ཚེ་རིང་སྐྱིད
ཨ་མས་བརྗོད་ན་ང་སྐྱེས་དུས་ནས་ང་ལ་ཨ་མྱེས་མེད་ཟེར།
ངས་བྱིས་དུས་སུ་ཨ་མྱེས་ནི་ང་ལ་དགའ་བོ་མེད་པས་གང་ཞིག་ལ་བུད་སོང་བར་བསམ།
ངས་བྱིས་དུས་སུ་ཨ་མྱེས་ཀྱིས་བཤད་པའི་གཏམ་རྒྱུད་གཅིག་ཀྱང་གོ་མ་མྱོང་བས།
ཨ་མྱེས་ནི་གཏམ་རྒྱུད་མེད་པའི་གནའ་མི་ཞིག་ཏུ་འདོད་མྱོང༌།
མཚར་ལོངས་ཀྱི་གོ་རིམ་ཁྲོད་དུ
ང་དང་འདྲ་བའི་ན་མཉམ་མང་པོ་ཞིག་ལ་ཡང་ཨ་མྱེས་མི་འདུག
ཁོང་ཚོས་བཤད་ན་ཁོང་ཚོའི་ཨ་མྱེས་རྒྱང་རིང་ནས་ལམ་ལ་ཆས་ཏེ་ཡོང་གི་ཡོད་ཟེར།
ང་ཚོས་ཨ་མྱེས་མང་པོ་ཞིག་རི་འདབས་ནས་མངོན་པར་ལོ་ཟླ་རེ་རེ་ལ་སྒུག
ལོ་ཟླ་གཅིག་འགྲོ་གཉིས་འགྲོ་གི་བར་ནས།
ཨ་མྱེས་ལ་སྒུག་པའི་གོམས་གཤིས་དང་ཨ་མྱེས་ཟེར་བའི་མིང་ཚིག་དེ་ཡང་ག་ལེར་ཉམས་སོང༌།
ཨ་མྱེས་ནི་ལྷ་སྒྲུང་ནང་གི་རྒན་པོ་མགོ་དཀར་དེ་དང་འདྲ་བའི་སྣང་བརྙན་དེ་ཡང་ག་ལེར་ཡལ་སོང༌།
ཨ་མྱེས་མེད་པར་གཉོམ་ལོག་རྒྱས་པའི་ང་དང་ཁོང་ཚོ་ཚང་མས།
ཨ་མྱེས་རི་བོ་ཕར་ངོགས་ནས་གཏན་རུ་ཕྱིར་ལོག་མེད་པར་སྡོམ་ཚིག་བཞག
ལོ་ཟླ་གཅིག་འགྲོ་གཉིས་འགྲོ་རྗེས་སུ།
ཨ་མྱེས་ནི་ཁོང་རང་ཉིད་ནི་ལྷ་སྒྲུང་ཤོད་མཁན་གྱི་རྒན་པོ་མགོ་དཀར་དེ་མིན་པར།
ང་དང་ཁོང་ཚོའི་ཨ་མྱེས་ཚོ་ནི་ལྷ་སྒྲུང་ནང་གི་དཔའ་རྒོད་རེ་རེ་ཡིན་པའི་སྣང་བརྙན་བསྐྱར་བཞེངས་བྱས་བྱུང༌།
ཨ་མྱེས་དེ་དག་ནི་ཚ་བོ་ཚ་མོའི་དོན་དུ།
ཁྲག་དང་མཆི་མའི་ལམ་བུ་རྒྱུད་དེ་རྣམ་ཤེས་དང་ཀེང་རུས་ཀྱང་ཕ་ས་ཕ་ཡུལ་གྱི་དོན་དུ་བཏང་ཚར
ཨ་མྱེས་མང་པོ་མང་པོ་ཞིག
གཏན་ཏུ་ཕྱིར་ལོག་མེད་པའི་གནས་ཞིག་ལ་སོང་ཚར་འདུག
དུས་དེ་ནས། ངས་ཨ་མྱཻས་ཞེས་ཡང་ཡང་དྲན་ཞོར
ཨ་མྱེས་ཀྱི་ཞབས་རྗེས་འཚོལ་བཞིན་ཨ་མྱེས་ལྟ་བུའི་དཔའ་རྒོད་ཅིག་འཚོལ་བཞིན་ཡོང༌།
ད་ལྟ་ང་ཨ་མྱེས་ལྟ་བུའི་སྣང་བརྙན་ཁྲོད་ཀྱི་སྐྱེས་པ་ཞིག་གི་ཆུང་མ་བྱ་འདོད་ལ།
བུ་རབས་ཚ་རྒྱུད་ཀྱིས་ནམ་ཡང་དྲན་པར་འོས་པའི་སྣང་བརྙན་ཁྲོད་ཀྱི་ཨ་མྱེས་ཤིག་མག་པར་བསུ་འདོད།
ཨ་མྱེས། ང་དང་ཁྱེད་ཀྱི་ཨ་མྱེས་ཚོ།
(ཚེ་རིང་སྐྱིད་ཀྱིས་ཝ་ཤོན་ཀྲོན་གྱི་འདུ་འཛི་ཆེ་བའི་ཇ་ཁང་ཞིག་ཏུ་གསུམ་པའི་ཚེས་༡༠
ཉིན་ལ་བྲིས་སོ། )
གསུམ་པའི་ཚེས་བཅུ་ཉིན་ཇ་ཁང་དུ་འཛུལ་ནས་རྩོམ་ཞིག་འབྲི་རྒྱུ་ལས་བོད་ཀྱི་རྒྱལ་དར་འཕྱར་ནས་རྒྱ་ནག་གཞུང་ཚབ་ཁང་གི་སྒོ་འགྲམ་དུ་སྐད་འབོད་ལ་སོང་ན་གོ་སྐབས་ཤིག་བཟུང་ཐུབ་སོང་བ་མིན་ནམ།
གསར་འགོད་པས་རྒྱལ་དར་ལྟ་བུའི་རང་གི་ལྟ་བ་མངོན་གསལ་མཚོན་པར་བྱེད་པའི་ལས་རིགས་གཉེར་མི་ཆོག་པ་མ་ཤེས་སམ། ལྷག་པར་ཏུ་ཨ་རིའི་རླུང་འཕྲིན་ཁང་ཨ་རིའི་གཞུང་གི་ལས་ཁུངས་མ་རེད་དམ།
མོ་རང་སྐད་འདོད་བྱས་རྗེས་ཇ་འཐུང་ཀི་འགྱོ་ལོས་ཆོག་ཟེ་ན། ཇ་འཐུང་སྐབས་བྲིས་ན་འགྲིག་ནི་རེད། ང་ཡང་ཇ་ཁང་ཟིག་གི་ནང་ལ་སོང་ནས་ཀོ་ཧྥེ་འཐུང་ཞོར་ཅིག་འབྲི་བསམ་མོད། རོགས་པ་ཁྱི་སྐྱག་འདྲ་མོ་དེ་ཚོས་བྱི་མོ་ལྷ་མོ་འདྲ་མོ་ཁ་ཤས་ཁྲིད་ཡོངས་བས་རྩོམ་ཡིག་འབྲི་རྒྱུ་ཟོ་ཡིད་ལ་མི་ཡོང་གི
