ཨོ་རྒྱན་ཉི་མ།
ཆོས་དང་འཇིག་རྟེན་ཏེ། ལུགས་གཉིས་གང་ལ་བསམ་བློ་གཏོང་ན་ཡང་། ཨ་ཚོགས་ཀླུ་མཁར་བྱམས་ལ་རྫིག་རྫིག་བྱས། བསྡིགས་ར་བཏང་། ངན་དམོད་བྱེད་པ་ནི་མྱི་ལ་རང་གཤིས་དང་། བྱམས་སྙིང་རྗེ། གནའ་དེང་གི་ཤེས་ཡོན་གཏན་ནས་མེད་པའི་རྟགས་རེད། རྒྱུ་མཚན་ནི་ཀླུ་མཁར་བྱམས་ནི་གསར་འབྱོར་བ་ཞིག་དང་། རང་གི་ཆུང་མ་དང་། ཕྲུ་གུ་སྟེ། བཟའ་ཚང་གི་འགྲོ་གྲོན་ལའང་དཀའ་ངལ་ཡོད་མཁན་ཞིག་རེད། དེ་ཕྱིར་མགོན་མེད་གོང་ལ་སྡར་མ་ངར། བླུན་པོའི་ཁྲོད་དུ་གླེན་པ་མཐོ་ཟེར་བ་ལས་མ་འདས་སོ། །
དབུ་མའི་ལམ་ནི་གོང་ས་མཆོག་གིས་ལམ་སྲོལ་བཏོད་པ་དང་། ཁ་ཚ་དགོས་གཏུག་དང་། ཆོས་དང་མི་འགལ་བའི་ཐབས་ལམ་ཞིག་རེད། ཆོས་ལུགས་ཀྱི་མིང་བྱང་འཁུར་བཞིན་པའི་ཆབ་སྲིད་པ་ཞིག་ལ་མཚོན་ན་དབུ་མའི་ལམ་ནི། ལམ་ཁ་ཡག་ཤོས་ཤིག་དང་། ཁེ་མེད་ནའང་ཕམ་ཁ་མེད་པའི་ལམ་བརྟན་པོ་ཞིག་རེད། རང་བཙན་པས་ནི་བཙན་པོའི་རྒྱལ་རབས་དང་ལོ་རྒྱུས་དཔང་དུ་བཙུགས་ཏེ་སྐད་ཆ་བཤད་བཞིན་པ་རེད། ཕུགས་རྒྱང་རིང་པོ་བསམ་བློ་གཏོང་ཐུབ་མཁན་ཞིག་དང་། སྔོན་གྱི་ལོ་རྒྱུས་ལ་ཉམས་ཞིབ་ཡག་པོ་ཡོད་མཁན་ཞིག་ཡིན་ན། དབུ་མའི་ལམ་ལས་ཀྱང་རང་བཙན་མཆོག་ཡིན་པ་ལ་ཡིད་ཆེས་དང་། གདེངས་སྤོབས་གཉིས་ཀ་ཡོད་པ་ནི་དངོས་ཡོད་རེད།
དེ་ཕྱིར་གཉིས་ཀ་བོད་པ་མཚོན་ན་དགོས་ངེས་པའི་ལས་འགུལ་གཉིས་རེད། དེ་མིན་བོད་ས་ཡོངས་རྫོགས་བདག་ཏུ་བཟུང་ཞིང་། བོད་མི་བྱེ་བ་མང་པོ་གསོད་མཁན་དང་། གོང་ས་མཆོག་ལ་དུས་ནམ་ཡང་ངན་བཏགས་མཚང་འབྲུ་བྱེད་མཁན་ཚོར་ཉིན་མཚན་མེད་པར། ཐབས་ལམ་ཡོད་དགུ་རྩལ་འདོན་གྱིས་འབྲེལ་ལམ་འཛུགས་ས་མ་རག་པའི་སྡུག་བསྔལ་དང་། བོད་མི་ཆུང་ཆུང་ཞིག་གིས་བོད་ཀྱི་དབུ་ཁྲིད་ལ་བླ་རྒན་དང་། དགེ་རྒན་ཞིག་ལ་ལོ་བརྒྱ་དང་བཅུ་གསུམ་འདུག་དགོས་མཁན་དེ་ཁྱེད་ཡིན་ལབ་སོང་ཟེར་ནས་སྟག་མཆོང་མཆོང་བྱེད་བཞིན་པ་ལ་བསམ་བློ་བཏང་ན། ཉེས་པ་སུ་ཆེ་ས་རེད། ཁྲིམས་ཁང་ཞིག་ཏུ་ཁྲིམས་གཏུག་བྱེད་པ་ཡིན་ན། གཟུ་བོར་གནས་པའི་གང་ཟག་གཅིག་གིས་རྟོག་དཔྱོད་བྱེད་པ་ཡིན་ན། ཆད་པ་དེ་སུ་ལ་གཅོད་ས་རེད། ཨ་ཚོགས་ཀླུ་མཁར་མྱི་རྐྱང་མགོན་མེད་སྐྱབས་མེད་རེད་བསམ་ནས་ཆེ་ཆུང་ཆ་ཚང་གིས་བློ་ཁོག་ཡོད་མདོག་སྟོན་པ་ནི། ཁྱོད་ཚོས་རང་ཉིད་ལ་ལུགས་གཉིས་ཀྱི་ཡོན་ཏན་རྩ་བ་ནས་མེད་ཅེས་པའི་རང་རྟགས་དངོས་སུ་བསྟན་པའོ། །
མདོར་ན་བོད་ཀྱི་དགོན་སྡེ་དང་། སྤྱི་ཚོགས་ཡོངས་རྫོགས་ཀྱིས་བསམ་བློ་གཏོང་རྒྱུའི་དོན་དག་གལ་ཆེན་ཞིག་ནི་བོད་ཀྱི་སྲོལ་རྒྱུན་བརྩི་སྲུང་དང་། གལ་སྲིད་མང་གཙོ་དགོས་ན་དམ་པའི་འདུལ་བ་ནས་བཤད་པའི་མང་གཙོ་ལ་ཐུགས་བསམ་བཞེས་ན། བོད་ཀྱི་ཡ་རབ་སྤྱོད་བཟང་དང་། རིག་གཞུང་བརྒྱུད་འཛིན་བྱ་བ་ལ་ཕན་ཐོགས་ཡོད་ངེས་སོ། །དེ་མིན་ནུབ་ཕྱོགས་པའི་ཆབ་སྲིད་པའི་འགྲན་རྩོད་དང་མཐུན་པའི་མང་གཙོས་ནི་བོད་ཀྱི་སྤྱི་ཚོགས་ཡོད་ཚལ་བ་རྒྱ་རུ་གཏོར་ངེས་སོ། །
