་ལ་ཡོད་སྐབས། དོལ་ཚོགས་ཀྱི་བདེ་ཆེན་སྤྲུལ་སྐུ་ཟེར་བ་དེས་ཞྭ་དམར་རིན་པོ་ཆེར་དོལ་ཚོགས་དང་ཞྭ་དམར་རིན་པོ་ཆེའི་ཆོས་ཚོགས་མཉམ་སྦྲེལ་གྱིས་གོང་ས་མཆོག་ལ་ངོ་རྒོལ་བྱས་ན། ཁོང་ཚོར་དཔུང་ཁག་ཤུགས་ཆེ་ཡོད་ལུགས་བཤད་འདུག ད་དིད་ལ་བོད་དོན་མི་ཟེར་ན་གང་ལ་བོད་དོན་ཟེར།
བསམ་ཤེས་ལགས།
ལན་སྟབས་བདེ་ཞིག་རྒྱག་ན་་་་༧རྒྱལ་བ་རིན་པོ་ཆེན་མདུན་ལམ་དེ་བོད་མི་རིགས་ཀྱི་མདུན་ལམ་མ་རེད། ༧རྒྱལ་བ་རིན་པོ་ཆེན་དཔལ་འབྱོར་དེ་བོད་མི་དམངས་ཀྱི་དཔལ་འབྱོར་མ་རེད། རྒྱལ་་བ་རིན་པོ་ཆེན་ཨ་རི་ཕོ་བྲང་དཀར་པོའི་ནང་དུ་སྲིད་འཛིན་ཨོ་བྷོ་མ་མཇལ་འཕྲད་ཕེབས། ཕྱི་ཉིན་ཕོ་བྲང་དཀར་པོའི་སྲིད་གཞུང་གིས་བོད་རང་བཙན་ལ་རྒྱབ་སྐྱོབ་བྱེད་ཀྱི་མེད་ཅེས་འཛམ་གླིང་ལ་བསྒྲགས། བོད་མི་རིགས་ཀྱི་ངོས་ནས་བཤད་ན་གྱོང་ཆེན་པོ་ཡིན། ༧རྒྱལ་བ་རིན་པོ་མཆོག་གིས་བོད་མི་རིགས་ཀྱི་འཐབ་རྩོད་ཕན་ཐོགས་གྱི་ཚབ་ཏུ་གནོན་སྐྱེལ་གྱི་ཡོད་པར་གསལ་པོ་ཡིན།
དོལ་རྒྱལ་ཚོགས་པས་བྱས་སྟངས་དེས་བོད་མི་རིགས་ཀྱི་དམངས་གཙོ་ཡར་རྒྱས་འགྲོ་བ་ལ་ཕན་ཐོགས་འདུག རྒྱལ་པན་གཉིས་ཀྱི་གཙོ་བོ་གྱུར་པའི་བླ་ཆེན་ཚོས་བོད་མི་རིགས་མཛུབ་་མོ་ག་སྟོན་ཤར་བྱས་བསྡད་པ་འདི་མཚམས་ཆོད་བར་དུ་བོད་མི་རིགས་ལ་དམངས་གཙོ་ཡང་དག་ཞིག་ཡོང་ཡ་མེད། དམངས་གཙོ་ཡང་དག་ཞིག་མེད་ན་མི་དམངས་ལ་རང་དབང་ཡོང་ཐབས་མེད་དོ།
དོལ་ཚོགས་ཀྱིས་ཆོས་ལུགས་བར་དུ་དཀྲུགས་ཤིང་བརྒྱབས་ཀྱི་འདུག་ཟེར་བ་དེ་ལ་བདེན་ཁ་མི་འདུག ཞྭ་དམར་པ་སྐུ་བཞུགས་པའི་སྐབས་སུ་རྒྱ་མིའི་སོ་བ་དང་རྒྱ་ཕོག་ཟ་མཁན་རེད་ཟེར་ནས་བོད་པའི་སྤྱི་ཚོགས་ཀྱི་ཕྱི་རོལ་དུ་ཕུད་སོང་། མི་ཚེ་གཅིག་ལ་འབྲོང་གཡག་ཁེ་འདུག་བྱས་བཞུགས་སོང་། དཀའ་སྡུག་ཅི་ཙམ་བྱུང་ཡང་དགྲ་ལ་ཁ་འཁོར་གཉེན་ལ་རྐུབ་སྟོན་མ་སོང་། སྐྱེས་ཕོ་རབ་ཤིག་གི་མི་ཚེ་མཇུག་སྡུད་སོང་ངོ།
ཨོ་རེད་་་ཉོན་ཨ། ཁ་ནས་གཞན་ཕན་དང་གཞན་དོན་བཤད་མཁན་ཚོས་ཉོན། དོན་དངོས་པོའི་ཐོག་ཏུ་བོད་མི་རིགས་ལ་བདེ་སྐྱིད་ག་འདྲ་བྱེད་ནས་སྤྲོད་ཀྱི་ཡིན་ནམ། ཆོས་གསུང་ནས་ཨེ། དབང་སྐོར་ནས་ཨེ། བཀའ་བཀོད་རྒྱུད་འཛིན་གྱི་དམངས་གཙོ་བཙུགས་ནས་ཨེ། འོན་ན་་་མི་དམངས་དམངས་གཙོ་སྲིད་དབང་གཅིག་སྡུད་བྱེད་ནས་ཨེ།་་་ཧཧཧ
ང་ཁྱི་རྒན་ཞིག་གིས་ངོས་ནས་ལྷག་བསམ་རྣམ་དག་གི་ཐོག་ནས་བོད་མི་རིགས་འདི་ལ་སུད་སི་རྒྱལ་ཁབ་ཀྱི་མི་སེར་ལྟ་བུའི་རང་དབང་དང་བདེ་སྐྱིད་ལྡན་ཞིག་དགོས་ན་་་ཡང་དག་པའི་དམངས་གཙོ་ནི་རྩ་བའི་རྩེ་ལ་མི་བཞག་དཀའ་མེད་རེད། དེ་ལས་གཞན་པའི་བདེ་སྐྱིད་སྤྲོད་ཐུབ་མཁན་གྱི་རིག་གནས་ཤིག་ད་ལྟ་འཛམ་གླིང་འདི་ལ་མི་འདུག་བསམས་ཀྱི་ཡོད།
དེར་བརྟེན་་་་ཡང་དག་པའི་དམངས་གཙོ་ནི་དམ་པའི་ལྷ་ཆོས་ལས་ཀྱང་གལ་ཆེ་བ་ཤིག་ཡིན་ལ་གལ་ཆེན་དོན་དུ་བརྩི་དགོས། ཆོས་ལུགས་ནི་ཕུན་སུམ་ཚོགས་པའི་ཡན་ལག་ཞིག་རེད།
རྩ་བའི་བླ་མ་ཟེར་ནས་བླ་མ་རྩ་ཆེན་བརྩི་ན་ནོར་བསྡད་ཡོད་རེད། རྩ་བའི་མི་དམངས་རེད། རྩ་བ་ཆེ་ཤོས་མི་དམངས་བརྩི་དགོས་པ་རེད། དེ་ནས་དམངས་གཙོ་ཡི་ཕྱོགས་སུ་གོམ་ཁ་སྒྱུར་ཐུབ་ཀིན་རེད། ཡོད་ཚོད་ཐམས་ཅད་རྩ་བའི་བླ་མ་རེད་ཟེར། བླ་མ་གཙོ་བོ་བྱས་ན་དམངས་གཙོ་མ་རེད་བླ་གཙོ་རིང་ལུགས་རེད། རྡ་སའི་རི་སྟེང་གི་རྐུ་ངོ་ཕག་གྲོད་ཅན་ཚོས་རྩ་བའི་བླ་མ་གཙོ་བོ་བརྩི་ནས་མི་སེར་ཉམ་ཆུང་རྡོག་རོལ་བཏང་གི་རེད། ད་དུང་་དམངས་གཙོ་བཤད་ཀྱི་རེད་་་་ཧཧཧཧ
གལ་སྲིད་་་བླ་མའི་དབང་ཤུགས་ཀྱིས་ཡང་དག་པའི་དམངས་གཙོ་ལོགས་སྤྱོད་མ་བཅུག་ན་་་ང་ཅོ་རིས་རྗེས་སུ་རྗེ་བདག་ཉིད་ཆེན་པོའི་མཛད་པའི་ལམ་རིམ་ཆེན་མོའི་ནང་གི་བཤེས་གཉེན་བརྟེན་ཚུལ་དེ་ལ་དགག་པ་རྒྱབ་ཀྱི་ཡིན། དགག་རྩོམ་འབྲི་གི་ཡིན། དེ་ནི་དབང་སྒྱུར་སྲིད་ཇུས་ཤིག་ཡིན་པ་ལས་དམ་པའི་ལྷ་ཆོས་ཤིག་མ་རེད། དེ་འདྲའི་དུས་ཤིག་བྱུང་ན་་་དེར་དུས་དགེ་ལུགས་པ་གཙོ་བོ་གྱུར་པའི་བླ་སློབ་དམ་ཚིག་བཤད་མཁན་ཚོའི་ཐུགས་ལ་ཕོག་མི་ཉན། བོད་མི་རིགས་ཀྱི་བདེ་སྐྱིད་ཀྱི་ཆེད་དུ་དགག་དགོས་ཐུག་པ་རེད།།།
ཏོག་ཙམ་མང་དྲགས་པ་འདྲ་་་ཁྱི་ཁ་བཙུམ་གྱི་ཡིན་་་ཝཝཝཝཝཝཝཝཝཝ་་་་་བོད་མི་ཉམ་ཆུང་རྣམས་ཉལ་ས་བདེ།
ད་ཡིན་ན་ཅོ་རི་ཉི་མའི་ལག་པ་སྐྱག་པ་འགོས སྐྱག་པ་ལག་འགོས་ནས་ཡོད་ག ད་ཁྱོས་ཁྱི་ཁ་བཙུམ་ན་ཡག་ཤོས་རེད།
ལོ་རབ་བརྒྱད་བཅུ་ནས་དགུ་བཅུ་བར་མཚམས་ཞིག་ན་བོད་ཡིག་གི་གསར་སྐྱེས་རྩོམ་པ་པོ་དང་རྩོམ་སྒྲིག་པ་གང་མང་ཞིག་ནི་ཨ་མདོ་པ་རེད། དེ་དག་གི་ཕྲད་ན་བོད་མིའི་ལར་རྒྱ་དང་མི་རིགས་རང་གི་བསམ་པའི་དཔལ་ཡོན་དང་དངོས་པའི་དཔལ་ཡོན་སོགས་གང་མང་གླེང་ནས་ནང་ཆོས་འདིས་བོད་འདི་འཆི་ལམ་དུ་བཏང་བར་ངེས་འཛིན་བྱེད་མཁན་ཡང་མང་པོ་རེད། ཁོང་དག་གིས་མི་རིགས་ལར་རྒྱ་དང་འབྲེལ་བའི་མིའི་ཤེས་སྤྱོད་ཡར་འདེབས་སྐོར་གླེང་བ་ལེགས་མེད་མོད། ཁོང་རྣམ་པས་ཆང་དང་དུ་བ་ནག་མོ་སོགས་ཆག་སྤྱོད་ཀྱི་བོད་མིའི་ཡར་རབ་ཀྱི་ཀུན་སྤྱོད་དེ་འཛིན་དགོས་ཀྱི་མེད། ཨ་མདོ་བ་ནི་རྩོམ་དང་སྙན་ངག་སོགས་འབྲི་རྩོམ་ལ་དགའ་ཡང་སུམ་རྟགས་ཀྱི་རྨང་གཞི་སྤུས་དག་ཡོད་མཁན་མང་པོ་མིན། ཨ་མདོ་བས་རང་སྟོད་ཀྱི་ང་རྒྱལ་ཆེ་ཡང་། ཕུགས་ཐག་དེ་ཙམ་མེད། བོད་ཀྱི་རིག་གཞུང་གི་ཞིང་ས་ལྟ་བུ་གྲྭ་ས་གྲྭ་ཚང་ཁག་ཏུ་ཨ་མདོ་ཚོ་ཐོག་མར་ལོ་ཁ་ཤས་ཀྱི་རིང་ལ་སློབ་སྦྱོང་དང་ཤེས་འདོགས་སོགས་རྣམ་དཔྱོད་འགའ་ཡོད་ཁུལ་སྟོན་ཀྱང་ལོ་ནས་ལོ་རྒྱུད་ནས་སློབ་གཉེར་གནང་ཡོངས་དུས་ཨ་མདོ་བ་ཚོའི་ཤེས་རིག་བློ་རྩེར་ཡར་རྒྱས་མེད་ཁར་བློ་སྣ་ཐུང་བས་སྙན་སུམ་དང་ལོ་རྒྱུན་ཙམ་ལ་བློ་ཁ་ཕྱོགས། དེས་ན་རིག་ལམ་གྱི་བློ་སྒོ་ཡངས་མོས་གཞུང་ལུགས་ཟབ་ས་དང་རྒྱ་ཆེ་སར་འཛུལ་ཐུབ་ཀྱི་མེད། དེ་ནས་ཨ་མདོ་བ་དེ་ཚོ་གྲྭ་ས་གྲྭ་ཚང་ནང་དུ་སྡོད་མ་ཐུབ་ནས་ཐོན་འགྲོ་རྒྱུ་དེ་རེད། དེའི་མཚམས་སུ་ཨ་མདོ་བ་ཚོས་སྙན་རྩོམ་ཐ་ཐུང་རེ་ནས་རང་སྟོད་གཞན་སྨོད་ཀྱི་རིག་སྒོ་སྤྱོད་ནས་གནས་འཆམས་པོ་དང་འཚོ་བ་སློང་མོ་བའི་སྤྱོད་ཚུལ་འདི་དག་ནི་ཨ་མདོ་མིའི་ཀུན་སྤྱོད་རེད། ཡིན་མིན་དོག་ན་གདན་ས་གྲྭ་ཚང་ཁག་ཏུ་དཔྱོད་ཞིབ་གནང་དང་དེ་ནས་ཤེས་རྟོགས་སླའོ།།
གོང་དེར་ཡིག་ནོར་འགའ་སོང་འདུག་པས་དགོངས་ཡང་མཛད།
ཆོལ་ཁ་ག་རེ་ཞིག་ཡིན་ཡང་ཞན་ཆ་བཙལ་ན་འཚོལ་རྒྱུ་ཡོད་པ་རེད། ཡིན་ནའི་ང་ཚོས་འདི་ལྟར་རང་གི་ཕུ་ནང་ཁུལ་གཅིག་ཤོས་ཡག་རབས་དང་གཅིག་ཤོས་སྡུག་རབས་བཤད་དེ་ནང་འཛིངས་ཀྱིས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་ལ་གནོད་གཞི་བཟོ་བ་འདི་རྒྱ་དམར་ལ་དགོས་རྒྱུའི་ལག་ཆ་དེ་རེད། གོང་གི་རྒྱལ་རོང་མིང་ཅན་འདི་ཡང་གཅིག་བྱས་ན་རྒྱ་མིའི་རྒྱུགསཁྱི་ཞིག་དང་། ཡང་གཅིག་བྱས་ན་ཆོལ་ཁའི་ཕྱོགས་འཛིན་གྱི་ནད་དུག་ཕོག་མཁན་ཞིག་ཡིན་ཐག་ཆོད། གང་ལྟར་མི་འདི་འདྲ་ལ་སྙིང་རྗེ་བ་ལས་གཞན་ཅི་བྱེད། མི་འདི་རིགས་ཀྱིས་ཆོལ་ཁ་ལྟོས་ནས་ཆོལ་ཁའི་ཕྱོགས་འཛིན་བྱེད་པ་དང་། ལུང་ཚན་ལྟོས་ནས་ལུང་ཚན་གྱི་ཕྱོགས་ཞེན་བྱེད། མཐར་དེད་ནས་འགྲོ་དུས་ཚང་མའི་ཁྲོད་ཡག་ཤོས་དེ་རང་ཉིད་ལས་མེད་པར་ངོས་འཛིན་མཁན་གྲས་དེ་རེད།
བོད་ཁམས་ནང་དཀྲུག་བྱེད་མཁན་དག་ལ་ལྷ་སྲུང་མ་དང་ལས་རྒྱུ་འབྲས་ཀྱིས་ལ་ཡོགས་ཏན་ཏན་ཡོང་ངེས་པས་ད་དུང་བོད་ཁམས་དཀྲུག་པ་ལ་བརྩོན་ཤིག
རྒྱལ་རོང་མིང་ཅན་ཁྱོད་ཀྱིས་མལ་ས་དྲོན་མོ་ལས་བོད་མི་ནང་ཁུལ་ལ་རྒྱགས་གཏམ་ཤོད་ནས་འདུག་པ་ལས། བུ་རྒོད་ན་དྷ་རམ་ས་ལའི་གནད་དོན་གླེང་སྲིད་པ་རེད། ཅེས་པའི་གོང་གི་གསར་འགྱུར་དེ་ཐོག་དཔྱད་གླེང་བྱོས་དང་བུ་རྒོད་ཡིན། གཅིག་བྱས་ན་ཁྱེད་ལ་མལ་ས་དྲོན་མོ་ནས་བོད་མི་ནང་ཁུལ་རྒྱགས་གཏམ་བྱེད་པའི་གནས་གཞི་ཡང་རྒྱ་མི་ཚང་གི་རྒྱ་གར་ལ་སྒོ་བརྒྱག་འཇུག་གྲབས་འདུག་གཱ ཡང་གཅིག་བྱས་ན་ཁྱེད་འདྲ་བོ་ལ་རྒྱ་དམར་གཞུང་ཚབ་ཁང་གིས་སྔོན་ནས་བསུ་མ་བྱས་ནས་སྒུག་ཡོད་ཀྱང་སྲིད།
རྒྱལ་རོང་མིང་ཅན་ནས་གཞན་ཆོལ་ཁ་ལ་ཡག་ཉེས་ཤོད་མི་དགོས་པར། དོ་བདག་རང་ཉིད་ནས་རང་གི་མི་རིགས་གཅིག་ལ་དམའ་ཕབ་པ་འདི་གཅིག་བུས་རང་ཉིད་གང་འདྲ་ཞིག་ཡིན་པའི་རང་མདོག་གསལ་བོར་བསྟན་སྲིད་པ་རེད། བྱ་ཁ་ཏས་ཕག་པར་ནག་པོ་འདུག་ཟེར་བའི་དཔེ་ལྟར་ཕྱིན་པ་མ་ཤེས་པ་ནི་དངོས་ནས་དགོད་རེ་མི་བྲོའམ།
ཅོ་རི་ཉི་མ།་ལགས་ཀྱིས་མཆན་བཏབ་པ།:
September 1st, 2014 at 2:15 PM
ཞྭ་དམར་པ་སྐུ་བཞུགས་པའི་སྐབས་སུ་རྒྱ་མིའི་སོ་བ་དང་རྒྱ་ཕོག་ཟ་མཁན་རེད་ཟེར་ནས་བོད་པའི་སྤྱི་ཚོགས་ཀྱི་ཕྱི་རོལ་དུ་ཕུད་སོང་། མི་ཚེ་གཅིག་ལ་འབྲོང་གཡག་ཁེ་འདུག་བྱས་བཞུགས་སོང་། དཀའ་སྡུག་ཅི་ཙམ་བྱུང་ཡང་དགྲ་ལ་ཁ་འཁོར་གཉེན་ལ་རྐུབ་སྟོན་མ་སོང་། སྐྱེས་ཕོ་རབ་ཤིག་གི་མི་ཚེ་མཇུག་སྡུད་སོང་ངོ། ;ཞེས་བཤད་པར་མོས་མཐུན་རྒྱ་ཆ་བརྒྱ་ཡོད། ཚེ་རིང་། བདེན་པ་ལ་ངོ་སོ་འདོན་པ་རེད།
བྱམས་པ་མིང་ཅན་ལགས། མི་རིགས་ཞིག་དང་མི་སྡེའི་ཡུལ་ལུང་གང་ཞིག་གི་དགེ་སྐྱོན་བརྗོད་པར་ཕྱོགས་འཛིན་གྱིས་ངོ་བོར་བཙན་གྱིས་སྒྱུར་མི་ཉེས། དེ་ཚོའི་ས་ནས་ལེགས་སྤེལ་ཉེན་འགོག་གིས་བཟང་ཕྱོགས་ཡང་ཡོད་པས་དེ་ལུགས་དང། དེ་སྔོན་ཐེ་ཝེན་གྱི་ཕོག་དང་དེང་སྐབས་རྒྱ་ཡི་ཕོག་བཟོས་ཞེས་སྡིག་སྐུལ་དག་ལ་ང་མི་དགའ་ལ་ང་མི་འཇིག། ངས་ཞུས་པའི་སྐྱོན་བརྗོད་ལ་གནས་ལུགས་དང་མ་མཚམས་པ་འདུག་ན་དག་གསལ་གྱིས་འདི་དང་དེ་ཞེས་ཐེར་སྟོན་གནང་དང་ངས་གསལ་བཤད་བྱ་དགོས་རིགས་དང་དགོངས་དག་ཞུ་དགོས་རིགས་ལ་ཁ་བརྡ་ཞུ་ཆོག། མ་གཞི་ངའི་མི་གཤེས་ནི། བཟང་བཟང་དང་འཇོན་འཇོན། ཆེ་ཆེ་དང་རྫིགས་རྫིགས་རྐྱང་པའི་བཤད་སྡོས་པ་ཡིན་ན་མི་རིགས་ཀྱི་ཉམ་རྒུད་འགྲོ་བའི་རྒྱུ་རྐྱེན་དུ་འགྱུར་གྱི་ཡོད་པར་ལྟ་ཚུལ་འཛིན་མཁན་ཞིག་ཡིན།
ཁ་བརྡ་རྩོམ་བསྒྲིག་པ་ལགས་ལ་ཞུ་རྒྱུ་ཆོལ་ཁ་དབྱེ་འབྱེད་དང་མི་རིགས་གཏོར་བཅོལ་སོགས་ཀྱི་རྩོམ་ཡིག་སྤེལ་ཆོག་པ་ཅི་ཡིན་ནམ།
ད་ཡིན་ན། ང་ཚོ་བོད་པའི་ཤེས་ཡོན་པར་འཆེས་པ་རྣམས་ཀྱིས་མདོག་སྐྱ་ངོ་མ་དེ་མཐོང་ཡོང་གི་འདུག ཕུགས་བསམ་དང་། གུ་ཡངས་ཀྱི་བསམ་བློས་དབུལ་ཞིང་ཕྱོགས་ལུང་དང་ཞེན་ཁོག་རྫུན་མས་འཁེངས་པའི་བོང་བུ་ཚང་མར་འདི་ནས་ངས་སྐྱག་པ་ཚ་བོ་ཞིག་སྤྲོད་རྒྱུ་ཡིན། ཁྱོད་ཚོར་ང་འཇོན་དང་ང་ཡག་གི་གནས་ལུགས་འཕྲེང་བ་བཞིན་བགྲང་རྒྱུ་ཡོད་ན། རྒྱ་དམར་པོའི་ཐོག་ཏུ་མི་བགྲང་བར་སྤུན་ཟླ་ནང་ཁུལ་དུ་བགྲང་ནས་ཅི་བྱེད། བོད་ནང་གིས་སྤུན་ཟླ་ཚོས་གནང་བའི་བློས་བཏང་ལ་བསམ་ན། ཁྱི་རྒན་ཁྱོད་ཚོའི་བྱ་སྤྱོད་ལ་ངོ་ཚ་གི་མི་འདུག ད་སྐྱག་པ་ཚ་པོ་རེ་ཟོས་ནས་སྡོད་ཤིག དེ་མིན་ཁྱོད་ཚོའི་ཁ་གསང་སྤྱོད་ལྟ་བུ་ནས་སྐྱག་བྲི་མ་གཏོགས་གཞན་ཅི་ཡང་འཐུལ་རྒྱུ་མི་འདུག ཞབས་འདྲེན་རང་རེད།