རང་གིས་བུ་མོ་ལྷ་མོ་འདྲ་བོ་མཐོང་སོང་ན་ན་ཟུག་དྲ་མོ་འདྲ་བོ་ཡང་དྲན་པ་བརྗེད་འགྲོ་གིས་ཡོད་ས་རེད། སྡེ་བྱི་མོས་ཇ་ཁང་ནང་ནས་དབྱིན་ཇིའི་ཕོ་རྒོད་དེ་ཚོ་མཐོང་ཡང་ད་དུང་འདི་ལྟར་སྙན་ངག་སྙན་མོ་ཞིག་བྲིས་འདུག ད་ངོ་མ་ང་ཚེ་རིང་སྐྱིད་ཟེར་བ་འདི་ལ་ཅིག་ཐུག་ན་འདོད།
འོ་ན་གསར་འགོད་པས་མི་རིགས་ཀྱི་ལྟ་བ་མངོན་པར་བྱེད་མི་ཆོག་གམ། རྩོམ་ཡིག་གི་ལམ་ནས་རང་གི་ལྟ་བ་མངོན་པར་བྱེད་མི་ཆོག་གམ། གསར་འགོད་པས་རང་གི་སེམས་ཁོང་གི་ལྟ་བ་ཅི་ཡང་མངོན་པར་བྱེད་མི་ཆོག་གམ། དེ་དག་ཆོག་ན་གསར་འགོད་པས་རྒྱལ་དར་འཕྱར་ནས་རང་གི་ལྟ་བ་མངོན་པར་བྱས་ན་གསར་འགོད་པའི་སྒྲིག་གཞི་དང་འགལ་བ་ཅི་ལ་ཡོད།
ཨ་མྱེས་ཡང་ཡིན་ལ་དཔའ་བོ་ཡིན་པ་ཞིག་ལ་གནའ་མ་འགྲོ་འདོད་ན་སྟག་སྣ་འཇིག་མེད་བཟང་པོ་ད་ལྟ་ཨ་རི་ནང་ཡོད་པ་རེད། དཔའ་བོ་༧པན་ཆེན་སྐུ་ཕྲེང་༡༠་པ་ལྟ་བུ་ནི་རྙེད་རྒྱུ་མ་རེད། དཔའ་བོ་ཐུབ་བསྟན་དངོས་གྲུབ་ནི་གཤེགས་ཚར་བ་རེད། དཔའ་བོ་བསྟན་པ་དར་རྒྱས་ད་ལྟ་རྒྱ་གར་ནང་ཡོད་རེད། དཔའ་བོ་རོང་རྒྱས་ཨ་གྲགས་སོགས་དཔའ་བོ་ཨ་མྱེས་མང་པོ་ཞིག་ནི་རྒྱ་དམར་བཙོན་ཁང་ལ་ཡོད་རེད། ཁྱེད་རང་གིས་གཅིག་བདམས་རོག་གནང་།
ཨ་མྲ་སིལ་ཏོག་སྨིན་འདྲའི་ཚེ་རིང་སྐྱིད།།
ཨ་མྱེས་ཡང་མྱེས་ཟིག་དང་འགྲིག་སོང་ན།།
ཨ་རོགས་ཁམས་པའི་ཕོ་གསར་སྟག་འདྲ་བོ།།
ཨ་མདོ་བུ་མོར་ཁོ་ཐག་ཆོད་ལོས་འགྲོ།
ཝ་ཤིན་ཀྲོན་གྱི་ཟ་ཁང་ཞིག་གི་ནང་།།
ཝ་ཕྲུག་ལྟ་བུའི་སྲིད་དོན་པ་ཞིག་དང་།།
ཝ་འགྲོས་ཞབས་བྲོ་འཁྲབ་པ་ཐེངས་གཅིག་གིས།།
ཝ་མ་ཝོ་ལ་ཐག་གཅོད་བྱས་མིན་ནམ།།
ཝ་ཤིན་ཀྲོན་དུ་ཝ་ཕྲུག་འདྲ་བའི་མི་དྲག་མང་པོ་ཡོད་རེད་ཟེར།།
ཚེ་རིང་སྐྱིད་ཀྱི་ཤ་འཇམ་རུས་ཡག་མི་དབང་བཙན་པོས་མ་འཕྲོག་ཅིག།།
གཞོན་ནུ་ཟླ་མེད་ཁ་མཁས་ཁྱོད་ཀྱིས་སེམས་པ་སྐྱོ་སྐྱོ་གནང་ཚུལ་དེ།།
ཁམས་པའི་ཕོ་རྒོད་ཡིན་པར་འདོད་པའི་དོགས་པ་ཞིག་ཀྱང་ཟ་ནས་ཡོང་།།
སྙན་ངག་སྙན་མོས་ལོ་རྒྱུས་ཤིག་གི་སྐྱོ་གར་གླེང་ནས་ཡོང་དུས་སུ།།
རྣམ་དཔྱོད་བྲལ་བའི་དྲ་འབུ་འགའ་ཡིས་མི་བཤད་དགུ་བཤད་བྱ་སྟངས་འདི།།
འབྲི་ཀློག་ཤེས་པའི་ཁ་ཤོམས་ཅན་འགའ་ཆང་གིས་བཟི་བའི་གཏམ་དང་འདྲ།།
ཡང་དང་བསྐྱར་དུ་མགོ་ནས་ཀློག་དང་ཟབ་ས་ཞིག་ན་འགུལ་རྒྱུ་འདུག།།
བུ་མོ་ཚེ་སྐྱིད་ཚེ་ཐག་རིང་རྒྱུ་མ།།
མཛེས་མའི་མིང་ཐོབ་གནམ་གྱིས་སྲུང་རྒྱུ་མ།།
དར་ལུང་རྣ་བའི་ཁུག་སོ་ཏོག་ཙམ་དང་།།
ཁྲ་ཆུང་མིག་གི་ཟུར་མདའ་ལན་གཅིག་གཡོར།།
ཚང་ཚིང་འདུ་འཛི་རྒོད་པའི་ནགས་ཀློང་དང་།།
ལས་བྲེལ་རླུང་ནག་འཚུབ་པའི་དཀྱིལ་འཁོར་ན།།
གར་འགྲོ་ལམ་པུ་བོར་པའི་འཁྱམ་པོ་བས།།
ཁྱེད་ཀྱི་སྙན་ངག་ཀློག་ན་ངལ་བ་གསོ།།
སྐྱ་མིན་སེར་མིན་གཉིས་ཀྱི་སོ་མཚམས་དང་།།
ངན་འགྲོ་བདེ་འགྲོ་གཉིས་ཀྱི་ཟམ་ཁ་ན།།
གར་འགྲོ་འདིར་འགྲོ་མེད་པའི་བར་དོ་བས།།
ཁྱེད་ཀྱི་སྙན་ངག་མཐོང་ན་འཚང་ཁ་ཆེ།།
ཤར་རལ་གྲི་འདི་སོ་ད་སྙིང་རྗེ་མེད་གི་ཡ་། ཨ་རོགས་ཆོ་རང་རང་གི་སེམས་ཆུང་བྱས་ན་བཟང་གི་ཡ་།
གསར་མིན་རྙིང་མིན་སྐྱ་སྟོང་ཁག་ཅིག་གིས།།
རྒྱུགས་མིན་འདུར་མིན་རང་ཉིད་བྱེད་བཞིན་དུ།།
སྐྱ་མིན་སེར་མིན་ཚོ་ལ་དམོད་པ་དང་།།
རིང་མིན་འཐུང་མིན་འདྲ་ཟིག་བྱེད་ཀྱི་འདུག།
ཆོས་སྲིད་ཟུང་དུ་འབྲེལ་བའི་ཆབ་འོག་ན།།
