ཆབ་མདོ་ངག་ཕུན།
ཞལ་རས་དཀར་ཞིང་གཙང་བ་དང་།།
སེམས་རྒྱུད་འཇམ་ཞིང་ངག་རྒྱུན་རི
ཁྱིམ་མཚེས་ཕན་ཚུན་མཐུན་ལམ་ཟབ།།
བུ་ཕྲུག་བརྩེ་བའི་དྲིན་གྱིས་བསྐྱངས།།
ལུས་ལ་བོད་ཆས་གཙང་མར་གྱོན།།
ཕྱག་ལ་ཤེལ་དཀར་ཕྲེང་བ་འཛིན།།
ངག་ནས་ཡིག་དྲུག་ལྷོད་མེད་བགྲང་།
དཀོན་མཆོག་གསུམ་ལ་དད་འདུན་ཆེ།།
དབྱར་དུས་འབྲི་མཛོའི་འོ་མ་འཇོ།།
འོ་མ་དཀྲུག་ཤིང་འབྲི་མར་བཏོན།།
སྒོ་ཟོག་དུད་འགྲོ་གསོ་སྐྱོང་བྱེ
ངལ་བ་ལྷོད་མེད་དབྱར་ལས་བརྩོན།།
དཔྱིད་དུས་ཞིང་ལ་ལུད་བླུགས་དང་།
པོ་ཐོ་རྡུང་ཞིང་ས་བོན་འདེབས།།
ཡུར་ཆུ་བཟོ་ཞིང་ཞིང་ཆུ་འདྲེན།།
ངལ་བ་ལྷོད་མེད་དཔྱིད་ལས་བརྩོན།།
སྟོན་དུས་ཞིང་ཁའི་ལོ་ཏོག་བརྔ།།
བམ་པོ་བཅིངས་ཤིང་འཐུ་བུ་སྒྲུབ།།
ནང་ལས་ལ་སོགས་བྱེད་དགོས་ཀྱང་།།
སུན་སྣང་མེད་པའི་སྟོན་ལས་བརྩོན།
དགུན་དུས་བལ་དང་རྩིད་སྐུད་བསྒྲི
ནང་མི་རྣམས་ལ་ཁ་ལག་བཟོ།།
མེ་ཤིང་ལ་སོགས་འཐུ་དགོས་ཀྱང་།།
དཀའ་བའི་རྣམ་འགྱུར་སྟོན་མྱོང་མེ
ཞོགས་པ་ལངས་ཏེ་མེ་ཁ་ཕྱེ།།
སླ་ང་བཙུགས་ཏེ་བག་ལེབ་རྫི།།
བལ་ལེབ་བསྲག་ཅིང་ཇ་ཐང་བསྐོལ།།
ནང་མི་རྣམས་ལ་ཞོགས་ཇ་དྲངས།།
ནང་ལས་ཕྱི་ལས་བྱེད་དགོས་ཀྱང་།།
ཨ་མས་སུན་སྣང་སྟོན་མྱོང་མེད།།
བུ་ཕྲུག་བརྩེ་བའི་དྲིན་གྱིས་བསྐ
དྲིན་ཅན་ཨ་མ་སྙིང་ནས་དྲན།།
ཟླ་དགུ་ལུས་ཀྱི་ནང་ལ་གཅེས་པར་
ཕྲུ་གུ་གནོད་དོགས་ཁ་ལག་གང་གཟབ་
སྐྱེ་མ་ཐག་ཏུ་བུ་ཆུང་ཟེར་བཞིན་
ང་ཡི་བུ་ཆུང་ཟེར་བཞིན་འཛུམ་གྱི
ཁ་ལག་གང་ཞིམ་བུ་ཆུང་ཟེར་བཞིན་སྟ
གྱོན་ཆས་གང་ཡག་བུ་ཆུང་ཟེར་བཞིན་
ཉིན་མཚན་དུས་དྲུག་བརྩེ་བའི་དྲི
བཀའ་དྲིན་ཅན་གྱི་ཨ་མ་སྙིང་ནས་དྲ
འགྲོ་འདུག་སྤྱོད་གསུམ་ལམ་སྟོན་
གཞན་གྱི་རྡུང་དོགས་སེམས་ཁྲལ་ཁོ་
གཟུཌ་གཞི་ཕྲན་བུ་བདེ་མིན་གྱུར་
མཚན་མོ་མི་ཉལ་བུ་ཆུང་སྲུང་བཞིན་
དགུན་དུས་གྲང་ངར་ཧ་ཅང་ཆེ་ན་ཡང་།
རང་ཉིད་གྲང་བ་མི་རྟོག་བུ་ཆུང་ཉི
གྲང་དོགས་སྟོད་གོས་བུ་ཆུང་ཉིད་