དེང་སང་བོད་ཀྱི་སྤྱི་ཚོགས་སུ་རིག་གནས་ཅུང་ཟད་དང་། ཁ་བདེ་བོ་ཡོད་ཚད་ནས་བཟུང་སུ་ལ་ཡང་གུས་བཀུར་དང་། བརྩི་མཐོང་བྱེད་མི་དགོས་པ་ཞིག་ཏུ་འགྱུར་བཞིན་པ་འདི་དག་ཆ་ཚང་ནུབ་ཕྱོགས་པའི་འཐབ་རྩོད་ཅན་གྱི་རིག་གཞུང་གསར་བ་འདིས་བསྐྲུན་པ་རེད། དཔེར་ན་ལས་ཁུངས་དང་། གྲོས་ཚོགས་ཡོངས་རྫོགས་ཀྱི་འགྲོ་སྟངས་མཐའ་དག་ནུབ་ཕྱོགས་པའི་འགྲོ་སྟངས་བྱེད་བཞིན་པ་ལ་ལྟོས་དང་། རང་ལུགས་མེད་པ་དང་། རང་ལ་རང་རྐང་ཚུགས་པའི་རྣམ་དཔྱོད་མེད་པ་མཚོན་གྱིན་ཡོད་པ་རེད། ནུབ་ཕྱོགས་པའི་རིག་གཞུང་གསར་བ་ནི་ཡ་རབ་སྤྱོད་བཟང་། རྒན་བཀུར་གཞོན་སྐྱོང་། རིག་གཞུང་མཐའ་དག་རྩ་རྫོགས་བྱེད་ཀྱི་ཐབས་ལམ་ཉག་པ་གཅིག་པོའོ། །
ནུབ་ཕྱོགས་པའི་ཆབ་སྲིད་དང་། དཔལ་འབྱོར། ཚན་རིག་གསུམ་མཉམ་སྡེབས་ཀྱིས་འཇིག་རྟེན་འདིའི་སྲོལ་རྒྱུན་གྱི་རིག་གཞུང་ཕལ་ཆེར་རྩ་མེད་བཏང་ཚར་བ་རེད། ད་ལྟ་ལུས་ཡོད་པ་ནི་ནང་ཆོས་མཚོན་པའི་ལྟ་གྲུབ་ཟབ་པའི་ཆོས་ལུགས་འགའ་ཞིག་གོ། །ཆོས་ལུགས་པ་ཚོས་ཉམས་ལེན་གནད་སྨིན་དང་། སྤྱོད་ལམ་ལ་གཙིགས་འཛིན་མ་གནང་ན། ལྟ་གྲུབ་ཇི་ལྟར་ཟབ་ན་ནུབ་ཕྱོགས་པའི་རིག་གསར་གྱི་ཁ་ཟས་སུ་འགྱུར་ངེས་པ་ཅན་ནོ། །དཔེར་བཞག་པ་ཡིན་ན། དེང་སང་གི་དགེ་བཤེས་དང་། མཁན་པོ་ཞེས་པའི་མིང་རྐམ་ཁ་རྐམ་མཇེ་རྐམ་ཅན། རྒྱུད་ལ་ཉམས་ལེན་ཐིག་པ་གཅིག་མེད་མཁན་ཚོས་དགོས་རྒྱུའི་འཆད་རྩོད་རྩོམ་གསུམ་སོགས་མཁས་པའི་ཚུལ་དགུའི་བྱ་བ་མི་བྱེད་པར། དགོན་བདག་དང་ཆེ་མཐོའི་གོ་ས་ཞིག་ལ་རྔམ་པ་དང་། དགོན་བདག་སྤྲུལ་མིང་འཛིན་པ་ཚོས་ཀྱང་དངུལ་ཁོ་ན་ལས། འགྲོ་བའི་བདེ་སྡུག་དང་། བསྟན་པའི་འཕེལ་འགྲིབས་ལ་བསམ་བློ་རྩ་བ་ནས་མ་བཏང་ན། འགྲོ་ས་གཅིག་ཡོད་པ་ནི་རང་གི་ཕུན་སུམ་འཚོགས་པའི་རིག་གཞུང་ཤོར་ཞིང་། གཞན་གྱི་རིག་གཞུང་གི་བྲན་གཡོག་ཏུ་འགྱུར་རྒྱུ་དེ་རེད།
ཁོ་བོར་མཚོན་ན་ཤཱཀྱའི་རྗེས་འཇུག་ཅིག་དང་། ཁ་ནས་སེམས་ཅན་ཐམས་ཅད་ཐམས་ཅད་ཅེས་ཉིན་མཚན་མེད་པར་བསམ་མཁན་དང་། བཤད་མཁན་ཞིག་ཡིན་པའི་ཆ་ནས་། གཙོ་ཆེ་ཤོས་ཤར་ནུབ་རིག་གཞུང་གང་གིས་བསྡུར་ནུས་བྲལ་བའི་མཉམ་མེད་བུ་རམ་ཤིང་བའི་བསྟན་པ་རིན་པོ་ཆེ་ཡུན་དུ་གནས་དགོས་པར་མ་ཟད། རང་ཉིད་ཀྱི་ཤ་ཁྲག་རུས་གསུམ་བོད་ཀྱི་ཡིན་པའི་རྒྱུ་མཚན་གྱིས་བོད་འདི་རྒུད་ན་མི་དགའ་བ་དང་། རྒྱས་ན་དགའ་བ་ནི་འགྲོ་བ་སྤྱི་ལ་ཡོད་པའི་སེམས་ཚོར་དེ་ག་རང་ཡོད། དེ་ཕྱིར་དབུ་མའི་ལམ་དང་། རང་བཙན་གཉིས་ཀ་བོད་ལ་དགོས་གལ་ཆེ་བའི་ལམ་སྲོལ་གཉིས་ཡིན་པ་ལ་ཡིད་ཆེས་ཡོད། བོད་བཙན་པོའི་བུ་རྒྱུད་ཁོག་ན་ཡོན་ཏན་གྱིས་ཕྱུག ངག་ལ་གཏན་ཚིག་གིས་ཕྱུག་པའི་ཨ་ཚོགས་ཀླུ་མཁར་བྱམས་ཀྱང་༧གོང་ས་མཆོག་ནང་བཞིན་ལོ་བརྒྱ་དང་བཅུ་གསུམ་བཞུགས་དགོས་ཞེས་གསོལ་བ་འདེབས་རྒྱུ་ཡིན།
རེད་རེད། གསར་འབྱོར་བསྡད་ས་ལ་མ་བསྡན་ན་དེ་འདྲ་ཡོང་གི་རེད། ཁ་ནས་གང་བྱུང་བཤད་ན་མང་གཙོ་མིན། ཡིན་ནའང་ཨོ་སོ་ཀྲོ་ལི་ཡ་ལ་འགྲོ་རྒྱུར་བཀག་འགོག་བྱེད་པ་གོ་ཐོས་བྱུང་། དེ་ནི་མ་འགྲིག་པ་རེད་ལ་བཀག་ཐུབ་ཀྱི་མ་རེད།