སྐྱ་སེར་ཉམས་དུ་སྤྱོད་པའི་འཚོ་བ་མང་།།
བདེ་མིན་སྡུག་མིན་འཁོར་བའི་འཐེན་ཐག་འདིས།།
ང་ཡིན་ཁོ་ཡིན་ཚང་མ་བཏགས་ནས་ཡོད།།
ཡག་མིན་གཙོག་མིན་གདོང་གི་པགས་པ་འདིས།།
ར་མིན་ལུག་མིན་ཚང་མ་བཏགས་འགྲོ་ན།།
རོང་མིན་འབྲོག་མིན་མཛེས་མའི་སྒྱུ་འཕྲུལ་གྱིས།།
སྐྱ་མིན་སེར་མིན་བཅིངས་ལ་མཚར་ཅི་ཡོད།།
གསུམ་པའི་ཚེས་བཅུའི་ཉིན་མོར་ཟ་ཁང་ལ་འགྲོ་ཁོམ་མ་ཡོད་ཐལ། ཉིན་གང་སྐད་འབོད་བྱས་་་་་དགོང་མོར་མར་མེ་ཁྲོམ་སྐོར་ལ་སོང་བ་ཡིན་གོ
གཞོན་ནུའི་འདོད་ཆགས་མཇེ་ཡི་ཁོང་ནས་བཞུར་གོ་གི །
གཞོན་ནུའི་འཁྲུལ་སྣང་རྒྱལ་སའི་ཕྱོགས་ལ་ཤོར་གོ་གི །
གཞོན་ནུའི་ཚེ་འཇུག་རྒན་མོར་འགྲོགས་ན་འདོད་ཀོ་གི །
གཞོན་ནུ་རྩེད་རྒོད་ཁྱོད་ལ་འདི་ཡིས་འགྲིག་ནི་བྱོས། །
རྩམ་དགའ་རྐང་པ་རྩི་ཏོ་ལྟ་བུ་ལ།།
རྩམ་པའི་ཁུག་མ་ལྟ་བུའི་རྒྱུད་པ་ཡོད།།
རྩམ་པ་བརྫི་བའི་ལག་པའི་རྩེ་མོ་ན།།
རྩམ་ཉོག་ལྟ་བུའི་སྣ་ཏོ་འབྱར་བསྡད་ནོ།།
རྩ་བརྒྱའི་རྩེ་མོ་རྒྱ་མའི་རྩ་བ་ན།།
རྩ་བདག་ལྒོང་ལྡོག་རྒྱ་རྡོ་ལྟ་བུར་གཡུག།
རྩ་བ་མི་རིགས་གཅིག་ལ་ཐུག་པས་ན།།
རྩ་འདི་རྩ་འཛིན་བྱེད་དགོས་རྩ་སྦོམ་ལགས།།
ཧཧཧཧ ད་དེ་རིང་སྐྱིད་ཀི་ཡ
གསུམ་བཅུའི་དུས་དྲན་ཉིན་མོ་ཐོན་དུས། །
བོད་ཀྱི་མཛངས་མ་ཇ་ཁང་ནང་དུ། །
སྐྱིད་པོར་སྡོད་པའི་སྣང་ཚུལ་བསམ་ན། །
བོད་ཀྱི་སྐྱིད་སྡུག་སེམས་ནས་བརྗེད་འདུག །
རྩ་བརྒྱའི་ནུས་ཤུགས་ཉམས་པའི་བརྡ་རྟགས་སུ། །
རྩ་ཡིས་བཀང་བའི་མཇེ་ངན་སྐམ་པོ་དེར། །
རྩ་རྐང་གཅིག་གི་ཤུགས་ཙམ་ཞེན་གྱུར་བའི། །
རྩམ་དགའི་གྲོགས་ཁྱོད་སྐུ་ཁམས་བདེ་ལེགས་སམ། །
རྩ་གསུམ་ལྷ་ཡི་བྱིན་བརླབས་ཀྱིས།།
རྩ་མདུད་རྩ་ནས་གྲོལ་ན་ཡང་།།
རྩ་འཁོར་བསྒོམས་པའི་རྩེ་མོ་ན།།
རྩ་བའི་བླ་མ་ལྷང་ངེར་བཞུགས།།
རྩམ་སྐྱ་རླུང་གིས་ཁུར་བའི་འཁོར་ཡུག་ནས།།
རྩམ་པས་གསོས་པའི་ཨོ་ལོ་རྒྱགས་རིལ་རིལ།།
རྩམ་པའི་སྙེ་མ་བསྐྱོད་པའི་གཡབ་མོ་ཡིས།།
རྩམ་ལ་དགའ་བའི་བུ་དག་མགྲོན་དུ་འབོད།།
རྩ་གསུམ་བླ་མར་དྲན་དུས་མིག་ཆུ་འཐོར། །
རྩ་ཤུགས་འདོད་པས་མྱོས་དུས་མཛེས་མར་དྲན། །
རྩ་འཁོར་སྒོམ་པར་སྨྲ་བའི་དེང་རབས་པ། །
རྩྭ་མེད་གྲོང་འཁྱེར་ཁག་ན་ཅི་ཞིག་འཚོལ། །
རྩམ་པ་མེད་པའི་འཁོར་ཡུག་ན། །
རྩམ་པས་རྒྱགས་པ་སུ་ཞིག་ཡོད། །
རྩམ་ལ་དགའ་བའི་གཞོན་ནུ་ཁྱོའི། །
རྩམ་ཁུག་སྟོང་བ་མིན་ནམ་ཅི། །
གཞོན་ནུ་ཟླ་མེད་ཆགས་རྩ་ལུས་ནས་སྐམ།།
རྩམ་དགའི་རྩམ་པ་རུམ་ནས་རླུང་གིས་འཁུར།།
ཡོད་པ་ཐམས་ཅད་ལག་ནས་ཤོར་བའི་རྗེས།།
ཚེ་རིང་སྐྱིད་ཀྱི་སྟུ་སྒོ་བདག་ལ་འཐོབ།།
ཧ་ཧ་ཧ་ཧཧ་་ཧ
རྩམ་དགའ་བུ་ཡི་མིང་ལ་ཅི་ཞིག་ཟེར།།
གཞོན་ནུ་ཟླ་མེད་ཁྱོད་ནི་ངོ་མ་སུ།།
ད་ལྟ་གང་ན་སྡོད་པའི་ས་གནས་སོགས།།
འབའ་སྲས་བདག་ལ་བཤད་ན་ཨེ་ཆོག་གམ།།
འབའ་ལུ་གུ་ཁྱོད་ལ་དྲང་བོར་བཤད། །
ཕོ་ང་ཡི་དངོས་མིང་འོད་ཟེར་ཡིན། །
ང་སྐྱེས་ཡུལ་མདོ་སྨད་ཕྱོགས་ནས་ཡིན། །
དུས་ད་སྐབས་ཨ་རིའི་བྱང་ན་ཡོད། །
སྐྱ་མིན་ཟེར་མིན་ཞེས་པའི་སྙན་ཚིག་དེ།།
ག་ཡིན་འདི་ཡིན་མེད་ལ་བྲིས་པ་ལས།།
ཁ་བརྡའི་དྲ་ཚིག་ནང་གི་ཁ་བརྡ་ཅན།།
