སྤོབས་པ་མཐའ་ཡས།
གཟའ་ཕུར་པའི་ཉིན་མོར་ཨ་མེ་རི་ཁའི་ཨོ་རེ་རྒོན་སློབ་གྲྭར་བྱུང་བའི་མེ་མདའི་དྲག་སྤྱོད་དོན་རྐྱེན་འོག་ཏུ་མི་བཅུ་གསུམ་ཤི་ཞིང་མི་ཉི་ཤུ་ཙམ་ལ་རྨས་སྐྱོན་ཕོག དེའི་སྐོར་གྱི་གསར་འགྱུར་འདུ་ཚོགས་སྟེང་དུ། ཨ་མེ་རི་ཁའི་སྲིད་འཛིན་ཨོ་བྷ་མའི་གསུང་བཤད་ནང་དུ་འཇིགས་སྐུལ་རིང་ལུགས་པས་བསད་པ་དང་། ནང་ཁུལ་གྱི་མེ་མདའི་དྲག་སྤྱོད་འོག་ཤི་བའི་ཨ་མེ་རི་ཁ་མངའ་སྡེ་ཆིག་སྒྲིལ་གྱི་མིའི་གྲངས་འབོར་བསྡུར་དགོས་ལུགས་ཤིག་བཤད་ཡོད། དེ་ལ་ཞིབ་འཇུག་བྱས་ཡོང་དུས། འདས་པའི་ལོ་བཞི་བཅུའི་རིང་ལ་འཇིགས་སྐུལ་རིང་ལུགས་པས་བསད་པའི་གྲངས་འབོར་ལས། འདས་པའི་ལོ་གཅིག་གི་རིང་ལ་ནང་ཁུལ་མེ་མདའི་དྲག་སྤྱོད་འོག་ཤི་བ་མང་ཚུལ་བསྒྲགས་འདུག
ཟླ་བརྒྱད་པའི་ནང་དུ་ཝ་ཤིང་ཁྲོན་གསར་འགྱུར་གྱིས་དེའི་སྐོར་ལ་གྲངས་ཐོ་སྤེལ་བ་ལྟར་ན། ༡༩༧༠ ལོ་ནས་ད་བར་དུ་འཇིགས་སྐུལ་རིང་ལུགས་པས་ཨ་མེ་རི་ཁའི་མི་གྲངས་༣༥༢༡ བསད་ཡོད། ནང་ཁུལ་གྱི་མེ་མདའི་དྲག་སྤྱོད་འོག་ཤི་བའི་གྲངས་འབོར་དེ་ལ་བལྟས་ཚེ་༢༠༡༥ལོ་གཅིག་པོའི་རིང་ལ་ཡང་ཨ་མེ་རི་ཁའི་མི་འབོར་༨༥༡༢ བསད་ཡོད་འདུག http://static.businessinsider.com/image/560dc2f0bd86ef1e008be9fa/image.jpg
སྐབས་དེར་སྲིད་འཛིན་ཨ་བྷ་མས་བཤད་དོན། ཨ་མེ་རི་ཁ་མངའ་སྡེ་ཆིག་སྒྲིལ་ནི་སྔོན་ཐོན་རྒྱལ་ཡུལ་ལུང་ཞིག་གི་གྲས་ནས་མེ་མདའི་དྲག་རྒོལ་བསྟུད་མར་མཐོང་རྒྱུ་ཡོད་པའི་ཡུལ་ལུང་གཅག་པོ་དེ་ཡང་རེད།་ཅེས་གསུངས་ཡོད། ཟླ་བ་ཁ་ཤས་ཀྱི་སྔོན་ལ། ལྷོ་ཁ་རོ་ལི་ནི་ཆོས་ཁང་ཞིག་ཏུ་མི་དགུ་བསད་པའི་དོན་རྐྱེན་བྱུང་སྐབས་སུ་སྲིད་འཛིན་ཨོ་བྷ་མས་འདི་དང་འདྲ་བའི་སྐད་ཆ་ཤིག་བཤད་ཡོད། སྲིད་འཛིན་གྱིས་གསུངས་པ་དེ་བདེན་པ་རེད། རྒྱལ་ཚོགས་མཉམ་འབྲེལ་གྱི་སྨྱོས་རྫས་དང་ཁྲིམས་འགལ་གྲངས་འབོར་གྱི་ནང་དུ་མི་གསོད་དོན་རྐྱེན་སྐོར་ལ་བསྡོམས་བརྩིས་བརྒྱབ་སྐབས་སུ། OECD