དེ་འདྲའི་བརྩེ་བའི་བཀའ་དྲིན་བླ་
ཨ་མའི་སྤྱན་ནང་བུ་ཆུང་ཉིད་ལས་མེ
བུ་ཆུང་མིག་ནང་དྲིན་ཅན་མ་ལས་མེ
ཕྲུ་གུ་བདེ་མིན་བྱུང་ཚེ་ཨ་མའི་
ཆུ་ཚ་སྙིང་ལ་བླུགས་པ་ནང་བཞིན་གྱ
གྲོང་པའི་བུ་ཕྲུག་རྣམས་དང་ལྷན་
འཁྱག་པའི་སྟེང་ལ་རྡོ་ལེབ་བཞག་སྟ
འཁྱག་རྡོའི་བར་ལ་གོས་ཐུང་རྩབ་ཧྲ
ཨ་མས་འཚེམ་དགོས་སྐུ་ངལ་ཚད་མེད་
ད་ལྟ་དྲན་དུས་སེམས་ཁམས་གྲང་མོར་
བཀའ་དྲིན་ཅན་གྱི་ཨ་མ་ཁྱེད་ཉིད་
དྲིན་ལེན་མ་སོད་མི་ཡུལ་ལུང་ལ་
ལས་ངན་བུ་ང་ཡིད་རེ་དབང་མེད་སྐྱོ
འདོད་པ་ཇི་ཙམ་བཙལ་ཀྱང་མི་རྙེད་
མི་འདོད་ཐོག་ཏུ་བབས་ཏེ་ལུས་དང་
འདོད་དང་མི་འདོད་འཐབ་པའི་ཀློང་
གང་ཡང་སྙིང་པོར་མེད་པའི་འཇིག་རྟ
འདི་ཉིད་ཨ་མའི་དུས་ཆེན་མོར་མགོ་
ཅི་འདྲ་འདྲའི་ཨ་མ་ལས་ངན། །རོང་འབྲོག་གི་ལས་འགན་མོས་ཁུར། །
ཅི་འདྲ་འདྲའི་བུ་ཁྱོད་ཁྲེལ་མེད། །ལས་ངན་པའི་ཨ་མ་བཞག་ནས། །
ས་ཐག་རིང་འདི་ལ་སླེབས་ནས། །ཁྱོད་ཨ་མའི་ལས་འགན་ལྕི་མོ། །
ཡིག་ཐོག་ལ་ཕབ་ནས་བསྡན་ན། །ཁྱེད་ཨ་མའི་དྲིན་ལན་འཇལ་མེད། །
རང་ཨ་མའི་དཀའ་སྡུག་བསམ་ན། །ཁྱེད་འདི་ནས་མ་འདུག་ཕྱིར་སོང་།།
ཕྱིར་སོང་ནས་ཨ་མ་རོགས་བྱོས། །དེ་ཨེ་གོ་ཆབ་མདོ་ངག་ཕུན །།
ནོར་བཅོས། སྤང་དེ་པང་ཡིན།
ཕྱིར་ཕ་ཡུལ་བསྐྱོད་དགོས་བསམ་ན་ཡང་།།
རྒྱ་དམར་པོའི་བཙན་གནོན་ཁ་སྒོ་ལ།།
སྔོན་ལས་དབང་བཙན་པོའི་འགྲོ་ཐབས་དཀའ།།
ཤེས་ཨེ་སོང་དྲ་གྲོགས་དཔལ་ལྡན་ལགས།།
ཨ་མར་མ་རྟེན་སྲོག་ཆགས་གཅིག་ཀྱང་མེད་།
ཨ་མ་དྲིན་ཆེན་ཡིན་པ་ཚང་མས་་ཤེས་་།
ཨ་མ་སེམས་ནས་དྲན་མཁན་དུས་འདིར་དཀོན་།
ཨ་མའི་ཆེད་དུ་རང་གི་ཡོན་ཏན་སྦྱོང་།
ཨ་མའི་དྲིན་ལན་དེ་ཡི་འགྲུབ་ལེ་རེད་།
ཨ་མའི་རང་བཞིན་བརྗོད་རྒྱུ་མང་། །
་
ཨ་མས་ཟླ་དགུ་ལྟོ་བར་ཉར། །
ཨ་མས་སྐྱག་གཅིན་ཡོད་ཚད་བཀྲུས། །
ཨ་མས་བྱིས་ཕྲུག་སྣབ་ལུད་ཕྱིས། །
ཨ་མས་བྱམས་བརྩེས་ཚེ་གང་བསྐྱངས། །
་
ཨ་མ་ལས་ལྷག་སུ་ཞིག་ཡོད། །