གཞོན་ནུ་ཟླ་མེད་ཁྱེད་ལ་དམིགས་པ་མིན།།
ཅི་གསུངས་མངོན་བསྟོད་འཁོར་བའི་འཐེན་ཤུགས་ཀྱིས།།
འདོད་པའི་ཁམས་སུ་ཡང་ཡང་འཁོར་བ་དང་།།
ཁྱད་པར་བཙན་བྱོལ་བོད་མིའི་མཁའ་དབྱིངས་ན།།
སྐྱ་སེར་མཉམ་དུ་འཚོ་བ་བདེན་པར་གྲུབ།།
གང་ལྟར་འདིར་ཡོད་མི་མཐུན་རྣམས་ཕྱོགས་ཚོ།།
བུ་མོ་ཚེ་སྐྱིད་འཛོ་སྒེག་སྟོན་ལ་དགའ།།
གཞོན་ནུ་ཟླ་མེད་ཟླ་བོ་མེད་པའི་གདུང་།།
དྲ་གྲོགས་གཞན་གནམ་འཚང་ཁ་ཆེ་བ་བཅས།།
ཡུལ་ནས་རྩམ་པ་མ་ཟོས་ལྷོ་ལ་བྲོས།།
ལྷོ་ནས་རྩམ་པས་མ་རྒྱགས་ནུབ་ལ་ཤོར།།
ནུབ་ནས་རྩམ་པ་མ་རེག་བྱང་ལ་སོང་།།
ད་ལྟ་བྱང་ནས་རྩམ་པར་དགའ་རབས་གླེང་།།
ཧ་ཧ་ཧ་ཧ་ཧ
ཨ་རིའི་བྱང་ན་འཁྱམས་པའི་རྩམ་དགའ་ངས། །
ཨ་ལོའི་ཕྱག་གི་རྩམ་པ་ཞིམ་པོ་དེར། །
དྲན་པའི་གདུང་བ་གླུ་རུ་གྱེར་བའི་གྲངས། །
ལྕེ་བརྒྱར་སྦྲུལ་ནས་བགྲངས་ཀྱང་ངལ་བའི་རྒྱུ། །
མ་མཐོང་སེམས་གྱི་གྲོགས་པོའི་ངག་རྩལ་ལས། །
ལྷོད་ཀྱིས་ཤོར་བའི་ཚིག་བཅད་འདི་ཡི་ནང་། །
རྩམ་དགའ་ཁོ་བོའི་ལོ་རྒྱུས་མདོར་བསྡུས་ཙམ། །
བཀོད་པའི་ངལ་བ་མཛད་པར་དཀའ་དྲིན་ཆེ། །
མ་ལོའི་ཕྱག་གི་ཞེས་བཅོས་རོག
རྩམ་དགའ་འོད་ཟེར་རེད་ཅེས་སྔར་ཡང་གོ།
འདུག་ས་ཨ་རི་མ་རེད་ཧྥ་རི་རེད།།
ཧྥ་རིའི་རྒྱལ་ས་ཕ་རིའི་དཀྱིལ་དབུས་ན།།
རྩམ་པ་དྲན་གླུ་ལེན་པའི་ཁོམ་ཡོད་དམ།།
ཧེ་ཧེ་ཧེ།
ཟླ་བ་འདི་ཡི་ཉི་ཤུའི་ནང་ཞིག་ལ། །
རྩམ་དགའ་ཁོ་བོ་དྷ་སའི་རི་ངོས་སུ། །
སླར་ཡང་ཟ་ལེར་འཁྲབ་ཏུ་སླེབས་ཀི་ཡོད། །
དེ་དུས་ཁྱོད་ལ་འབྲེལ་བ་བྱེད་རྐྱང་ཡིན། །
ཤ་མར་གསར་བའི་སྣེ་ལེན་མེད་ཀྱང་རུང་། །
རྩམ་དཀར་འོ་མའི་ལྡེར་ཁ་སྤུངས་བྱས་ཏེ། །
ཉིད་ཀྱི་ནང་ལ་ཐེངས་ཤིག་མ་བོས་དུས། །
ཁྱོད་ཀྱི་མཇེ་ངན་འཐེན་ནས་བཅད་ན་ཐང་། །
ཧ་ཧ་་་་་ད་ཕྲིས་ཡ་་་་བཟོད་རྒྱམ།
རྩམ་དཀར་འོ་མའི་རང་མདངས་གཅིག།
ལ་དྭགས་གསེར་མདོག་ཕྱུར་བ་གཉིས།།
ཨམ་ཇ་རླིག་རྩ་གཟར་བ་གསུམ།།
རྩམ་དགའི་དྷ་སའི་མགྲོན་སྣེར་བྱ།།
མཇེ་རྩེ་རྡོ་རྗེ་རྩེ་དགུ་གཅིག།
མཇེ་སྐེད་སྲ་འཐས་རྣོ་ལྕགས་གཉིས།།
མཇེ་རྩ་རི་རྒྱལ་ལྷུན་པོ་གསུམ།།
རྩམ་དགའི་མི་ཚེར་གཅོད་ནུས་བྲེལ།།
དྷ་སར་སྔ་ནའང་ཡོང་མོད་ཀྱང་།།
རླུང་ཡན་ནང་བཞིན་ཤར་ཤར་འགྲོ།
དེང་གི་ང་ཡང་རླུང་གི་སྤུན་ཟླར་གྱུར།།
རླུང་དང་འཇའ་ཚོན་རྗེས་སུ་སྙེག་བཞིན་བྲེལ།།
ཟ་ལེ་འཁྲོབ་མིན་མི་ཤེས་ཏེ།།
ཇ་རྩམ་ཐེངས་གཅིག་ལྷན་དུ་རོལ།།
ཤ་ཆང་སོགས་ཀྱང་སྤུངས་བར་བྱ།།
འོན་ཏེ་སྐྱུགས་ངན་མ་བྱེད་ཅིག།
རྩམ་དགའ་འོད་ཟེར་ས་དཀར་འོད་ཟེར་མིན།།
ས་དཀར་ངེད་གཉིས་ཕ་རའི་སི་ན་ཡོད།།
ཤ་རེ་ཟོས་ནས་ཆང་རེ་འཐུང་ནས་ཡོད།།
རྩད་རེ་བརྒྱབས་ནས་རླུང་རེ་ལངས་ནས་ཡོད།།
རྩམ་དགའ་སུ་ཡིན་གསལ་བོ་མི་ཤེས་ཀྱང་།།
སྙན་ངག་མེ་ཏོག་འཛུམ་པའི་སྤང་ཐང་དང་།།
ཁ་བརྡའི་ཁ་བ་འབབ་སའི་རིའི་འདབས་ནས།།
བདག་གི་རྩེད་རོགས་ཨེ་ཉན་བལྟས་བསྡད་ཡོད།།
ས་དཀར་འོད་ཟེར་ཞེས་པ་གོ་མྱོང་ལས། །
དངོས་སུ་མཇལ་རྒྱུའི་གོ་སྐབས་མ་བྱུང་ཐལ། །
ཁོང་གི་རྩོམ་ཡིག་འགའ་རེ་བཀླགས་པ་ལས། །
སེམས་ལ་བབ་ཆགས་ཟབ་མོ་བཞག་མྱོང་ཡོད། །
རྩམ་དགའི་རྩམ་དྲི་བྲོ་བའི་སྙན་ངག་ལས།།