སྟོན་པའི་རྗེས་འཇུག་རྣལ་མ་ཞིག་ཡིན་ཕྱིན། ཉེ་རིང་ཆགས་སྡང་དང་བྲལ་བའི་གཏང་སྙོམས་ལ་གནས་དགོས་པ་ཞིག་དང་། སྤྱོད་པ་འཚེ་མེད་ལྟ་བ་རྟེན་འབྱུང་དང་བྲལ་ཐབས་མེད་པ་ཞིག་དགོས་སོ།
ཨོ་རྒྱན་ཉི་མ་ལགས་་་་་ཆོས་དང་འཇིག་རྟེན་ཏེ། ལུགས་གཉིས་གང་ལ་བསམ་བློ་གཏོང་ན་ཡང་། ཨ་ཚོགས་ཀླུ་མཁར་བྱམས་ལ་རྫིག་རྫིག་བྱས། བསྡིགས་ར་བཏང་། ངན་དམོད་བྱེད་པ་ནི་མྱི་ལ་རང་གཤིས་དང་། བྱམས་སྙིང་རྗེ། གནའ་དེང་གི་ཤེས་ཡོན་གཏན་ནས་མེད་པའི་རྟགས་རེད། རྒྱུ་མཚན་ནི་ཀླུ་མཁར་བྱམས་ནི་གསར་འབྱོར་བ་ཞིག་དང་། རང་གི་ཆུང་མ་དང་། ཕྲུ་གུ་སྟེ། བཟའ་ཚང་གི་འགྲོ་གྲོན་ལའང་དཀའ་ངལ་ཡོད་མཁན་ཞིག་རེད། དེ་ཕྱིར་མགོན་མེད་གོང་ལ་སྡར་མ་ངར། བླུན་པོའི་ཁྲོད་དུ་གླེན་པ་མཐོ་ཟེར་བ་ལས་མ་འདས་སོ།་་་་་་་་་་་་་ཧའཧཧཧཧའའཧཧཧ་་་་་་་དེ་ཙམ་ཧམ་བཤད་མ་གནང་ཐུགས་རྗེ་གཟིགས་དེ་ནས་མར་ཀློག་མེད་ལ་ཀློག་འདོད་ཀྱང་མིན་འདུག་་
ཨ་མདོའི་རྒྱལ་དབང་བསྟན་འཛིན་རྒྱ་མཚོ་དགུང་ལོ་བརྒྱ་དང་བཅུ་གསུམ་ལ་བཞུགས་པའི་ཞལ་བྷཞེས་ཐིབ་པ་བཞིན་དུ་ཨ་མདོའི་ཆབ་སྲིད་པ་ཨ་ཚོགས་ཀླུ་མཁར་བྱམས་ཀྱང་དགུང་ལོ་བརྒྱ་དང་བཅུ་གསུམ་ལ་བཞུགས་པར་སྨོན། སྤྲུལ་པའི་སྐུ་རིན་པོ་ཆེ་ཨོ་རྒྱན་ཉི་མ་ཡང་དགུང་ལོ་བརྒྱ་དང་བཅུ་གསུམ་ལ་བཞུགས་དགོས།
མཁན་ཆེན་རྒྱལ་དབང་བསྟན་འཛིན་རྒྱ་མཚོའི་སྡེ།།
སློབ་དཔོན་ཆེན་པོ་ཨོ་རྒྱན་ཉི་མའི་མདངས།།
ཆབ་སྲིད་མཁས་ཅན་ཨ་ཚོགས་ཀླུ་མཁར་བྱམས།།
དུས་རབས་འདི་ཡི་མཁན་སློབ་ཆོས་གསུམ་ཡིན།།
ཀླུ་མཁར་བྱམས་ནི། མི་གླུད་འདྲ་བོ་ཞིག་འདུག
ཀླུ་མཁར་བྱམས་ནི་རྒྱལ་གཅེས་དཔའ་བོ་དང་ལོ་རྒྱུས་ནང་འཁོད་འོས་པའི་མི་སྣ་རླབས་ཆེན་ཞིག་རེད། དེ་ལ་སྡང་མཁན་ཚོ་རྒྱ་ནག་གཞུང་ཚབ་ལ་མགོ་བཏགས་ནས་ཕར་འགྲོ་ཚུར་ཡོང་གནང་མཁན་དང་མི་གྲལ་ན་མེད་པའི་གྲྭ་ལོག་རིགས་གཅིག་རེད་འདུག
སྤོབས་མཐའ་ལགས་ངས་བྱས་ན་དུས་རབས་འདི་ཡི་མཁན་སློབ་ཆོས་གསུམ་རན་ཤོས་དེ་་་་་་རྒྱ་ཁྱི་ཀླུ་བྱམས་དང་གཅིག་་་་་ཧམ་ཆེན་ཨོ་རྒྱན་དང་གཉིས་་་་་ཀླད་སྟོང་སྤོབས་མཐའ་དང་གསུམ་བྱས་ན་ཧ་ཅང་ལེགས་་་
2017-03-17 Taktuk
ཀླུ་མཁར་བྱམས་ནི་དུས་རབས་ཀྱི་ཀ་བ་ཡིན།
བྱེས་ཀྱི་སྤུན་ཟླ་ཚོ། འུར་མ་ལངས།
གཟའ་བདུད།
ཁྱེད་ལ་དེང་སང་བྱེས་ཀྱི་ཀླད་རུལ་མགོ་བདེ་དག་གིས་འུར་གཏམ་ལབ་ནས། ཁྱེད་ཀྱི་མི་ཚེའི་རིན་ཐང་ལ་རྡོག་རོལ་གཏོང་གིན་ཡོད་པ་ཐོས་སོང་བར་མ་ཟད། གསར་འགྱུར་འགའ་ཡང་མཐོང་སོང་། དེ་ཡང་ཁར་སང་སྟེ། བྱེས་ནས་མདོ་སྟོད་དང་མདོ་སྨད། དབུས་གཙང་སོགས་ཀྱི་སྐུ་ཚབ་དང་བཅས་གྲྭ་གྲོང་རྒན་གཞོན་མེད་པས་ངྷ་ས་ནོར་བུ་གསོལ་འགྲོན་ཁང་ལ་མི་མང་བསྡུ་འཛོམས་བྱས་ནས་ཀླུ་མཁར་བྱམས་ལ་ངོ་རྒོལ་ནན་མོ་བྱེད་ཀྱིན་པའི་གསར་འགྱུར་ཞིག་ཐོས་སོང་། དེ་ཞིབ་ནས་ཞིབ་ཀྱིས། ནན་ནས་ནན་དུ་བཀླགས་པ་ཡིན་མོད། དོན་ཚན་དྲུག་ཏུ་ཕྱེས་ནས་བརྒལ་འདུག