ཨ་མདོར་ཚོགས་པའི་མེ་སྤྲེལ་བོད་ཀྱི་ལོ་གསར་དགོང་ཚོགས། Posted on 2016-02-122016-02-12 By ཁ་བརྡ 7 Comments on ཨ་མདོར་ཚོགས་པའི་མེ་སྤྲེལ་བོད་ཀྱི་ལོ་གསར་དགོང་ཚོགས། གློག་བརྙན་།
བོད་ཀྱི་མེ་སྤེལ་ལོ་གསར་ཚེས་པ་དང་པོ་ལ། ལས་འགུལ་གནང་པ། http://tibettimes.net/%E0%BD%A0%E0%BD%90%E0%BD%96%E0%BC%8B%E0%BD%A2%E0%BE%A9%E0%BD%BC%E0%BD%91%E0%BC%8B%E0%BD%98%E0%BD%9A%E0%BD%98%E0%BD%A6%E0%BC%8B%E0%BD%A0%E0%BD%87%E0%BD%BC%E0%BD%82%E0%BC%8B%E0%BD%98%E0%BD%B2%E0%BC%8B/
ཧ་ཅང་ལེགས་སོ། རང་གི་ཕ་མེས་ཡང་མེས་ཀྱི་རྒྱལ་ཁམས་རང་ལུགས་སུ་སྐྱོང་བའི་གཞིས་འཛིན་བོད་མིའི་སྙིང་སྟོབས་ལ་རྗེས་སུ་ཡིད་རངས་ཞུ། ། ཨ་མདོའི་ཡུལ་སྐད་དངས་གཙང་གི་ངག་སྒོ་ལས་ཐོན་པའི་གླུ་དབྱངས་དང་སྐད་ཆ་སོགས་ག་རེ་ཡོད་པ་ཡིན་ནའང་ཧ་ཅང་ཉན་འདོད་པ་དང་བལྟ་འདོད་པ་ཡིན། ། མ་འོངས་འབྱུར་འགྱུར་ལ་གླུ་བ་གླུ་མ་དང་མདོ་འཛིན་པ་དང་འཁྲབ་སྟོན་པ་བཅས་ཀྱིས་བོད་རང་ལུགས་ཀྱི་ལག་རྩལ་ཚད་ལྡན་ལས་ཐོན་པའི་བོད་ལྷམ་དང་བོད་ཞྭ་་དེ་དག་ཀྱང་དུས་ཆེན་སོགས་སུ་ངེས་པར་དུ་གྱོན་གནང་རོགས། དེས་ལོ་རྒྱུས་ཐོག་རང་ཁ་རང་གིས་གསོ་ཐུབ་པའི་བོད་མི་རིགས་ཀྱི་ངོ་བོ་དེ་ཆ་ཚང་བ་ཞིག་སྟོན་ཐུབ་ཀྱི་ཡོད་པ་རེད། །
དགོང་ཚོགས་འདི་དངོས་སུ་དྲྭ་ལམ་དང་དུསཚོད་ཀྱིས་བལྟ་ཐུབ་མ་སོང་། ཡིན་ན་ཡང་ཨམ་མདོའི་ལོ་སར་དགོང་ཚོགས་འདིའི་འབྲེལ་ཡོད་ཚང་མར་རང་ཚུགས་བརྟན་པོ་དང་མི་རིགས་ཀྱི་རུས་རྐང་གཙང་མ། སླད་མེད་པའི་ལྷགས་བསམ་དང་སྙིང་སྟོབས་སོགས་བོད་མི་རིགས་ཀྱི་ཁྱད་ཆོས་འབུར་དུ་ཡོད་པ་གངས་ཅན་པ་ལ་ཤ་ཚ་དང་དོན་སྣང་ཡོད་མཁན་སུ་ཞིག་ཡིན་རུང་ཧ་མི་ལས་མཁན་མེད། ཅེས་བཤད་ཆོག