ཚིག་གི་སྦྱོར་ཚུལ་འགའ་རེ་མཐོང་བ་ན།།
མེ་ལོང་མ་ཡི་འགོ་སྔ་བར་གསུམ་ནས།།
བདག་དང་འབྲེལ་བ་དམ་ཟབ་ཨེ་ཡོད་སྙམ།།
སྔ་ནོར། དག་བཅོས་རྔ།
སྙན་ངག་མེ་ལུང་མ་བསླབས་པར། །
དེང་དུས་སྙན་ངག་སྨྲ་བ་སུ། །
དེས་ན་རང་ཅག་ཚང་མ་ཀུན། ། །
འབྲེལ་བ་ཡོད་པར་གོ་མ་ཆགས། །
དོན་ལ་གྲོགས་ཁྱོད་སུ་ཡིན་དང་། །
ས་གནས་གང་ན་བཞུགས་ཡོད་སོགས། །
ཟུར་ཙམ་བཤད་ན་འགྲིག་ལགས་སམ།
དེ་མིན་ཁོ་བོས་ཇི་ལྟར་ཤེས། །
ཨ་ཨ་་མེ་ལོང་ཞེས་བཅོས་རོག་གནང་།
ཉི་མའི་འོད་ཟེར་སྙ་མའི་སྙ་སྤུ་འདྲ།།
འབའ་འབའ་ལུག་གི་འབའ་སྒྲ་འབའ་ལུང་ཁྱབ།།
ཚེ་ཚེ་ར་ཕོ་ཐོད་ལིག་མ་སླེབས་ན།།
རིང་ན་སྐྱིད་ཉལ་ར་མོ་མི་སླེབས་འདྲ།།
རྩིད་པ་བཀོག་ནས་རྩིད་སྐུད་འཁེལ་རྒྱུ་ཡིན།།
འབའ་འབའ་ལུག་གི་མཆུ་ཏོ་བསྡམས་རྒྱུ་ཡིན།།
རྩམ་པའི་ཁུག་མ་རྩ་ནས་བསྡམས་རྒྱུ་ཡིན།།
ཚེ་སྐྱིད་ཚེར་མ་བཞིན་དུ་ལེན་རྒྱུ་ཡིན།།
འདོད་པ་ཁུང་ནས་རྒོད་པས་རྨི་ལམ་འཁྲིགས། །
སྡོམ་ཁྲིམས་ལྕགས་ཐག་ཕྲ་མོས་རླིག་རྩ་བསྡམས། །
དམར་སེར་དར་གོས་འཇམ་པོའི་ཐུར་འོག་ན། །
ཉིན་ལངས་མཚན་ལངས་བྱས་ནོ་སྡིག་ཅུང་རེད། །
རྩིད་པ་འཁེལ་རྒྱུ་ཨ་ཁུས་དཀའ་ནི་རེད། །
དེ་ལས་བླ་རྒན་ཁྱོད་དང་ཚེ་སྐྱིད་ཀྱི། །
རླིག་སྤུ་རྙ་སྤུ་འདྲེས་མའི་སྐུད་ནག་ཅིག །
བཟོས་ཏེ་རྩམ་ཁུག་བསྡམ་པར་ཕེབས་ཤོག་གོ །
ཧ་ཧ་ཧ་འགྲིག་ཨེ་སོང་།
ཧ་ཧ་དེ་རིང་ད་བླ་རྒན་ཁོང་ཚང་ཕེབས་མི་འདུག་ག ངའི་ཁ་འདི་ལ་སྐྲག་སོང་ནི་ཡིན་ས་རེད་ཡ་་་་་་ཧ་ཧ་
རྩམ་དགའ་ཁ་བརྡ་གཞན་དེའི་ནང་ནས་ཁ་བརྡ་འདིའི་ནང་དུ་སླེབས་འདུག་ག
དེ་འདྲའི་མགྱོགས་པ་ལ།
དྲ་གྲོགས་སམ་ཁ་བརྡ་བྱེད་ས་དེའི་ནང་གི་མི་དེ་ཚོར་སྐད་ཆ་བཤད་ས་མི་འའགྲོ་གི དོན་མེད་དུ་ཚེར་མའི་ལོག་བསྡད་འདུག
ཨ་རོག་་་་བཟོད་རྒྱམ་་་་གྲོགས་པོ་ཨ་ཁུ་གཞོན་ནུ་ངེད་གཉིས་རྩེད་མོ་རྩེད་ཀི་ཡོད་ནི་རེད་ཡ། སྔོན་ཟིག་ནས་ངེད་གཉིས་རྩེད་གྲོགས་ཡིན་ནི་རེད་ཀོ ཡ་སྒོམ་ཆེན་པ་་་་་ད་ཨེ་དྲན་གི་་
ཨ་རོགས་རྩམ་དགའ། ད་ང་རྒྱུ་ཐོག་ལ་རྒྱག་རྒྱུ་ཡིན་ནི་འདྲ་ཟིག་རེད། རི་པིན་གི་གློག་བརྙན་བཟོ་སྐྲུན་ཁང་ཟིག་གིས་ང་ལ་ཧེ་རོ་བཅའ་གི་ཤོག་ཟེར་གོ་ཀི ད་ངས་ལས་ཀ་འདི་གཡུ་རྒྱུ་ཡིན། ཧེ་རོ་བཅའ་གི་འགྱོ་རྒྱུ་ཡིན། ཁྱོད་ལྟོས་ན་འེ་ཧྲ་ཀི མི་ཧྲ་ན་མི་ཧྲ་ཀི་ཟེ་ཀོ དེ་ན་ཧེར་མོ་ཡག་མ་ལ་ཡོད་ནི་རེད་ཟེར་ཀོ་གི
རྩམ་དགའ་འདི་ངས་ཁྱོད་སྐྱག་རྫུན་བཤད་ནི་མིན། དཀོན་མཆོག་གསུམ། ཤིང་བཟོ་ལས་ཧེ་རོ་གི་ལས་ཀ་དེ་ཧྲ་ཀི་པ། ཧཧཧ
བཟོད་པ་མ་སྒོམ་བཟོད་པ་ཐོག་པ་ན།།
ཚེར་མའི་སྣེ་ལ་ཁོང་ཁྲོའི་རྒྱ་མཚོའི་རླབས།།
བཟོད་པ་སྒོམ་ཞིང་བཟོད་པ་ཐོག་པ་ན།།
ཁོང་ཁྲོའི་ཡུལ་ཀུན་དར་གོས་ལས་ཀྱང་འཇམ།།
བཟོད་པ་བསམ་གཏན་སྤྱོད་ཡུལ་ཉི་མ།།
མ་ལུས་ཕ་རོལ་སྦྱིན་པ་ཐོབ་པས།།
རྒྱལ་བ་སྲས་ཀྱིས་ཤིན་ཏུ་བསྟོད་མ།།
ཕྱག་འཚལ་ཏུ་ཏ་རེ་ཧྰཾ་གི་ཡེ་གེ།
ཧ་ཧ་ཧ་་་་་བླ་རྒན་ཁྱོད་རྒྱུན་ཆེན་བོར་ཆགས་སོང་ན་ཞོར་ལ་རྩམ་དགའ་ང་ལ་ཡང་འགྲིག་སོང་ནི་རེད། དེ་མིན་ཉིན་རྒྱུགས་མཚན་རྒྱུགས་བྱས་ནའང་རྒྱུན་ཟེར་ནོ་དཀའ་མོ་རེད་་་ང་ལ་ཕྱུག་པོའི་ལས་མེད་ཀ་ནི་མ་ཟིག་རེད་ཡ།