ངའི་མཆན་མཇུག་བསྡུ་བའི་གཏམ།
ངས་གོང་ལ་རྩོམ་འདིའི་འོག་ལ་མཆན་རེ་གཉིས་བརྒྱབ་ཡོད། གཙོ་བོ་བོད་མི་རིགས་ཀྱི་མདུན་ལམ་དང་། བོད་མི་རིགས་ཀྱི་ཁེ་ཕན་གཙོ་བོར་འཛིན་ནས། ཡུལ་དང་ཆོས་ཀྱི་འཐེན་ཁྱེར་ཅན་རྣམས་ལ་རྒོལ་ཡོད། ང་རང་དགའ་འོས་པ་ནི་འདིར་ཕེབས་མཁན་གྱི་མཆན་པ་མང་ཆེ་བས་ཁྲི་རལ་པ་ཅན་གྱི་རྩོམ་དེའི་ཁ་ཕྱོགས་དེ་བསྒྱུར་ནས། འཐེན་ཁྱེར་དང་ནང་རྒོལ་ལ་དགག་པ་བརྒྱབ་སོང་། རྒྱུ་མཚན་དང་ལུང་རིགས་མང་པོ་དྲངས་སོང་། དེ་ནི་ཡིད་འཚིམ་པའི་གཏམ་བཟང་པོ་ཞིག་རེད་ལ། ཕ་རོལ་ན། གཞིས་ལུས་མི་མང་རྣམས་ཀྱིས་རྣ་བར་དགའ་བའི་མཐུན་སྒྲིལ་གྱི་གཏམ། རྒྱུ་མཚན་གྱི་གཏམ། ཆིག་སྒྲིལ་གྱི་གཏམ་ཞིག་རེད་ལགས།
དེ་ལས་ལྡོག་ཏེ། དགྲ་བོ་རྒྱ་དམར་དང་དེའི་རྗེས་བྲང་བླ་ཚོང་བ་རྣམས་ལ་མཚོན་ན། མཆན་དེ་དག་ནི་འཇིགས་སུ་རུང་བའི་མཆན། རྒོལ་བརྡུང་གི་མཆན། བདེན་པའི་མཆན། དེ་བས་ན་བོད་མིའི་མཐུན་སྒྲིལ་གྱི་ཆོད་སེམས་ཀྱི་མཆན་འབའ་ཞིག་གོ།
གུས་པར་མཚོན་ན། བོད་མི་ཐ་དག་གི་རང་དབང་སྲུང་བའི་ཆབ་སྲིད་ཀྱི་རྨང་གཞི་བརྟན་པོ་ཞིག་ཡོང་བ་དང་། གཏིང་ཟབ་ལ་རྒྱ་ཆེ་བའི་བོད་མི་རིགས་ཀྱི་རིག་གཞུང་དེ་ལ་བདག་པོ་ཡག་པོ་ཞིག་རྒྱག་དགོས་ན། ང་ཚོས་གཡུང་དྲུང་བོན་གྱིས་གཙོ་བོ་བྱས་པའི་སྐྱ་སེར་གཉིས་ཀྱི་ཆོས་བརྒྱུད་དང་རིག་གཞུང་ཆེན་པོ་ཐམས་ཅད་ལ་བདག་པོ་རྒྱག་དགོས་པ་དང་། དེ་དག་བདག་པོ་རྒྱག་མཁན་བོད་ཆེན་པོའི་ས་ཁྱོན་ཡངས་པོར་བཞུགས་པའི་གངས་ཅན་པའི་རིགས་རྒྱུད་ཚང་མར་བདག་པོ་རྒྱག་དགོས་ལ་ཁོང་རྣམས་ལ་གཅེས་སྤྲས་བྱ་དགོས།
ད་ལྟ་གཉན་ཕྲང་གི་དུས་སྐབས་འདི་ལ། རྒྱལ་བ་རིན་པོ་ཆེ་གཙོ་བོར་གྱུར་བའི་ཡུལ་ཆོས་རིས་མེད་ཀྱི་བླ་ཆེན་རྣམས་དང་། བཀའ་ཁྲི་བློ་བཟང་སེང་གེ་གཙོ་བོར་གྱུར་བའི་ཡུལ་ཆོས་རིས་མེད་ཀྱི་ཆབ་སྲིད་འགོ་པ་རྣམས་དང་ལག་སྦྲེལ་བྱས་ནས། བོད་ཀྱི་མི་རབས་རྗེས་མ་རྣམས་ཀྱི་དཀའ་ངལ་དེ། མི་རབས་འདི་པས་གང་ཐུབ་ཐག་གཅོད་ཡོང་བར་འབད་པ་བྱ་རྒྱུ་འདི་ཡིན།
དམིགས་་ཡུལ་འདི་འདྲ་ཞིག་གི་བསྐུལ་ནས། ཞོགས་ལྟར་ཀུན་སློང་སྤྱོད་བཅོས་པའི་ཚིགས་བཅད་བཞི་སྐྱོང་བཞིན་ཡོད། ཚིགས་བཅད་བཞི་པོ་ནི།
གངས་རི་རྭ་བས་སྐོར་བའི་ཞིང་ཁམས་སུ།
གངས་ལྗོངས་ཆོས་རིག་རྒྱས་པའི་དམིགས་ཡུལ་ལ།
གངས་ཅན་ཀུན་ལ་ཕན་པ་ལེགས་བསྒྲུབ་ནས།
གངས་ཅན་ལྗོངས་ཀྱི་ཕུགས་བསམ་གྲུབ་པར་ཤོག
བཀྲ་ཤིས། ཁ་བྲོ།
ད་རེས་ཀྱི་གོ་སྐབས་འདི་དང་བསྟུན་ནས་ངས་གོ་བསམ་ཡེ་ནས་མེད་པའི་བོང་བུ་དང་ཁྱི་རྒན་ཁྱོད་ཚོར་རྔན་པ་ཞིག་བཏང་ཡོད་པས་ཚ་མོར་ཟོ་ཤིག
http://2.bp.blogspot.com/-K_78rUCYJBM/TklrzlWfLWI/AAAAAAAAALc/2y7ATSZDqY4/s1600/Shit.jpg
དོལ་རྒྱལ་གྱི་བླ་མའི་མདོག་ལ་ལྟོས་དང་། ཨ་རིར་ཡོད་ན་བཙོན་ལ་འགྲོ་རྒྱུ་ཉག་ཅིག བུད་མེད་གྱི་འོ་མ་དང་སྟུ་ལབཙུགས་མཁན། མཆན་པ་བློ་བཟང་དབང་འདུས་ཟེར་བ་འདོན་ཤོག
https://m.facebook.com/story.php?story_fbid=350778445081478&id=100004479761791
རྩོམ་འདིར་བོང་རྫིའི་གྲིབ་ཕོག་འདུག རྒྱ་ཆེ་བའི་མི་རིགས་ཤིག་ལ་སྣ་ཚོགས་པའི་རང་གཤིས་དང་སྤྱོད་ལུགས་མཆིས་སྲིད་པ་མཐོང་ཆོས་རེད་ལ་ལྷག་ཏུ་མི་རིགས་དེའི་ས་མཚམས་ན་གནས་བའི་འབངས་མི་མི་རིགས་གཞན་གྱི་བསླད་ཞུགས་སྲིད་པས་རྩོམ་འདིའི་རྩ་བའི་དགོངས་པ་ལ་མོས་གུས་མེད།
སྤྱིར་སྐབས་དབང་གིས་བོད་ཡུལ་ན། ཨ་མདོ་པ་འབྲི་མཁན་མང་ཤོས་སུ་མཐོང་། འོན་ཀྱང་དེ་དག་ལས། ཨ་མདོ་ནང་ཕན་ཚུན། མིང་མཐའི་པ་དང་། བ་འབྲི་བ་མི་མཐུན། བདག་གིས་མདོ་སྨད་པ་མཁས་དབང་ཚེ་ཏན་ཞབས་དྲུང་ཞབས་དྲུང་རིན་པོ་ཆེ་དང་། དགེ་བཤེས་དམུ་དགེ་བསས་གཏན་མཆོག་གི་ལེགས་ཆ་རྣམས་གུས་པས་བླང་། ཉེས་ཆ་རྣམས་དོར། ཨ་མདོ་པ་འགའ་ཞིག་གིས། རྗེས་འཇུག་ས་ཡིག་གི་་རྗེས་སུ། མིང་མཐའ་དང་བདག་སྒྲ་ལ་བ་ཡིག་བྲིས་དང་འབྲི་བཞིན་པ་དེ། མཁས་པ་དེ་དག་གི་བརྡ་སྤྲོད་ཀྱི་གཞུང་དང་ཡང་མི་མཐུན། སྔོན་བོད་ཀྱི་མཁས་པའི་བརྡ་སྤྲོད་དང་འགལ་བ་ལྟ་ཤོག
་
གོང་གསལ་ཨ་མདོ་མཁས་པ་གཉིས་ཀྱིས་བྲིས་པ། རིམ་བཞིན་འདི་ལྟར།
་
ག་ ད་ བ་ ས་ ན་ མ་ པ།
ཞེས་དང་།
ག་ ད་ ན་ བ་ མ་ ས་ དང་།
ད་དྲག་ཅན་མཐར་ པ་དང་པོ།
་
ཞེས་སོ།
ལ་དྭགས་བློ་བཟང་འཇམ་དཔལ
བླུན་རྒན་གོང་གི་དེ་གཉིས་གཅིག་པ་རེད།
རྗེས་འཇུག་ ག་ད་བ་ས་ན་མ་་ཡི་རྗེས་སུ་མིང་མཐའ་པ་དང་པོ་
རྗེས་འཇུག་ ད་ན་བ་ས་ག་མ་ཡི་རྗེས་སུ་མིང་མཐའ་པ་དང་པོ། ཟེར་བ་གཉིས་ལ་འགལ་བ་ཅི་ཡང་ཡོད་མ་རེད།
ལ་དྭགས་པས་ལ་དོན་གྱི་ཕྲད་རྗེས་འཇུག་རང་འདྲར་སྦྱོར་བ་སོགས་བོད་རྒྱལ་ཁྲི་རལ་སྔོན་གྱི་སྐད་དོད་ཁག་ཅིག་བོད་ཁམས་ཡོངས་སུ་ཡོད་པ་ཞིག་རེད། མཐའ་སྐད་གཞུང་སྐད་དུ་བཀོད་ནས་དཀྱིལ་སྐད་ལུང་སྐད་རེད་ཟེར་མཁན་དག་ནི་ལུང་པའི་ཆེ་ཆུང་མ་ཤེས་པས་སོ་སོའི་ལུང་པ་ཆེ་བར་འཁྲུལ་བ་རེད་། སྤྱིར་བཏང་ཨ་མདོ་བས་པ་བའི་ཐོབ་ཐང་ཡང་བོད་མི་རིགས་ཀྱི་ཆེ་ས་ཞིག་གི་སྐད་དོད་ལས་མཐའ་མཚམས་ཁུག་ཀྱོག་ བྲག་ཕུག་ཁ་བྱང་ལྟས་ཤིག་ལས་བྱུང་བ་མ་རེད། ཁ་ཤས་ཤིག་གིས་རི་ཀྱོག་ལུང་ཁུག་ཐད་སའི་གནམ་མ་གཏོགས་མི་མཐོང་ས་ཞིག་ནས་མཁས་སྐད་བསྒྲགས་པ་ནི་མི་འོས་པ་ཞིག་དང་མི་རན་པ་ཞིག་རེད་་་་་་་་་་
དབུས་གཙང་མགོ་ལེབ་དག་ལ་རྩ་དྲི་མེད།།ཁམས་པའི་བླུན་རྒན་དག་ལ་ཤེས་ཚད་མེད།།ཨ་མདོའི་ལྟ་ལོག་དག་ནི་བོད་མིན་ན།།བོད་དོན་ངོ་མ་འཚོལ་མཁན་མེད་སོང་ངམ།།དབུས་ཀྱི་ཉི་མ་ལྷ་སར་རིགས་ཞེན་མེད།།ཁམས་ཀྱི་ཡུལ་གྲུ་ཀུན་ན་ལྐུགས་པ་མང་།།མདོ་སྨད་བོད་པ་མིན་ཞེས་གྲགས་པ་ན།།ཚིག་བཞི་རྐང་ཡང་ཆོལ་དཀའི་སྡུག་བསྔལ་ལྕི།།
རྩོམ་དེ་བྲིས་མཁན་ཨ་མདོ་རེད། མཆན་རྣམས་བྲིས་མཁན་ཨ་མདོ་རེད།
སྒྲ་སྙན་གཏོང་མཁན་ཨ་མདོ་རེད། གླུ་གཞས་ལེན་མཁན་ཨ་མདོ་རེད།
རང་ལུས་མེ་ལ་སྲེག་མཁན་ཨ་མདོ་རེད།་ དེ་ལ་སྙན་མངགས་བྲིས་མཁན་ཨ་མདོ་རེད།
བོད་ཡིག་མཁྲེགས་པོ་བྲིས་མཁན་ཨ་མདོ་རེད། རྒྱ་ཡིག་གཙང་མ་རྒྱབ་མཁན་ཨ་མདོ་རེད།
བོད་སྐད་མཁྲེགས་པོ་རྒྱབ་མཁན་ཨ་མདོ་རེད། རྒྱ་སྐད་གཙང་མ་རྒྱག་མཁན་ཨ་མདོ་རེད།
རྒྱ་མིར་ངོ་རྒོལ་བྱེད་མཁན་ཨ་མདོ་རེད། ནང་འཁྲུགས་གསོད་རེས་གཏོང་མཁན་ཨ་མདོ་རེད།
རྡ་སར་བཀའ་ཆོས་གནང་མཁན་ཨ་མདོ་རེད།་ རྡ་སར་བབ་ལེབ་གཙོང་མཁན་ཨ་མདོ་རེད།
“བླུན་རྒན་གོང་གི་དེ་གཉིས་གཅིག་པ་རེད།”
“ཨ་མདོ་པ་འགའ་ཞིག་གིས། རྗེས་འཇུག་ས་ཡིག་གི་་རྗེས་སུ། མིང་མཐའ་དང་བདག་སྒྲ་ལ་བ་ཡིག་བྲིས་དང་འབྲི་བཞིན་པ་དེ། མཁས་པ་དེ་དག་གི་བརྡ་སྤྲོད་ཀྱི་གཞུང་དང་ཡང་མི་མཐུན། སྔོན་བོད་ཀྱི་མཁས་པའི་བརྡ་སྤྲོད་དང་འགལ་བ་ལྟ་ཤོག
་
གོང་གསལ་ཨ་མདོ་མཁས་པ་གཉིས་ཀྱིས་བྲིས་པ། རིམ་བཞིན་འདི་ལྟར།
་
ག་ ད་ བ་ ས་ ན་ མ་ པ།
ཞེས་དང་།
ག་ ད་ ན་ བ་ མ་ ས་ དང་།
ད་དྲག་ཅན་མཐར་ པ་དང་པོ།
་
དགྲ་ལྷ་ནག་པོ་་མཁས་པ་གཞོན་ནུས། གོང་གསལ་ཐིག་བརྗོད་་དག་ལ་ངེས་རྟོགས་མེད་པར་མཐོང་། རྗེས་འཇུག་སའི་རྗེས་སུ། མིང་མཐའམ་བདག་སྒྲ་ལ་པའམ་པོ་འབྲི་ན། གོང་གསལ་མཁས་དབང་གཉིས་ཀྱི་བཞེད་པ་དང་མཐུན་པ་ཡིན། དེ་མ་ཡིན་པར་རྗེས་འཇུག་སའི་རྗེས་སུ། བ་དང་བོ་འབྲི་ན། མཁས་པ་དེ་དག་བཞེད་པ་དང་འགལ་བར་མ་ཟད། སྔོན་བྱོད་མཁས་པ་རྣམས་ཀྱི་སྐད་དང་འགལ་བར་ཁོ་བོས་མགྲིན་པ་བསལ་ནས་འཆད འདི་ཉིད་ཤེས་པར་བྱོས།
་
འདྲེ་ཤར་སྒོའིཕྱོགས་སུ་གནས་པ་ལ།
གླུད་ནུབ་སྒོར་སྐྱེལ་བ་དོན་རེ་ཆུང་།
་
རྗེ་དགེ་འདུན་གྲུབ་ཀྱི་གསུང་ངོ་།
་
རྗེས་འཇུག་ས་ཡིག་གི་་རྗེས་སུ། མིང་མཐའ་དང་བདག་སྒྲ་ལ་བ་ཡིག་བྲིས་དང་འབྲི་བཞིན་པ་དེ། མཁས་པ་དེ་དག་གི་བརྡ་སྤྲོད་ཀྱི་གཞུང་དང་ཡང་མི་མཐུན། ཅེས་ཟེར། མཁས་བ་ནོར་བ་རེད། མཁས་པ་རེད། ག་ད་བ་ས་ན་མ་བཅས་ཀྱི་རྗེས་ལ་པ་ཐོབ་ཀྱི་རེད། ཅེས་པའི་དོན་རེད། དེས་ན་ ང་འ་ར་ལ་དང་མཐའ་མེད་པ་བཅས་ཀྱི་རྗེས་སུ་བ་ཐོབ་པས་དཀར་བོ་དག་པ་རེད་དམ། དཀར་པོ་ཞེས་པ་ལ་དྭགས་པའི་རིག་གཞུང་སྐད་དང་མི་མཐུན་པ་རེད་དམ། ཧ་ཧ་ཧ་
ག་ང་ད་ན་བ་མ་འ་ར་ལ་ས་དང་མཐའ་མེད་ཀུན་ལ་པ་དང་པོ་གཉིས་ཀ་འཇུག་པ་ཡོད་དེ།
ལག་པ། ཡག་པོ།
རྐང་པ། ཀོང་པོ།
བོད་པ། རྒད་པོ།
རྔོན་པ། སྐམ་པོ།
འཐབ་པ། ཟབ་པོ།
རྩམ་པ། སྒམ་པོ།
མདའ་པ། དགའ་པོ།
ཆར་པ། དཀར་པོ།
སྐལ་པ། འཆལ་པོ།
མཁས་པ། མཛེས་པོ།
ཁ་པ། ཁ་པོ་ཆེ།
ལ་དྭགས་བློ་བཟང་འཇམ་དཔལ་འདིས་ཁོ་རང་གི་ཁ་སྐད་དུ་གང་བདེ་དེ་ལ་༼བོད་ཀྱི་རིག་གཞུང་གི་སྐད་༽ཅེས་མྱིང་ཆེན་རེ་བཏགས་ཡོད་པ་མ་གཏོགས། པ་པོ་་བ་བོ་གང་ལ་ཇི་ལྟར་འཇུག་མིན་དང་ཅིའི་ཕྱིར་འཇུག་མིན་གྱི་རྒྱབ་ལྗོངས་གཏན་ཚིགས་དང་མཐུན་པ་གང་ཡང་མི་འདུག གལ་སྲིད་ཡོད་ན། ཀུན་ལ་ཕན་པའི་ཆེད་དུ་པ་པོ་བ་བོ་སྦྱོར་སྲོལ་ཁུངས་ལུང་དག་པོའི་སྒོ་ནས་མཐར་ཆགས་སུ་བསྟར་ན་འོས་མོད། ཁ་སྐད་བརྗོད་བདེའི་རྗེས་ལ་ཧོབ་རྒྱུགས་བྱས་ཚེ་ཁ་སྐད་ནི་ཁ་སྐད་ཡིན་པས་ལུང་པ་རེ་ལ་ཁ་སྐད་རེ་ཡོད་པ་དང་། ཁ་སྐད་ཙམ་ལ་དབྱེ་འབྱེད་ཀྱིས་ཁ་སྐད་གཅིག་བོད་ཀྱི་རིག་གཞུང་གི་སྐད་ཟེར་བའི་ཅི་ཡིན་འདི་ཡིན་མི་ཤེས་པ་དེ་ཡིན་པ་དང་། གཞན་དག་མིན་པའི་རྒྱུ་མཚན་ཡང་མཐའ་མིའི་བློ་ལ་དབུས་དད་ཡོད་པ་ལས་གཞན་གང་ཡང་ཡོད་ཀྱི་མ་རེད་དོ། ད་ཉོབ་སོང་།
“ང་འ་ར་ལ་དང་མཐའ་མེད་པ་བཅས་ཀྱི་རྗེས་སུ་བ་ཐོབ་པས་དཀར་བོ་དག་པ་རེད་དམ། དཀར་པོ་ཞེས་པ་ལ་དྭགས་པའི་རིག་གཞུང་སྐད་དང་མི་མཐུན་པ་རེད་དམ། ཧ་ཧ་ཧ་།”
ཞེས་པ་འདིས་བོད་ཀྱི་རིག་གཞུང་སྐད་ལ་སྦྱངས་པ་ཆེས་དམན་པར་མཐོང་ཏེ། དཀར་པོ། ཞེས་པ་ལ་དྭགས་པ་ངའི་ཁ་སྐད་དུ་ཡོད་པ་སྐལ་བ་བཟང་། ཁྱོད་བློ་གཟུ་བོར་གནས་པའི་སྒོ་ནས། སྔོན་གྱི་མཁས་པ་དག་གིས་བྲིས་པའི་དཔེ་ཆ་ཞིག་བཀླགས་ཏེ། མིག་ཕྱིས་ལ་ལེགས་པར་ལྟོས། དེ་དག་ན། དཀར་པོ་འདུག་གམ། དཀར་བོ་འདུག ད་ལན་དེ་ཙམ་མོ།
ངས་གང་བཤད་པ་དེ་དག་སྔར་གྱི་བོད་ཀྱི་མཁས་པའི་བྲིས་པའི་ཡི་གེའི་དག་ཆ་དང་བསྟུན་ནས་བཤད་ཀྱི། ལ་དྭགས་པའི་ཁ་སྐད་དང་བསྟུན་ཏེ། བོད་རིག་གཞུང་གི་སྐད། classical Tibetan language མེད་པར་བཟོ་བ་ལ་འབད་པ་མ་ཡིན།
དཔལ་དོན་ལ་ཡང་འདི་བརྗོད་དགོས་པར་མཐོང་སྟེ། མིང་ཚེ་རེ་རེ་བཞིན་སྔོན་གྱི་བོད་ཀྱི་མཁས་པ་རྣམས་ཀྱིས་བྲིས་པ་དག་ལ་ལྟ་དགོས། ཁྱོད་དང་ངས་རང་བཟོ་བྱས་ན། ཁྱོད་ཀྱིས་བཤད་པ་བདེན། དེ་ལྟར་མ་ཡིན་པར་སྔོན་གྱི་མཁས་པ་རྣམས་ཀྱི་མིང་ཚིག་དག་ལ་སྦྱངས། ཁྱོད་ལ་མཁས་བླུན་འབྱེད་པའི་བློ་གྲོས་ཡོད་ན། དེ་བཞིན་དུ་ཁྱོད་ཀྱིས་ཀྱང་སྦྱང་དགོས་ཏེ། ཇི་སྐད་དུ། དག་ཡིག་ཟ་མ་ཏོག་ན།
་
སྐ་ཅོག་རིན་ཆེན་བཟང་པོ་དང་།