གང་ཡིན་ཟེར་ན་སྤྱིར་བོད་མི་རིགས་ཀྱི་རིག་གཞུང་ཡོད་ཚད་ཀྱི་སྲོག་དབུག་མ་ཆད་ཙམ་ཡོད་པ་ནི་ཨམ་མདོ་བའི་བཀའ་དྲིན་ཡིན་ཅེས་བཤད་ན་རྫུན་དུ་ཕལ་ཆེར་མི་འགྲོ། བོད་ལྗོངས་དང་ཁམས་པའི་བརྙན་འཕྲིན་ཁང་ཟེར་བ་དེ་ཚོར་བལྟས་ན་སྙིང་རླུང་དང་ཁོང་ཁྲོ། སེམས་སྐྱོ་ནས་ཤི་འགྲོ་གི། ངོ་མ་ཡིན།
བེ་རི་ལགས བོད་མི་རིགས་ཀྱི་རིག་གཞུང་གི་སྲོག་དབུག་མ་ཆད་ཙམ་ཡོད་པ་འདི་ཨ་མདོ་པའི་བཀའ་དྲིན་ཡིན་ཟེར་ན་ཅུང་ངོས་ལེན་ཞུས་ཁག་པོ་འདུག བོད་ཀྱི་རིག་གཞུང་གི་ཉིང་བཅུད་ལྟ་བུའི་མདོ་ཕྱོགས་བཀའ་བོད་ལྔ་དང་སྔགས་ཕྱོགས་རྒྱུད་སྡེ་བཞི་འདི་གཙོ་པོ་བཙན་བྱོལ་གྱི་ཆོས་སྡེ་ཁག་ལས་ལྷག་ཅིག་མེད་པ་མིག་མཐོང་ལག་ཟིན་རེད། སྤྱིར་གཞིས་ལུས་མི་མང་སྤྱི་དང་ལྷག་ཏུ་ཨ་མདོ་མི་མང་གི་རྒྱལ་གཅེས་སེམས་ཤུགས་ལ་གུས་བརྩི་ཡོད
#2 ཡ་མ་ཚེ་རིང ་ལགས་ཀྱིས་སྤེལ་དོན།: February 13th, 2016 at 6:10 am ད་ང་ཚོས་དབུ་རུལ་པ་ཤངས་ཀྱིས་མ་ཚོར་བ་མ་གནང་ན་ཡག་གི་རེད་དཱ། སྲིད་སྐྱོང་མཆོག་གིས་སྡིངས་ཆ་ག་འདྲ་ཅིག་རྒྱུད་ནས་རྣམ་པ་ཅི་འདྲ་ཞིག་བསྟན་ཡང་བཀའ་ཤག་བརྒྱུད་ནས་གཞུང་འབྲེལ་གྱི་རྣམ་པ་བསྟན་ཡང་རེད། རླུང་འཕྲིན་ཁག་བརྒྱུད་ནས་སྒེར་གྱི་རྣམ་པ་བསྟན་ཡང་རེད། གང་ལྟར་དུས་དབང་ཕྱིར་འགྱང་གི་གནད་དོན་ཐུག་ས་ངོ་གནས་དེ་ཆུ་བཞི་སྒང་དྲུག་གསར་རྙིང་གི་རྙོག་གླེང་ལ་ཐུག་ཡོད་པ་མི་གཞན་པ་ལས་ང་ཚོ་ཁམས་རིགས་མི་མང་གི་སེམས་ལ་གསལ་ཐག་ཆོད་ཡོད་པ་རེད། དེ་མིན་ད་དུང་གནས་ཚུལ་མང་པོ་ཅིག་མཐོང་གི་མཐོང་གི་ང་ཚོས་སྡིག་པ་མིག་བཙུམ་བྱས་ན་གྱོང་རག་ས་བོད་སྤྱི་པ་ལ་རག་གི་གི་རེད། ལྷག་པར་ང་ཚོའི་ཡབ་མེས་བྱས་པ་ཅན་དག་ལ་ཡང་རྐང་རྗེས་ལག་སུབ་དང་ངོ་གནོང་དགོས་པ་ཞིག་མི་ཆག་པའི་ངེས་པ་མི་འདུག