དེ་དག་རེ་རེ་ལ་བསམ་གཞིག་བྱས་པས་དོན་དངོས་ནི་ཤ་ཚ་ཞིང་སྙིང་རྗེ་དགོས་པ་ཞིག་ལས་གང་ཡང་མཐོང་མ་བྱུང་། ཁྱེད་ནི་ཀླུ་མཁར་བྱམས་ཡིན་ལ་བདེན་དོན་དང་གནས་ལུགས་ཀྱི་ཆེད་དུ་སྒེར་ཚུགས་ཅན་གྱི་མི་ཕོ་ཞིག་ཡིན་པས་དེ་དག་ལ་སྐྲག་སྣང་མེད་པ་ཡིད་ཆེས་ཡོད་མོད། བལྟས་ཀྱིན་བལྟས་ཀྱིན་བྱེས་ཀྱི་སྤུན་ཟླ་དག་ནི་ཡ་མེད་བཙན་ཤུགས་བཀོལ་བའི་དམུ་རྒོད་ཤར་ཅིག་ཡིན་ངེས་འདུག་པས། ཉིད་ཀྱི་སྐུ་ཚེ་ལ་བར་ཆད་མི་བཟོ་བའི་ངེས་པ་མི་འདུག་ན་ངེད་ཀྱིས་ཁྱེད་ལ་སེམས་ཁུར་བགྱི་བཞིན་ཁྱེད་ནི་དུས་རབས་ཀྱི་ཀ་བ་ཡིན་པས་ནམ་ཡང་འགྱེལ་དུ་མི་རུང་ཞེས་བརྗོད་ལ་བརྗོད་པར་བྱེད་ཀྱིན་ཡོད།
གཅིག
ཁོང་པ་ཚོས་ཁ་གཏོད་ས་དང་ཁོག་གནག་ས་དེ་ཨ་ཚོགས་ཀླུ་མཁར་བྱམས་ཀྱི་རྩོམ་ཡིག་གཅིག་ལ་གཙོ་བོ་བྱས་འདུག་པས། དེ་ལ་ཁོང་གིས་ལོ་སར་མཚམས་འདྲི་དང་འབྲེལ་ནས་འགྲེལ་བཤད་ཡང་དག་པ་ཞིག་བྱས་ཡོད་པས། དེ་ལས་ལྷག་པ་ཞིག་ཁྱེད་ཅག་མགོ་བདེ་དག་གིས་ཀྱང་འགྲེལ་ནུས་སྣང་མ་ཤར། ཁྱེད་ཅག་གིས་ཤེས་པ་ནི་གྲུབ་མཐའི་འགལ་རྩོད་དང་། ཕྱོགས་ཞེན་གྱི་ཆགས་སྡང་། ཕྲག་དོག་གིས་འཛིང་མོ་བཅས་ལས་གང་ཡང་ནུས་ཀྱིན་མེད་པ་འདྲ་བས། གནས་འདི་ནས་བདག་སོགས་ཡིད་ཐང་རབ་ཏུ་ཆད་སོང་ངོ།།
གཉིས།
ཁྱེད་ཅག་གིས་སྤྱི་དང་སྒེར་གང་ཐད་ནས་ཀླུ་མཁར་བྱམས་ལ་རྒོལ་འདོད་ཚེ། ཀླུ་མཁར་བྱམས་ཀྱིས་བློས་མི་དཔོག་པའི་བྱ་ངན་བསྒྲུབས་ཡོད་པའི་གཏན་ཚིགས་ཡང་དག་འགོད་དགོས་ནའང་། དེ་ནི་འགོད་རྒྱུ་ཡོད་སྣང་མ་ཤར་ལ། ཁྱེད་ཅག་རྩད་ནས་འཁྲུལ་སོང་བ་མ་གཏོགས་ཀླུ་མཁར་བྱམས་ནི་བོད་ལ་ཡོད་ན་དེས་ཆོག་དང་མེད་ན་ཐབས་ཆག་གི་རང་བཙན་འཐབ་རྩོད་པ་ཞིག་ཡིན་པ་ལས་བོད་རང་ངོས་ནས་ཉེས་ཆེན་ཞིག་ནི་ཅི་ལ་ཡིན། དམར་དམག་གི་གདོང་ལ་ཁོང་ནི་ཉེས་ཆེན་ཡིན་ཞིང་དགྱ་དམག་ཚོས་ཁོང་ཉིད་དགྲ་ནག་ཏུ་བརྩི་བཞིན་ཡོད་པ་ཁོང་ལ་ངོ་ལོག་བྱེད་མཁན་དག་མཐར་དོན་དགྱ་སྡེའི་ཞབས་འབྲིང་པ་རུ་འགྱུར་བའང་པ་ཤེས་དགོས། ལར་ཁོང་གིས་བཤད་ཅིང་བསྒྲུབས་པ་མཐའ་དག་བོད་པ་སྤྱི་ཡི་དོན་ལས་ཁོང་མི་སྒེར་གྱི་དོན་མིན་པ་ཨེ་ཤེས་འདུག ད་དུང་བཤད་འདོད་པ་ཞིག་ལ་ཁྱེད་ཅག་གིས་ཅི་བསམ་ཡོད་པ་དེ་ངེད་གཞིས་ལུས་དག་གིས་གསལ་གྱིན་མི་འདུག་ལ། ཁྱེད་ཅག་གི་རྩ་འཛུགས་དག་ལ་སྙིང་འདྲ་རྗེ་ཡོང་གིན་འདུག ད་ནི་རྒྱང་རིང་ནས་ཁྱེད་ཅག་གི་ལས་སྟངས་བཅའ་སྟངས་དག་ལ་ཡིད་ཐང་ཆད་ནས་གདོད་མའི་དུས་ཀྱི་དགེ་ཆོས་དང་ལུང་ཤར་སོགས་སླར་ཡང་དྲན་གྱིན་ན་ཟུག་ལྷག་པ་ཞིག་ལངས་སོང་། བསམ་པ་གཙང་མས་རང་རེའི་དོན་དུ་ལངས་ཡོང་མཁན་དག་ལ་རྒོལ་བ་འདི་ཨ་མཚར་རོ།།
གསུམ།