བློ་ལྡན་ཤེས་རབ་ས་ཤོང་དཔངས་སོགས།
མཁས་མང་ལེགས་བཤད་བཅུད་མྱངས་ཏེ།
འཕགས་ཡུལ་སྐད་དང་གངས་ཅན་གྱི།
གསུང་རབ་བརྡ་ལ་འདྲིས་པའི་བློས།
དོན་འདིལེགས་པར་བཀོད་པ་ཉིད།།
་
གང་ཞིག་གསུང་རབ་རྣམས་ཀྱི་དོན།
གཏན་ལ་འབེབས་ན་སྨོས་ཅི་འཚལ།
འཇིག་རྟེན་ཕལ་པའི་རྣམ་གཞག་ཅིག
བྱེད་ཀྱང་ཚིག་གི་སྦྱོར་བ་གཅེས།།
་
ཞེས་གསུངས། དག་ཡིག་འདི་ལ་བསྟན་དར་ལྷ་རམས་པས་འདི་ལྟར་བསྟོད་དེ།
་
འོན་ཀྱང་རྩོད་བྲལ་གཞུང་ཆེན་ཟ་མ་ཏོག
ངག་སྒྲོན་མཚོན་པའི་དག་ཡིག་བརྡའི་བསྟན་བཅོས།
བཅུ་ཕྲག་གཉིས་ལས་བརྒལ་བའི་གཞུང་མང་ལ།
གཟུ་དཔང་བཅོལ་ཏེ་དེ་ཙམ་སྨྲ་ལ་སྤྲོ།།
་
བོད་ལྗོངས་མི་དམངས་དཔེ་སྐྲུན་གྱི་སྤར་མ་ན། གཟུ་དབང་། ཞེས་པ་ལ་དོགས་པ་བཟས་པ་བོད་རྒྱ་ཚིག་མཛོད་ལ་བལྟས་པས། དེ་ན་གཟུ་དཔང། ཞེས་པ་བཞིན་ཞུས་དག་བྱས་སོ།
་
བློ་ལྡན་ཤེས་རབ་ས་ཤོང་དཔངས་སོགས། ཞེས་པ། བློ་ལྡན་ཤེས་རབ་ཤོང་དཔང་སོགས། ཞེས་ཞུས་དག་བྱས་སོ།
པ་དང་བ་ཡི་རྩོད་པ་ད་འདི་ཙམ་ནས་མཚམས་བཞག་པ་ལེགས་སྙམ། སྤྱིར་ན་སྐད་ཆ་ཟེར་བ་འདི་ཡང་སྐྱེ་དངོས་ཤིག་རེད། འཕེལ་འགྱུར་གྱི་གནས་ལུགས་འདིའི་རྭ་བ་ལས་བརྒལ་མི་ཐུབ་པ་ཞིག་རེད། འཕེལ་འགྱུར་གྱི་ཁ་ཕྱོགས་གང་དུ་འགྲོ་མིན་ཙམ་མ་གཏོགས། ང་ཚོས་དེ་ལ་སྟངས་འཛིན་བྱེད་མི་ཐུབ།
པ་དང་བ་འདི་ཀློག་སྟངས་ཙམ་དུ་མ་ཟད། མིང་མཐའ་འདྲེན་ཚུལ་གྱི་སྟེང་ནས་ཀྱང་ཨ་མདོ་བ་དང་། དབུས་པའི་བར་ལ་ཁྱད་པ་ཡོད་པ་དངོས་ཡོད་གནས་ཚུལ་རེད། དེ་གཉིས་ལས་གང་ཞིག་དག་པ་གང་ཞིག་དག་པ་མ་ཡིན་པའི་གནས་ལུགས་རང་རྐྱ་བ་ཞིག་སུས་ཀྱང་བཤད་མི་ཐུབ། སི་ཏུ་རིན་པོ་ཆེས་ཀྱང་བརྗོད་བདེ་དབང་བཙན་པར་གསུངས་ཡོད། བརྗོད་བདེ་ཟེར་བ་དེ་གང་ཟག་རང་རང་ལ་ཐུག་པ་ཞིག་རེད།
པ་ཚབ་ལ་བ་སྦྱར་བ་དང་། བ་ཚབ་ཏུ་པ་སྦྱར་བ་གང་ཞིག་བྱས་ཀྱང་། དེས་བོད་ཀྱི་སྐད་ཡིག་རྩ་མེད་མི་བཟོ། དེས་བོད་སྐད་ཡིག་གི་འཕེལ་རྒྱས་ལའང་མི་གནོད། དཔེར་ན། ལྷ་ས་བ་་་་་ཟེར་བ་དང་། ལྷ་ས་པ་་་་ཟེར་བ་གཉིས་ལ་བརྗོད་བདེ་མིན་གྱི་ཁྱད་པར་ཙམ་ལས་དོན་ལ་ཁྱད་པར་གང་ཡང་མི་བཟོ།
དཀར་པོ་དང་་་་དཀར་བ་་་་ཟེར་བ་ལྟ་བུས་མིང་དང་། མཚུངས་པ་བསྡུར་བ་ལག་ལེན་ཁྲོད་ནས་ངེས་དགོས་པ་ཡོད་ཀྱང་། རང་ཅག་གི་བརྡ་སྤྲོད་པའི་གཞུང་ན་འདིའི་རིགས་ལ་གསལ་ཁ་ཕྱེས་ཡོད་པ་ད་སྔ་མ་མཐོང་། ཨ་མདོ་བ་དགེན་དཔའ་རིས་རབ་གསལ་དང་། མཁས་དབང་ཨ་ལགས་དོར་ཞི་ཚང་གཉིས་ཀྱིས་བརྡ་སྤྲོད་པའི་གཞུང་ཅུང་འཐུས་སྒོ་ཚང་བ་རེ་བརྩམས་གནང་མཛད་ཡོད་པ་ལས། སྔ་འགྲེལ་བཅུ་དྲུག་པོའི་རྗེས་ཀྱི་སུམ་རྟགས་འགྲེལ་བ་ཚང་མར་གསར་པ་ཞིག་ལེན་རྒྱུ་ཡོད་པ་ཤིན་ཏུ་དཀོན།
མང་པོ་དང་། མང་བོ་་་ཟེར་བ་གཉིས་ལ་དོན་གྱིས་ཁྱད་པར་གང་ཡང་མེད། གཅིག་ལ་བརྗོད་བདེ་བ་དང་། གཅིག་ལ་བརྗོད་མི་བདེ་བའི་གནད་དོན་དེ། ཁྱད་པར་བའམ། དམིགས་བསལ་བར་ངོས་འཛིན་དང་ངོས་ལེན་བྱེད་རྒྱུ་ལས་བརྡར་ཤ་བཅད་ནས་ཐག་གིས་ཆོད་འགྲོ་བ་ཞིག་མིན།
མང་པོ་དང་། མང་བ་ཟེར་བ་སོགས་མཚུངས་པ་བསྡུར་བའི་རྒྱན་ཚིག་ཁག་ལ་བརྡ་སྤྲོད་པའི་གཞུང་གིས་གསལ་འབྱེད་བྱས་པ་མེད་པས། དེ་དག་ནི་བོད་ཀྱི་རྩོམ་རིག་དང་། དེང་གི་བོད་ཀྱི་འཚོ་བའི་འཕེལ་ཁ་ལ་རྒྱུས་མངའ་ཡོད་མཁན་ཚོས་མྱོང་བས་ངེས་འགྲོ་བ་ཞིག་ཡིན། སྐབས་འདི་འདྲར་སླེབས་དུས། མང་བ་་་་་ཟེར་བ་ལས་མང་པ་་་ཟེར་མཁན་མདོ་དབུས་གཉིས་གང་ན་ཡང་མེད།
ལྡོག་ཏུ་མེད་པའི་སྐད་ཡིག་གི་འཕེལ་འགྱུར་འདི་རང་གི་འདོད་མོས་དང་མཐུན་པའི་ཁ་ཕྱོགས་ཤིག་ཏུ་ཁྲིད་འདོད་ན། མདུན་རྒྱབ་གཡས་གཡོན་གང་རུང་ནས་སྐད་ལོག་བརྒྱབ་པས་གོ་མི་ཆོད། རང་ཉིད་འཕེལ་འགྱུར་འདིར་དངོས་སུ་ཞུགས་ནས་རང་སྟོབས་ཀྱིས་གཞན་དག་རྗེས་སུ་འབྲངས་པར་བྱེད་དགོས། ཐད་ཀར་དུ་བཤད་ན་བོད་ཡིག་སྦྱོང་། དེ་རིང་སྤྱི་ཚོགས་འདིའི་དགོས་མཁོ་བསྐོང་ཐུབ་པའི་རྩོམ་ཡིག་ཕྲིས། ཀློག་མཁན་གྱི་ཁོར་ཡུག་རྒྱ་བསྐྱེད་བྱོས། གོ་བདེ་བ་དང་། སྦྱོར་བ་བདེ་བོས་གཞན་གྱི་བློ་ཁུགས། དེ་ལྟར་བྱས་ན་ད་གཟོད་རང་གི་ལུགས་ལྟར་ཡི་གེ་བྲི་མཁན་མང་དུ་འཕེལ་ཐུབ།
དགེན་ལ་དྭགས་བློ་བཟང་འཇམ་དཔལ་ལགས་སུ་ཆེད་དུ་ཞུ་རྒྱུ།
དགེན་ཁྱེད་རང་ལ་དྭགས་པ་ཞིག་རེད། ཆབ་སྲིད་ཀྱི་ངོ་བོའི་ཐོག་ནས་བཤད་ན་བོད་ལ་ཅི་འབྱུང་ཁྱེད་རང་ལ་ཕན་གནོད་གང་ཡང་མེད། ཡིན་ན་ཡང་། ང་ཚོར་མཚོན་ན། པ་དང་བ་གཅིག་བུའི་རྩོད་རྙོག་ཁྲོད་ནས་ཁ་བྲལ་ཏུ་བུད་སོང་ན་འགྲིག་གི་མི་འདུག དེང་གི་སྤྱི་ཚོགས་འདི་ཞིག་ཆོག་ཆོག་ལ་དྭགས་བྱང་ཐང་འདྲ་བོ་འདུག གནས་སྐབས་འདིར་ང་ཚོར་མཁོ་བ་སྦྱར་རྩི་ལྟ་བུའི་མཐུན་སྒྲིལ་རེད།
མཇུག་ཏུ་གུས་ཞབས་དང་བཅས་མ་ཞུ་ཐབས་མེད་དུ་གྱུར་བ་གཅིག་ཡོད་པ་ནི། དགེན་ཁྱེད་རང་གཞུང་ལུགས་ལ་གོ་བ་ཡག་པོ་ཡོད་མཁན་ཞིག་དང་། ཉམས་ལེན་པ་ཞིག་ཡིན་མིན་ངས་ཅི་གང་ཧ་མི་གོ བོད་སྐད་ཡིག་ལ་ཐུགས་སྣང་ཆེན་པོ་ཡོད་མཁན་ཞིག་ཏན་ཏན་ཡིན་མདོག་འདུག ཡིན་ན་ཡང་། མིག་སྔར་ཉིད་ནས་དྲ་ཐོག་ཏུ་སྤེལ་བཞིན་པའི་རྩོམ་དང་མཆན་དག་ལ་བལྟས་ནས། ཁྱེད་རང་གི་བོད་སྐད་ཡིག་གི་བརྡ་སྤྲོད་པའི་ཆུ་ཚད་ང་ལས་ཞན་པ་མེད་ན་ཡག་ག་ཡོད་པར་ཁས་ལེན་ཐུབ་པ་མི་འདུག དེ་བས། པ་དང་བ་ཙམ་གྱི་དོན་དུ་ཨ་འཐས་སུ་མི་བཞུགས་པར། ལ་དྭགས་ཁུལ་ཏུ་ལ་དྭགས་མི་མང་ལ་ཕན་པའི་ཆེད་དུ་བོད་སྐད་ཡིག་དར་སྤེལ་དང་། བཀོལ་སྤྱོད་ཀྱི་ཁོར་ཡུག་ཅིག་བསྐྲུན་ཐུབ་ན་ཏན་ཏན་ལ་དྭགས་མི་མང་ལ་ཕན་པ་མ་ཟད། བོད་སྐད་ཡིག་ལ་ཡང་ཕན་པ་ཡོད།
དེ་མིན། དགོས་པ་ཤིན་ཏུ་ཆུང་ཞིང་། རྒྱུ་མཚན་གཏན་ནས་མེད་པའི་རྩོད་རྙོག་ཅིག་གི་རྨ་ཁ་རྙིང་པ་ལས་རྣག་ཁྲག་གསར་འདོན་པ་འདི་བོད་ལ་དགེ་བའི་ལས་ཤིག་གཏན་ནས་རེད་མི་འདུག དེ་དོན་དགེན་ལ་དྭགས་བློ་བཟང་འཇམ་དཔལ་ལགས་ཀྱི་ཐུགས་ལ་འདོགས་པར་ཞུ།
གུས་བཅས་འདྲེ་རིག་ལྡན་ནས་ཕུལ།
འདྲེ་རིག་ལྡན་མཆོག་གིས་ཤིན་ཏུ་ནས་དང་འདོད་ཀྱིས་མཆན་བྲིས་པར་དགའ་བ་ཆེ།
སྐད་འགྱུར་སྟངས་ཀྱིས་བཤད་ན། ཁྱེད་ཀྱིས་གསུངས་པ་བཞིན་དུ་བྱུང་འདུག་པར་བྱེད་ཐབས་མེད། བཀའ་འགྱུར་གྱི་དཔེ་ཆ་ཞིག་བཀླག་ན། ཡི་གེའི་དག་ཆ་འདྲ་མིན་སྣ་ཚོགས་བྲིས་ཤོར་བ་མཐོང་དུ་ཡོད། དཔེར་ན། ཅིའི་ཕྱིར། ཅི་ཕྱིར། དེའི་ཚེ། དེ་ཚེ། ཞེས་པ་ལ་སོགས་པ་ལས། སྔ་མ་དེ་དག་དག་པར་སེམས། དེ་བཞིན་དུ། མིང་མཐའ་འདྲེན་ཚུལ་ལ་ཡང་དིང་སང་རྩི་བ་ཡོད་མེད་གཉིས་ཀ་ཡོད་ཀྱང་། བོད་སྐད་སྔར་གྱི་མཁས་པས་བཀོལ་ཅིང་། དེ་བཞིན་བྲིས་པ་ལ་འབད་ན་བོད་སྐད་མི་ཉམས་སྲུང་བ་ལ་དགོས་པ་ཆེན་པོ་ཡོད་པས། རྟགས་འཇུག་མཛད་པ་པོས་གལ་ཆེ་བར་གཟིགས་ཏེ།
་
ཕོ་ཡིས་ཕོ་ཡི་མིང་མཐའ་དྲང་།
་
ཞེས་སོགས་གསུངས་པ་དེ། བཀའ་འགྱུར་གྱི་དཔེ་ཆ་ཞིག་བལྟ་ན། སྩལ་པ། ཞེས་མཐོང་དུ་ཡོད། ལ་དྭགས་པས་བཀའ་་འགྱུར་ལ་རིན་ཐང་ཆེ་ནཔོ་རྩི་བ་བཞིན་དུ། བོད་ཀྱི་ཡུལ་གང་ཡིན་ལ་རྩ་ཆེན་པོས་གུས་ཞབས་བྱེད་པར་སེམས། བཀའ་བསྟན་གསུང་འབུམ་བཅས་ཀྱི་སྐད། ཁ་སྐད་ཀྱིས་ལྷད་མ་ཞུགས་པ་དེ་བཀོལ་ཐུབ་ན། བོད་གཅིག་འགྱུར་འབྱུང་བ་ལ་ཕན། དེ་མིན་ཨ་མདོ་པས་བྲིས་པ་ཞིག བོད་ས་གནས་གཞན་གྱི་མིས་མི་གོ ལ་དྭགས་ཁ་སྐད་དུ་བྲིས་པ་ཞིག། བོད་ས་གནས་གཞན་གྱིས་གོ་ཐུབ་པ་ལྟ་ཞོག ལ་དྭགས་རང་དུ་ལུང་པ་སྟོད་སྨད་གྱི་ཁྱད་ཀྱིས་ཀྱང་གོ་མི་ཐུབ་པ་དངོས་བྱུང་ཡིན། ༡༩༦༥་ལ་སྔོན་མ་ངས་ཁྱད་པར་འཕགས་བསྟོད་དང་། དེའི་འགྲེལ་པ་སློབ་དཔོན་ཤེས་རབ་གོ་ཆས་མཛད་པ་འགྲེམ་པ་ན། ལ་དྭགས་པ་འགའཞིག་གིས་ཅང་གོ་བ་་ཞིག་མི་འདུག་ཟེར། དེ་ལ་བ་ཀུ་ལ་རིན་པོ་ཆེས་མ་སྦྱངས་པར་ག་ལ་གོ གསུངས་པ་དྲན།
ལ་དྭགས་ཁ་སྐད་དུ་འབྲི་བ་བཀག་པ་དང་འགོག་བཞིན་པ་ཡིན། ལ་དྭགས་ཡུལ་ཆུང་ཞིག་ཏུ་འབད་པ་བྱས་ཏེ། བོད་རིག་གཞུང་སྐད་བཀོལ་དགོས་པར་བཤད། བོད་རིགས་ཚང་མས་དེ་ལྟར་འབད་ན། འབྲས་བུ་བཟང་པོ་སྨིན།
རང་རེ་ལ་འགྲན་ཟླ་འབྲལ་བའི་༧རྣམ་འདྲེན་ཡོད་ཀྱང་། གཅིག་སྒྲིལ་མེད་པས་། འབྲས་བུ་ཐོབ་པར་དཀའ་བར་གྱུར། སྔར་ལས་ཡི་གེ་འབྲི་མཁན་མང་ཡང་སོ་སོའི་ཁ་སྐད་དུ་བྲིས་ཏེ། བོད་སྤྱི་སྐད་ཡོངས་ཀྱིས་གོ་བ་ཇེ་སྡུག་ཏུ་འགྲོ།
ལ་དྭགས་པས་རང་གི་ཁ་སྐད་དུ་བྲིས་པ་ཞིག་སློབ་སྦྱོང་མེད་མཁན་སྐྱེ་བོ་་དཀྱུས་མ་ཞིག་ལ་བསྟན་ན་སླ་བས་གོ་བ་འདུག་ཟེར། ལ་དྭགས་ཀྱི་ཁ་སྐད་དུ། ཀྱིས་དང་། ཀྱི་སོགས་མེད་པར་སོང་སྟེ། ཨིས་དང་། ཨི་ལུས་པ་རྗེས་འཇུག་ལ་ཞུགས་ཏེ། བོད་ཀྱི་དང་། བོད་ཀྱིས། ཞེས་པར་བོ་་དི་དང་། བོ་དིས། ཁ་ནས་འདོན་ཀྱང་། དེ་ལྟར་མ་ཡིན་པར་མིང་ཚིག་མ་ཉམས་པར་དགོས་བསམས་ཏེ། བོད་དི་དང་། བོད་དིས། ཞེས་སོགས་འབྲི་བ་ལ་ལ་ཤུགས་རྒྱབ་པར་མཆིས། ལ་དྭགས་པ་སྤྲུལ་སྐུ་ཞིག་གིས་ཆོས་ཀྱི་ཚིགས་སུ་བཅད་པ་དང་། བཤེས་པའི་སྤྲིངས་སོགས་དེ་ལྟ་བུར་བྲིས་ཏེ། གཞོན་སྐྱེས་དག་ལ་འགྲེམས། གནད་དོན་འདི་དག་ལ་གཟིགས་ཏེ། རང་རེའི་རྣམ་འདྲེན་ཆེན་པོས། བཀའ་འགྱུར་དཔེ་ཆ་སོགས་ཕྱག་མཆོད་འབུལ་གྱི་རྟེན་ཙམ་མ་ཡིན་པར་ཀློག་དགོས་པ་ཡིན་ཞེས་ཡང་གསུངས་དང་གསུང་བཞིན་པ་་ཐོས།
དེས་ན་རང་རེ་བོད་རིགས་རྣམས་ཀྱིས་བཀའ་བསྟན་གསུང་འབུམ་རྣམས་ཀྱི་སྐད་དང་མཐུན་པར་འབྲི་ཀློག་བྱེད་པ་གལ་ཆེ་བར་མཐོང་། བདག་གིས་འདི་ལྟར་བྱེད་པ་རང་རེའི་རྣམ་འདྲེན་མཆོག་གིས་སྔོན་མ་ནས་གཟིགས་སམ། ༡༩༦༠པའི་དཀྱིལ་ཙམ་ལ་༧བླ་མ་གང་གི་གསུང་སྐད་ཧིནྡ་སྐད་དུ་སྒྱུར་བ་པོ། ཕ་ཡུལ་དུ་བེམ་པོའི་དགོན་པ་ཞིག་ཏུ་བཞུགས་ཤིང་། འབྲས་སྤུངས་བློ་གསལ་གླིང་གི་གྲྭ་པ། ཝཱ་རཱ་ཎ་སཱིར་ལེགས་སྦྱར་སློབ་གྲྭ་པ། སྐུ་གཤེགས་ཐུབ་བསྟན་མཆོག་སྒྲུབ་ཀྱིས། ཡིད་བཞིན་ནོར་བུས་རྒན་ཁྱེད་ལ་ཐུགས་གཙིགས་ཆེ་བར་མཛད། གང་ཡིན་ནམ་ཞེས་བཤད་་པ་ཡིད་ལ་ཡོད།
འདྲེ་རིག་ལྡན་ཁྱེད་དང་། མདོ་སྨད་པ་མཁས་པ་རྣམས་ལ་ཞུ་དགོས་པ་ཞིག་སྟེ། དགེ་བཤེས་ཤེས་རབ་རྒྱ་མཚོ་དང་། མཁས་དབང་དགེ་འདུན་ཆོས་འཕེལ་བར་དུ། མིང་མཐའི་པ་བ་འདྲེན་ཚུལ་རྣམས་བཀའ་བསྟན་གསུང་འབུམ་དང་མཐུན་པ་མཆིས། དེའི་རྗེས་ཨ་མདོ་མཁས་པ་འགའ་ཞིག་ལ། གཅིག་ན་རྒྱ་ནག་གི་ཡི་གེ་བཀོལ་སྤྱོད་ཀྱི་ཤན་ཞུགས་སམ་སྙམ། རང་གི་རྩོམ་ན་ལྟ་ཅི། རྗེ་ཙོང་ཁ་པ་ཆེན་པོའི་བྱང་ཆུབ་ལམ་རིམ་ཆེན་མོ་སོགས་སྤར་པ་འགའ་ཞིག་གི་ཡང་པ་ཡིག་བ་ཡིག་ལ་བསྒྱུར་པ་མཐོང་། སྟབས་ལེགས་ཀྱིས། ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ནས། སྤར་བསྐྲུན། བུ་སྟོན་ཆོས་འབྱུང་དང་། དེབ་ཐེར་སྔོན་པོ། དགེ་ཆོས་ཀྱི་གསུང་འབུམ་རྣམས་ལ་བསྒྱུར་བཅོས་མེད་པར་མངོན།