གང་ལྟར་ད་པར་དུ་ག་རེ་བཤད་ན་མ་བཤད་ན་བཙན་བྱོལ་གྱི་ལོ་རྒྱུས་ཁྲོད་ལ་ང་ཚོ་ཁམས་རིགས་མི་མང་གིས་གཟི་བརྗིད་ལྡན་པའི་ལེའུ་མང་པོ་ཅིག་བྲིས་ཡོད་པ་རེད། མདོར་ན་ད་ང་ཚོས་གཟབ་ཙམ་གནང་དགོས་པ་འདྲ། སྤྱིར་གཏང་ཆོལ་ཁའི་་ཞེན་ཁོག་ཟེར་པ་འདི་ཆབ་སྲིད་པ་ཁ་ཤས་ཀྱི་རང་དོན་སྒྲུབ་བྱེད་དང་ཆབ་སྲིད་ཀྱི་རྩེད་མོ་རྩེ་སྤྱད་ཡག་ཤོས་ཅིག་ཆགས་ཡོད། ངོས་ནས་བྱས་ན་སྲིད་སྐྱོང་སུ་སླེབས་ན་ང་ཚོ་ཆོལ་ཁ་བྱེ་བྲག་པ་དང་སྒེར་སོ་སོ་ལ་ཁེ་གྱོང་གང་ཡང་མེད་པ་གསལ་པོ་རེད། སོང་ཙང་ད་ནས་བཟུང་ང་ཚོས་རང་གིས་རང་མི་གཞན་པའི་ལག་ཆ་མ་ཆགས་པ་བྱེད་རོགས། ང་ཚོ་མདོ་སྟོད་རྒྱ་ཆེའི་མི་མང་གི་དྲང་ཚུགས་དང་ལྷག་བསམ་གྱིས་ད་པར་དུ་བྱབ་སྐྱེལ་ཡོད་པ་མ་རེད། ཡིན་ན་ཡང་གཟབ་གཟབ་མ་བྱས་ན་འཚམས་ལ་རེར་སྐབས་འཚོལ་བ་དཔེར་ན་སྤྲུལ་སྐུ་ཨུ་རྒྱན་སྟོབས་སོགས། ་ག་དུས་ཡིན་ན་ཡང་བོད་གཞུང་དང་གོང་ས༧མཆོག་ལ་ཞབས་ཞུ་ཚུལ་བཞིན་དུ་སྒྲུབ་མཁན་རྣམས་ལ་ཉེས་མེད་ཉེས་འདོགས་དང་ཁ་གཏད་རྐྱང་རྐྱང་བྱེད་མཁན་གྱི་མི་རེ་ཟུང་གིས་མགོ་སྐོར་འོག་ལ་ཚུད་མི་སྲིད་པའི་ངེས་པ་མི་འདུག འདི་དང་འདི་ལྟ་བུའི་མི་ཁ་ཤས་ཀྱིས་བྱེད་བབ་ལ་བལྟས་ཡོང་དུས་རྒྱབ་ལྗོངས་ལ་ཡང་དོགས་པ་མི་ཟ་རང་ཟ་ཆགས་ཡོང་གི་འདུག མདོར་ན་མི་རེ་ངོ་རེ་ནས་སྤྱི་ཚོགས་ཁྱོན་ཡོངས་ལ་རྒྱུས་ལོན་མང་ཙམ་གནང་ནས་བྱེད་ཕྱོགས་མ་ནོར་རོགས་ཞེས་གསལ་འདེབས་ཞུ།། #3 ལོ་མ ་ལགས་ཀྱིས་སྤེལ་དོན།: February 13th, 2016 at 6:28 am དུས་དབང་སྐོར་གྱི་གནས་ཚུལ་་ཤེས་འདོད་ན་ཆུ་སྒང་གསར་བ་ལ་ཕྲིས་དང་གསལ་བོ་ཆགས་ངེས་རེད།