སྤྱིར“འགྲོ་བ་མི་ནི་སྲོག་ཆགས་གཞན་པ་རྣམས་དང་མི་མཚུངས་པ་ཞིག་ནི། མི་ལ་བསམ་བློ་དང་སྐད་ཆ་ཡོད་པས་རེད་ལ། བསམ་བློ་དང་སྐད་ཆ་ནི་མ་གཞི་ནས་རང་དབང་ཅན་ཡིན་པ་རེད། གལ་ཏེ་བསམ་བློ་དང་སྐད་ཆ་ལ་བཀག་སྡོམ་བྱས་པ་ཡིན་ན་དེ་ལྟར་བྱེད་མཁན་དེ་རང་བཞིན་གྱིས་དུད་འགྲོ་ལས་ཀྱང་དམན་པའི་གཟུགས་སུ་གྱུར་བ་ལས་དེ་ལ་མི་ཟེར་མི་སྲིད། ཨ་ཚོགས་ཀླུ་མཁར་བྱམས་ནི་མི་ཡིན་པ་ལས་དུད་འགྲོ་མིན་པར་ཤེས་པར་མཛོད་དང་སྒེར་གཅོད་པ་ཚོ། མ་གཞི་ནས་རྨོངས་པར་མགོ་འཐོམས་ཤིག་གྲུབ་མཐའི་རྩོད་འཛིང་གི་ཆེད། རྫུན་གྱི་འཁོར་ལོ་བསྐོར་ཞིང་ཁྲག་གི་རྒྱ་མཚོ་བསྐྱིལ་བའི་སྒེར་གཅོད་པའི་སྤྱི་ཚོགས་སུ་དྲང་གཏམ་བརྗོད་རྒྱུ་ནི་ཇི་འདྲའི་དཀའ་ཨང༌། ལྷག་པར་ཤེས་ཡོན་ཅན་དག་ནི་བསམ་བློའི་དགྲ་བོར་བརྩིས་ཏེ་རང་ཁྱིམ་སྔོག་བཤེར་བྱེད་མཁན་ལ་བརྩི་བཞིན་ཡོད་པ་འདི་རེད། མི་བུའི་རང་དབང་རྩད་ནས་འཕྲོག་པའི་སྒེར་གཅོད་པའི་སྦྱོར་བ་དེ་ལ་དམིགས་བསལ་གྱི་གོ་བ་ཞིག་ནི་དེ་བས་རེག་མི་སྲིད་ཤེས་པར་མཛད་རོགས་ཨ་ལགས་ཚོ།
བཞི།
“མི”ནི་སྣོད་བཅུད་ཀྱི་བདག་པོ་དང་བདེ་དགུའི་ལེགས་ཚོགས་ཀྱི་འབྱུང་ཁུངས་དེ་ཡིན་པར་མ་ཟད། འཇིག་རྟེན་གྱི་མཛེས་སྡུག་ཡོད་ཚད་ཀྱང་མིའི་ཐབས་འཕྲུལ་ལས་བྱུང་བས། ཁ་སང་གི་མཚར་སྡུག་ལྡན་པའི་ལོ་རྒྱུས་ཀྱང་མིའི་བྱུང་རིམ་ཡིན་ལ། དེ་རིང་སང་ཉིན་གྱི་གསར་གཏོད་ཀྱི་ལམ་ཁ་དང་སྙིང་སྟོབས་ཀྱི་གོམ་སྒྲ་དེའང་མི་ལ་རག་ལས་པས་ཁྱེད་ཅག་གིས་ན་ནིང་འདས་སོང་གི་ལོ་རྒྱུས་ལ་བསམ་གཞིགས་ཤིག་བྱེད་རྒྱུ་གལ་ལོ།།
གང་ལྟར་རྒྱལ་དབང་རིན་པོ་ཆེ་སྐུ་ཚེ་བཞུགས་རིང་། ཧུར་ཐག་བྱེད་ཀྱི་ཡིན། རང་ནུས་ཅི་ནུས་ཁོང་གི་བཀའ་བསྒྲུབས་ནས་བོད་དོན་ལ་སོགས་ལ་འབད་པ་བྱ་རྒྱུ་ཡིན། ཁོང་དགོངས་པ་གཤེགས་རྗེས། བོད་དོན་དང་བོད་རིགས་ཟེར་བ་འདི་ཚིག་གཅིག་ཀྱང་ཁ་ནས་གླེང་གི་མིན། ལུས་ངག་ཡིད་གསུམ་༧གོང་ས་མཆོག་གི་གསུང་ཆོས་ཀྱི་བཀའ་སློབ་དེ་ཚོར་བསམ་བློ་བཏང་ནས་ཁོང་གི་རྣམ་ཤེས་ག་པར་ཡོད་ཀྱང་དེའི་རྗེས་ཟིན་པའི་ཐབས་ཤེས་བྱ་རྒྱུ་ཡིན།
ང་ཚོ་ཚང་མས་ཤེས་ཀྱི་ཡོད། རྒྱལ་དབང་མཆོག་སྐུ་གཤེགས་རྗེས་བོད་དོན་ཟེར་བ་འདི་སྒྲུང་རྫོགས་ཚར་པ་རེད། བོད་གཞུང་ཟེར་བ་སྒྲུང་རྫོགས་ཚར་པ་རེད། ང་རང་བོད་གཞུང་དང་བོད་མི་རིགས་ལ་ཆེས་དགའ་བའི་མི་ཞིག་ཡིན་རུང་། རྒྱལ་བ་རིན་པོ་ཆེ་མེད་ན་བོད་དོན་ཚར་པ་རེད། རེ་བ་མེད། ཆིག་སྒྲིལ་མེད། ཐམས་ཅད་རང་དོན་ཤ་སྟག་རེད།
རྒྱལ་དབང་ཀརྨ་པ་ཡང་༧གོང་ས་མཆོག་སྐུ་གཤེགས་རྗེས་བོད་ལ་ཕེབས་རྒྱུ་རེད། ད་བདེ་མོ།
རྒྱལ་བ་ཀརྨ་པས་ད་བར་གསུངས་མྱོང་། ཁོང་རྒྱ་གར་ལ་ཕེབས་པ་དེ་བླ་མའི་དྲུང་ནས་གསུང་ཆོས་ཞུ་བར་ཕེབས་ཡོད་གསུངས། རྒྱལ་དབང་མཆོག་འདས་རྗེས་གསུང་ཆོས་ཚར་པ་རེད། བོད་ལ་ཕེབས་རྒྱུ་རེད།
སྔོན་ཐོན་པ་དང་དམར་སྲུང་དམག་མི་ཚོས་བཙན་བྱོལ་ནང་འཐབ་འཛིང་གི་འུར་ཟིང་སློང་འགོ་བརྩམས་བྱུང་། མི་རིགས་ཀྱི་བླ་བཙོང་བ་ཁྱེད་ཚོས་ཕ་ཤི་རྒྱ་རྔ་རྡུང་དང་ཁྱེད་ཚོའི་བྱས་ཉེས་མ་ལུས་པ་ང་ཚོས་ལོ་རྒྱུས་ཀྱི་ལེའུར་འགོད་ཆོག ནམ་ཞིག་ཐ་ཤལ་བ་ཁྱེད་ཚོ་ནི་རྗེས་རབས་པ་ཚོས་གླེང་རྒྱུར་ངོ་གནོང་དགོས་པའི་ནག་ཉེས་ཅན་འབའ་ཞིག་ཆགས་རྒྱུར་གདོན་མི་ཟའོ།