“དགེན་ཁྱེད་རང་ལ་དྭགས་པ་ཞིག་རེད། ཆབ་སྲིད་ཀྱི་ངོ་བོའི་ཐོག་ནས་བཤད་ན་བོད་ལ་ཅི་འབྱུང་ཁྱེད་རང་ལ་ཕན་གནོད་གང་ཡང་མེད། ” འདི་ཉིད་ཟང་ཟིང་གི་ངོས་ནས་དེ་ལྟར་ལགས་ཀྱང་། བོད་རིག་གཞུང་ཡང་ཟང་ཟིང་རྙེད་པ་ལ་བསྟེན་དགོས་པས། བོད་ལྗོངས་སུ་དར་རྒུད་ཅི་འབྱུང་གིས་ཁྱིམ་མཚེས་ཀྱི་བོད་རིགས་དག་ལ་དགེ་སྐྱོན་འབྱུང་བ་གདོན་མི་ཟ། ༡༩༥༥ལོར་་ལ་དྭགས་བ་ཀུ་ལ་རིན་པོ་ཆེས་བཀྲ་ཤིས་ལྷུན་པོའི་གུ་གེ་ཁམས་ཚན་ལ་གསུང་བཤད་དུ། བོད་དབུས་གཙང་དུ་བོད་ཀྱི་རིག་གཞུང་མེད་པར་སོང་ན་མི་འགྲིག ལ་དྭགས་ལྟ་བུ་ཡུལ་ཆུང་ཆུང་ཞིག་ཏུ། བོད་ཀྱི་རིག་གཞུང་འཛུགས་པ་ལས་སླ་བ་ཡིན་གསུངས་པ་དྲན།
དགོངས་དག་ཉིན་གང་སློབ་གྲྭའི་ལས་བྱེད་པར་འགྲོ་དགོས་བྱུང་། ཡི་གེ་མ་དག་པ་དང་། ཆད་ལྷག་ཡོད་པ་དག་ལ་ཞུས་དག་མཛོད།
ལ་དྭགས་བློ་བཟང་འཇམ་དཔལ་མཆོག་ལ་གུས་ཞབས་ཆེན་པོ་ཡོད།དངོས་གནས་དྲང་གནས་ཁོང་ནི་བོད་མི་རིགས་ཀྱི་ཤ་ཞེན་ཡོད་པ་དང་བོད་རིག་གཞུང་ལ་གཅེས་སེམས་གནང་མཁན་ཅིག་འདུག་པས་རྗེས་སུ་ཡི་རང་ཤིན་ཏུ་ཆེན་པོ་ཡོད།ཁོང་ལྟ་བུ་མི་གང་མང་ཧི་མ་ལ་ཡ་ས་ཁུལ་དུ་ཡོད་ན།བོད་ནང་རྒྱ་མིས་བོད་ཀྱི་ཆོས་རིག་གཏོར་བཤིག་བཏང་བ་ཁག།རྒྱ་གར་ཧི་མ་ལ་ཡ་ནས་བསྟན་པའི་མེ་རོ་སླར་གསོ་གནང་ཐུབ་པར་ཐེ་ཚོམ་བྲལ།
རྒན་ལ་དྭགས་པ་ལགས། ཨ་མདོའི་གསར་བུ་ཚོར་བཀའ་བསྟན་སོགས་གཞུང་ལུགས་ལ་གཞི་རྩ་འཛིན་ནི་མ་རེད། གྲོང་སྐད་ལུང་སྐད་དེ་ཚོ་དག་དག་བདེ་བདེ་ཡིས་བོད་ཀྱི་སྤྱི་སྐད་བརྡ་དག་ལ་སྣང་མེད་བཏང་གི་རེད། དཔེར་ན། གསལ་བྱེད་བ་ཡིག་འདིར་སྒྲ་འབྱིན་སྟངས་ནས་ནོར་ཚབ་ཆེ། གསལ་བྱེད་སུམ་ཅུའི་སྡེ་ཚན་སོ་སོའི་སྐྱེ་གནས་གྱིས་སྒྲ་འབྱིན་ཚུལ་གྱི་བོད་ཀྱི་བརྡ་དག་གི་གཞུང་ལུགས་དང་མཐུན་གྱི་མ་རེད། དེ་ཙམ་གང་ནས་ཚོད། དཀར་པོ་ལ། དཀའ་རོ། དམར་པོ་ལ། དམའ་རོ། ཞེས་མིང་ཚིག་སོགས་ལ་སྒྲ་སྦྱོར་མ་དག་པ་ཤིན་ཏུ་མང་པོ་རེད། བདག་སྒྲ་པ་ལ་བརྗོད་བདེ་མེད་སར་བདག་སྒྲ་འགའ་ལ་བ་བརྗོད་བདེ་དང་བདག་སྒྲ་བཤད་སྡོད་པ་ནི་ཡུལ་སྐད་དང་གྲོང་སྐད་འགའ་ལ་བདེ་མིན་ཙམ་ལས་བོད་ཀྱི་སྤྱི་སྐད་ལ་བདག་སྒྲ་པ་དང་པོརབརྗོད་མི་བདེ་བའི་དཀའ་ངལ་མེད་ལ་བརྡ་དག་གཞུང་དང་བཀའ་བསྟན་ཚད་མ་རྣམས་དང་མཐུན་པའི་མིང་མཐའི་བདག་སྒྲ་ཞིག་རེད།
རྒྱལ་རོང་བ་ནི་ཨམ་སྐད་ལ་ཆ་རྒྱུས་ཡ་རྒྱུས་ཅི་གང་མེད་བསྡད་པ་ཞིག་ཡིན་པ་འདྲ། ཨ་མདོ་བ་ཚོས་དམའ་རོ་དང་དཀའ་རོ་སོགས་རྩ་བ་ནས་མི་ཟེར། དམར་རོ། དཀར་རོ་ཟེར་བ་རེད། དེ་ལ་རང་སྒྲ་འདྲེན་པ་དང་བརྗོད་བདེ་བའི་དགེ་མཚན་ཆེན་པོ་ཡོད།
ལྷ་ས་བས་སྐུ་མཁྱེན་ཟེར་བ་ལ། ཨ་མདོ་བས་ལྷ་ས་བ་ཚོས་ཀུའུ་ཆེ་ཟེར་རབས་བཤད་པ་ཡིན་ན་ཨ་མདོ་བ་ཚོ་ནོར་བ་རེད། རྣ་ཤེས་ལ་རྐྱོན་ཤོར་བ་རེད། ཁྱེད་རང་དེ་དང་གཅིག་པ་རེད། རྗེས་སུ་སོ་སོས་མི་ཤེས་ས་དེར་མཆུ་གཡུག་གི་མ་འདུག། དྲིན་ཆེན་པོ། བདག་གཞན་གཉིས་ལ་མི་ཕན་པའི་གཏམ་འཆལ་རེད།
ཨ་མདོའི་གཞོན་སྐྱེས་ཚོའི་ཀླད་པའི་ནང་ལ་དམར་པོའི་ལྟ་བ་ཤན་ཤུགས་ཆེ་གི །ཁག་མེད་གི་བསམ་གི །དེ་སྐྱོན་ཞིག་ཡིན་མིན་དང་འགོས་ནད་ཅིག་ཡིན་མིན་བསམ་བློ་གཏོང་རྒྱུ་ཡོད་པ་འདྲ།
འཇིག་རྟེན་ལྟ་ཚུལ་ཅི་གང་མེད་པའི་ཟོག་རྫི་ཞིག་བྱེད་པ་ལས། དམར་པོའི་ལྟ་གྲུབ་ཀྱིས་ཟིན་བསྡད་པ་ཅིག་བྱུང་ན་དགའ་བ་ལ། ཧ་ཧ་ཧ་་་་
དམར་པོའི་ལྟ་བ་ཟེར་བ་འདི་ཆུང་ཆུང་ཞིག་རྩ་བ་ཉིད་ནས་མ་རེད་ཀྱང་། བཙན་བྱོལ་གྱི་སྐད་འབོད་པ་ཚོའི་ཁ་ནང་དུ་ལྷུང་བ་ནས་དམར་པོའི་ལྟ་བ་ནི་གླེང་རན་ཅི་ཡང་མེད་པ་ཞིག་དང་། རྒྱ་མི་ནི་གསོད་དགོས་པ་ཞིག རྒྱ་རྒྱུད་རེད་ཅེས་བརྗོད་ཚེ་མི་གྲལ་དུ་མེད་པ་ལྟ་བུའི་སེམས་ཁམས་ཤིག་འདུག་མོད། འདི་ལྟ་བུའི་དགོད་བྲོ་བ་ཞིག་ཁྱོན་ནས་མེད།
མདོར་ན་བོད་ལ་བོད་རིགས་གཙང་མ་ཞེས་གཞན་ལས་མཆེད་པ་མ་ཡིན། གཞན་ལ་མཆེན་པའང་མ་ཡིན་པའི་རིགས་ཤིག་ཡོད་པའི་དཔེ་སྲིད་ཀྱི་མ་རེད། བོད་རྣམས་སྤྲེའུ་དང་བྲག་སྲིན་ལས་མཆེན་པའི་སྒྲུང་བཤད་པའི་དུས་ནི་འཛམ་པའི་གླིང་གཞན་དུ་མིའི་རིགས་བྱུང་ནས་རྒྱུན་རིང་ཞིང་། མཐའ་ན་ཤེས་རིག་ཀྱང་དར་ཟིན་པས་སྐབས་ཤིག་ཡིན་པས་དེ་ལྟ་བུའི་དུས་སྐབས་ཤིག་ལ་སྤྲེའུ་ལས་མི་ཞིག་བྱུང་མི་སྲིད་དོ།
ཁ་སྔོན་ཟླ་བརྒྱད་པའི་ནང་རྒྱ་ཞིག་གིས་རྩོམ་ཡིག་ཅིག་ཏུ་ང་ཚོ་ཚང་མ་བཙན་འཛུལ་བའི་རྒྱུད་པ་རེད། ང་ཡི་མེས་པོ་ཨ་ཧྥུ་རི་ཁ་བ། ང་ཡི་མེས་རྒྱལ་ཨ་ཧྥུ་རི་ཁ་ཅེས་སོགས་བྲིས་འདུག་པ་ལ་གོ་རྒྱུ་ཆེན་པོ་ཡོད་པས་བླུན་རྨོངས་ཀྱི་རིགས་ཞེན་དོར་ནས། སྤྱི་བའི་ཁེ་ཕན་ཅན་གྱི་སེམས་ཁམས་ངོས་ཀྱི་མི་རིགས་དེ་དང་། ཚོགས་སྡེའི་དེའི་དོན་ལ་བརྩོན་ན་ལེགས་པོ་མ་རེད་དམ།
ལ་དྭགས་པ་ལགས་ཀྱིས་བ་བོ་དང་པ་པོ་ཡི་མིང་མཐའ་འདྲེན་ཚུལ་རྩ་ཚིག་ཅིག་བཟོ་རོགས། ཧ་ཧ་ཧ་ཧ་་་་་་་་
བ་པ་རྩད་ན་བློ་འཇམ་གོ་བ་མེད།།
ཁ་ཚིག་འཕངས་ན་བློ་འཇམ་རིག་པ་མེད།།
སྔོན་གྱི་མཁས་པ་ཡང་ཡང་གསུངས་ནའང་།།
མཁས་མང་མགྲིན་གཅིག་གསུང་སྲོལ་ཡོད་མ་ཡིན།།
ཞོལ་གྱི་བཀའ་འགྱུར་སྡེ་དགེ་བཀའ་འགྱུར་དང་།།
པེ་ཅིང་དཔར་མ་ལ་སོགས་བཀའ་བསྟན་ཡང་།།
དེང་གི་དུས་ན་གཤིབ་བསྡུར་བྱེད་དགོས་པས།།
སྔོན་གྱི་མཁས་པའི་ཚད་ཤིང་སུ་ཞིག་རེད།།
དེ་ལས་རེད་དང་མ་རེད་རྩོད་པའི་དོན།།
རྩ་བ་ཨ་ནུའི་ཐུགས་ལས་ཉེར་འཁྲུངས་པའི།།
སུམ་རྟགས་ཕྱི་མོར་ལེགས་བཅོས་རིམ་བྱས་ཀྱི།།
དེང་ཡོད་བརྡ་སྤྲོད་ཁྲིམས་ཤིག་བསྟན་ན་དགའ།།
གནམ་ལགས། ཨ་མདོ་པས་དཀར་པོ་དང་དམར་པོར། དཀར་རོ། དམར་རོ། ཞེས་བརྗོད་པ་ཡིན་ན། རྗེས་འཇུག་ར་ཡིག་གཅིག་དང་མིང་མཐའ་རོ་ཡིག་ཅིག་བཅས་ར་ཉིས་རྩིག་ཐོན་ཡོང་གི་མ་རེད། དེས་ན་སྒྲ་ལོག་ཨ་ལོག་ཡང་ལོག་འགྲོ་ཡི་རེད། ཨ་མདོ་པས་སྔོན་རྗེས་ཀྱི་སྒྲ་དག་པོ་ཀློག་གི་ཡོད་ཚུལ་ཁྱེད་རང་ཚོས་བཤད་ཀྱི་འདུག་ཀྱང་། རྗེས་འཇུག་འགའ་རེར་སྒྲ་ལྷག་དང་འགའ་རེ་སྒྲ་ཆད་པའི་ཚུལ་གྱི་ཀློག་གི་རེད། དཔེར་ན། ཁྱེད་ཞེས་པར་ཨ་མདོ་པས་ཁྱོའ་ཞེས་འདོན་གྱི་རེད། རྗེས་འཇུག་ད་ཡིག་གཏན་མེད་ཚུལ་གྱི་སྒྲ་ལས་ཐོན་གྱི་མ་རེད། དེར་ཡིག་སྐད་དང་ཁ་སྐད་ཀྱིས་ཁྱད་པ་ཡང་ཡོད་ནི་མ་རེད། སྐུ་མཁྱེན་ཞེས་པར་ལྷ་ས་པས་སྐུ་མཁྱེན་ཞེས་སྒྲ་དེ་རང་ཀློག་གི་རེད། འོན་ཀྱང་ལྷ་སའི་ཁ་སྐད་དུ་སྐུ་ཆིའི་ཞེས་པ་ནི་ཁ་བརྡ་བྱེད་པའི་སྐབས་སུ་ཡུལ་སྐད་ཙམ་རེད། གྲོགས་པོ་ལག།
ར་སྒྲ་ཉིས་རྩིག་ཐོན་ཡོང་གི་མ་རེད་དམ། ཞེས་བཅོས།
“ལ་དྭགས་པ་ལགས་ཀྱིས་བ་བོ་དང་པ་པོ་ཡི་མིང་མཐའ་འདྲེན་ཚུལ་རྩ་ཚིག་ཅིག་བཟོ་རོགས། ཧ་ཧ་ཧ་ཧ་་་”
བོད་ཀྱིས་རིག་གཞུང་ལ་གཅེས་པ་རྣམས་ཀྱིས་བསྐྲུན་པའི་བཀའ་འགྱུརདང་བསྟན་འགྱུར་གྱི་་གླེགས་བམ་བྲིས་མ་དང་། སྤར་མ་མང་པོ་བཞུགས། དིང་སང་ངས་ཆེད་དུ་བརྗོད་པའི་ཚོམས་ཀྱི་འགྲེལ་པ་སྡེ་དགེ་བསྟན་འགྱུར་ན། པོ་ཏི་གཉིས་ཡོད་པ་དུས་དུས་སུ་ཀློག་པ་ལ་འབད། དེ་བཞིན་ཁྱོད་ཀྱིས་ཀྱང་བཀླགས་ཏེ། རང་གི་བློ་གྲོས་ཀྱི་རྨ་བྱའི་མདོག་མཛེས་པར་བྱས་ན། བོད་ཀྱི་རིག་གཞུང་གི་ལྡུམ་རྭར་མཁས་པའི་བགྲོ་གླེང་གི་གར་འཁྲབ་པའི་འོས་སུ་འགྱུར་རོ།
མཆན།181པ། མིག་བརྒྱད་པ་ལགས། ཁྱོད་ཀྱི་ལོག་རྟོགས་སྙིང་སྟོབས་ཀྱི་བརྒལ་ལན་དེ་དེབ་ཏོག་ཏུ་བཀོད་ཡོད་དམ། དྲ་ཐོག་ལ་འཐུས་ཚང་བཀོད་ཡོད་དམ། གང་ནས་བལྟ་ཐུབ་གསལ་བཤད་ཅིག་ཡོད་པར་ཞུ། །
ལོག་རྟོགས་སྙིང་སྟོབས་རྡོ་དང་དབྱུག་པས་འདྲ་དགག་ན་མ་གཏོགས་དངོས་ཡོད་གནས་ཚུལ་དང་དངོས་སྟོབས་རིགས་པའི་ཐོག་ནས་ཅང་དགག་ཁག་པོ་ཡིན་གྱི་རེད་པ།
རྒན་ལ་དྭགས་པ་བློ་བཟང་འཇམ་དཔལ་དང་དྲི་མེད་ལྷག་བསམ་སོགས་ཁ་བརྡ་ཚང་གི་དྲ་གྲོགས་ཡོངས་ལ་འཚམས་འདྲི་ཡོད། །མཚམས་མཚམས་སུ་ཁ་བརྡ་ཚང་ལ་ཡོང་ནས་ཁྱེད་རྣམ་པས་གསུང་ལ་དོ་སྣང་ཆེན་པོས་ལྟ་གི་ཡོད། ལོག་རྟོག་སྙིང་སྟོབས་ཀྱི་བརྒལ་ལན་འཕྲུལ་དེབ་ཏུ་མཐོང་མྱོང་། ཉིད་ཀྱི་སྐད་འཕྲིན་ནས་མ་གཏོགས་བསྐུར་མི་ཐུབ་གི་ལགས།
སློབ་དཔོན་མིག་བརྒྱད་པ་དང་། མང་ཐོས་གཟུ་བོར་གནས་པ་དྲི་མེད་ལྷག་བསམ་དང་། རྣམ་དཔྱོད་ཀྱི་དཔལ་དང་ལྡན་པ་ཅོ་རི་ཉི་མ་སོགས་དྲ་རྒྱར་གཟིགས་པ་ཡོངས་ལ་མཚམས་འདྲི་ཞུ། བོད་སྐད་ཡིག་དག་ཆ། ལ་དྭགས་བློ་བཟང་འཇམ་དཔལ་སོགས་ཀྱིས་མ་རྟོགས་པ་དང་། ལོག་པར་རྟོག་པ་རྣམས་ཚར་བཅད་པའི་ཕྱིར། བོད་རིགས་སུ་ཡིན་གྱིས་འབད་པ་འདི་ཉིད་སྤྱི་ཚོགས་ཀྱི་ཞབས་འདེགས་ཡིན་པར་རང་རེའི་རྣམ་པར་འདྲེན་པ། ༧གོང་ས་རྒྱལ་བ་ཕྱག་ན་པདྨས་གསུངས་སོ།
འདིར་བོད་ཀྱི་བརྡ་སྤྲོད་པའི་གཞུང་ཤེས་འདོད་འབའ་ཞིག་དོན་དུ་གཉེར་ནས་བགྲོ་གླེང་མཁན་དག་ལ་ཞུ་རྒྱུར། རང་རེའི་མིང་མཐའ་འདྲེན་ཚུལ་བཤད་པ་ལ་རྩ་བའི་རྗེས་འཇུག་གི་རྟགས་གསུམ་ངོས་ཡང་དག་ཟིན་དགོས། ཅི་སྟེ་མིང་མཐའ་འདྲེན་པ་པོར་གཅིག་གྱུར་གྱི་ངོས་འཛིན་ཞིག་དང་གོ་བ་ཞིག་མ་ངེས་པ་ལ། དེས་འདྲེན་པར་བྱ་བའི་མང་མཐའ་ནི་ངོས་ཟིན་དུ་མེད་པའི་མོ་གཤམ་གྱི་བུ་ལྟ་བུ་ཡིན། དེས་ན། བདག་གིས་ན་ཚོད་ཆུང་ངུའི་དུས་སུ་ཟིན་བྲིས་བཏབ་པ། རྗེས་འཇུག་གི་རྟགས་གསུམ་ངོས་འཛིན་ཚུལ་མི་འདྲ་བ་ཁག་ཅིག་འདིར་འགོད་རྒྱུ་ཡིན། ཟིན་བྲིས་ཞིག་རལ་ཏུ་སོང་འདུག་པ་དང་། དེབ་ཀྱི་མིང་དང་ས་བཅད། ཤོག་གྲངས་སོགས་གང་དུ་གསལ་མིན་བྲིས་མི་འདུག་པས་འདིར་འགོད་ཐབས་བྲལ། གང་ལྟར། དྲན་སོས་པ་ཞིག་ལ་འདི་དག་ལས་མང་པོ་ཞིག་ཐོན་མིའི་ཞལ་ལུང་དུ་དྲངས་ཡོད་བསམ།
༡ དབུས་པ་བློ་གསལ་འབུམ། ས་བ་ད་ཕོ། འ་ར་མོ། ག་ན་ང་མ་ལ་མ་ནིང་།
༢ ཞ་ལུ་ཆོས་ལེགས། ད་ས་ཕོ། འ་མོ། ག་ང་ན་བ་མ་ར་ལ་མ་ནིང་།
༣ ལྕང་སྐྱ་རོལ་བའི་རྡོ་རྗེ། ད་བ་ས་ཕོ། འ་ར་མོ། ག་ན་ང་མ་ལ་མ་ནིང་།
༤ ཟུར་མཁར་བློ་གྲོས་རྒྱལ་པོ། ད་བ་ས་ཕོ། ག་ང་མ་མ་ནིང་། ན་ར་ལ་འ་མ་ནིང་།
༥ པྲ་ཏི་རིན་ཆེན་དོན་གྲུབ། ས་ད་བ་ཕོ། ག་ར་ལ་ང་ན་མ་མོ། འ་མ་ནིང་།
༦ སི་ཏུ་པན་ཆེན། ག་ད་བ་ས་ཕོ། ང་མ་འ་མོ། ན་ར་ལ་མ་ནིང་།
འདིའི་སྐོར་ཞིབ་གསལ་ཞིག་དགེན་དམ་པ་འགོས་པདྨ་རྒྱལ་མཚན་གྱི་བརྡ་སྤྲོད་དེབ་ཅིག་ཏུ་གསལ་ཡོད་བསམ་སོང་། གང་ལྟར། དེ་དང་དེ་ལ་སོགས་པ། རྗེས་འཇུག་ནང་གསེས་ཀྱི་སྐྱེས་བུ་རབ་འབྲིང་ཐ་གསུམ་ལ་ཡང་ངོས་འཛིན་སྟངས་མི་འདྲ་བ་ཡོད།
འདི་དག་གཞུང་ལུགས་ཁོ་ནའི་ཁྱད་པར་ཙམ་མ་རེད། གནའ་ནས་ད་བར་དུ་མཁས་པ་རྣམས་ལ་རྗེས་འཇུག་གི་ཐོབ་ཐང་དང་། མིང་མཐའ་འདྲེན་ཚུལ་མི་མཐུན་པ་མང་པོ་བྱུང་ཡོད། གོང་གསལ་གྱི་མཁས་པ་རྣམས་ཀྱི་འདོད་ཚུལ་མི་མཐུན་པ་དེ་ས་ཁུལ་གྱིས་དབྱེ་བཞག་པ་གང་ཡང་མ་རེད། བོད་ཀྱི་བརྡ་སྤྲོད་གཞུང་ལུགས་ལ་སློབ་སྦྱོང་ཕྲན་ཙམ་བྱས་མྱོང་མཁན་ཞིག་ཡིན་ན་ཁོང་ཚོ་གང་ནས་ཡིན་གསལ་བོར་ཤེས་ངེས་རེད།
མདོར་བསྡུས་ན། སྔ་མོའི་བཀའ་བསྟན་གྱི་དག་ཆ་ཟེར་ནས་སྐད་རྒྱབ་པ་དེས་དཀའ་ངལ་གང་ཡང་སེལ་མི་ཐུབ། བརྡ་སྤྲོད་པ་ཟེར་བ་དེ་འགྱུར་དགོས་པ་ཁས་ལེན་བཞིན་དུ། ཤིང་པར་དུ་གང་ཐེབས་པ་དེ་ཉིད་ཨ་འཐས་སུ་འཛིན་དགོས་ཟེར་བ་གཉིས་འགལ་བ་རེད། དེ་གཅིག་རེད།