བོད་ཀྱི་མེ་སྤེལ་ལོ་གསར་ཚེས་པ་དང་པོ་ལ། ལས་འགུལ་གནང་པ།
http://tibettimes.net/%E0%BD%A0%E0%BD%90%E0%BD%96%E0%BC%8B%E0%BD%A2%E0%BE%A9%E0%BD%BC%E0%BD%91%E0%BC%8B%E0%BD%98%E0%BD%9A%E0%BD%98%E0%BD%A6%E0%BC%8B%E0%BD%A0%E0%BD%87%E0%BD%BC%E0%BD%82%E0%BC%8B%E0%BD%98%E0%BD%B2%E0%BC%8B/
ཧ་ཅང་ལེགས་སོ། རང་གི་ཕ་མེས་ཡང་མེས་ཀྱི་རྒྱལ་ཁམས་རང་ལུགས་སུ་སྐྱོང་བའི་གཞིས་འཛིན་བོད་མིའི་སྙིང་སྟོབས་ལ་རྗེས་སུ་ཡིད་རངས་ཞུ། །
ཨ་མདོའི་ཡུལ་སྐད་དངས་གཙང་གི་ངག་སྒོ་ལས་ཐོན་པའི་གླུ་དབྱངས་དང་སྐད་ཆ་སོགས་ག་རེ་ཡོད་པ་ཡིན་ནའང་ཧ་ཅང་ཉན་འདོད་པ་དང་བལྟ་འདོད་པ་ཡིན། །
མ་འོངས་འབྱུར་འགྱུར་ལ་གླུ་བ་གླུ་མ་དང་མདོ་འཛིན་པ་དང་འཁྲབ་སྟོན་པ་བཅས་ཀྱིས་བོད་རང་ལུགས་ཀྱི་ལག་རྩལ་ཚད་ལྡན་ལས་ཐོན་པའི་བོད་ལྷམ་དང་བོད་ཞྭ་་དེ་དག་ཀྱང་དུས་ཆེན་སོགས་སུ་ངེས་པར་དུ་གྱོན་གནང་རོགས། དེས་ལོ་རྒྱུས་ཐོག་རང་ཁ་རང་གིས་གསོ་ཐུབ་པའི་བོད་མི་རིགས་ཀྱི་ངོ་བོ་དེ་ཆ་ཚང་བ་ཞིག་སྟོན་ཐུབ་ཀྱི་ཡོད་པ་རེད། །
བན་དེ་སྐྱིད་ཀྱི་གཞས་དང་། དབུ་རྒྱན་ལ་ཧ་ལས་བྱུང་། གཞན་མི་ཤེས།
དགོང་ཚོགས་འདི་དངོས་སུ་དྲྭ་ལམ་དང་དུསཚོད་ཀྱིས་བལྟ་ཐུབ་མ་སོང་། ཡིན་ན་ཡང་ཨམ་མདོའི་ལོ་སར་དགོང་ཚོགས་འདིའི་འབྲེལ་ཡོད་ཚང་མར་རང་ཚུགས་བརྟན་པོ་དང་མི་རིགས་ཀྱི་རུས་རྐང་གཙང་མ། སླད་མེད་པའི་ལྷགས་བསམ་དང་སྙིང་སྟོབས་སོགས་བོད་མི་རིགས་ཀྱི་ཁྱད་ཆོས་འབུར་དུ་ཡོད་པ་གངས་ཅན་པ་ལ་ཤ་ཚ་དང་དོན་སྣང་ཡོད་མཁན་སུ་ཞིག་ཡིན་རུང་ཧ་མི་ལས་མཁན་མེད། ཅེས་བཤད་ཆོག