ཞེས་པའི་དཔལ་འབྱོར་དར་སྤེལ་མཉམ་འབྲེལ་ཞེས་པའི་ཁོངས་གཏོགས་ཡུལ་ལུང་སུམ་ཅུ་སོ་བཞི་ཡོད་པའི་ཁོངས་ནས་ཨ་མེ་རི་ཁ་མངའ་སྡེ་ཆིག་སྒྲིལ་ནི་མི་གསོད་དོན་རྐྱེན་མང་ཤོས་ཨང་བཞི་པར་སླེབས་ཡོད། དེ་ཡང་མེག་སི་ཁོ་ཨང་དང་པོ་དང་། ཊུར་ཁེ་ཨང་གཉིས་པ། ཨི་ཟི་ཁྲོ་ནི་ཡ་ཨང་གསུམ་པའི་རྗེས་སུ་ཨ་མེ་རི་ཁ་མངའ་སྡེ་ཆིག་སྒྲིལ་སླེབས་ཡོད་འདུག http://static.businessinsider.com/image/55831cda69bedde87600549e/image.jpg
ཨ་མེ་རི་ཁ་མངའ་སྡེ་ཆིག་སྒྲིལ་ནི་དོན་དམ་པར་མིའི་རང་དབང་དང་ཞི་བདེའི་མཚོན་རྟགས་སུ་གླེང་བཞིན་པའི་སྤྱི་ཚོགས་ཤིག་མ་ཡིན་པར་དྲག་སྤྱོད་དང་འཚེ་བའི་གྲངས་འབོར་མཐོ་བའི་ཡུལ་ལུང་ཞིག་རེད། ཨ་མེ་རི་ཁས་ནམ་ཡིན་ཡང་། རང་གི་ཁ་གཞན་གྱི་སྤྱི་ཚོགས་ལ་འཁོར་ནས་བཅིངས་འགྲོལ་གཏོང་མདོག་གི་ཧམ་བཤད་བཤད་ན་ཡང་། དོན་དུ་རང་གི་མགོ་རུལ་བ་སྣ་ཡིས་མ་ཚོར་བ་རེད།
དཀྱིལ་ཤར་ཡུལ་གྲུའི་ནང་དུ་ལོ་ངོ་བཅུ་ཕྲག་མང་པོའི་རིང་ལ་ཨ་མེ་རི་ཁས་ནང་དཀྲུག་དང་། དྲག་སྤྱོད་རྒོལ་རྡུང་གི་སྤྱོད་ངན་ཤ་སྟག་སྤེལ་བའི་མཇུག་འབྲས་སུ་དཀྱིལ་ཤར་ཡུལ་གྲུའི་མི་ཞིག་ཡིན་ཕྱིན་ཨ་མེ་རི་ཁ་བ་ཟེར་དུས་རྣམ་རྟོག་ཟ་ཐག་ཆོད་ཀྱིན་ཡོད། ན་ནིང་ངའི་གྲོགས་པོ་ཞིག་དཀྱིལ་ཤར་ཡུལ་གྲུར་ལྟ་སྐོར་ལ་ཕྱིན། སྐབས་དེར་ཁོའི་སྟོད་གོས་T གཟུགས་མའི་བྲང་དུ་ ‘ང་ཨ་མེ་རི་ཀ་བ་མིན་’ཞེས་པའི་ཡི་གེ་ཡོད་པ་ཞིག་གྱོན་ནས་སོང་བ་རེད།
རེད་རེད་ཨ་རིས་ཨ་རབ་ཀྱི་ཡུལ་ལུང་ཁྲག་ལྟར་དཀྲུགས་ནས་རང་ཉིད་ལ་མི་བདེ་བ་ཆེ་རུ་བཏང་ཡོད། བྷུ་ཤུ་ཡིས་ཉེས་མེད་ཨི་རག་ལ་སྐྱོན་འཛུགས་ཀྱིས་དམག་འཐབ་བྱས་པ་ལ་བརྟེན་ནས་ད་ཆ་ཨ་རབ་ནང་དུ་ཉིན་ལྟར་ཉེས་མེད་མི་སེར་བརྒྱ་ཁྲག་བརྒལ་བར་འཆི་སྐྱོན་འབྱུང་བཞིན་ཡོད། ཨ་རི་ཁོང་རང་ནང་དུ་མི་རེར་མེ་མདའ་རེ་ཉར་ཚགས་བྱས་ནས་མི་ཚོའི་སེམས་ཁམས་རྟག་ཏུ་དངངས་སྐྲག་གི་འོག་ཏུ་སྡོད་དགོས་པའི་གནས་ཚུལ་ཆགས་ཡོད། སྔར་བོད་ལ་མི་རེས་གྲི་རིང་རེ་ཉར་ནས་སྡོད་པ་དང་གཅིག་པ་རེད།