སྤེན་ཚེ་ཁྱོད་ལ་འཁྲུལ་བ་མེད། བདེན་པ་བདེན་རྐྱང་རེད་། སྤོབས་མཐའ་ཟེར་བའི་མི་འདི་ཤེས་ཡོན་ཅན་ཁོག་ནག་གཅིག་པོ་དེ་རེད། ཁ་བརྡའི་ནང་ནམ་ཡིན་ན་འདིས་རྒྱལ་བ་མཆོག་ལ་ཟུར་ཟ་བྱེད། ཀླུ་བྱམས་དང་ཁྱད་པར་མེད་ངའི་སེམས་ན། གོང་ནའང་མི་ཁྱི་འདྲ་བོ་གཉིས་དང་མཉམ་དུ་རྒྱལ་བ་དོན་གྱི་བདག་པོ་བསྡུར། ཁྱོད་སྙིང་ན་ནས་ཤི་སོང་ཡང་ཨ་མདོར་འཁྲུངས་པ་རེད་མ་ཟད་ཉི་ཟླ་གཉིས་ཀ་དུས་གཅིག་ལ་ཨ་མདོར་འཁྲུངས་པ་ལྟར་སྤོབས་མཐའ་ཁྱོའི་སྐྱེས་ཡུལ་གད་པའི་ནང་ལ་ནམ་ཡང་མི་སྲིད་པ་རེད།
ཨ་ཚོགས་ཀླུ་མཁར་བྱམས་སྐད་འཕྲིན་དང་། ངོ་དེབ། དྲ་རྒྱ་སོགས་སུ་བཤད་བཤད་ནས་ད་དུང་ཤོད་ཀྱི་འདུག ད་ཡིན་ན་ཨམ་ཅོག་ཚ་རྒྱུ་འདུག ཕན་ཐོགས་མེད་པའི་ཡིག་ཀྱལ་དང་ངག་ཀྱལ་ཚོས་མི་སེམས་དཀྲུག་གི་མ་འདུག ང་རང་ལྟ་བུའི་མི་མང་པོ་སེམས་ཁམས་དཀྲུགས་པ་ཡིན་ན། ཕྱི་མར་སྨྱོན་པའི་སྐྱེ་བ་ལེན་རྒྱུ་རེད། བོད་མིའི་ལས་འགུལ། ལམ་དབུ་མ་ཁ་ནས་བཤད་བསྡད་པས་འགྲུབ་རྒྱུ་ཞིག་མ་རེད་ལ། རང་བཙན་ཡང་དེ་བས་ཀྱང་ཧ་ཅང་ཅང་། གལ་ཏེ་ཁྱེད་རང་གྲྭ་པ་ཞིག་ཡིན་ན། དུས་ཚོད་ཅིག་ཡོད་ན་གཞུང་ཆེན་མོར་སློབ་གཉེར་གྱིས། གལ་ཏེ་ཁྱེད་རང་སློབ་མ་ཞིག་ཡིན་ན། དུས་ཚོད་ཅིག་ཡོད་ན་རིག་པའི་གནས་ལ་སྦྱོང་བ་བྱོས། གལ་ཏེ་ཁྱེད་རང་ཁྱིམ་ཚང་སྐྱོང་མཁན་ཞིག་ཡིན་ན། རང་ཉིད་ཀྱི་འཁོར་བ་དེ་ཨེ་བྱུང་ལྟོས། ཕྲུ་གུ་ཚོར་ཤེས་ཡོན་རེ་ཨེ་ཐོབ་ལྟོས། དེ་མིན་གྱི་གང་བྱུང་མང་བྱུང་དང་། སྤྱི་ཚོགས་དབྱེན་དཀྲུགས་ཀྱི་ལས་ཀ་བྱས་ནས་བསྡད་ན་སུ་ལའང་ཕན་ཐོགས་མེད། ཀླུ་མཁར་བྱམས་ལ་རིན་ཐང་ཡོད་མེད་དང་། ༸རྒྱལ་བ་དོན་གྱིས་བདག་པོར་ཡིད་ཆེས་དང་དད་འདུན་བྱེད་མིན་སོགས་ཚང་མ་སོ་སོ་རང་ལ་རེག་ལས་པས། བླང་དོར་ནི་སོ་སོའི་རྣམ་དཔྱོད་དང་། ཤེས་རབ་ཀྱིས་བལྟ་དགོས་པ་རེད་དོ།། ཁ་བྲོ་བཀྲ་ཤིས།
བསྟན་འཛིན་ལགས་རེད་ད་་་གཟིགས་དང་སྤོབས་མཐའ་ཟེར་མཁན་དང་སྔོན་མ་ཡང་ཅོ་རི་ཟེར་མཁན་མི་ངན་ཁག་གཅིག་ཡོད་རྒྱུན་དུ་ཟུར་ཟ་དང་སྤྱི་ཚོགས་དཀྲུག་ཞིང་གི་སྐད་ཆ་དོན་མེད་ཁོ་ན་ཤོད་ནས་བསྡད་ཀྱི་རེད་་་་་དེ་ཚོའི་རིགས་ཀྱི་རང་ཉིད་སྤྱི་ཚོགས་དང་མི་མང་གི་མདུན་ལ་མཐོན་ནས་བཤད་རྒྱུའི་འཇོན་ཐང་དང་སྡེང་ཚོད་མེད་ཙང་རྒྱུན་དུ་xxxxཀླུ་བྱམས་ལྟ་བུར་རྒྱབ་སྐྱོར་ཡོད་མདོག་དང་གང་བྱས་པ་འགྲིག་འདུག་མདོག་མདོག་བྱས་ནས་སྤྱི་ཚོགས་དཀྲུག་མཁན་ལྟེ་པོ་མི་ངན་འདི་ཚོ་རེད་་་་་་་་
ཀླུ་བྱམས་དང་ཀླུ་བྱམས་ལ་རྒྱབ་ལང་བྱེད་མཁན་རྣམས་
རྒྱ་དམར་གྱི་རྒྱུག་ཁྱི་ངོ་མ་ཞིག་རེད་བོད་མི་རིགས་ནས་
མཐའ་འབུད་གཏང་དགོས་།
བཀུར་འོས་སྐུ་ཞབས་ཨོ་རྒྱན་ཉི་མ་ལགས།
བོད་མི་བྱེ་བ་གཅིག་ལྷག་ཙམ་ཞེས་པའི་བོད་པ་འདི་དག་གནམ་ནས་ལྷུང་བ་ཡིན་ནམ།
ཡང་ན། ས་འོག་ནས་ཡར་སྐྱེས་པ་ཡིན་ནམ། གནམ་འདིའི་འོག་ཏུ་དགའ་ལྡན་ཕོ་བྲང་གི་སྔ་རྗེས་སུ་བོད་མི་མང་མཐར་ས་ཡ་དྲུག་ཙམ་ཞེས་པའི་ཐ་སྙད་མ་གཏོགས། བྱེ་བའི་གྲངས་གནས་སུ་སླེབས་པ་གོ་མྱོང་མེད།