དེ་རིང་ནས་ཤིང་བཟོའི་ལས་ཀ་བསྐྱུར་ར་ཐོངས། ཧེ་རོ་ཟིག་ཨེ་ཉན་ལྟོས་ཨ་ཁུ་ལོ་ལོ། ཧེ་རོ་ཉན་སོང་ན་མཛེས་མ་ད་ཁྱོའི་མཇེ་ངན་དེས་འཇོན་ན་ཡོད་ནི་རེད་ད་་་་་དཀོན་མཆོག་གསུམ། འོ་་ད་རུང་བཤད་རྒྱུ་ཞིག་ལ་རྗེས་མ་ཚེ་སྐྱིད་བརྗེ་མི་ཉན་གོ ཁྱོད་སེམས་པ་དང་བོར་ཆགས་ས་དེ་མོ་རེད་ལགས།
ངས་ར་སྒྲོལ་མ་ཤུ་རེར་བྱོས་ནས་འདོན་གི་ཡིན་་་་་ཁྱོས་ར་འདོན་ཨེ་གོ་ཐལ།
ཚེ་སྐྱིད་ཟེར་ནོ་ཕར་ཕྱོགས་ཟིག་ན་གཡང་ལགས་ཟེར་ནི་ཟིག་ག་ས་འཛིང་རྡོ་འཛིང་བྱེད་ཀི་བསྡད་འདུག གཡང་ལགས་ཟེར་ནོ་དེས་ཆི་ཟིག་བཤད་དང་ནི་ན་མི་འཕྲོད་པ་ཟིག་བཤད་དང་ནི་ཡིན་ས་རེད། མོ་ང་ཚོ་ལ་ཁ་རྩེ་ཁོམ་ཡོད་ས་མ་རེད། ད་མོ་རིང་གི་མིང་ནས་མ་འཛིན་མ་གཏོགས། སྐྱོགས་བླང་ནས་ཁྱོད་ཀྱི་མགོ་ཐོམ་བུ་འདྲ་བོ་དེར་སེང་སེ་གཏོང་ས་རེད་ཀོ
http://tibettimes.tibethosting.com/blogs.php?id=22&post_id=8032
དུས་བབ་ཟིན་བྲིས་ནང་བཀོད་པའི་ཨ་མྱེས་ཀྱི་གཏམ་རྒྱུད་ཅེས་པའི་གཤམ་དུ་རེད།
གནད་དོན་འདི་ངས་ནམ་རྒྱུན་ཀློག་པ་པོ་ཚོས་རྩོམ་ཡིག་ཡག་མིན་དང་ཡིག་ནོར་ཡོད་མེད། བསམ་ཚུལ་གླེང་བ་སོགས་ལྟར་རང་གིས་ཁ་བཙུམ་ནས་གཞན་གྱིས་བཤད་པ་སེམས་ལ་བཟུང་ནས་སྡོད་ཐུབ་པའི་གནས་ཚུལ་ཆུང་ཆུང་ཞིག་རེད་བསམ་གྱིན་མེད། འདིའི་མི་གཤིས་དང་མི་སྒེར་གྱི་འཚོ་བ། དེའི་རྒྱབ་ལོགས་ཀྱི་ནང་མི་གྲོགས་པོ་ཚང་མར་གནོད་པའི་ལས་ཀ་བྱེད་སྟངས་ཤིག་ལ་ངོས་འཛིན་གྱིན་ཡོད།
འོ་ད་འགྲིག་སོང་ནི་རེད་ཡ་་་་ཁྱོད་ལ་གོ་སྐབས་འདི་ལས་དགའ་ཟིག་ཡོད་ནི་མ་རེད་་་་་འགྱོག་པོ་སོང་ནས་མོ་ལ་རོག་པ་རེ་བྱེད་ཞོར་ལ་བཟོད་པའི་ཕན་ཡོན་རེ་བཤད་ན་་་་་་ཨེ་་་གཅིག་བྱས་ན་དོ་དགོང་ཁྱོད་ལ་་་་་་་་ད་གཡུག་ཞོག་་མི་བཤད་ཡ་་་་་ཡང་བླ་རྒན་རྩ་མ་ཚང་ཁྱོད་སོང་ནས་སྒོར་རྡོག་ཆ་རེའི་མགོ་ལ་རྡོ་བརྒྱབས་ནས་སླེབས་ཡོང་གི་རེད།
རྩམ་དགའ་གཞོན་ཟླ་བཟོད་རྒྱམ་གསུམ།།
ཁ་རོག་མི་འདུག་ཁ་མཁས་གསུམ།།
བདག་གི་སེམས་ཀྱི་དྲ་གྲོགས་གསུམ།།
རྩེད་མོའི་ཚིག་གཅིག་བཤད་དོ་ཉོན།།
ཐལ་རྡོ་ནག་རིལ་གསུམ་གྱི་སྟེང་།།
ཟངས་དཀར་སླ་ང་བཙུགས་པའི་ནང་།།
འབྲི་དཀར་འོ་མའི་ཇ་སྐོལ་ཏེ།།
གྲོགས་གསུམ་བདག་གིས་མགྲོན་དུ་འབོད།།
དེ་ནས་བདག་གིས་གླུ་ཞིག་ལེན།།
གླུ་ཡི་མཇུག་ཡང་འདི་ལྟར་བསྡུ།།
གོ་ན་རྣ་བའི་བདུད་རྩི་དང་།།
མ་གོ་གླུ་ལ་འགྲེལ་བ་མེད།།
དེ་ནས་བདག་གིས་གླུ་ཞིག་ལེན་་་་ཞེས་པའི་བར་གྱི་སྣེར་ངས་འབྲི་གོ
གླུ་སྙན་མོ་དུང་གི་མཆོད་པ་འདི། །
དགོང་གནམ་མཁའི་ལྷ་ལ་ཕུལ་མྱོང་མེད། །
སྨད་ཀླུ་མོའི་སྙན་ལ་ལེན་མྱོང་མེད། །
ཁྱེད་སྤུན་གསུམ་ཚོ་ལ་ལེན་ནི་ཡིན། །
ངའི་ལག་གི་འོ་ཇ་དཀའ་རོ་འདི། །
སྨད་རྒྱ་ནག་ཡུལ་ནས་ཉོས་ནི་ཡིན། །
སྟོད་རྒྱ་གར་ཕྱོགས་ནས་བླངས་ནི་མིན། །
བོད་ཁ་བ་ཅན་ནས་འཁྲུངས་ནི་རེད། །
ས་འདི་ཡི་ས་ངོ་མ་ཤེས་ན། །
ཡུལ་ཁུག་དཀྱོག་དྷ་ལམ་ས་ལ་རེད། །
བོད་སྤུན་ཟླ་ཡུལ་གྱར་འཛོམས་ས་རེད། །
མགོན་བསྟན་འཛིན་རྒྱ་མཚོའི་བཞུགས་གནས་རེད། །
ཕོ་ང་དང་ང་ངོ་མ་ཤེས་ན། །
ཕ་བྱང་མཆོག་སེམས་པའི་ཕྲུ་གུ་ཡི། །