གཉིས་ནས། པ་དང་བ་གཉིས་ཀྱི་མིང་མཐའ་འདྲེན་ཚུལ་ཞིབ་འཇུག་སླད་བཀའ་བསྟན་ཡོངས་རྫོགས་བཀླགས་ཡོད་མཁན་སུ་ཡང་ཡོད་རྒྱུ་མ་རེད། བྱས་ཙང་། ཤོག་ངོས་རེ་ཟུང་ལ་བལྟས་ནས་བོད་ཀྱི་ཤིང་དཔར་ཚང་མ་འདི་འདྲ་རེད་ཟེར་ན་ནོར་བ་རེད།
བོད་ཀྱི་སུམ་རྟགས་བརྡ་དག་གྲགས་ཆེན་ཁག།
༡ཡར་འབྲོག་པ་རིན་ཆེན་ཏོག་གིས་མཛད་པའི་སུམ་རྟགས་འགྲེལ་བ་རིན་པོ་ཆེའི་ཟ་མ་ཏོག
༢ གོ་བོ་རབ་འབྱམས་པ་བསོད་ནམས་སེང་གེས་༡༤༢༩ནས་༡༤༨༩མཛད་པའི་སུམ་རྟཊ་འགྲེལ་བ།
༣དགེ་ཡེ་བ་ཚུལ་ཁྲིམས་སེང་གེས་མཛད་པའི་རྟགས་འགྲེལ་བ་ཉི་མའི་འོད་ཟེར།
༤པཎ་ཆེན་ཤཱཀྱ་མཆོག་ལྡན་གྱིས་༡༤༢༨ནས་༡༤;’༧མཛད་པའི་སུམ་རྟགས་འགྲེལ་བ།
༥ ཞྭ་ལུ་ལོ་ཙཱ་བ་ཆོས་སྐྱོང་བཟང་པོས་༡༤༤༡ནས་༡༥༢༧སྐུ་ཚེ་སྟོད་ལ་བརྩམས་པའི་སུམ་རྟགས་འགྲེལ་བ་རྣམ་པར་གསལ་བའི་ལེགས་བཤད།
༦ དཔའ་བོ་གཙུག་ལག་ཕྲེང་བས་༡༥༠༩ནས་༡༥༦༦མཛད་པའི་སུམ་རྟགས་འགྲེལ་བ་གསལ་བྱེད་སྒྲོན་མེ།
༧ ཟུར་མཁར་བ་བློ་གྲོས་རྒྱལ་བོས་༡༥༠༩ནསkམཛད་པའི་སུམ་རྟགས་འགྲེལ་པ་གསལ་བྱེད་དགའ་སྟོན།
༨རབ་འབྱམས་སྨྲ་བ་ཆོས་རྒྱལ་གིས་མཛད་པའི་སུམ་རྟགས་འགྲེལ་བ་བློ་གསལ་མགུལ་རྒྱན།
༩ ཞྭ་ལུ་བ་ཆོས་ལེགས་ཀྱིས་མཛད་པའི་སུམ་རྟགས་འགྲེལ་བ་མཁས་པའི་ཡིད་འཕྲོག།
༡༠ ཐོན་མིའི་གདུང་བརྒྱུད་ལས་འཁྲུངས་པ་པཎ་ཆེན་བྱམས་པ་གླིང་༡༤༠༠ནས་༡༤༧༥བས་མཛད་པའི་སུམ་ཅུ་བའི་འགྲེལ་བ་ཞིབ་མོ་རྣམ་འཐག་སོགས་མཐའ་ཡས་པ་ཡོད་པ་ལས། དེར་སང་འགའ་རེ་མ་གཏོགས་ཕལ་ཆེ་བའི་དཔེ་རྒྱུན་ཡང་དཀོན་པར་སྣང་ངོ།།
༡༡ པྲ་སྟི་དགེ་བཤེས་རིན་ཆེན་དོན་གྲུབ་ཀྱིས་མཛད་པའི་སུམ་ཅུ་བའི་འགྲེལ་བ་ཀུན་ཏུ་བཟང་པོའི་དགོངས་རྒྱན་དང་།རྟགས་འཇུག་བཤད་སྦྱར་ཚིགས་བཅད་མ། རབ་བྱུང་བཅུ་གཉིས་པའི་སྟོད་ཙམ་ལ་བརྩམས།
༡༢ ཅོ་ནེ་གྲགས་པ་བཤད་སྒྲུབ་༡༦༢༥ནས་༡༧༤༨ཀྱིས་མཛད་པའི་སུམ་རྟགས་འགྲེལ་བ་ཚིག་དོན་གསལ་བྱེད་སྣང་བ།
༡༣ ཀརྨ་སི་ཏུ་གཙུག་ལག་ཆོས་ཀྱི་སྣང་བས་༡༧༠༠ནས་༡༧༧༤མཛད་པའི་སུམ་རྟགས་འགྲེལ་ཆེན་མཁས་པའི་མགུལ་རྒྱན་མུ་ཏིག་ཕྲེང་མཛེས།
༡༤ ཨ་ཀྱ་བློ་བཟང་བསྟན་པའི་རྒྱལ་མཚན་གྱིས་༡༧༠༨ནས་༡༧༦༨མཛད་པའི་སུམ་རྟགས་འགྲེལ་བ་བློ་གྲོས་པསྨོ་འབྱེད་པའི་སྣང་བ།
༡༥ ལྕང་སྐྱ་རོལ་བའི་རྡོ་རྗེས་༡༧༡༧ནས་༡༧༨༦མཛད་པའི་སུམ་རྟགས་འགྲེལ་བ་བློ་ལྡན་དགའ་ཨོ།
༡༦དངུལ་ཆུ་རྙརྨ་ལྷ་དྲས་མཛད་པའི་སུམ་རྟགས་འགྲེལ་བ་སི་ཏུའི་ཞལ་ལུང་།
༡༧ དངུལ་ཆུའི་དབོན་པོ་དབྱངས་ཅན་གྲུབ་པའི་རྡོ་རྗེས་མཛད་པའི་སུམ་ཅུ་བའི་སྙིང་པོ་ལེགས་བཤད་ལྗོན་པའི་དབང་པོ་དང་།རྟགས་འཇུག་གི་དཀའ་གནད་གསལ་བའི་མེ་ལོང་།
༡༨ གཙོས་གསེར་ཁྲི་བློ་བཟང་རྒྱལ་མཚན་སེང་གེས་༡༧༥༧ནས་༡༨༤༩མཛད་པའི་སུམ་ཅུ་བའི་འགྲེལ་བ་ཉིན་མོའི་སྣང་བ་དང་།རྟགས་འཇུག་འགྲེལ་བ་ནོར་བུའི་རྒྱན་ཕྲེང་།
༡༩ ཨ་ལག་ཤ་ངག་དབང་བསྟན་དར་གྱིས་མཛད་པའི་སུམ་རྟགས་འགྲེལ་བ་སྐལ་ལྡན་ཡིད་ཀྱི་པདྨ་འབྱེད་པའི་སྣང་མཛོད།
༢༠ དགའ་བཞི་བ་རྡོ་རིང་བསོད་ནམས་བསྟན་འཛིན་དཔལ་འབྱོར་ཚེ་རིང་གིས་བརྩམས་པའི་སུམ་རྟགས་འགྲེལ་བ་ཨུཏྤ་ལའི་རྣ་རྒྱན།
༢༡ གསེར་ཏོག་བློ་བཟང་ཚུལ་ཁྲིམས་རྒྱ་མཚོས་༡༨༤༥ནས་༡༨༩༡༥བར་མཛད་པའི་སུམ་རྟགས་འགྲེལ་བ་ངོ་མཚར་འཕྲུལ་གྱི་ལྡེ་མིག
༢༢ ཟེ་ཆེན་རྒྱལ་ཚབ་པདྨ་འགྱུར་མེད་རྣམ་རྒྱལ་གྱིས་ཡི་གེའི་བརྡ་དག་གསལ་བར་སྟོན་པའི་བསྟན་བཅོས་བློ་གསལ་མགུལ་རྒྱན།
༢༣ ཚེ་ཏན་ཞབས་དྲུང་གིས་བརྩམས་པའི་གངས་ཅན་བོད་ཀྱི་བརྡ་སྤྲོད་པའི་བསྟན་བཅོས་སུམ་ཅུ་བ་དང་རྟགས་འཇུག་གི་རྣམ་གཞག་རྒྱ་ཆེར་བཤད་པ་ཐོན་མིའི་ཞལ་ལུང་།
རྒྱལ་རོང་ལགས་ཀྱིས་བཤུ་འཕྲོ་གཉིས་སྐྱུར་བཞག་འདུག
༢༤དམུ་དགེ་བསམ་གཏན་གྱིས་བརྩམས་པའི་བོད་ཀྱི་ཡི་གེའི་སྤྱི་རྣམ་བློ་གསལ་འཇུག་ངོགས།
༢༥ ཉན་ཤུལ་མཁྱེན་རབ་འོད་གསལ་གྱིས་བརྩམས་པའི་རྟགས་ཀྱི་འཇུག་པའི་དཀའ་འགྲེལ་གནད་ཀྱི་སྒྲོན་མེ།
ཡོང་ཁུངས། http://www.tibetanms.cn/jxsc/jfzl/zyw/2013-05-20/17111.html
གོང་གསལ་སུམ་ཅུ་པ་དང་རྟགས་ཀྱི་འཇུག་པའི་འགྲེལ་མཛད་རྣམས་དང་། དཔེ་ཆའི་མཚན་བཀོད་པར་བཀའ་དྲིན་ཆེ། བོད་ཀྱི་བརྡ་སྤྲོད་སྐོར་འཚོལ་སྒྲུབ་བྱེད་པ་དག་ལ་ཕན། སྤྱི་ལོ་༡༢༠༡༣ ཟླ་༡༡ པའི་ཁུ་ནུ་པ་མཁས་དབང་སེམས་པ་རྡོ་རྗེ་མཆོག་དང་སུམ་རྟགས་ཀྱོ་སྐོར་ལ་བགྲོ་གླེང་དུ། དབུས་པ་བློ་གསལ་དེ་ཉིད་དུས་རབས་བཅུ་གཅིག་པར་བྱུང་བར་བཤད་སོང་། དེ་ཡིས་མཛད་པའི་སུམ་རྟགས་ཀྱི་འགྲེལ་པ་ཡོད། ཅེས་མཁས་དབང་དེ་ཡིས་གསུངས་སོང་། འདི་དང་། “དེ་དང་། ༡ དབུས་པ་བློ་གསལ་འབུམ། ས་བ་ད་ཕོ། འ་ར་མོ། ག་ན་ང་མ་ལ་མ་ནིང་། ” ཞེས་པའི་དབུས་པ་བློ་གསལ་གཅིག་ཏུ་འདོད་དམ། དེ་ལྟར་ཡིན་ན། བོད་ཀྱི་ལོ་རྒྱུས་སྨྲ་བ་མཁས་དབང་ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་ཀྱིས་སུམ་ཅུ་པ་དང་རྟགས་ཀྱི་འཇུག་པའི་ཚིགས་བཅད་ཕལ་ཆེ་བ་ས་པཎ་གྱི་ཡི་གེ་སྦྱོར་བ་ནས་བླངས་ཏེ། མཁས་མཆོག་ཐོན་མི་ལ་ཁ་གཡར་བྱས་པ་ཡིན་པར་བཤད། དེ་ལྟར་བོད་པ་དང་བོད་པ་མ་ཡིན་པའི་མཁས་པ་མཁས་མ་མང་པོས་ཀྱང་བཤད། བོད་ཀྱི་མཁས་དབང་། ཁང་དཀར་ཚུལ་ཁྲིན་སྐལ་བཟང་ཡང་དེ་དག་གི་གྲས་ཡིན་འདུག
བདག་ལ་དོགས་པ་གཅོད་དགོས་པ་ནི། དབུས་པ་བློ་གསལ་འབུམ་གྱི་སྐོར་ལ་ཡིན། འདི་ཡིས་མཛད་པའི་སུམ་རྟགས་འགྲེལ་པ་མཐོང་དུ་ཡོད་དམ། མཁྱེན་ལྡན་སུ་ཡིན་གང་རུང་གིས་འདིའི་སྐོར་ལ་རྒྱས་ཙམ་ཞིག་གསུང་གྲོགས་མཛོད། ཅེས་སོ།
སུམ་རྟགས་ཀྱོ་སྐོར། ཞེས་པ། སུམ་རྟགས་ཀྱི་སྐོར། ཞེས་ཞུས་དག་བྱས་སོ།
ལ་དྭགས་པ་དགེན་བློ་འཇམ་ལགས།
དབུས་པ་བློ་གསལ་འབུམ་ཟེར་བ་གོ་མ་མྱོང་། དབུས་པ་བློ་གསལ་དང་། དབུས་པ་བློ་གསལ་བྱང་ཆུབ་ཟེར་བ་མི་གཅིག་ཡིན་གསུངས། ཝ་ར་ཎ་སིའི་དགེན་དམ་པ་འགོས་པདྨ་རྒྱལ་མཚན་གྱི་བརྡ་སྤྲོད་སྒྲ་ཐག་ལག་སོན་བྱུང་ན་ཉོན་དང་དེར་གསལ་བཤད་ཕྲན་ཙམ་བྱས་ཡོད་བསམ་སོང་། གསལ་བོར་མ་ངེས། ད་དུང་། ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་སློབ་དཔོན་ཆེན་མོ་དགེན་བསོད་ནམས་རྒྱལ་མཚན་ལ་བཀའ་འདྲི་ཞུས་དང་། ཁོང་གིས་ཉིན་ལྟར་བཀའ་བསྟན་འགྱུར་ཀློག་ནས་བཞུགས་ཀྱིན་ཡོད་ཚོད་མི་སྣང་ཡང་། ཁྱོད་ཀྱི་དོགས་པ་དེ་ཏན་ཏན་སེལ་ཐུབ་ངེས་རེད།
ཁྱེད་ནས་པ་དང་བ་ཡི་མིང་མཐའ་འདྲེན་ཚུལ་སྟེང་ལ་སྐད་བརྒྱབ་ནས་ལོ་ཤས་འགོར་སོང་། དེས་ན། ཁྱེད་རང་གིས་རང་ལུགས་གང་ཞིག་འཛིན་བཞིན་ཡོད་དམ། ང་ལ་མཚོན་ན་རྗེས་འཇུག་གི་རྟགས་དབྱེ་ཚུལ་དང་། སྐྱེས་བུ་རབ་འབྲིང་ཐ་གསུམ་གྱི་རྣམ་དབྱེ་འདི་དག་མགོ་རྙོག་པོ་ཞེ་དྲག་འདུག རྟགས་དབྱེ་འདི་ལ་འཁྲུལ་བ་བྱུང་ན་མིང་མཐའ་འདྲེན་ཚུལ་ཙམ་དུ་མ་ཟད། རྒྱན་སྡུད་དང་སླར་བསྡུ་སོགས་ཀྱི་སྐབས་སུ་ཡང་གོ་འཛོལ་དང་བརྗོད་པ་མི་བདེ་བ་མང་པོ་འོང་གིན་འདུག
ཉིད་ཀྱིས། “ཕོ་ཡིས་ཕོ་ཡི་མིང་མཐའ་དྲང་།”ཟེར་བ། རྟགས་གཞུང་གི་ཆེས་འགྲེལ་སླ་བ་དང་། འཇུག་པ་ཆུང་བའི་ལུང་ཚིག་གཅིག་དྲངས་ནས་ཐམས་ཅད་ལ་རྒྱུགས་པ་ལེབ་བརྡུང་གནང་གིན་འདུག་མོད། རྩ་ཚིག་དེ་ག་རང་གི་འོག་ཏུ་འབྱུང་བར་འགྱུར་བའི་” གཞན་ཡང་ཚིག་དོན་འོག་མ་ལས། བསྡུ་རྒྱུ་ཡོད་དང་མེད་པ་དང་། ” ཟེར་བ་ནས། “དོན་ལ་སྙེགས་པ་ཡོད་མེད་དང་། བསྟན་བྱ་ལྷག་མ་ཡོད་མེད་དང་། ཚིག་དོན་རྫོགས་དང་མ་རྫོགས་ཀྱིས། དེ་དག་ནང་གསེས་རྣམ་པར་དབྱེ།” ཟེར་བའི་བར་དེར་བསམ་བློ་གཏོང་མྱོང་ངམ།
རྗེས་འཇུག་ཕོ་ཡིན་ན་མིང་མཐའ་ཕོ་འདྲེན་ཆོག་ཆོག་ཅིག་དང་དྲངས་ན་འཕྲོད་འགྲོ་བ་ཞིག་ཨེ་འདུག་ལགས། གང་ཞིག་འདྲེན་མིན་ནི་”མིང་མཐར་སྦྱར་རྒྱུའི་ཚིག་དོན་འོག་མ་ལས་ཤེས་དགོས་”པ་སྔ་འགྲེལ་ཁག་གི་དགོངས་པ་ཡང་མིན་ནམ། དེ་ཙམ་དུ་མ་ཟད། ཚིག་དངོས་སུ་མ་སྨྲས་ཀྱང་། བརྗོད་པ་གྲུབ་ཏུ་ཡོད་པ་ཙམ་གྱིས་ཀྱང་མིང་མཐའ་གྲུབ་འགྲོ་བ་མེད་དམ།
བོད་རང་གི་བརྡ་སྤྲོད་པའི་འགྲོས་དང་། རྩོམ་རིག་ལ་རྒྱུས་མངའ་ཏོག་ཙམ་ཡོད་པ་གཞིར་བཅས་ནས། ཕྱོགས་ལྷུང་མེད་པའི་སྐད་ཆ་ཞིག་བཤད་ན། མདོ་དབུས་ཁམས་གསུམ་ལས། སྒྲ་འདོན་སྟངས་དང་། མིང་དང་ཚིག བྱ་བའི་དུས་གསུམ་གྱི་རྣམ་དབྱེ་གསལ་ཤོས་ཡོད་པ་མདོ་སྨད་པ་ཚོ་ཡིན་ལ། བརྗོད་པ་སྒྲིག་པའི་ཚེ་ན་གྲལ་དག་པ་དབུས་པ་ཚོ་ཡིན།
པ་དང་བ་ཡི་སྦྱོར་བ་ཡན་ལག་ཚང་བ་ཞིག་རང་གིས་མ་ཤེས་བཞིན་དུ། གཞན་ལ་ཁ་ཟེར་བ་འདི་ངོ་ཚ་བའི་གནས་ལས་ཅང་མིན་མོད། དེང་གི་སྤྱི་ཚོགས་སུ་བྲིན་ཆེ་བ་གནས་ལུགས་ལས་སྐད་གསེང་མཐོ་མིན་ཡིན་པས་ཅི་བྱ། གལ་ཏེ་ཀུན་པོས་གཞུང་ལུགས་ལ་སྦྱངས་པ་བྱས། ལག་ལེན་དངོས་ཀྱི་ཁྲོད་ནས་རྩོམ་པའི་ལས་ལ་ཞུགས་པ་ཡིན་ན་ར་འཕྲོད་འོང་བའི་སྐབས་ཤིག་ཡོད་མོད། བོད་སྐད་ཡིག་ཁ་སྣ་ཚང་བ་ཞིག་སློབ་མཁན་ནི་མེད། གནས་ལུགས་ལས་ཀྱང་བྲིན་ཆེ་བ་ཕྱོགས་ཞེན་ཡིན་འདུག་པས། ད་ནས་བཟུང་ངས་ཀྱང་གསང་སྤྱོད་འོ་མས་འཁྲུ་རྒྱུར་ཡིད་ཕངས་སོ། ། ཅི་བརྗོད་པར་མི་བྱའོ། །
པ་དང་བ་གཉིས་གང་ཐོབ་རྩོད་པའི་སྐབས་སུ་རྗེས་འཇུག་ཕོ་མོ་མ་ནིང་དབྱེ་ཚུལ་མི་འདྲ་བ་བཤད་པས་ཅང་མི་ཕན། བོད་སྐད་རང་གི་འགྲོ་སྟངས་ལ།
དཔེར་ན།
གསར་པ། གསར་པ། གསར་ཤོས། ཞེས་བྲིས་ན་ནོར་བ་མ་ཟད།
གསར་བ། གསར་བ། གསར་ཤོས། ཞེས་བྲིས་ནའང་ནོར་བ་རེད། དེས་ན།
གསར་པ། གསར་བ། གསར་ཤོས། ཞེས་འབྲི་དགོས་པས། གསར་པ་དང་། གསར་བ་གཉིས་ཀ་གོ་དོན་སོ་སོར་ཐད་པས། ཐ་གཅིག་ཏུ་བ་ཐོབ་པའམ། ཐ་གཅིག་ཏུ་པ་ཐོབ་དགོས་པས་གཞུང་ལུགས་ཀྱི་ཁུལ་འཚོལ་བ་ནི་ནོར་བ་ཆེན་པོའོ་སྙམ་ལགས།
ཁུལ་ཁུངས་ལ་བཅོས་ནས་་་་་
འདྲེ་རིག་ལྡན་མཆོག་ལ་ཞུ་རྒྱུར། གཤམ་གསལ་མཆན་འདེབས་པ་པོ་གཉིས་མི་གཅིག་ཡིན་པར་བསམས།
# 196 འདྲེ་རིག་ལྡན།་ལགས་ཀྱིས་མཆན་བཏབ་པ།:
191 འདྲེ་རིག་ལྡན།་ལགས་ཀྱིས་མཆན་བཏབ་པ།:
མཆན་སྔ་མའི་ནང་འདི་ལྟར་བྲིས་ཏེ།
“གང་ལྟར། དྲན་སོས་པ་ཞིག་ལ་འདི་དག་ལས་མང་པོ་ཞིག་ཐོན་མིའི་ཞལ་ལུང་དུ་དྲངས་ཡོད་བསམ།
༡ དབུས་པ་བློ་གསལ་འབུམ། ས་བ་ད་ཕོ། འ་ར་མོ། ག་ན་ང་མ་ལ་མ་ནིང་།”
་
མཆན་ཕྱི་མའི་ནང་།
“དབུས་པ་བློ་གསལ་འབུམ་ཟེར་བ་གོ་མ་མྱོང་། དབུས་པ་བློ་གསལ་དང་། དབུས་པ་བློ་གསལ་བྱང་ཆུབ་ཟེར་བ་མི་གཅིག་ཡིན་གསུངས།”