གང་ཡིན་ཟེར་ན་སྤྱིར་བོད་མི་རིགས་ཀྱི་རིག་གཞུང་ཡོད་ཚད་ཀྱི་སྲོག་དབུག་མ་ཆད་ཙམ་ཡོད་པ་ནི་ཨམ་མདོ་བའི་བཀའ་དྲིན་ཡིན་ཅེས་བཤད་ན་རྫུན་དུ་ཕལ་ཆེར་མི་འགྲོ། བོད་ལྗོངས་དང་ཁམས་པའི་བརྙན་འཕྲིན་ཁང་ཟེར་བ་དེ་ཚོར་བལྟས་ན་སྙིང་རླུང་དང་ཁོང་ཁྲོ། སེམས་སྐྱོ་ནས་ཤི་འགྲོ་གི། ངོ་མ་ཡིན།
བེ་རི་ལགས བོད་མི་རིགས་ཀྱི་རིག་གཞུང་གི་སྲོག་དབུག་མ་ཆད་ཙམ་ཡོད་པ་འདི་ཨ་མདོ་པའི་བཀའ་དྲིན་ཡིན་ཟེར་ན་ཅུང་ངོས་ལེན་ཞུས་ཁག་པོ་འདུག བོད་ཀྱི་རིག་གཞུང་གི་ཉིང་བཅུད་ལྟ་བུའི་མདོ་ཕྱོགས་བཀའ་བོད་ལྔ་དང་སྔགས་ཕྱོགས་རྒྱུད་སྡེ་བཞི་འདི་གཙོ་པོ་བཙན་བྱོལ་གྱི་ཆོས་སྡེ་ཁག་ལས་ལྷག་ཅིག་མེད་པ་མིག་མཐོང་ལག་ཟིན་རེད། སྤྱིར་གཞིས་ལུས་མི་མང་སྤྱི་དང་ལྷག་ཏུ་ཨ་མདོ་མི་མང་གི་རྒྱལ་གཅེས་སེམས་ཤུགས་ལ་གུས་བརྩི་ཡོད
#2 ཡ་མ་ཚེ་རིང ་ལགས་ཀྱིས་སྤེལ་དོན།:
February 13th, 2016 at 6:10 am
ད་ང་ཚོས་དབུ་རུལ་པ་ཤངས་ཀྱིས་མ་ཚོར་བ་མ་གནང་ན་ཡག་གི་རེད་དཱ། སྲིད་སྐྱོང་མཆོག་གིས་སྡིངས་ཆ་ག་འདྲ་ཅིག་རྒྱུད་ནས་རྣམ་པ་ཅི་འདྲ་ཞིག་བསྟན་ཡང་བཀའ་ཤག་བརྒྱུད་ནས་གཞུང་འབྲེལ་གྱི་རྣམ་པ་བསྟན་ཡང་རེད། རླུང་འཕྲིན་ཁག་བརྒྱུད་ནས་སྒེར་གྱི་རྣམ་པ་བསྟན་ཡང་རེད། གང་ལྟར་དུས་དབང་ཕྱིར་འགྱང་གི་གནད་དོན་ཐུག་ས་ངོ་གནས་དེ་ཆུ་བཞི་སྒང་དྲུག་གསར་རྙིང་གི་རྙོག་གླེང་ལ་ཐུག་ཡོད་པ་མི་གཞན་པ་ལས་ང་ཚོ་ཁམས་རིགས་མི་མང་གི་སེམས་ལ་གསལ་ཐག་ཆོད་ཡོད་པ་རེད། དེ་མིན་ད་དུང་གནས་ཚུལ་མང་པོ་ཅིག་མཐོང་གི་མཐོང་གི་ང་ཚོས་སྡིག་པ་མིག་བཙུམ་བྱས་ན་གྱོང་རག་ས་བོད་སྤྱི་པ་ལ་རག་གི་གི་རེད། ལྷག་པར་ང་ཚོའི་ཡབ་མེས་བྱས་པ་ཅན་དག་ལ་ཡང་རྐང་རྗེས་ལག་སུབ་དང་ངོ་གནོང་དགོས་པ་ཞིག་མི་ཆག་པའི་ངེས་པ་མི་འདུག