དེ་སྔོན་བོད་བསིལ་བུའི་སྐབས་སུ་རྒྱལ་བ་འབྲོམ་སྟོན་པས་མི་རྩིས་བསྐྱོན་པའི་སྐོར་ཞིག་རྒྱལ་རབས་དང་ཆོས་འབྱུང་འགའ་ཞིག་ཏུ་གསལ་ཡང་། དེའི་སྐབས་སུ་ཡང་མང་མཐར་ས་ཡ་བཅུའམ་བྱེ་བ་གཅིག་ཙམ་ལས་མེད། དེ་ནས་བཀའ་གདམས་ལ་སོགས་པའི་དགེ་འདུན་གྱི་སྡེ་ཇེ་རྒྱས་སུ་སོང་བ་དང་། མུ་གེ་དང་ནད་ཡོམས་ལ་སོགས་པས་ཚབས་ཆེའི་རྐྱེན་བྱས་ཏེ་བོད་ཀྱི་མི་འབོར་རིམ་གྱིས་མར་འགྲིབ་ནས། ལོ་ངོ་སྟོང་ཚོ་གཅིག་ཚུན་ཆད་ལ། ཡོངས་གྲགས་སུ་ས་ཡ་དྲུག་ཏུ་བགྲངས་པ་མ་གཏོགས་བྱེ་བའི་སྐོར་གྱི་གླེང་སློང་གང་ཡང་མེད་དོ།
དེ་བཞིན་དུ་ཁྱེད་ཀྱི་ལྷག་བསམ་ལ་གུས་པས་རྗེས་སུ་ཡི་རངས་ཞུ་རྒྱུ་ཡིན་ནའང་།
ཁྱེད་ཀྱི་རྩོམ་ཡིག་འདི་ཡང་སྔ་ཕྱི་མི་མཐུན་པའི་ནང་འགལ་ལམ་རང་མགོ་རང་གིས་གཅོག་བྱེད་དུ་རང་མགོ་ཆུ་འདྲེན་གྱི་རྒྱུག་པ་ལེབ་བརྡུང་མང་པོ་ཞིག་གནང་འདུག་པ་དེ་དག་ལ་ཁྱེད་ཀྱི་ངོས་ནས་གསལ་བཤད་ཞིབ་ཕྲ་ཞིག་གནང་དང་། ད་དུང་དེའི་ནང་ཡིག་ནོར་དང་ཆད་ལུས་མང་པོ་ཞིག་འདུག་ན།
དེ་དག་སྐྱོན་སེལ་ཇི་ལྟར་བྱ་དགོས་སམ།
ཆེས་བཀུར་འོས་སྐུ་ཞབས་བདེན་པའི་ཕོ་ཉ་ལགས་དང་བཞེད་ཚུལ་མཚུངས་པའི་སྤུན་ཟླ་ལྷན་རྒྱས་མཆོག་ལ།
ཁྱེད་ལ་ལྷག་བསམ་དང་སྙིང་སྟོབས་དེ་འདྲ་ཡོད་ནའང་བཀའ་མོལ་དེ་ཙམ་ཐལ་ཆེ་བའི་སྐྱོན་མེད་དམ་སྙམ་པ་ཞིག་འདུག
གང་ཡིན་ཟེར་ན། གནས་ཚུལ་འདི་དག་མ་བྱུང་བའི་སྔ་རོལ་དུ། མངོན་ལྐོག་གང་རུང་ནས༸རྒྱལ་བའི་སྐུ་ཕྱྭ་སོགས་ལ་བདོ་བའི་གང་ཟག་བྱུང་མ་མྱོང་བ་མིན་པས། སྔོན་ལ་དེ་ཚོ་བཏང་སྙོམས་སུ་བོད་པའི་སྤྱི་ཚོགས་ནས་མ་འཕུད་པར། ད་ལྟ། ངོ་ལྐོག་མེད་པའི་སྙན་དངགས་པའམ་ཆབ་སྲིད་པ་དཀྱུས་མ་ཞིག་བོད་པའི་སྤྱི་ཚོགས་ནང་ནས་ཕྱིར་འབུད་གཏོང་དགོས་ཞེས་ཤིག་གི་སྟེང་དུ་སྟ་རེ་འཕྱར་འཕྱར་བྱས་ན། དེའི་མཇུག་འབྲས་བཟང་པོ་ཞིག་ཡོང་སྲིད་དམ། ལར་ནས་ཨ་ཚོགས་དང་ཁྱེད་ཅག་གཉིས་ཀའི་གནང་སྟངས་ཐལ་ཆ་ཅན་དེ་དག་གིས་བོད་པའི་སྤྱི་ཚོགས་ཀྱི་སྔ་ཕྱི་བར་གསུམ་དུ། གདེངས་ཚོད་དང་ལྡན་པའི་ཕན་འབྲས་ཇི་ཙམ་ཞིག་ཡོང་བར་གཟིགས་སམ།
རྒྱ་ནག་མི་དམངས་དུང་ཕྱུར་མང་པོའི་ནམ་ཡར་ལངས་དང་མུན་ཕྱི་རུབ་ལ་མའོ་ཙི་ཏུང་ཁྲི་ལོ་བརྟན་པར་ཤོག་ཟེར་ནས་འབོད་སྒྲ་བསྒྲགས་པ་རེད་དེ་འབྲས་བུ་སྟོང་པ་རེད། གང་ཟག་གང་ཞིག་ཚེ་རིང་པོ་ཞིག་དགོས་ཀྱི་ཡོད་ན་དེ་ནི་འཕྲོད་བསྟེན་ལ་གང་མཚམས་རག་ལས་པ་ཞིག་རེད་འདུག གཏན་ཚིག་རིག་པའི་མཁས་དབང་ཀླུ་མཁར་བྱམས་ཁྱེད་རང་དད་པ་ལོག་སྤྱོད་པས་བསད་མ་སོང་ན་འཕྲོད་བསྟེན་ཡག་པོ་གནོང་།
༄༅། ཀླུ་མཁར་བྱམས་ཁྱེད་རང་བསྡོར་བསྡུས་ནས་བཤད་ན།
བལ་རྦ་བྱ་མཚོའི་གཏིང་ནས་སྐད་ངན་ག་ཚོད་བརྒྱབ་ཀྱང། ལྷའི་དབང་པོའི་ནམ་ཡང་མི་གསན་།
ལྟ་བ་ལྷ་དང་མཉམ་ཡང། སྤྱོད་པ་མི་དང་མཐུན་པ་གྱིས།
གལ་སྲིད་ཁྱོད་བོད་མིའི་སྤྱི་ཚོགས་ནང་བསྡད་དགོས་ན་་་སྤྱི་ཚོགས་ཀྱི་མི་དང་ངེས་པར
་བསྟུན་དགོས།
མང་གཙོ་ཡིན་བསམས་ནས་གང་བྱུང་བཤད་ན་མང་གཙོའི་སྲོལ་ཁྲིམས་དང་འགལ་