འདི་འདྲ་་གང་ལས་བྱུང་། ཡ་མཚན་པས། རང་རེས་དྲ་རྒྱ་ཀློག་པའི་མཆེད་གྲོགས་རྣམས་ལ་དཔང་པོ་མཛད་གྲོགས། ཞེས་བཅོལ་དགོས་པ་འདུག ངས་ནི་གོང་གསལ་སེམས་རྡོར་ལས། དབུས་པ་གསལ་ཐོས་པ་དང་པོ་དང་། ཉིད་་ལས་ཐོས་པ་དེ་གཉིས་པ་ཡིན། ངས་བོད་བརྗོད་པ་ལེགས་པར་འབྲི་ཤེས་རུང་། མ་ཤེས་རུང་། ལ་དྭགས་སོགས་བོད་ཀྱི་ལུང་པ་དག་ན། སྔར་དག་ཆ་དག་འདོར་བ་ལ་སྲུན་སྐྱོད་བྱེད་དགོས་སྙམ། བདག་གིས་སུམ་ཅུ་པ་དང་རྟགས་ཀྱི་འཇུག་པ་ལ་ལེགས་པར་སྦྱང་མེད། འོན་ཀྱང་བོད་ཀྱི་མཁས་པས་བྲིས་པའི་དཔེ་ཆ་དག་མཐོང་ཞིང་། དེ་དག་ལ་རྟག་སྦྱོར་དང་གུས་སྦྱོར་གྱིས་སྦྱངས་པ་དང་། སྦྱོང་བཞིན་པ་ཡིན། དེ་དག་གིས་གཞན་གྱིས་མ་དག་པར་བྲིས་པ་ཡང་མཐོང་ཐུབ། མཁས་པའི་བཀོད་པའི་ཡི་གེ་དག་ཆ་གཞིར་བཟུང་ནས་ཇི་སྲིད་འཚོ་བའི་བར་དུ། བོད་སྐད་ལ་གུས་པའི་དབང་གིས་དེ་ལྟར་བྱེད་དགོས་པ་བྱུང་། བོད་ཀྱི་སྐད་སྲུང་བར་བྱེད། ང་ལ་བྱ་དགོས་པ་དུ་མ་ཞིག་ཡོད་ཀྱང་། འདི་ཉིད་གཙོ་ཆེ་བར་མཐོང་། ངས་ཞུས་དག་བྱས་པ་རྣམས་ལ་ནོར་བ་ཡོད་ན། འདི་དང་འདི་ནོར་ཞེས་བཤད་དགོས། གུས་པས་དང་དུ་ལེན།
བོད་ཀྱི་མཁས་པས་བྲིས་པའི་མིང་ཚིག་ལ་་རྩི་བ་མེད་པ་དང་། ཁ་སྐད་གཙོ་བོར་བྲིས་ཏེ། བོད་སིལ་བུར་སོང་བ་དེ་ལས་ཀྱང་སིལ་་བྱེད་པ་དག་གི་སེམས་ལ་མི་འབབ་ཀྱང་་། བོད་རྣམ་་དཔྱོད་ཅན་བདག་གི་བྱ་བ་ལ་སྟོད་པ་མཛད་མཁན་ཡང་མང་པོ་ཡོད།
ཁྱེད་ཀྱིས། “དེས་འདྲེན་པར་བྱ་བའི་”། ཞེས་པ་འདི་ཡང་བདག་གིས་བསྟན་བཅོས་སུ་མཐོང་བ་ལྟར་ན། འདྲེན་པར་བྱེད། དྲང་བར་བྱ། ཞེས་དང་། ཕན་པ་མ་ཟད། ཞེས་པ། ཕན་པར་མ་ཟད། ཞེས་དཔེ་ཆ་དག་ན་ཡོད། འདིར་ར་ཡོད་མེད་ལ་བཤད་པ་རྒྱབ་དགོས་ན། ཉིད་་ཀྱིས་བཀོད་པའི་རྟགས་འཇུག་གི་་ཚིགས་བཅད་དག་་བཤད་པ་རྒྱབ་དཀའ་བ་དང་འདྲ། བརྒྱབ་ནས། ཞེས་པར་་ནས་ལྷག་བཅས་ཀྱི་སྒྲ་ཡིན་པས་འདས་ཚིག། བསྒྲུབས་ནས། ཞེས་དགོས་པར་སེམས། དེ་བཞིན་དུ། བདག་གིས་ནོར་བ་མང་པོ་ཡོད་པ་ལ་འཐད་ལྡན་ཀྱི་རིགས་པ་ཡོད་ན། གུས་པས་བཟོད་གསོལ་བཅས་ཞུས་དག་མཛད་པ་དང་ལེན་ཞུ།
བོད་ཀྱི་སྐད་སྔར་བྱུང་། དེ་ལ་གཞིར་བྱས་ཏེ། སུམ་རྟགས་སོགས་བོད་ཀྱི་བརྡ་སྤྲོད་བྱུང་བ་མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་གསུངས་པ་ཡང་རང་རེས་ཤེས་དགོས་པ་ཞིག་ཡིན། དབུས་པ་བློ་གསལ་གྱི་སྐོར་ལ་ཁྱེད་ལ་ཐུགས་་རྒྱུས་ཆེར་མེད་ན། ངས་ངེས་པར་དུ་ཤེས་པ་དགོས་པ་ཞིག་གང་ཡང་མ་ཡིན། ཁྱེད་ཐུགས་སེམས་དཀར་པོས་དེ་ལྟར་བྲིས་པར་ཐུགས་རྗེ་ཆེའོ།
ཧ་ཧ་ཧ། ཀརྡོ། མི་མ་ཤི་ན་གོ་ཡ་མང་པོ་འདུག་གོ། དེ་ལས་མི་རེ་ངོ་རེ་ལ། གཞུང་ལུགས་རེ་ཡོད་ན་ཡག་པར་འདོད་དོ། བ་ཐོབ་པར་འདོད་ན་བ་དང་པ་ཐོབ་པར་འདོད་ན་པ། བ་པ་བོ་པོ་སོགས་ནི་གང་གི་ཚིག་གྲོགས་སུ་ཡོད་ན་ཡང་། ནང་དོན་དང་སྒྲ་དོན་གྱི་ཆ་གང་ནས་ཡང་གོ་ལོག་ལ་ཤོར་འགྲོ་བ་ཞིག་མ་མཐོང་བས། ཁྱེད་ཚོས་དོན་མེད་པར་མཁས་ཚུལ་འཛིན་པ་ཙམ་ལ་རྩོད་པའོ།
བླུན་པོ་གདང་བཀང་ལ། གླེན་པ་ཁྱུ་གཅིག་འཁོར་ན། སྔོན་ཆད་མ་བྱུང་བའི་གཏམ་དང་། འདི་ནས་མི་རྩི་བའི་གཞུང་མང་བ་ལ་ཚོད་ཅིག་མི་འདུག་གོ། ཧ་ཧ་ཧ། དྲ་ཉེ་ཚོ།
རྐང་པ་ལ་རྐང་བ། ཁང་པ་ལ་ཁང་བ། རྙིང་པ་ལ་རྙིང་བ། ལྔ་པ་ལ་ལྔ་བ། ཁ་པ་ལ་ཁ་བ་ཞེས་བྲིས་ན་མི་བདེ་བ་ཆེན་པོ་ཞིག་མི་འདུག་གམ། ལགས།
དྲ་རྒྱའི་ནང་ལ་བོད་སྐད་འདྲ་མི་འབྲི་མང་པོ་ཡོད། “ཁྱེད་རང་གི་བོད་སྐད་ཡིག་གི་བརྡ་སྤྲོད་པའི་ཆུ་ཚད་ང་ལས་ཞན་པ་མེད་ན་ཡག་ག་ཡོད་པར་ཁས་ལེན་ཐུབ་པ་མི་འདུག” ངའི་སྐད་ལ་དམའ་འབེབས་བྱེད་མཁན་འགའ་ཞིག་ལ་སྔོན་དུ་ལན་བཀོད་ཟིན། འདྲེ་ལྡན་གྱི་ཐུགས་བློ་ཁེངས་ཕྱིར། འདི་ཉིད་སླར་ཡང་འབྲི་དགོས་པར་མཐོང་སྟེ། ལོ་ངོ་ལྔ་བཅུ་ལྷག་སྔོན། ༡༩༦༠པའི་མགོ་སྟོད་ཙམ་ལ་བོད་ཀྱི་སློབ་གྲྭ་པ་རྣམས་ཀྱིས་ཧིནྡ་སྐད་རྩ་བ་ནས་མི་མཁྱེན་པས། བདག་གིས་དང་བླངས་བྱས་ཏེ། ལོ་གཅིག་རིང་སློབ་གྲོགས་བྱས། དེ་དུས་ཁམས་བྲག་གཡབ་པ། དང་པོར་དྷ་སའི་ཤེས་བྱ་དུས་དེབ་ཀྱི་རྩོམ་ཡིག་གཏན་འབེབས་མཛད་པ་པོ། སྐུ་གཤེགས་བསོད་ནམས་སྟོབས་རྒྱལ་མཆོག་བདག་གི་ཤག་ལ་ཕེབས་ཏེ། ངའི་ཡི་གེ་བྲིས་པ་ཞིག་ལ་གཟིགས་ཏེ། རྒན་འཇམ་དཔལ་གྱི་ཡི་གེ་འདི་ཚོ་རྒྱ་གཞུང་གི་དབྱིངས་འདྲ་པོ། ང་ཚོ་ལ་འགྲིག་གི་འདུག མ་ཤེས་མཁན་ཞིག་གིས། འགྲིག་མི་འདུག ཟེར་གྱི་རེད། དེ་དུས་བོད་མི་གཞན་གཉིས་ཙམ་མེད་ན་ཡང་། གཅིག་ཏན་ཏན་ཁོང་དང་ལྷན་དུ་ཡོད། ཁོང་གིས་གསུངས་པ་དེ་མ་འོངས་ལུང་བསྟན་དུ་ཆགས་མི་འདུག་གམ། དེར་མ་ཟད་ལོ་ངོ་ཉི་ཤུ་ལྷག་སྔོན་དུ་བོད་སྐད་དག་ཆའི་ཆེད་དུ་བྲིས་པ། དྷ་སའི་ལྗང་གཞོན་དུ། ༡༩༩༧ ལོར་ཤོག་གྲངས་༡༡ ནས་ ༤༩ བར་དུ་སྤར་ཡོད། དེར་ཟད་༢༠༠༩ དིང་དུས་ཀྱི་གློག་ཀླད་བཅུག་པའི་བོད་གཞུང་དཔེ་བཅུ་ཙམ་ལ་ཞུས་དག་བྱས་པ་ཤོག་བུ་བརྒྱད་ཅུ་ཙམ་ཆགས་ཡོད། སྤྱི་ཚོགས་ལ་ཕན་པའི་ལས་ཀ་བྱེད་ཆོག་ཅེས་སྐུ་མདུན་གྱིས་བཀའ་སྩལ་ཡོད། ཅེས་སྐུ་སྒེར་ཡིག་ཚང་ནས་ཕྱག་བྲིས་འབྱོར། རྫོང་གསར་མཁྱེན་བརྩེ་རིན་པོ་ཆེ་དང་། པཎ་ཆེ་འོས་སྤྲུལ་རིན་པོ་ཆེ། རྣམ་པ་གཉིས་ཀས་དེ་འདྲ་གང་འདྲས་བྱས་པ་ཡིན། སོ་སོར་གསུངས་སོང་། བོད་ཀྱི་མཁས་པ་རྣམས་ཀྱིས་ཡི་གེ་དག་ཆ་རིན་པོ་ཆེ་རྣམས་བོད་ལུང་ཁ་སྐད་སྣ་ཚོགས་པས་འཕྲོག་བཅོམ་བྱེད་པར་མེད་པར་གཏོང་བ་ལ་ཇི་སྲིས་འཚོ་བའི་བར་དུ་བརྩོན་ནོ། ཡི་གེ་མ་དག་པ་དག་དང་ཆད་ལྷག་ལ་་ཞུས་དག་མཛོད། ཅེས་སོ།
རྩོམ་ཡིག་འདིའི་འོག་ན་མཆན་མང་གི མཆན་ཡིག་བརྒྱ་ཐམ་པའི་བར་དུ་ཀློག་ཟིན། ད་ཀློག་ཐུབ་པ་མི་འདུག སང་ཉིན་ཁོམ་ན་མུ་མཐུད་ཀློག་རྒྱུ་ཡིན། རྩོམ་ཡིག་ལ་ཧེབ་འགེབ་ཆེ་བའི་བཟོ་མཐོང་སོང་། མ་ཟད་དཀྲུགས་ཤིང་གི་ཚིག་ཀྱང་འདུག་མོད། ལོ་རྒྱུས་ཀྱི་ངོས་ཐད་ནས་ཡིན་ན་རིགས་པའི་སྒྲུབ་བྱེད་མི་འདུག གོང་དུ་ཁ་ཤས་ཀྱིས་དྲི་བ་ཚ་བོ་ཁ་ཤས་བཀོད་ཡོད་ན་ཡང་། རྩོམ་ཡིག་འབྲི་མཁན་གྱིས་རྩོམ་ཡིག་དང་འབྲེལ་བའི་དྲི་བ་ཁག་ལ་ལན་བཏབ་མི་འདུག དེ་ནི་རང་གིས་བྲིས་པ་ལ་འགན་མ་ཁས་པ་འདྲ་བོ་ཞིག་མཐོང་སོང་། མཆན་གཞན་པ་དེ་ཚོ་ཀློག་གྲུབ་རྗེས་བསམ་ཚུལ་ཞིག་འབྲི་འདུན་ཡོད། མ་གཞི་དེང་སང་དྲ་ལམ་ལ་ཞུགས་མེད། འོན་ཀྱང་རྒན་ལགས་ཀྱིས་ཁ་བརྡ་ནང་ན་གླེང་སློང་མང་བའི་རྩོམ་ཡིག་ཅིག་འདུག་ཟེར་ནས་དེ་རིང་ཁ་པར་སླེབས་སོང་པས་འཁྱུགས་ཙམ་མི་གཤེར་བརྒྱབ་པ་ཡིན།
རྒན་ལ་དྭགས་པ་མཆོག་གིས། དགུང་ལོ་བརྒྱད་ཅུ་རྩ་གྲངས་དུ་ཕེབས་དུས་ཡི་གེའི་དག་ཆ་རིན་པོ་ཆེ་སྲུང་སྐྱོབས་སྤེལ་བར་ཇི་སྲིད་འཚོ་བའི་བར་དུ་བརྩོན་ནོ། །ཞེས་པའི་ཚིག་གཅིག་གིས་ཁེངས་ལྡན་འབུམ་གྱི་སྙིང་སྟོབས་མོག་མོག་པོར་གྱུར་ཅིང་། ཡིད་བཞིན་གྱི་ནོར་བུས་ནོར་བུ་ཕལ་བ་ཟིལ་གྱིས་གནོན་པ་ལྟར་ཕྲན་ལྟ་བུའི་དམིགས་འདུན་མེད་པའི་བཤད་ཤོམ་ལ་རེ་བཅོལ་བ་དག་གི་སྤོབས་པའི་འཁྲི་ཤིང་ཉམས་སྨད་པར་བྱས་སོ། །འདི་ལྟ་བུའི་སྙིང་སྟོབས། ཤ་ཞེན། བརྩོན་འགྲུས། བཟོད་པ། ལྷག་བསམ། ཤེས་རབ་ནི་སྐྱེ་བོ་པལ་མོ་ཆེའི་བློ་གྲོས་ཀྱི་ཡུལ་དུ་མ་གྱུར་ཅིང་། ཁུར་དུ་འདེགས་མི་བཟོད་པའི་ཡ་ལད་བཙན་པོ་རྣམ་དཔྱོད་ཀྱི་རྩེ་ལ་བགོས་པ་ཡིན་པས་བོད་ཀྱི་རིག་གཞུང་ལ་ཤ་ཞེན་ཡོད་པ་ཀུན་ཀྱིས་བསྟོད་པའི་ཕྲེང་བ་གྲངས་ལས་བརྒལ་བ་ཕུལ་ཀྱང་ཤིན་ཏུ་འོས་པ་ཉི་དདོ། ། ༧ སླར་ཡང་དཔྱད་པར་བྱ་བ་ནི། ༡༽སྐད་ཡིག་གི་འཔེལ་འགྱུར་ནི་བསྒྱུར་དུ་མེད་པའི་སྤྱི་ཚོགས་ཀྱི་རྦ་རླབས་ཤིག་སྟེ། ད་ལྟའི་ཆར་འཛམ་གླིང་གི་སྐད་ཡིག་ཆེན་པོ་རྒྱ་ནག་སྐད་དང་། དབྱིན་སྐད་སོགས་ཀྱང་དེའི་ངར་ཤུགས་མ་རྟེན་པར་འཕོ་འགྱུར་འགྲོ་བཞིན་པའོ། ། ༢༽སྐད་ཡིག་སྤྱི་ཡི་སྲུང་སྐྱོབས་ཀྱང་གལ་ཆེ་སྟེ། རྒན་ལ་དྭགས་པའི་བཞེད་པ་བཞིན་གནའ་བོའི་རིག་གཞུང་ཞིབ་འཇུག་པ་འགའ་ཞིག་གི་སྒེར་ནོར་དུ་གྱུར་དུས་མི་རིགས་དེའི་ལོ་རྒྱུས་ཀྱང་ཕལ་ཆེར་དཔེ་མཛོད་དུ་བསྡུ་བའི་དུས་ལ་སླེབས་པ་རེད། ༣༽སྐད་ཡིག་སྲུང་སྐྱོབས་ཐད་ཤེས་ཡོན་མི་སྣའི་སྐད་ཡིག་གཅིག་འགྱུར་དམ་འཛིན། གསར་ཤོག རྙན་ཕྲིན། ཚོགས་བཤད། དཔེ་དེབ་གསར་བཞེངས་སོགས་ཀྱི་སྒོ་ནས་སྟངས་འཛིན་བྱེད་དགོས་པར་མངོན། ༤༽སུམ་རྟགས་དག་གསུམ་དང་མ་འགལ་ཞིང་། བརྗོད་བདེ་བྱས་པའི་ཚིག་ཐུང་དང་། མིང་ཚིག་གསར་པ། དུས་ཀྱི་འཕོ་འགྱུར་ལ་གཞིག་པའི་སུམ་རྟགས་སྦྱོང་ཐབས་སོགས་འགྱུར་བ་ངེས་ཅན་ཞིག་ཀྱང་གཏན་འབེབ་དགོས་པར་སྣང་། ༥༽ཨ་མདོ་སྐད་ཀྱི། ཕ་ཕ་བ་རའི་འགྱུར་བ་ནི་སུམ་རྟགས་དང་བསྟུན་ནས་བཅོས་ན་ལེགས་ཆ་ཆེ་ཞིང་སྐྱོན་ཆ་ཉུང་བར་མཐོང་བས་གཞིག་འགྲེལ་མཛད་པར་འོས་སོ། །
དགེན་ལ་དྭགས་པ་བློ་བཟང་འཇམ་དཔལ་ལགས། དབུས་པ་བློ་གསལ་འབུམ་་་ཟེར་བ་ཞིག་གོ་མ་མྱོང་་་་ཟེར་འདུག་པ་ངས་ནོར་འདུག ནང་འགལ་གྱི་སྐད་ཆ་རང་དུ་འཁུམས་པས་དེ་བཞིན་ནོར་བ་ཁས་ལེན་ནོ། །
ཁྱེད་རང་གིས་སྔ་མོའི་དུས་སུ་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་ཧིན་རྡི་ཤེས་མཁན་རྩ་བ་ནས་མེད་པས། བཙན་བྱོལ་བ་ཚོར་རོགས་རམ་མཛད་ཡོད་པར་ཐུགས་རྗེ་ཆེ་ཞུ། རྒྱ་གར་གཞུང་མང་གཉིས་ལ་བོད་པས་བཀའ་དྲིན་དྲན་ཤེས་བྱེད་ཀྱིན་ཡོད།
སྐུ་གཤེགས་བཀའ་ཟུར་བསོད་ནམས་སྟོབས་རྒྱལ་མཆོག་ཁྱེད་ཀྱི་གཟིམ་ཤག་ཏུ་བཅར་ནས་བསྟོད་པ་མཛད་པ་ཡང་བདེན་པ་ཡིན་རྒྱུ་རེད། ཡིན་ན་ཡང་སྐུ་ངོ་དམ་པ་ཁོང་བོད་སྐད་ཡིག་ལ་མཁས་པའི་མཁས་པ་མ་རེད། དེ་ཞོར་འཕྲོས་ཙམ་ཡིན།
༡༩༦༠ ཡི་ནང་ལ་བཙན་བྱོལ་ནང་སྤྱིར་ན་བོད་ཀྱི་སྐད་ཡིག་ལ་མཁས་པའི་མི་སྣ་ཧ་ཅང་དཀོན་པོ་རེད། ཁྱེད་རང་དེའི་དུས་སུ་ཡག་ཤོས་ཡིན་པའི་དབང་དུ་བཏང་ན་ཡང་། དེས་ཁྱེད་ཀྱི་བོད་སྐད་ཡིག་གི་ཆུ་ཚད་དེ་རྣམ་པར་དག་པ་དང་། བྱང་ཆུབ་པ། བོད་མི་ས་ཡ་དྲུག་གི་ཚད་འཛིན་སར་འཇོག་ཏུ་རུང་བ་ཡིན་པའི་ངེས་པ་གང་ཡང་མེད་པ་ཁྱེད་ནས་ཀྱང་ཏན་ཏན་མཁྱེན་མདོག་ཁ་བོ་རེད། དེ་གསལ་འདེབས་ཙམ་ཡིན།
ཉིད་ནས། “བདག་གིས་སུམ་ཅུ་པ་དང་རྟགས་ཀྱི་འཇུག་པ་ལེགས་པར་སྦྱང་མེད།” གསུངས་འདུག ལེགས་པར་སྦྱངས་མེད་པ་དེ་འདས་སོང་གི་དུས་ཤིག་ཏུ་བསྒྲུབ་དགོས་པ་ཞིག་མ་སྒྲུབ་པ་ཡིན་པས། ཚིགས་དོན་གཉིས་ཀ་འདས་པ་ཡིན་པས་ན་ “སྦྱངས་”མེད་ཅེས་ཡང་འཇུག་སྦྱོར་དགོས། ཉིད་ནས་བོད་ཀྱི་བརྡ་སྤྲོད་པའི་གཞུང་གི་སྒལ་ཚིགས་སུ་གྱུར་བའི་སུམ་ཅུ་པ་དང་རྟགས་འཇུག་ལ་སློབ་གཉེར་མ་བྱས་པར། བརྡ་སྤྲོད་པའི་གཞུང་གི་ཆེས་རྙོག་འཛིང་ཅན་གྱི་རྗེས་འཇུག་གི་རྟགས་དབྱེ་དང་། དེ་དང་འབྲེལ་བའི་མིང་མཐའ་འདྲེན་ཚུལ་གྱི་དཀའ་རྙོག་འདིར་ཞུགས་པ་ནི། རྒྱ་ནག་པའི་དཔེར། སྐེ་འཁྱེར་ནས་ཞགས་པ་ཉོ་རུ་སླེབས་ཟེར་བ་ལྟར་སོང་མི་འདུག་གམ།
