—-དཔའ་རྟུལ་ནག་པོ།
རེ་བའི་མི་བུ་ངུར་སྨྲིག་རྣམ་རོལ་བ།།
གསེར་གྱི་གཟེངས་རྟགས་བཞེས་པ་ངོ་སོ་བསྟོད།།
འཇིགས་པ་མེད་པའི་གསེར་གྱི་རྒྱལ་མཚན་ལ།།
དགའ་བ་འབུམ་གྱི་སྒོ་གསུམ་གུས་པས་འདུད།།
ཀ་ཁའི་ང་རོ་བགྲང་བྱ་ཉེར་གཅིག་ལ།།
ངལ་མེད་སྤོབས་པ་ཆེན་པོས་ལ་སྲོག་བཞེངས།།
གོམ་གསུམ་ཁྲོད་ནས་གསེར་གྱི་ཚོམ་བུ་བཞད།།
ཨ་མའི་བུ་ལ་རིན་ཐང་གཞལ་ཐབས་དབེན།།
འདི་ལྟར་ཆས་ན་མཛད་འཕྲིན་མཐའ་ཡས་པ།།
སློབ་དཔོན་ཐོན་མི་གཉིས་པ་དབྱེར་མེད་ཉིད།།
སྤྲུལ་སྐུ་བརྒྱ་ཡི་མཚན་སྙན་ཁྱོད་མི་དགོས།།
དཔོན་པོ་སྟོང་གི་ཧམ་སེམས་དེ་ལས་མེད།།
རྨ་འགྲམ་ངོགས་སུ་ཀ་ཁའི་དབྱངས་རྟ་འཕྱོ།།
སམ་བྷོ་ཊ་ཡི་སྤྲུལ་སྐུ་ཁྱོད་ལས་མེད།།
གྲྭ་རྐྱང་དཀྱུས་མ་ཞིག་གི་སྙིང་སྟོབས་འདི།།
མི་རིགས་ཤིག་གི་ཆེད་དུ་ཡོད་ཚད་ཕུལ།།
ལྷ་དང་ལྷ་མོས་མགོན་སྐྱོབ་ཡང་ཡང་མཛོད།།
གཏན་ཏུ་མཛད་འཕྲིན་རྒྱས་པའི་སྨོན་ལམ་འདེབས།།
༡༠༡༦ .༢ .༣
གཟིངས་རྟག་བཞེས་པ་གཏམ་ལ་འདོད་པ་ཡིན།
གསེར་ལ་དགའ་བ་རྒྱུ་ལ་འདོད་ཡིན།
གོས་ཆེན་སྟོད་འགག་གྱོན་པ་དགེ་སློང་མིན།
གཏམ་འདོད་ཁོ་ནར་བརྩོན་པ་གྲྭ་པ་མིན།
འཇིགས་མེད་རྒྱལ་མཚན་ལགས་སུ་བསྔགས་བརྗོད་ཡོད།
ངོ་སོ་དང་བསྟོད་གཉིས་གཅིག་ཏུ་སྡེབ་པའི་གོ་དོན་ཁྱད་མཚར་ཆགས་པ་མ་རེད་དམ། ལགས།
བོད་མི་རིགས་ཀྱི་བླ་སྲོག་སྐྱོབ་མཁན་ལ་རྗེས་སུ་ཡིད་རང་ཡོད།