ཧཧཧཧ་་་་་སྲིད་ཀྱིས་རྒྱལ་ཁམས་སྐྱོངས་བ་ལ་དྲག་པོ་ལག་ལེན་མང་པོ་བལྟ་དགོས་པ་ཆོས་ཉིད་རེད། དེ་བཞིན་འཇིག་རྟེན་གྱི་བྱ་བ་ལས་ཀ་ཐད་གཡོ་སྒྱུ་ཁྲམ་གསུམ་མ་བྱས་ན་འགྲུབ་རེ་མེད་པས་གང་ལྟར་འཛམ་གླིང་ཐོག་མི་ཚང་མ་ཡིད་སྨོན་འཆོར་ས་དེ་ཨ་རི་མ་རེད་དམ།
བོད་སིལ་བུ་འཐོར་ནས་ད་ལྟའི་བར་དུ་བོད་མི་ནང་ཁུལ་དུ་བསད་རེས་བཏང་ནས་བསླེབས་པ་རེད། མི་ལོ་༡༢༠༠ཙམ་གྱི་ཕྱིན་ཚར་འདུག འཛམ་གླིང་ཐོག་ཏུ་ནང་ཁུལ་བསད་རེས་བཏང་དགོས་ན་བོད་ལས་ལྷག་པ་ཞིག་མེད་ཚོད་ཡིན། དོན་དག་ཆུང་ཆུང་གི་ཞིག་གི་ཆེད་དུ་བསད་རེས་བྱས་ཀྱི་རེད།
ཡིན་ཀྱང་མགོ་རུལ་སྣ་ཡིས་མི་ཚོར་བའི་བོད་པའི་ཤེས་ཡོན་ཅན་ཚོས་གནད་དོན་འདིའི་ཐོག་ཏུ་དགག་པ་བརྒྱབ་ཀྱི་མེད། མ་ཟད་དེང་སང་བཙན་བྱོལ་ནང་དུ་ཡང་གསོད་རེས་ཡོང་བའི་རྒྱུ་རྐྱེན་མང་པོ་ཚང་ཡོང་གི་ཡོད། ཆེན་བས་ཆུང་བ་ལ་བརྙས་བཅོས། མང་བས་ཉུང་བ་ལ་འབོར་འཇོམས། དཔོན་པོས་འབངས་མི་ལ་མཐོང་ཆུང་སོགས་བཟོད་ཐབས་དཀའ་བའི་གནད་དོན་མང་པོ་བཟོ་ཡི་ཡོད།
ཨ་རིའི་ནང་དུ་ཡོད་པའི་བོད་མི་མང་པོའི་ལག་ཏུ་མེ་མདའ་ཡོད། སུད་སི་ལྟ་བུ་ལ་མཚོན་ན་སུད་སི་མི་སེར་ཡིན་པའི་བོད་མི་གཞོན་སྐྱེས་ཚང་མ་སུད་སིའི་དམག་མི་ཡིན། དུས་རྒྱུད་དུ་མེ་མདའ་ཉར་ཆོག་གི་ཡོད། བོད་མི་ནང་ཁུང་དུ་བརྙས་བཅོས་ཚད་ལས་བརྒལ་པའི་ཉིན་མོར་བོད་མི་རྣམས་ཀྱིས་ཀྱང་དྲག་སྤྱོད་བྱ་མི་སྲིད་པ་མིན།
དང་པོར་་་སྟོབས་ཆེན་ཨ་རི་ལ་ཇུས་གཏོགས་བྱེད་ཀྱི་བཞག་ནས་སོ་སོའི་མི་རིགས་ཀྱི་གནད་དོན་ག་རེ་ཆགས་ཡོང་གི་ཡོད་མེད་བསམ་བློ་ཐོངས།
ཨ་རི་ཚང་གིས་ཨ་རི་བའིམདའ་སྦུ་ལག་ཆ་ལ་སུ་གང་གིས་དག་ཐར་བྱེད་མི་ཐུབ། དེ་ནི་ཨ་རི་ཚང་གིས་ཨ་རི་བ་ཚོའི་རང་སྲོག་རང་གིས་སྐྱོབ་པར་སྤྲད་པའི་ལག་ཆ་རེད། ད་ནི། གདོན་མ་དང་མྱི་ནག་ཚོ། དེའི་སྒང་ལ་ཁ་ཆེ་བ་འབྱོར་ན། ཨ་རི་ནི་སྲོག་གི་རྩེད་ཆས་བྱེད་ས་ཞིག་ལས། བདེ་སྐྱིད་ཀྱི་ཞིང་ཁམས་ཤིག་ནམ་ཡང་ཡོང་མི་ཐུབ། ཨོཾམཎིཔདྨེཧཱོུཾཿ།