བདག་གིས། “དེས་འདྲེན་པར་བྱ་བའི་” ཟེར་བ་ནོར་བ་རེད་གསུངས་པ་དེ། སི་ཏུ་པན་ཆེན་གྱི་ལུགས་ལྟར་ན་ནོར་བར་ཁས་མི་ལེན་ནོ། རྒྱུ་མཚན་ནི། དེས་འདྲེན་པར་བྱ་བའི་་་་་ཟེར་བའི་སྐབས་ཀྱི་བརྗོད་པའི་དུས་སྟོན་མཁན་ངོ་མ་བྱ་བའི་ཚིག་གྲོགས་་་་བྱ་བའི་་་་་ཟེར་བ་དེ་ཡིན་པ་ལས། བྱ་ཚིག་གཙོ་བོ་་་འདྲེན་་་་མ་ཡིན། བྱེད་པ་པོ་གཞན་དང་དངོས་སུ་འབྲེལ་བའི་ཚིག་གི་དུས་གསུམ་གང་ཞིག་ཡིན་རུང་། དུས་གསུམ་གང་རུང་གི་བྱ་བའི་ཚིག་གྲོགས་ཀྱིས་གོང་གི་དུས་ཀྱི་ངོ་བོ་སྒྱུར་དུ་ཡོད་པ་སི་ཏུ་པན་ཆེན་གྱི་རང་ལུགས་ཡིན་ལ། དེ་ལྟའི་དུས་གསུམ་གྱི་ངོ་བོ་བསྒྱུར་བ་རྣམས་དུས་གསུམ་གྱི་དབྱེ་བ་ལས་དངོས་པོ་བདག་གཞན་གྱི་དབྱེ་བས་བསྡུ་མི་ཐུབ་གསུངས་དོན་ཡང་དེ་ཡིན།
ཕན་པ་མ་ཟད་་་ཟེར་བ་ཉིད་ནས་ནོར་བར་བརྩིས་པ་དང་ཕན་པར་མ་ཟད་་་་ཟེར་དགོས་ཟེར་བ་རྦད་དེ་ནོར་བ་རེད། ཕན་པ་ཟེར་བ་དོན་གྱི་ཆ་ནས་གཟུགས་བསྡུས་ཀྱི་བྱ་ཚིག་ཅིག་རེད། རྣམ་པའི་ཆ་ནས་གཟུགས་མི་འགྱུར་བའི་བྱ་ཚིག་ཅིག་རེད། བྱེད་འབྲེལ་ཡིན་པ་ལྟར་སྣང་ཡང་། བྱ་བྱེད་ལས་གསུམ་དང་། དུས་གསུམ། དངོས་པོ་བདག་གཞན་གང་གིས་ཀྱང་མ་བསྡུས་པ་ཞིག་རེད། དེས་ན། ཉིད་ལ་དྲི་བར་བྱ་བ་འདི་ཡོད། འདི་ལྟ་བུའི་ངོ་བོ་གཅིག་ཏུ་མ་ངེས་པའི་ཚིག་ཅིག་ལ་ལ་དོན་གྱི་ཕྲད་སྦྱོར་བའི་དགོས་པ་གང་ཡིན། ཕན་པར་་་དག་པར་འདོད་ན་སྐབས་འདིར་བསྟན་གྱི་ལ་དོན་གྱི་ཕྲད་དེ་རྣམ་དབྱེ་གང་གི་བྱ་བ་བྱེད་པ་ཡིན་ནམ། འདི་ལ་ཉིད་ནས་ཤེས་ན་ཤེས་པའི་ལན་ཁ་གསལ་ཞིག་གནང་རོགས། དེ་ནས་ང་ཚོས་་་་་ཕན་པ་་་དག་པ་ཡིན་དང་། ཕན་པར་་་་དག་པ་གང་ཡིན་གྱི་ར་གསལ་བོར་འཕྲོད་ངེས་རེད།
དེས་བར་དེར་ཉིད་ནས་་་ལྷག་བཅས་ཀྱི་སྒྲ་ཡིན་པས་འདས་ཚིག་འགོད་དགོས་པའི་བླང་བྱ་བཏོན་གནང་འདུག ལ་དྭགས་ནས་རྡ་ས་བར་་་་་ཟེར་བའི་་་་ནས་་་་་སྒྲ་དེ་ཡང་ལྷག་བཅས་ཀྱི་ཡུལ་བསྡུད་པ་ཡིན་པས། དེ་ལ་འདས་ཚིག་ཅིག་འབྲི་ས་ཨེ་འདུག་ལགས། ལྷག་བཅས་ཀྱི་ཕྲད་འཇུག་ཚད་ཚང་མར་འདས་ཚིག་འགོད་དགོས་ཟེར་བ་དེ་ཡང་སྐུ་ཉིད་བོད་ཀྱི་བརྡ་སྤྲོད་པའི་གཞུང་གི་རིགས་ལམ་ལ་ཐུགས་རྒྱུས་ཆེན་པོ་མེད་པའི་རྟགས་སོ། །
དེ་ནས། བརྒྱབ་་་་འདི་དུས་འདས་པ་མ་ཡིན་པའི་སྒྲུབ་བྱེད་གང་ཞིག་ཡོད་ལགས། སྔོན་བྱོན་བོད་ཀྱི་མཁས་པའི་གསུང་རྩོམ་ན་་་བརྒྱབས་་བྲིས་འདུག་པ་ཞིག་ཡོད་ན་སྟོན་རོགས་གནང་། སྤྱིར་ན་རྒྱག་དང་རྒྱོབ་སོགས་དུས་གསུམ་སྤྱི་དང་ཐོར་བུའི་ཁུངས་སུ་གཏོང་དོན་གང་ཡིན་ཉིད་ལ་ཐུགས་རྒྱུས་མེད་ན། བློས་བཏགས་པ་ཙམ་གྱིས་མི་འགྲིག
ཉིད་ནས་བརྩི་བཀུར་་་་བྱ་བའི་བརྩི་་་ལ་སྔོན་འཇུག་མེད་པར་་་་རྩི་་འབྲི་བཞིན་པ་དེ་ཡང་བརྡ་སྤྲོད་པའི་གཞུང་དང་རྦད་དེ་འགལ་བ་རེད། རྟགས་འཇུག་གི་སྔོན་འཇུག་གི་ཅིའི་ཕྱིར་འཇུག་པ་སྟོན་པའི་སྐབས་སུ། ཕོ་ནི་འདས་དང་གཞན་བསྒྲུབ་ཕྱིར་གསུངས་ཡོད། བརྩི་ཞེས་པ་བརྗོད་འདོད་གྲུབ་ཙམ་ནས་དངོས་པོ་གཞན་ཡིན། བརྩི་བཀུར་བྱེད་མཁན་དངོས་པོ་བདག་དང་། བརྩི་བཀུར་བྱེད་ས་དངོས་པོ་གཞན་ཡིན། བདག་གཞན་གྱི་དབྱེ་བའི་ཁྱབ་ཅིང་། ཁྱོད་ལ་ཤེད་མཚུངས་འདྲེན་རྒྱུ་ཡོད་ན། ཁྱོད་ལ་སྔོན་འཇུག་ཡོད་པའི་ཁྱབ་པ་སི་ཏུ་པན་ཆེན་གྱི་རང་ལུགས་ཡིན།
བོད་པའི་སྐད་སྔོན་ལ་བྱུང་བ་དང་། བརྡ་སྤྲོད་པའི་གཞུང་དེའི་རྗེས་སུ་བྱུང་བ་མཁས་བླུན་སུས་ཀྱང་གོ་བ་རེད། མ་ཟད། དགེ་འདུན་ཆོས་འཕེལ་གྱིས་སུམ་རྟགས་གཉིས་ལ་སློབ་སྦྱོང་བྱེད་མི་དགོས། ཤིང་པར་ལ་ལྟོས། མ་འོངས་པར་བོད་ཕྲུག་དག་ལ་ཡི་གེ་ཇི་ལྟར་སྦྱོར་བའི་ཚུལ་སློབ་དགོས་ན་བཀའ་བསྟན་འགྱུར་ཀློག་ཏུ་ཆུག་ཟེར་ཡོད་རྒྱུ་མ་རེད།
སྐད་དང་ཡི་གེ་གཉིས་ལས་མ་སུ་ཡིན་དང་བུ་སུ་ཡིན་ལ་རྩོད་པ་མེད། བརྡ་སྤྲོད་པའི་གཞུང་ཞིག་གྲུབ་ཟིན་པའི་རྗེས་སུ་དེའི་ཕྱི་བཞིན་འབྲང་གང་ཐུབ་བྱེད་དགོས་པ་ལས། ཤིང་པར་ཅིག་ན་འདི་འཁོད་འདུག ཅིག་ན་འདི་འཁོད་འདུག་ཟེར་བ་ནི་ཙི་གུས་རང་གི་རྔ་མ་འཛིན་ཐབས་བྱེད་པ་དང་ཆ་འདྲ།
བློ་དང་ལྡན་པའི་ཉ་བའམ་ཡང་ན་ཉ་པ་ཚོས། (མིང་གཞི་ཉ་་་་མོ་དང་། མིང་མཐའ་ཡང་མོ་ཡིན། དེས་ན་ཉ་བ་ནི་རྟགས་མཚུངས་འདྲེན་པ་ཡིན་པས་འཐད། ཉ་པ་རིགས་ཁ་ཤས་ལ་བརྗོད་བདེ་བས་དེ་ཡང་འཐད། ད་གཟིགས་དང་། ཆུ་ཁར་ཉ་བ་མང་པོ་བྱ་བཞིན་འཁོར། ཆུ་ཁར་ཉ་པ་མང་པོ་བྱ་བཞིན་འཁོར། དོན་ལ་འཁྲུལ་བ་ཨེ་འདུག་ཨ་རོག་ཚོ།) ཆུའི་འགྲམ་ལ་བསྡད་ནས་དྲ་བ་དང་ལྕགས་ཀྱུས་ཉ་འཛིན་པ་རེད། དེ་ནི་བརྡ་སྤྲོད་པའི་གཞུང་ཞིག་ཚད་ཐིག་ཏུ་བཟུང་ནས་ཞུ་དག་བྱེད་པའི་དཔེ་ཡིན།
ཉ་པ་ཁ་ཤས་ཆུ་ནང་དུ་མཆོངས་ནས་ཉ་འཛིན་ཐབས་བྱེད་པ་རེད། དེ་ལྟའི་ཉ་བ་རྣམས་ཐང་ཆད་པོ་ཞེ་དྲགས་ཡོང་གི་རེད། དེ་ནི་དག་སྡེབ་འགྲིག་མིན་ཚང་མ་ཤིང་དཔར་སློག་ནས་འཚོལ་བའི་དཔེ་རེད། ཉིད་ལ་སྐུ་ངལ་ཆེན་པོ་ཡོང་ངེས་རེད་དགེན་ལགས།
དེ་ནས། ཉིད་ཀྱིས་ཤིང་སྤར་་་་ཟེར་བ་དེ་ཚིག་དོན་གཉིས་ཀས་ཆ་ནས་ནོར་འདུག གཅིག་ནས་་་་་ཤིང་དེ་འདུ་བྱེད་ལས་ཀྱི་བྱེད་པ་པོ་གང་ཡང་མ་རེད། ཤིང་པར་དང་། ཤིང་དཔར་གང་རུང་འབྲི་དགོས། མ་གཞི་ནས། སྤར་ཟེར་བ་རིམ་པ་གོང་མར་གནས་སྤོ་བའི་དོན་ལ་འདུག་པ་ལས། ལྡོག་གཟུགས་ངོས་གཞན་དུ་ཕབ་པ་ལ་མི་འདུག
དིང་དུས་་་་ཟེར་བ་ལྷ་སའི་ཁ་སྐད་ཡིན་པ་ལས་སྔ་མོའི་ཡོངས་གྲགས་ཀྱི་མཁས་པའི་གསུངས་རྩོམ་ན་གྲགས་པའི་ཐ་སྙད་མིན། དེ་ཡང་ནོར་བ་ངོས་ལེན་གྱིས་མ་བྲིས་ན་བཟང་།
སྐུ་མདུན་གྱིས་བཀའ་སྩལ་ཡོད་་་་ཅེས་པ་་་་་་་ བཀའ་བསྩལ་ཡོད་ཅེས་ནོར་བ་བཅོས་ན་ལེགས། སྩལ་བའི་བྱ་བ་དེ་ལོ་ངོ་མང་པོའི་སྔོན་དུ་སོང་ཟིན་པ་དང་། བསྩལ་་་ནི། བྱེད་པོ་གཞན་དང་དངོས་སུ་འབྲེལ་བ་དང་། བྱ་བ་བརྩམས་ཟིན་པའི་དུས་འདས་པ་བསྒྲུབ་པའི་ཕྱིར་འཇུག་གོ གཟིགས་དང་། བརྡ་སྤྲོད་པའི་གཞུང་སྦྱངས་པའི་འབྲས་བུ་ནི་འདི་ལྟ་སྟེ། མིང་དང་ཚིག་ཙམ་པོའི་ཆེད་དུ་རྒྱལ་བའི་བཀའ་དང་བསྟན་བཅོས་ཀྱི་གླེགས་བམ་ཇི་སྙེད་པ་སྔོག་བཤེར་གྱིས་དེ་དག་མིང་དང་ཚིག་ཙམ་པོའི་རྩོད་པ་སྒྲུབ་ཆེད་འགོད་མི་དགོས་སོ། །
ཨ་མདོའི་སྐད་དུ། ༼པ༽ཡིག་བ་རུ་འགྱུར་བ་གོང་དུ་བགྲོ་གླེང་མང་པོ་བྱུང་བ་ལྟར་ལ། གཞན་ཡང་པ་ཡིག་ཝ་རུ་འགྱུར་བ། གྲགས་པ་ལ་་་་གྲགས་ཝ། རྟག་པ་ལ་་་་་རྟག་ཝ། ཞགས་པ་ལ་་་་ཞགས་ཝ་ཟེར་དང་། པ་ཡིག་ར་རུ་འགྱུར་པ། དཀར་པོ་ལ་་དཀར་རོ། དམར་པོ་་་་དམར་རོ། སྐྱུར་པོ་ལ་་སྐྱུར་རོ་ཟེར་བ་ལྟ་བུའོ། ། ༼ཕ༽ཡིག་ཧ་རུ་འགྱུར་བ། ཕ་རོལ་ལ་་་་ཧ་རོལ། ཕལ་ཆེར་ལ་་ཧར་ཆེར། ཕུན་ཚོགས་ལ་་་་ཧུན་ཚོགས། ཕན་པ་ལ་་་་ཧན་པ། ཕུར་བུ་ལ་་་ཧུར་བུ། ཕག་མོ་ལ་་་ཧག་མོ་ཟེར་བ་ལྟ་བུ་དང་། ༼བ༽ཡིག་ར་རུ་འགྱུར་བ། བསྟོད་པ་ལ་་་་སྟོད་ར། སྨད་པ་ལ་་་་སྨད་ར། བསྐོར་བ་ལ་་་སྐོར་ར། ཞར་བ་ལ་་་ཞ་ར་ཟེར་བ་ལྟ་བུ་དང་། ༼ས༽ས་ཡ་རུ་འགྱུར་བ། དབུས་ཡ་སོང་། དཀྱུས་ཡ་བརྒྱུགས། བྲིས་ཡ་ཐོན། ཟེར་བ་ལྟ་བུ་འགའ་ཞིག་ཡོད་དོ། །
༧ཡང་ཁྱད་ཆོས་ཡོད་པའི་ཚིག་ཞིག་ནི་རང་རང་གི་མིང་མཐའ་ལ་དོན་དུ་གྱུར་པ། ག་་་ལག་ག་བླང་། ང་་སོང་ང་ཤོད། ད་་་སྟོད་ད་སྡོད། ན་་་་གདོན་ན་ཐུག བ་་་ཤུབ་བ་ཆུག མ་་་གནམ་མ་ལྟོས། འ་་་བལྟའ་འ་ཆོག ར་་་ཕྱིར་ར་རྒྱུགས། ལ་་འདུལ་ལ་ཆུག ས་་ལྟས་ཡ་སོང་། ཟེར་བ་ལྟ་བུ་སོགས་ཞིབ་འཇུག་གི་ཡུལ་དུ་གྱུར་པའང་ཤིན་ཏུ་མང་པོ་ཡོད་དོ། །
འགའ་ཞིག་གིས། པ་དང་བ་གང་བྲིས་ན་ཡང་ཁྱད་པར་མི་འདུག་སྙམ་པ་ནི། ནོར་བ་ཆེན་པོ་ཡིན་ཏེ། དཔེ་མཚོན་ཆུང་ཆུང་ཞིག་ཞུ་ན། ཀ་པ་ལ་ཀ་བ་ཞེས་བྲིས་ན། ནོར་ཚབ་ཆེན་པོ་ཡོད་སྟངས་ནི། ཀ་པ་ནི། ཀའི་སྡེ་ཚན་ལ་གོ ཀ་བ་ནི། ཁང་པའི་གདུང་མ་འདེགས་བྱེད་ཀ་བ་ལ་གོ་དགོས།
དེ་བཞིན་ཁ་པ་ལ་ཁ་བ་ཞེས་བྲིས་ན། ཁ་པ་ནི། ཁའི་སྡེ་ཚན་དང་། ཁ་བ་ནི། ཁ་བ་གངས་ལྗོངས་ཞེས་གངས་ཀྱི་མིང་ཙམ་ལ་གོ་དགོས་པས་ཕྱོགས་ཐམས་ཅད་ལ་དགོངས་པ་བཞེས་དགོས་པ་མི་འདུག་གམ། ལགས།
འདྲེ་རིག་ལྡན་མཆོག་གིས་ལན་སྩལ་པར་དགའ།
“དེས་ཁྱེད་ཀྱི་བོད་སྐད་ཡིག་གི་ཆུ་ཚད་དེ་རྣམ་པར་དག་པ་དང་། བྱང་ཆུབ་པ། བོད་མི་ས་ཡ་དྲུག་གི་ཚད་འཛིན་སར་འཇོག་ཏུ་རུང་བ་ཡིན་པའི་ངེས་པ་གང་ཡང་མེད་པ་ཁྱེད་ནས་ཀྱང་ཏན་ཏན་མཁྱེན་མདོག་ཁ་བོ་རེད།” བརྗོད་པ་འདི་ཤིན་ཏུ་བདེན།
སྦྱང་མེད། འདས་ཚིག་ལ། སྦྱངས། ས་ཆད་པར་ཁྱེད་བདེན།
“བདག་གིས། “དེས་འདྲེན་པར་བྱ་བའི་” ཟེར་བ་ནོར་བ་རེད་གསུངས་པ་དེ། སི་ཏུ་པན་ཆེན་གྱི་ལུགས་ལྟར་ན་ནོར་བར་ཁས་མི་ལེན་ནོ། རྒྱུ་མཚན་ནི། དེས་འདྲེན་པར་བྱ་བའི་་་་་ཟེར་བའི་སྐབས་ཀྱི་བརྗོད་པའི་དུས་སྟོན་མཁན་ངོ་མ་བྱ་བའི་ཚིག་གྲོགས་་་་བྱ་བའི་་་་་ཟེར་བ་དེ་ཡིན་པ་ལས། བྱ་ཚིག་གཙོ་བོ་་་འདྲེན་་་་མ་ཡིན། བྱེད་པ་པོ་གཞན་དང་དངོས་སུ་འབྲེལ་བའི་ཚིག་གི་དུས་གསུམ་གང་ཞིག་ཡིན་རུང་། དུས་གསུམ་གང་རུང་གི་བྱ་བའི་ཚིག་གྲོགས་ཀྱིས་གོང་གི་དུས་ཀྱི་ངོ་བོ་སྒྱུར་དུ་ཡོད་པ་སི་ཏུ་པན་ཆེན་གྱི་རང་ལུགས་ཡིན་ལ། དེ་ལྟའི་དུས་གསུམ་གྱི་ངོ་བོ་བསྒྱུར་བ་རྣམས་དུས་གསུམ་གྱི་དབྱེ་བ་ལས་དངོས་པོ་བདག་གཞན་གྱི་དབྱེ་བས་བསྡུ་མི་ཐུབ་གསུངས་དོན་ཡང་དེ་ཡིན།”
སི་ཏུ་པཎ་ཆེན་གྱིས་བཀའ་བསྟན་གསུང་འབུམ་གྱི་དཔེ་དག་པ་དང་འགལ་བ་ཞིག་ནམ་ཡང་མི་གསུང་། ཁྱེད་ཀྱིས་སི་ཏུ་པཎ་ཆེན་གྱི་སུམ་རྟགས་ཀྱི་དགོངས་དོན་ཞིབ་པར་ལེན་དགོས་སོ།
“དེ་ནས། ཉིད་ཀྱིས་ཤིང་སྤར་་་་ཟེར་བ་དེ་ཚིག་དོན་གཉིས་ཀས་ཆ་ནས་ནོར་འདུག གཅིག་ནས་་་་་ཤིང་དེ་འདུ་བྱེད་ལས་ཀྱི་བྱེད་པ་པོ་གང་ཡང་མ་རེད། ཤིང་པར་དང་། ཤིང་དཔར་གང་རུང་འབྲི་དགོས། མ་གཞི་ནས། སྤར་ཟེར་བ་རིམ་པ་གོང་མར་གནས་སྤོ་བའི་དོན་ལ་འདུག་པ་ལས། ལྡོག་གཟུགས་ངོས་གཞན་དུ་ཕབ་པ་ལ་མི་འདུག”
རབ་བྱེད་འདི་རྐང་བཙུགས་ནས་མགོ་རྨོངས་པར་བྱེད་པ་ཞིག་ཏུ་མཐོང་། ཤིང་ལ་བཟོས་པས། ཤིང་སྤར། ཞེས་ཟེར། དིང་སང་ལྕགས་སྤར་དུ་སྤར་འདེབས་ལཀ་མང་བར་མ་ཟད། གློག་ཀླད་དུ་སྤར་འདེབས་ཀྱི་གཞི་རྩ་བསྐྲུན་པ་མང་།
པར་ཞེས་པ་དང་། དཔར། སྒྲ་གཉིས་གང་ལས་བྱུང་། སྤར། བོད་ཀྱི་མཁས་པས་བྲིས་པའི་དཔེ་ཆ་དུ་མ་ན་མཐོང་། སྤར། གོང་དུ་སྤོ་བའི་དོན་ཏེ། སྤར། ཞེས་པ་ད་སྔོན་འཇུག་ས་རུ་འབོད་པས། དཔར་བྱུང་། དེ་ཉིས་ཟུར་ཆག་པས། པར། ཞེས་པ་བྱུང་། དག་པར་འབྲི་ན། སྔ་བོད་ཀྱི་མཁས་པས་བྲིས་པ་ལྟར། སྤར། ཞེས་པ་ལས་འོས་མེད་པ་བོད་ཀྱི་རིག་གཞུང་སྲུང་པ་པོ་ཁོ་བོས་འདོད།
“དིང་དུས་་་་ཟེར་བ་ལྷ་སའི་ཁ་སྐད་ཡིན་པ་ལས་སྔ་མོའི་ཡོངས་གྲགས་ཀྱི་མཁས་པའི་གསུངས་རྩོམ་ན་གྲགས་པའི་ཐ་སྙད་མིན། དེ་ཡང་ནོར་བ་ངོས་ལེན་གྱིས་མ་བྲིས་ན་བཟང་།”
བོད་ཀྱི་རིག་གཞུང་དཔེ་ཆ་མང་པོ་ན། དིང་སང་། ཞེས་ཡོད། དེས་ན། དིང་དུས་དང་་དིང་སང། འདྲི་བ་ལ་ཁྱད་པར་མ་མཐོང་།
“སྐུ་མདུན་གྱིས་བཀའ་སྩལ་ཡོད་་་་ཅེས་པ་་་་་་་ བཀའ་བསྩལ་ཡོད་ཅེས་ནོར་བ་བཅོས་ན་ལེགས།” ཞེས་པ་ཤིན་ཏུ་ནས་མི་རུང་བའི་གཏམ་སྟེ། དེ་ལྟར་བཅོས་ན། བཀའ་བསྟན་གསུང་འབུམ་དང་། དེ་དག་གི་དོན་བཏུས་ནས། བཀོད་པ་དག་ཡིག་ཟ་མ་དང་ཏོག་དང་། ངག་སྒྲོན་སོགས་དང་འགལ་ཞིང་། བོད་རིག་གི་དཔེ་ཆ་རྣམས་དག་ཆ་ལ་རྩིས་མེད་པར་འགྲོ་བ་ངེད་ཅག་གིས་དེ་འདྲ་བྱེད་པ་ནམ་ཡང་མི་རིགས་སོ།