འགྲོ་གི་རེད།
མདོ་བསྡུས་ནས་བཤད་ན། མང་གཙོ་ལ་་་ཐོབ་ཐང་དང་ལས་འགན་་་གཉིས་ཡོད་པ་རེད།
Right and duty….དང་པོ་ལས་འགན་གྲུབ། དེ་ནས་སྨ་བ྆རྗོད་་་ཐོབ་ཐང་བེད་སྤྱོད་བྱེད་དགོས།
སྐུ་ཞབས་སྣྲོན་ངག་ཁྲི་ལགས་ ཀླུ་བྱམས་སྙན་ངག་པ་ཞིག་
ཡིན་པར་ངོས་ལེན་མེད་ཁོས་བྲིས་པའི་ཡིག་ཉོག་དེ་ཚོ་སྙན་ངག་
གིས་མཚན་ཉིད་དང་འགལ་འདུག་ལགས་།།
འགའ་ཞིག་རྒྱ་དམར་ཞབས་ལ་ཉི་མ་རེ་རེའི་སྔ་ཕྱི་ལ་བྲེལ་ནས་མགོ་འདོག་པར་རྩོན་པ་དག་གིས། ཀླུ་མཁར་བྱམས་རྒྱ་མི་ལྟར་ངོས་འཛིན་
བྱས་ནས་སྨ་འབེབས་པ་འདི་གཟའ་རོ་མིན་ན་སྨྱོན་པ་རེད། ལོ་༡༡༣་ཐོབ་པའི་སྨོན་ལམ་འམ་རེ་འགྱོད་༧གོང་ས་མཆོག་མ་གཏོགས་འཛམ་གླིང་གཞན་སུ་ཞིག་ལ་མི་ཆོག་ཞེས་པའི་བཙན་བཀའ་འདི་བཙན་བྱོལ་ནང་ལ་མ་གཏོགས་གཞན་ལ་མེད།
ཀླུ་བྱམས་རྒྱ་མི་ལས་ངན་པ་རེད་དོ།།
ཀླུ་བྱམས་ལ། བོད་པའི་ཟ་ཁང་ཞིག་གིས་ཁ་ལག་བཚོང་མི་འདུག ལས་འགྱུལ་འདི་ཤིན་ཏུ་ལེགས་པོ་རེད། མི་ངན་འདིའི་རིགས་ལ་འདི་འདྲ་བྱེད་དགོས།
ཀླུ་བྱམས་ནི། དྷ་སའི་ཁྱི་ལས་སྡུག་ག་རེད། དྷ་སའི་ཁྱིས་བདག་པོ་ངོ་ཤེས་བགྱིན་རེད།
ཀླུ་མཁར་བྱམས་རེད་མི་འདུག གླུད་ངན་ཅམ་རེད་འདུག
ཀླུ་མཁར་བྱམས། གླུད་ངན་ཅམ་ཡིན་ཏེ།
༸གོང་ས་མཆོག་ལ། གླུད་ཀྱིས། བླ་རྒན་ལབ། ངན་གྱིས། རྒྱལ་ཚོང་པ་ཟེར། ཅམ་གྱིས། ༡༡༣།། །།
སུ་ལ་བདེན་པ་ཡོད་ན་དེ་ལ་རྒྱབ་སྐྱོར་ཡོད།
ཀླུའུ་དགའ་བྱམས་རང་བཤད་ནས་སྡིག་པ་མ་བསགས། གྲ་ལོག་ཚོ། ཁོ་ཁྱི་དང་ཆ་རེད།
བཀུར་འོས་སྐུ་ཞབས་བདེན་པའི་ཉི་མ་ལགས།
སྙན་དངགས་པ་ཡིན་ན། ངེས་པར་དུ་ཁྱེད་ཀྱི་འདོད་པ་དང་མཐུན་པའི་སྙན་དངགས་པའི་མཚན་ཉིད་དེ་ག་རང་ཙང་དགོས་པའི་ངེས་པ་གཏན་ནས་མེད། ཁོས་བྲིས་པའི་ཡིག་ཉོག་འགའ་ཞིག་སྙན་ངག་མ་ཡིན་པ་རྒྱུ་མཚན་དུ་བྱས་ཏེ་ཁོས་བཤད་ཚད་དང་། ཁོས་བྲིས་ཚད་ཚང་མ་སྙན་དངགས་མ་ཡིན་པའི་ཁྱབ་པ་དེ། ཁྱེད་རིག་པའི་དབང་ཕྱུག་གི་ཡང་སྲིད་འཁྲུལ་མེད་ཅིག་ཡིན་པའི་དབང་དུ་བཏང་ན་ཡང་། སྒྲུབ་མི་ཐུབ་པ་ནི། བདག་ལྟ་བུ་ལོང་བས་བལྟས་ཀྱང་མངོན་སུམ་དུ་གྲུབ་པ་མ་ཡིན་ནམ། ཁྱེད་ཀྱིས་དྲང་པོར་ལན་ཐོབས་ཤིག
གཞན་ཡང་། དེ་ལས་ལྡོག་ཏེ་གོ་བ་བླངས་ནས་དེ་ལྟར་སྨྲས་ཚེ། གང་ཟག་དེ་དང་དེས་བཤད་ཚད་དང་བྲིས་ཚད་ཚང་མ་སྙན་དངགས་ཡིན་པ་ནི།
དེ་བས་ཀྱང་སྒྲུབ་མི་ཐུབ་པ་སྨོས་མེད་ཡིན་ན། ང་ཚོས་ཀྱང་ག་ཚོད་ཏུབ་ཐུབ་ཀྱིས་བློ་གཟུ་བོར་གནས་ཏེ་གཏམ་དྲང་པོར་བཤད་དགོས་པ་ནི། འགྲོ་བ་བ་མིའི་གཞི་རྩའི་ཆ་རྐྱེན་ཞིག་ཡིན་པ་གོར་མ་ཆག
ཇི་སྐད་དུ་རྗེ་སྤོབས་པ་མཐའ་ཡས་ཞལ་ནས།
མཁན་ཆེན་རྒྱལ་དབང་བསྟན་འཛིན་རྒྱ་མཚོའི་སྡེ།།
སློབ་དཔོན་ཆེན་པོ་ཨོ་རྒྱན་ཉི་མའི་མདངས།།
ཆབ་སྲིད་མཁས་ཅན་ཨ་ཚོགས་ཀླུ་མཁར་བྱམས།།
དུས་རབས་འདི་ཡི་མཁན་སློབ་ཆོས་གསུམ་ཡིན།།
ཆབ་སྲིད་མཁས་ཅན་ཨ་ཚོགས་ཀླུ་མཁར་བྱམས།། ་་་་ ཟེར། ཧཧཧཧཧཧཧཧ།།
ཆབ་སྲིད་བླུན་རྒན་ཨ་ཚོགས་ཀླུ་མཁར་བྱམས། །ཟེར་ན་ལེགས།