མ་རྗེ་བཙུན་སྒྲོལ་མའི་གཅེས་ཕྲུག་ཡིན། །
མགོན་བསྟན་འཛིན་རྒྱ་མཚོའི་འབངས་མི་ཡིན། །
མི་ང་ཡི་ལས་འགན་བཤད་རྒྱུ་ན། །
བོད་དབྱངས་གསལ་སོ་བཞི་སྦྱང་རྒྱུ་དང་། །
ལུགས་མི་ཆོས་གཙང་མ་བསྲུང་བྱས་ཏེ། །
ཡབ་གོང་མའི་རྐང་རྗེས་སྙེག་རྒྱུ་རེད། །
གླུ་གོ་ན་རྣ་བས་འཇུག་བསྡུས་ཀོ
ངས་གླུ་ཟིག་ལེན་ན་གླུ་ཟིག་ལེན།།
གླུ་སྙན་མོ་ཁྲོམ་པའི་དཀྱིལ་ལ་ལེན།།
ཆུང་བྱིས་པའི་དུས་ཀྱི་རྩེ་ར་ནས།།
ཆ་རྡེའུ་ན་ཟླ་བུ་མོར་རྩེ།།
རྡོ་ད་རྡོ་བུ་དང་བུ་མོར་རྩེ།།
ཡང་དྲ་མ་ལྡིང་གི་གཞུ་ཟིག་བཟུང་།།
ལུ་གུ་ཐར་གི་མདའ་ཟིག་འཕངས།།
ཆུང་བྱིས་པའི་རྩེ་ར་ལྷ་ཡུལ་འདྲ།།
ཚེ་ཕྱིར་དྲན་བྱས་ན་སྐྱིད་པ་ལ།།
དེ་ཕྱིར་བཤིག་རྒྱབ་ན་དེ་ལས་སྐྱིད།།
ཡང་སློབ་གྲྭ་འགྲིམ་པའི་དུས་སྐབས་ན།།
མི་ཚོགས་ཆེན་འཚོགས་པའི་མདུན་ར་ནས།།
ལག་དགག་རྒྱག་ཤོག་བུ་འདར་བཞིན་བཟུང་།།
རྒྱ་ཚང་གི་ལིན་དགག་ཁུང་དགག་ནས།།
ལིག་ཏིན་མི་བཞི་ཕྱོགས་ཁག་སོགས།།
རིམ་པ་བཞིན་དུ་དགག་པ་འདི་ལྟར་རྒྱབ།།
གཏེ་བོ་ལིན་པེའོ་དང་ནི་ཁུང་ལོ་ཨར།།
བློ་ལོག་ལིན་པེའོ་དང་ནི་ཁུང་ལོ་ཨར།།
ཁོ་པ་ཚང་མ་གཏེ་ངན་ཐག་ཆོད་རེད།།
ཁ་ནས་ནམ་ཡང་བྱམས་སྐྱོང་དྲང་བདེན་བཤད།།
ཁོག་ལ་དུས་རྒྱུན་གཡོ་ཐབས་ངན་དགུ་བཅངས།།
རང་གཅུན་ལུགས་སྲོལ་འུར་སྒྲོག་ཆེར་སྤེལ་སྒོས།།
བློ་སེམས་གཅིག་གིས་རོ་ལངས་རྒྱགས་རྩིས་བསམ།།
ཅེས་དང་ཡང་།
འདྲེ་ཡི་ལག་པ་སྟག་མགོ་རི་བོར་བསྲིངས།།
ཏ་ཀྲེ་དར་དམར་གཅོད་པའི་ངན་སེམས་བཅངས།།
རུས་དཀར་འདྲེ་མོས་རང་ཚོད་མ་ཟིན་པར།།
རྡོ་བ་བཀྱགས་ནས་རང་གི་རྐང་པར་རྒྱབ།།
འདི་ནི་ཅང་ཆིན་ལའོ།
ཏིན་ཞི་ཕིན་གྱི་དེ་དྲན་མ་སོང་། རྩམ་དགའ་ནས་དྲན་ནས་མུ་མཐུད་དུ་དགག་པ་རྒྱོབས་འ།
འདི་འདྲའི་དགག་རྒྱག་ཅིག་ད་ད་ལོའི་སྤྱི་འཐུས་ནང་ནས་ཕྱིར་འཐོན་འགྲོ་མཁན་ཚོ་ལ་ངེས་པར་དུ་དགོས།
འ་རོགས་ཚོ། ཁ་རོགས་སྡོད་དང་། སྡེ་ཚེ་རིང་སྐྱིད་སླེབས་སོང་ཟིག དཀོན་མཆོག་གསུམ། ང་ཚོ་ང་ཚོ་ནང་ཕན་ཚུན་མཇེ་གཏུག་རྒྱབ་བསྡད་ནས་ད་ཡང་མོ་ཅིག་ག་ཤོར་སོང་ཟིག
འོ་ད་ཚེ་རིང་སྐྱིད་ཡང་བསྐྱར་སླེབས་སོང་ན་སྐད་ཟིག་འཇོག ད་དེ་ཚོ་ལ་མང་པོ་འབྲི་དགོས་ནི་མ་རེད། ཁྱོད་ནི་བཙན་བྱོལ་བོད་ཀྱི་མཛེས་མའི་གཙུག་རྒྱན་ལེན་མཁན་རེད་མོ། ཆ་ལ་ཆོ་ལེ་ཚང་མ་ལ་ལན་རྒྱག་དགོས་ནི་མ་རེད་ཡ། མུ་མཐུད་དུ་རང་གི་ལས་ཀ་ཤི་རེ་བྱོས། དེ་ནས་འཚམ་འཚམ་ལ་དྲ་རྒྱ་ཁག་གི་ནང་དུ་འཛུམ་རེ་སྟོན་ད་འགྲིག་ནི་རེད།
ཚེ་རིང་སྐྱིད་ལ་ཐུག་དུས།།
ཚེ་ཐག་ཆད་རྒྱུ་མང་བོས།།
དོན་མེད་མཆན་བུ་བཏབ་ནས།།
འདུག་བཟོད་མེད་པ་བྱས་འདུག།
བུད་མེད་མིང་གིས་བཟི་བའི།།
མྱི་རྐྱང་ལུང་བ་གང་གིས།།
ཁ་ཡག་ངོ་བསྟོད་བཤད་ཞོར།།
ལ་གཞས་དབྱངས་ལ་འགུག་གི།
འཇེ་ངན་ལག་ལ་སྐྱོར་ནས།།
ཁོང་མོའི་མཐའ་ལ་རུབ་བྱུང་།།
མི་མངོན་དྲ་བའི་དབྱིངས་ནས།།
མགོ་འབུལ་ལུས་འབུལ་བྱས་འདུག།
ཆགས་སྲེད་ཅན་གྱི་སེམས་ནས།།
མཛངས་མ་ཚེ་རིང་སྐྱིད་ཀྱི།།
འདོད་པའི་དབྱངས་ཀྱི་ཟ་ཟི།།
རྟོག་བཟོ་བྱེད་ཀྱིན་འདུག་གི།
དོན་མེད་སྲང་གི་འཁྱམ་པོ།།
འདི་ན་མཁས་པར་གྱུར་འདུག།