བསྩལ། སེལ་བའི་འདས་ཚིག་ཡིན་པར་སྡེ་དགེ་བཀའ་འགྱུར་སོགས་ན་ལན་མང་དུ་མཐོང་།
་
“ཕན་པར་་་དག་པར་འདོད་ན་སྐབས་འདིར་བསྟན་གྱི་ལ་དོན་གྱི་ཕྲད་དེ་རྣམ་དབྱེ་གང་གི་བྱ་བ་བྱེད་པ་ཡིན་ནམ།”
ཁྱེད་སུམ་རྟགས་ལ་སྦྱངས་པ་འདི་འདྲའི་དོན་ལ་འཐོམས་ན། སུམ་རྟགས་སྦྱངས་པའི་དགོས་པ་ཆུང་། དེ་ཡང་འདི་ལྟར་བྲིས་ཏེ། “ལ་དྭགས་ཁུལ་ཏུ་ལ་དྭགས་མི་མང་ལ་ཕན་པའི་ཆེད་དུ་བོད་སྐད་ཡིག་དར་སྤེལ་དང་། བཀོལ་སྤྱོད་ཀྱི་ཁོར་ཡུག་ཅིག་བསྐྲུན་ཐུབ་ན་ཏན་ཏན་ལ་དྭགས་མི་མང་ལ་ཕན་པ་མ་ཟད། བོད་སྐད་ཡིག་ལ་ཡང་ཕན་པ་ཡོད།” བྱ་བའི་ཁྱད་ཆོས་སྟོན་པ་ལ་བོད་ཀྱི་བརྡ་སྤྲོད་དུ། དེ་ཉིད། ཅེས་གོ་དཀའ་བ་འདུག འདིར་བྱ་ཚིག་ཟད་ཀྱི་ཁྱད་ཆོས་སྟོན་པ་ལ་ར་ཡིག་འབྲི་དགོས། དེ་ཡང་། སྨྲ་སྒོར།
་
ཏུ་ལ་སོགས་པ་ལ་དང་མཐུན
དེ་ཉིད་དག་ནི་ལྷག་པ་ཡིན།
ཞེས་པ་ལྟར་ལགས།
“དེས་བར་དེར་ཉིད་ནས་་་ལྷག་བཅས་ཀྱི་སྒྲ་ཡིན་པས་འདས་ཚིག་འགོད་དགོས་པའི་བླང་བྱ་བཏོན་གནང་འདུག ལ་དྭགས་ནས་རྡ་ས་བར་་་་་ཟེར་བའི་་་་ནས་་་་་སྒྲ་དེ་ཡང་ལྷག་བཅས་ཀྱི་ཡུལ་བསྡུད་པ་ཡིན་པས། དེ་ལ་འདས་ཚིག་ཅིག་འབྲི་ས་ཨེ་འདུག་ལགས། ལྷག་བཅས་ཀྱི་ཕྲད་འཇུག་ཚད་ཚང་མར་འདས་ཚིག་འགོད་དགོས་ཟེར་བ་དེ་ཡང་སྐུ་ཉིད་བོད་ཀྱི་བརྡ་སྤྲོད་པའི་གཞུང་གི་རིགས་ལམ་ལ་ཐུགས་རྒྱུས་ཆེན་པོ་མེད་པའི་རྟགས་སོ།”
སུམ་རྟགས་ཙམ་ལ་མགོ་མ་འཁོར་བར་རང་རེས་བོད་གཞུང་དག་ལྟ་དགོས། དེ་དག་ན། ལ་དྭགས་ནས་དྷ་ས་བར་ཞེས་པ་ལྷག་བཅས་ཡིན་པ་སུས་འདོད། ལྷག་བཅས་ཞེས་པའི་དོན་ཡང་། བྱ་བ་སྔ་མ་གྲུབ་ནས་བྱ་བ་ཕྱི་མ་ལ་འཇུག་པས། བྱ་ཚིག་ལྷག་མ་ཡོད་པས་ལྷག་བཅས་ཟེར། དེང་ཡང་ལེགས་སྦྱར་དུ། བྷཱུ་ཏ་ཀཱ་ལིཀ་ཀྲནྡ། ལེགས་སྦྱར་གཞིར་བཟུང་བོད་ཚིག་དེ་བཟོ་བསྐྲུན་ཡིན་པར་སྙམ། ཏེ་ སྟེ་ དེ། བྱ་ཚིག་མཚམས་འབྱེད་པའི་དོན་ལ་འཇུག་རུང་། ནས་ཞེས་པ་བྱ་ཚིག་མ་འོངས་པ་སོགས་ལ་འཇུག་པའི་དཔེར་བརྗོད་དམ།
ངོ་མ་ཞེས་པ་ཡང་ཁ་སྐད་བཀོལ་ཏེ། རིག་གཞུང་སྐད་ཀྱི་དག་ཆ་དང་འགལ་བས་འདི་རིགས་ལ་གཟབ་པར་མཛོད།
སློབ་གྲྭའི་ཡིག་རྒྱུགས་ཀྱི་ལས་བྱེད་དགོས་པས། སླར་ནམ་ལན་སོགས་འདེབས་ཐུབ་བདུན་ཕྲག་གཉིས་ཙམ་ངེས་པ་མེད་པ་དགོངས་འཚལ། སླད་ནས། ཚིག་རྙོག་མང་པོ་མ་འབྲི་བར་བརྗོད་བྱ་དོན་ལྡན་ཚིག་ཉུང་འབྲི་བ་གལ་ཆེའོ།
ཡང་པ་དང་བ་གཉིས་ཐོབ་ས་སོ་སོར་དགོས་ས་གཅིག་ནི། འགྲེལ་བའི་འགྲེལ་པ། ཞེས་འགྲེལ་བའི་བྱ་བར་བ་ཡིག་དང་། མིང་ལ་འགྲེལ་པ་ཞེས། པ་ཡིག་ཉིད་ཐོབ་ལགས།
རྒན་ལ་དྭགས་པ་དང་། འདྲེ་རིག་ལྡན་གཉིས་ཀྱི་རྩོད་པའི་ཐད།
༡༽པར། སྤར།
ཡི་གེ་འདི་་གཉིས་ནི་ཁམས་དང་ཨ་མདོར་སྤྱོད་ཚུལ་ཐ་དད་པ་མཐོང་། ཁམས་ཀྱི་སྡེ་དགེ་སྤར་ཁང་ཆེན་མོ་ལ། སྤར་ཁང་བཀྲ་ཤིས་སྒོ་མངས་ཟེར། ཁམས་ཀྱི་མཁས་པ། འཇམ་དབྱངས་མཁྱེན་བརྩེ། རྙིང་མའི་མཁས་དབང་འཇུ་མི་ཕམ། ས་སྐྱའི་མཁས་དབང་བློ་གཏེར་དབང་པོ། བཀའ་བརྒྱུད་མཁས་དབང་ཀོང་སྤྲུལ་བློ་གྲོས་མཐའ་ཡས། དགེ་ལྡན་མཁས་དབང་བྲག་ཡབ་གདོང་ཀཾ་ཁྲི་བ་སོགས་ཀྱིས་༼སྤར༽མིང་དང་བྱ་བ་ཁྱད་མེད་དུ་སྦྱར་བ་མཐོང་། ཨ་མདོའི་མཁས་དབང་རྣམས་ཀྱིས་༼པར་༽བྲིས་པ་མང་། ཀུན་མཁྱེན་གཉིས་པ་འཇིགས་མེད་དབང་པོའི་ཅོ་ནེའི་བསྟན་འགྱུར་དཀར་ཆག བསྟན་དར་ལྷ་རམས་པ་སོགས་དང་། བཀྲ་ཤིས་འཁྱིལ་དང་། སྐུ་འབུམ་སོགས་ཀྱི་རྗེས་འབྲངས་པ་རྣམས་ཀྱིས་དེ་བཞིན་འབྲིའོ། ། ཅོ་ནེ་གྲགས་པ་བཤད་སྒྲུབ་ཀྱི་གསང་འདུས་རྩ་རྒྱུད་ཀྱི་པར་བྱང་དུ། །རྒྱུད་སྡེ་ཀུན་ཀྱི་གསང་བ་འདུས་པའི་དབྱིག །པར་དུ་སྤར་བའི་དགེ་ཚོགས་བདུད་རྩིའི་ཆར། །ཅེས་མིང་ལ་༼པར་༽དང་བྱ་བ་ལ་༼སྤར༽བྲིས་འདུག །དབལ་མང་ཀོན་མཆོག་རྒྱལ་མཚན་གྱི་གསུང་དུའང་འདི་ལྟར་མིང་ཚིག་དང་བྱ་ཚིག་གི་ཁྱད་ཕྱེས་ཡོད་སྙམ་ཀྱང་མ་དྲན།
༢༽དིང་སང་།
འབྲི་སྲོལ་འདི་རྙིང་ཕྱོགས་ཀྱི་ཡིག་ཆ་མང་པོར་སྣང་། དཔེརན་ན་ཀློང་ཆེན་པའི་ཆོས་དབྱིངས་མཛོད་དུ། དིང་སང་ཨ་ཏིར་རློམ་པའི་གླང་ཆེན་དག །འགྱུ་འཕྲོའི་རྟོག་ཚོགས་བྱང་ཆུབ་སེམས་ཡིན་ལོ། །རྨོངས་པ་དེ་དག་མུན་པའི་ཀློང་ཉིད་དུ། །རང་བཞིན་རྫོགས་པ་ཆེན་པོའི་དོན་ལ་རིང་། །་ཞེས་པ་ལྟ་བུའོ། །
དབུས་པ་བློ་གསལ་གྱི་ལོ་རྒྱུས་ཞིབ་མོ་མཇལ་མཁན་དཀོན་པོ་རེད་འདུག །
དྲི་མེད་ལྷག་བསམ་མཆོག
སྐུ་ཉིད་ཀྱིས་ལྷག་བསམ་དྲི་བྲལ་གྱིས་སྒོ་ནས། བོད་ཀྱི་སྐད་ཡིག་མཁས་པས་བཞེད་སྲོལ་མི་ཉམས་པའི་ཆེད་དུ། ཐུགས་ཁུར་ཆེ་བཞེས་ཀྱིས། སྤར། ཞེས་པའི་མིང་ཚིག་ལ་འཚོལ་སྒྲུབ་མཛད་དེ། དྲ་རྒྱ་ཐོག་བཀོད་པར་བཀའ་དྲིན་ཆེ། བོད་ཀྱི་མཁས་པའི་དག་ཆ་སྲུང་བར་འདོད་པ་པོ་རྣམས་ཀྱི་ཡིད་ལ་བདེ་བ་སྟེར་བའི་གནས་སུ་འགྱུར་རོ།
འདྲེ་རིག་ལྡན་ལགས་ཀྱིས་ལ་དྭགས་ནས་རྡ་ས་བར་ཞེས་དྲངས་པ་ལྷག་བཅས་མིན་པ་བདེན་འདུག་མོད་ཐུགས་མཉམ་མ་བཞག་པར་ཤོར་བ་གོར་མ་ཆག རྒན་ལ་དྭགས་པས་ལྷག་བཅས་འདས་ཚིག་ཁོ་ནའི་མཐར་འཐོབ་པར་དགོངས་པ་ནི་མ་ངེས་ཏེ། མ་འོངས་པ་ན་རྗེ་བཙུན་བྱམས་པ་མགོན་པོ་ཞེས་བྱ་བ་འབྱོན་པར་འགྱུར་ཏེ་ལྟ་བུ་འདས་ཚིག་མིན་ཀྱང་ལྷག་བཅས་འཐོབ་རུང་། སངས་རྒྱས་འཇིག་རྟེན་དུ་བྱོན་ཏེ་ཆོས་ཀྱི་འཁོར་ལོ་བསྐོར་རོ་ལྟ་བུ་འདས་ཚིག་རྗེས་སུ་ལྷག་བཅས་ཐོབ་པ་ཡིན། དེ་བཞིན་སྐྱོབ་སྟེ་ བསྐྱབས་ཏེ སྟོན་ཏེ་ བསྟན་ཏེ་ལྟ་བུ་འདས་ཚིག་ཡིན་མིན་ཅི་རིགས་ཡོད། གོང་གི་སྟོན་ཏེ་ནི་སྟོན་པར་འགྱུར་ཏེའམ་སྟོན་པར་བྱེད་དེ་ཞེས་པའི་ཚིག་སྡུད་ཡིན། དཔེར་ན་བྱམས་པ་མགོན་པོས་དམ་པའི་ཆོས་སྟོན་ཏེ། དེ་བསྟན་ནས་་་་་་་་སོགས་ལྟ་བུ། དེ་བཞིན་ད་དུང་ བདག་གི་བླ་མ་སྟེ་ རྗེ་བདག་ཉིད་ཆེན་པོའོ་ལྟ་བུ་མིང་གི་རྗེས་སུ་ལྷག་བཅས་འཇུག་པའང་ཡོད།
རང་གིས་གང་ཤེས་པ་ལ་ཡིད་ཆེས་བྱེད་པ་ལས་གཞན་དག་ལ་བསམ་བློ་བཏང་ནས་བདེན་པ་ཡོད་མེད་ལྟ་ཐུབ་པའི་གཤིས་ཀ་ལ་དྭགས་དང་བོད་གཉིས་ཀར་མི་འདུག ཁ་བརྡའི་མཆན་དུ་༼བོད་ཀྱི་རིག་གཞུང་གི་སྐད་༽ཅེས་ཅི་ཡིན་འདི་ཡིན་མི་ཤེས་པ་ཞིག་བཤད་ཀྱིན་པ་དེའང་། བསྒྱུར་དུ་མེད་ཅིང་ལྡོག་ཏུ་མེད།། ལོག་པའི་དཔུང་ནི་རྡོ་རྗེ་ཉིད།། གླེན་པ་ལྕགས་ཀྱི་གདོང་ཅན་ལ།། སུ་ཞིག་གིས་ནི་རྒོལ་བར་ནུས།། ཞེས་གསུངས་པ་ལྟར་རང་རང་སོ་སོའི་སྤྱོད་པ་བསྐྱང་ན་ལེགས་སོ།།
ཨ་ར་དཀར་པོ་མཆོག
མ་མཇལ་ཡུན་རིང་། ཁྱེད་ཡིན་སྙམ། སྔོན་མ་ཁྱེད་རྣམ་དཔྱོད་དང་གཤིས་རྒྱུད་ལེགས་པས། པདྨ་དཀར་པོ་ཞེས་གསོལ་དགོས་ཞེས་མཆན་ཡིག་ཏུ་བཀོད་པར་དྲན། སླར་ཡང་མཇལ་བ་དགའ་བ་བརྟས།
སྨྲ་སྒོ་ན་བཀོད་ཡོད་པ་བཞིན་དུ། སི་ཏུ་པཎ་ཆེན་གྱིས་ལྷག་་བཅས་ལ་དབྱེ་བ་མང་དུ་གསུངས་པ་རྣམས་ལོ་མང་མ་བལྟས་པས་དྲན་མེད་པ་དང་། ལེགས་སྦྱར་སྐད་ཀྱི་ལྷག་བཅས་་ཀྱི་ཤན་ཞུགས་ཏེ། མཚམས་སྦྱོར་ལྷག་བཅས་ཀྱི་དང་པོའི་དཔེར་བརྗོད། མདའའཕངས་ཏེ་ཕོག། ལྷ་བསྒྲུབས་ཏེ་གྲུབ། ཞེས་པ་ལྟ་བུ་ཁོ་ན་ལ་བསམས་ནོར་འཁྲུལ་བྱུང་བས་ཁྱེད་སོགས་དྲ་རྒྱའི་ཀློག་པ་པོ་རྣམས་ལ་ཞུ་དགོས་པ་ཡིན། ནས་སྒྲ་མཚམས་སྦྱོར་ལྷག་བཅས་ལ། སི་ཏུ་པཎ་ཆེན་གྱིས། ལྷ་མཆོད་ནས་ལས་བྱ། ལག་པ་བརྐྱངས་ནས་བཟུང་། ནས་སྒྲ་ལྷག་བཅས་འདི་ལྟ་བུ་་ཁོ་ནར་མ་གཏོགས་མེད་སྙམ་སྟེ། འདྲེ་ལྡན་ལ་འདི་ལྟར་བྲིས་ཏེ། “ཏེ་ སྟེ་ དེ། བྱ་ཚིག་མཚམས་འབྱེད་པའི་དོན་ལ་འཇུག་རུང་། ནས་ཞེས་པ་བྱ་ཚིག་མ་འོངས་པ་སོགས་ལ་འཇུག་པའི་དཔེར་བརྗོད་དམ།”
དཔལ་དོན་མཆོག་ལ་ཞུ་བ། ་༼བོད་ཀྱི་རིག་གཞུང་གི་སྐད་༽འདི་ལ་ཆོས་སྐད་ཅེས་ས་སྐྱ་པནྜིཏ་དང་། ཉེ་དུས་ཀྱི་རྣམ་དཔྱོད་ཀྱི་དཔལ་དང་ལྡན་པ། ཨ་མདོ་པ་མཁས་དབང་དགེ་འདུན་ཆོས་འཕེལ་མཆོག་གིས་གསུངས་པ། ནང་པ་སངས་རྒྱས་པ་ལ་འོས་ཤིག་འཚམས་པ་ལགས་ཀྱང་། མུ་སུལ་མན་སོགས་སྤྱི་རོལ་པ་ཆོས་སྐད་སློབ་པ་པོ་རྣམས་དང་ཐུན་མོང་དུ་བཀོལ་བར་༼བོད་ཀྱི་རིག་གཞུང་གི་སྐད་༽ཅེས་གསར་དུ་བཟོ་བསྐྲུན་བྱས། དེ་ཡང་། ཨིནསྐད་དུ། Classical Tibetan Language ཞེས་དང་། ཧིནྡ་སྐད་དུ། Sahityika Bhotabhasha འདི་དག་སྐད་དོད་༼བོད་ཀྱི་རིག་གཞུང་གི་སྐད་༽ཅེས་པ་ལགས། འདི་ལ་མིང་ཚིག་གཞན་ཁྱེད་སོགས་དྲ་རྒྱའི་ཀློག་པ་པོ་མཁས་པ་གང་རུང་གིས་འོས་ཤིང་འཚམས་པའི་མིང་ཚིག་ཅིག་བཟོ་སྐྲུན་མཛད་ན། བདག་གིས། ༼བོད་ཀྱི་རིག་གཞུང་གི་སྐད་༽ཚབ་ཏུ་བཀོལ་སྤྱོད་ཞུ་ངེས་ལགས།
རྒྱུགས་ཀྱི་བྲིས་དཔེ་རྣམས་ཀློག་དགོས་འབྲེལ་ཆེ་ཙམ་ལགས་ཀྱང་བོད་རིག་གཞུང་གི་ཞབས་ཏོག རང་རེའི་བླ་མ་མཆོག་ལ་སྒྲུབ་པའི་མཆོད་པར་བསམས་ཏེ། བརྩོན་པས་བྲིས་སོ།
རྒྱལ་པོ་རླངས་ཚང་མཆོག། ཁྱེད་ཀྱིས། ལ་དྭགས་རྒད་པོ། ཞེས་བཀོད་པས། མ་འོངས་པ་ན་རྒད་པོ་ཚེ་རིང་ནད་མེད་འབྱུང་བར་རྟེན་འབྲེལ་བཟང་པོ་བྱུང་།
ང་ཆུང་དུས་ལུས་རྒུད་པོ་ཞིག་ཡིན་པར་གྲྭ་པ་ལོ་ལྔ་བཅུ་ང་གྲངས་ཤིག་གིས། ཁྱོད་ང་ལྟར་ཚེ་རིང་པོ་ག་ནས་འོང་ཞེས་བཤད། དེ་དུས་ལ་དྭགས་དང་དབུས་གཙང་དུ། ལོ་དྲུག་ཅུ་བསྡད་མཁན་དཀོན་པ་ཡིན་ངེས། ཨ་མདོ་རུ་ནི་ཤ་མར་མང་བས། ཚེ་རིང་ཐུང་ཇི་ལྟར་མི་་ཤེས་། ཨིན་སྐད་གསར་ཤོག་ཏུ་བཀོད་པ་མཐོང་ཡང་། འདིར་འགོད་པ་ལ་དགོས་པ་མེད།
་
མིག་དང་རྣ་བ་སྣ་ཡང་ཚད་མ་མིན།
་
ཞེས་གསུངས་།
ང་རྒྱ་གར་དང་ཨ་རི་རུ་འཕྲོད་བསྟེན་སྐོར་བྲིས་པ་མང་པོ་བཀླགས་ཏེ། བདག་གི་འཕྲོད་བསྟེན་བྱེད་པ་འདི་ལྟར། གདན་མཁྲེགས་པའི་སྒང་ལ་ཉལ། ཆུ་གྲང་མོས་དབྱར་དགུན་ཁྱད་མེད་པར་ལུས་པོ་འཁྲུད། གད་རྒྱབ་པ། ཟས་སྐོལ་བ། ལུས་ཀྱི་སྒོ་ནས་གང་བྱེད་ཐུབ་པ་ཚང་མ་ང་རང་གིས་བྱེད། རང་གང་དུ་གནས་པའི་ཁོར་ཡུག་གཙང་མར་བྱེད། ལུས་ལ་ཉི་ཟེར་ཕོག་པ་གལ་ཆེ། ཟས་འབྲུ་རིགས་དང་། ཚོད་མ་དང་། ཤིང་ཏོག་མང་དུ་ཟ། ལོ་ཡར་ལོན་པ་ན། མངར་ཆ་དང་ཤ་མར་གང་ཐུབ་ཉུང་ངུར་ཟ། འཕྱན་པ་སོགས་ལུས་་སྒུལ་སྐྱོགས་དགོས། ཆོས་པ་ཡིན་ན་ཕྱག་བསྐོར་བས་ཕན། ད་ལྟ་ང་ཨ་རིར་གཅུག་པུར་འགྲོ་འོང་བྱེད་པར་འདི་ཀའི་མི་རྣམས་ཀྱིས་ཡིད་ཆེས་དཀའ་བ་འདུག་ཟེར། ད་ལྟ་ལྟ་ཅི། ༡༩༨༧ལོར་བོད་དགའ་ལྡན་རི་བོའི་སྒང་ལ་བསངས་གཏོང་བར་མི་མང་པོར་འགྲོ་བ་ན། བདག་ཀྱང་གཅིག་པུར་འགྲོ་དུས། རིའི་སྒང་ལ་མི་ཞིག་དང་ཐུག་འཕྲད་གཏམ་གླེང་དུ། ང་གཅིག་པུ་ཨ་རིས་ནས་འོངས་པ་ཡིན་པར་མེ་དེས་ཧ་ལས་པ་ལྟར་བྱས་སོང་།
མིའོ་ཅོག་གི་ལུས་འདི་ནི།
བཀོལ་བར་བྱ་བ་ཉིད་དུ་ཟད།
ཅེས་དང་།
རྟག་ཏུ་དད་དང་་ལྡན་བྱས་ནས།
ལས་རྣམས་བདག་གིས་རྟག་ཏུ་བྱ།
ལས་རྣམས་ཀུན་ལ་སུ་ལ་ཡང་།
བལྟོས་པར་བྱ་བ་མ་ཡིན་ནོ།།
་
ཞེས་གསུངས་སོ།