གང་ལྟར་ད་པར་དུ་ག་རེ་བཤད་ན་མ་བཤད་ན་བཙན་བྱོལ་གྱི་ལོ་རྒྱུས་ཁྲོད་ལ་ང་ཚོ་ཁམས་རིགས་མི་མང་གིས་གཟི་བརྗིད་ལྡན་པའི་ལེའུ་མང་པོ་ཅིག་བྲིས་ཡོད་པ་རེད། མདོར་ན་ད་ང་ཚོས་གཟབ་ཙམ་གནང་དགོས་པ་འདྲ། སྤྱིར་གཏང་ཆོལ་ཁའི་་ཞེན་ཁོག་ཟེར་པ་འདི་ཆབ་སྲིད་པ་ཁ་ཤས་ཀྱི་རང་དོན་སྒྲུབ་བྱེད་དང་ཆབ་སྲིད་ཀྱི་རྩེད་མོ་རྩེ་སྤྱད་ཡག་ཤོས་ཅིག་ཆགས་ཡོད། ངོས་ནས་བྱས་ན་སྲིད་སྐྱོང་སུ་སླེབས་ན་ང་ཚོ་ཆོལ་ཁ་བྱེ་བྲག་པ་དང་སྒེར་སོ་སོ་ལ་ཁེ་གྱོང་གང་ཡང་མེད་པ་གསལ་པོ་རེད། སོང་ཙང་ད་ནས་བཟུང་ང་ཚོས་རང་གིས་རང་མི་གཞན་པའི་ལག་ཆ་མ་ཆགས་པ་བྱེད་རོགས། ང་ཚོ་མདོ་སྟོད་རྒྱ་ཆེའི་མི་མང་གི་དྲང་ཚུགས་དང་ལྷག་བསམ་གྱིས་ད་པར་དུ་བྱབ་སྐྱེལ་ཡོད་པ་མ་རེད། ཡིན་ན་ཡང་གཟབ་གཟབ་མ་བྱས་ན་འཚམས་ལ་རེར་སྐབས་འཚོལ་བ་དཔེར་ན་སྤྲུལ་སྐུ་ཨུ་རྒྱན་སྟོབས་སོགས། ་ག་དུས་ཡིན་ན་ཡང་བོད་གཞུང་དང་གོང་ས༧མཆོག་ལ་ཞབས་ཞུ་ཚུལ་བཞིན་དུ་སྒྲུབ་མཁན་རྣམས་ལ་ཉེས་མེད་ཉེས་འདོགས་དང་ཁ་གཏད་རྐྱང་རྐྱང་བྱེད་མཁན་གྱི་མི་རེ་ཟུང་གིས་མགོ་སྐོར་འོག་ལ་ཚུད་མི་སྲིད་པའི་ངེས་པ་མི་འདུག འདི་དང་འདི་ལྟ་བུའི་མི་ཁ་ཤས་ཀྱིས་བྱེད་བབ་ལ་བལྟས་ཡོང་དུས་རྒྱབ་ལྗོངས་ལ་ཡང་དོགས་པ་མི་ཟ་རང་ཟ་ཆགས་ཡོང་གི་འདུག མདོར་ན་མི་རེ་ངོ་རེ་ནས་སྤྱི་ཚོགས་ཁྱོན་ཡོངས་ལ་རྒྱུས་ལོན་མང་ཙམ་གནང་ནས་བྱེད་ཕྱོགས་མ་ནོར་རོགས་ཞེས་གསལ་འདེབས་ཞུ།།
#3 ལོ་མ ་ལགས་ཀྱིས་སྤེལ་དོན།:
February 13th, 2016 at 6:28 am
དུས་དབང་སྐོར་གྱི་གནས་ཚུལ་་ཤེས་འདོད་ན་ཆུ་སྒང་གསར་བ་ལ་ཕྲིས་དང་གསལ་བོ་ཆགས་ངེས་རེད།
དྲ་བདག་ལ་ཞུ་རྒྱུར་མཆན་ཕྱི་མ་འདི་བསུབ་རོགས ལག་ནོར་ཤོར་སོང་། དགོངས་འགལ་མེད་པ་ཞུ།