ཕོ་གསར་རྫིག་མདོག་ཁ་བོའི།།
གཉང་བ་ཤོར་ནས་འདུག་གོ།
ཚེ་རིང་ལོ་བརྒྱར་སོན་རྒྱུའི།།
ཚེ་རིང་སྐྱིད་ལ་བཀྲ་ཤིས།།
ཚེ་རབས་ཕྲེང་བའི་ནང་ལ།།
ཅི་བསམ་འགྲུབ་པའི་སྨོན་ལམ།།
ཨ་བྷ་བྷ་བྷ། བྷ་བྷི་རེ།
ཚེ་རིང་རྒྱུའི་གནམ་ལྕགས་བུ་ལོ་གན་གིས།།
ཚེ་ཆད་ཀྱི་ཚོ་ལ་དམོད་ཟོར་འཕེན་གིས།།
ཚེ་སྐྱིད་ཀྱི་རྒྱུད་པར་དམ་པོ་འཇུས་ནས།།
ཚེ་རབས་ཀུན་ཏུ་རྗེས་འཛིན་སྨོན་གིས།།
མགོ་འབུལ་ལུས་འབུལ་བྱེད་སྟངས་འདི་འདྲ།།m
རྒྱ་ཁ་ཆེས་ཨ་ལར་འབུལ་སྟངས་འདྲ་ལ།།
དྲ་རྒྱའི་ནང་ན་ཁ་ཡག་འདི་འདྲ་ན།།
ངོ་གདོང་ཐུག་ན་གཅིན་པ་ཤར་ཤར་ཤོར་འགྲོ།།
གནམ་ལྕགས་སྣེ་ལོ་འཁོར་གི་འཁོར་གི་ཡོང་།།
ཕོ་རོག་རྒྱག་པ་ཟིག་དང་འདྲ་སེ་འདུག།
གནམ་བལྟ་མིག་གིས་ཟ་ར་ཟིར་རེ་བལྟ།།
ཤིང་བཟོ་ཐིག་ཚད་ལེན་དང་ཀུན་ནས་མཚུངས།།
ཀུག་ཀུག་མཛུབ་མོས་ཚེ་སྐྱིད་བསྟོད་གླུ་འབྲི།།
འོ་དྲ་གྲོགས་ཚོ། ང་ད་ལྟ་གྲོང་ཁྱེར་ནང་ལ་ཇ་ཚྭ་ཁུ་ཉོ་གི་འགྱོ་རན་སོང་། དགོང་ཟླ་མཇལ་ཡོང་།
ཨ་རོག་་་བླ་རྒན་ངས་ཁྱོད་ཀྱི་རྩོམ་ཡིག་དེའི་སྣེར་འབྲི་ཤེས་མ་སོང་དགོངས་དག ཡིན་ནའང་རྒྱ་ནག་གི་སྲིད་འཛིན་ཚང་མའི་ནང་གི་ཅུང་ཡག་ཤོས་དེ་ཏིང་ཤོན་ཕི་ཡིན་ན་དེ་རེད་འདོད་ཀི་ཡོད།
འོ་རེད་་་་་ད་སྐབས་འུ་ཚང་གི་མཛེས་མ་ལ་ཅིག་ཅིག་མིག་མིག་ཟེར་མཁན་སྨྱོན་པ་མང་བོ་སླེབས་འདུག་ད།
ངས་བལྟས་ན་མི་འདི་ཚོ་ཚང་མ་མི་གཅིག་རེད་འདུག ཁ་སང་ཟིག་ག་ཁ་བརྡ་གླེང་མོལ་དྲ་རྒྱའི་ནང་གནམ་ལྕགས་ངེད་གཉིས་ཁ་བརྡ་བྱས་ནས་ཅང་མ་འགོར་བར་ཡང་མི་ངན་ཞིག་སླེབས་སོང་། མི་ངན་ཁོས་དང་བོར་རྒན་སྒོམ་སྡེ་ལྷ་རམས་པའི་མིང་འཁུར་ནས་རྙོག་དྲ་བཟོས། གཉིས་པར་ང་རྩམ་དགའི་མིང་ཐོག་ལ་ཡོང་ནས་གྲོགས་པོ་གནམ་ལྕགས་ངེད་གཉིས་བར་ལ་དཀྲིགས་ཤིང་བྱས། དེ་ནས་གནམ་ལྕགས་ལགས་ཀྱི་མིང་ཐོག་ལ་ཡོང་ནས་རྙོག་དྲ་སླངས་རྩིས་བྱེད་ཀྱིན་འདུག་པར་སེམས་ཀྱིས་མ་བཟོད་པ་བུད་སོང་བ་ཡིན། འདིའི་བསྐོར་ལ་གནམ་ལྕགས་ལགས་ཀྱིས་ཁོང་གི་ཟིན་བྲིས་སུ་གསལ་བོ་བྲིས་གནང་འདུག ཁོམ་པོ་རེ་ཡོད་ན་ཅིག་ཕེབས་ནས་བལྟ་རོག
མ་མཐོང་སེམས་ཀྱི་གྲོགས་པོ་ལགས་གནས་སྐབས་རིང་བདེ་མོར་གནང་་་་་རྗེས་ནས་ཁ་བརྡ་ལྷོད་ལྷོད་གནང་ཆོག
གྲོགས་པོ་ཚོ། དེ་རིང་གློག་བརྙན་བཟོ་སྐྲུན་ཁང་ཟིག་ཡོང་ནས་ང་ཧེ་རོ་བཅའ་རྒྱུའི་ཕྱོགས་ལ་རྒྱུགས་སྤྲོད་བྱེད་དགོས་ཟེར། ཡར་བྱས་མར་བྱས་པའི་མཐར་སྤྱིའི་ཆ་ནས་དཔེ་མི་སྲིད་པའི་ཡག་པོ་འདུག་ཟེར། སྐྱོན་གཉིས་རྒྱབ་ནོ་ད་ང་ལེན་རྒྱུ་ཟིག་བཞག་མ་སོང་། དེ་ཡང་བྱི་མོ་མཛེས་མ་ཟིག་རེད། མོས་བཤད་ན་གཅིག་ང་ལྗིད་ཁོག་ཚ་འདུག་ཟེར། གཉིས་ངའི་སྐེ་འཐུང་དྲག་འདུག་ཟེར། ང་ཟེར་ནོ་རླུང་གི་བརྒྱལ་སོང་ཟིག ཁྱོད་ཚོས་བལྟས་ན་ངའི་སྐེ་འཐུང་དྲག་འདུག་གམ།
ལྗིད་ཁོག་ཚ་ནོ་ད་ཁེགས་མེད། དེ་རིང་ཉིན་གུང་དྲོས་ཇ་མ་ཤུ་རོམ་གི་ཕེ་ཚ་ཆེན་པོ་ཆ་བཅུ་གཉིས་ཆ་ཚང་ཟོས་པ་ཡིན། སྐེ་འཐུང་སོང་ན་ང་ལས་རྒྱུ་མེད་ཀ གཅིག་བྱས་ན་ད་རུང་མུ་མཐུད་དུ་ཤིང་བཟོ་བཅའ་དགོས་ས་རེད་ཀོ
མཛེས་མ་ཚེ་རིང་སྐྱིད། ཁྱེད་ཀྱི་སྟུ་ཚ་བོ་དེ་ང་ལ་གཅིག་སྤྲོད་དང་། ང་ཁྱོད་དགའ་ཡི་འདུག