———གསལ་ལེ་རྒྱལ།
ཨ་ཚོགས་མྱི་ལྡང་གནམ་ལ་འཕུར་མི་ཐུབ་པ་དེ་ཁོའི་ནམ་མཁའ་ན་རླུང་མེད་པས་རེད། མི་ལ་ལས་ཁོང་གི་གཤོག་འོག་ལ་ཕུ་རྒྱག་བཞིན་ཡོད་མོད། ཤེད་མེད་ཤུགས་ཆུང་འགས་ཕུ་བརྒྱབས་ནས་ག་ལ་འཕུར་ཐུབ།
ཁོ་ལ་བརྐྱང་ཆོག་ཆོག་གི་གཤོག་པ་ཞིག་ཡོད་པར་ཁོ་རང་ཉིད་ཀྱིས་ཡིད་ཆེས་བྱེད་བཞིན་ཡོད་ལ། ཡིད་ཆེས་དེའི་དབང་གིས་ཁོ་ལ་འཕུར་ཆོག་ཆོག་གི་ང་རྒྱལ་ཞིག་ཀྱང་ཡོད། ང་རྒྱལ་དེའི་མིང་ལ་མི་ལ་ལས་སྤོབས་པ་ཟེར། སྤོབས་པ་ནི་ང་རྒྱལ་གྱི་གཅེས་མིང་གཞན་ཞིག་རེད་ཟེར། གང་ལྟར་ཁོང་གི་གཤོག་འོག་ལ་ཕུ་རྒྱག་མཁན་འགའ་ཡོད་པ་དེར་ཁེན་ནས་ཁོས་གཤོག་རྡེབ་བྱེད་ཀྱིན་ཡིན།
གཅེས་མིང་ལྟར་བཤད་ན་ཁོ་ལ་སྤོབས་པའི་འདབ་གཤོག་ལྡན་ཞིང་། ཁོང་གིས་གཤོག་ཟུང་བརྡེབས་ཐེངས་རེར་ཉེ་འཁོར་གྱི་བྱ་ཚང་དང་བྱེའུ་ཚང་དག་ཡོམ་ཡོམ་འདར་མྱོང་ལ། བྱ་བྱེའུ་དག་འཇིགས་སྐྲག་གིས་ས་ལྡིང་གནམ་ལྡིང་བྱེད་བཞིན་ཆོས་སྲིད་ཀྱི་སྐྱབས་འོག་ལ་སྦས་མྱོང་། ཡིན་ན་འང་ཨ་ཚོགས་མྱི་ལྡང་ད་དུང་ཆོས་སྲིད་ཀྱི་མཁའ་ལ་འཕུར་མྱོང་མེད། ཁོས་ཁུག་མ་སྟོང་བའི་ནང་དུ་ལག་པ་བཏང་ནས་རང་ཉིད་ཀྱིས་བཟོས་བའི་འགོང་བོ་སྟོང་རྩིས་ཀྱི་ནམ་མཁའ་གཞན་ཞིག་ན་སྤོབས་པའི་གཤོག་པ་རྡེབ་བཞིན་སྡད་ཡོད།
འདབ་གཤོག་གཉིས་ལྡན་ཚོས་གཤོག་རྩལ་འགྲན་ས་ན་ཨ་ཚོགས་མྱི་ལྡང་གིས་ཀྱང་གཤོག་རྡེབ་བྱེད་བཞིན་ཡོད། རྒོད་པོ་དག་འཕུར་ཤུལ་ནས་ཨ་ཚོགས་མྱི་ལྡང་གིས་གཤོག་རྡེབ་འགའ་བྱས་ཏེ་ནག་ཡོར་སེ་ལྷག་འགྲོ་བ་དེ་ཁོས་ད་ལྟ་ནས་ཤེས་ཀྱིན་ཡོད། ཡིན་ནའང་ཁོང་གི་སྤོབས་པའི་གཤོག་རྡེབ་རེ་རེ་ཡིས་ས་རྡུལ་གྱི་འཁོར་ལོ་བསྐོར་མྱོང་བ་དེས་རྒོད་པོ་ཁ་ཤས་ལ་ཞེན་སྣང་ཡང་བསྐུར་ཡོད། རྒོད་པོ་ལ་ལས་བྲག་དམར་ཐེམ་ཆེན་ལ་མཉམ་འབབ་མི་བྱེད་ཟེར་དོན་དེ་ཡིན་ལ་ཨ་ཚོགས་མི་ལྡང་གིས་གཤོག་པ་ལྡེབ་དོན་ཡང་དེ་ཡིན།
རྒོད་པོ་དག་རི་མགོ་མཐོ་ས་དང་བྲག་ངོས་གཟར་ས་ལ་བབས་ཏེ་འཕུར་ཆོག་གིས་བསྡད་ཡོད་མོད། ཨ་ཚོགས་མྱི་ལྡང་གིས་གཤོག་རྡེབ་བྱེད་བཞིན་ཐང་བདེ་ས་ཞིག་ན་ཡོད། རླུང་མེད་ས་ཞིག་ན་ཡོད། ཁོ་ལ་གཤོག་རྡེབ་བྱེད་པའི་དམིགས་ཡུལ་ལས་དམིགས་ཡུལ་གཞན་ཅི་ཡང་མེད། ཨ་ཚོགས་མྱི་ལྡང་གི་སྤོབས་པའི་གཤོག་འོག་ལ་ཕུ་རྒྱག་མཁན་ཚོས་ཀྱང་ཁོང་གི་གཤོག་རྡེབ་ཀྱི་ལྟད་མོ་དེར་སྒུག་ཡོད།
བྱ་བརྒྱ་འཕུར་ཤུལ་ནས་ཨ་ཚོགས་མྱི་ལྡང་གིས་སྔར་བཞིན་སྤོབས་པའི་གཤོག་པ་རྡེབ་བཞིན་ཁ་སྟོབས་ཀྱིས་འཚོ་དགོས། དེ་དུས་ཕུ་རྒྱག་མཁན་ཚོའང་གར་སོང་ཆ་མེད་དུ་འགྱུར་ངེས་ཡིན། ཡིན་ནའང་ཨ་ཚོགས་མྱི་ལྡང་ལ་རླུང་རྟ་ཐེངས་གཅིག་རྒྱུགས་པ་ནི་བྱང་ཐང་གི་ཟོག་རྫི་ཞིག་གི་རྟེན་འབྲེལ་མ་འགྲིག་པ་དེ་རེད། དེ་བས་ཨ་ཚོགས་མྱི་ལྡང་ཡང་རང་ཉིད་ཀྱིས་བཟོས་བའི་ནམ་མཁའ་དེ་རུ་ཁེར་འདུག་བྱེད་མི་དགོས།
༠༣/༠༩/༢༠༡༥ ལ་ཕ་རེ་སི་ནས།
བྷེར་(Bir)སློབ་གྲྭའི་ནང་ནས་འབྲས་དང་རྡལ། ཟ་འཐུང་བྱས་བྱས་བའི་བྱས་མཐའ་དེར། གཤོག་པ་མེད་ནིའི་མྱི་ཟིག་ལ་ཆགས་ཡོད་ན། སྐྱོ་བ་ལ།
༧གོང་ས་སྐྱབས་མགོན་རྒྱལ་བ་རིན་པོ་ཆེ་མཆོག་ཚང་གིས་དམིགས་བསལ་གྱིས་ཆབ་སྲོད་སློབ་གྲྭའི་ནང་ནས་བསྐྱངས་བའི་སློབ་ཕྲུག་རེ་བ་ཅན་ཞིག་གི་གོ་ཡང་མ་ཆོད་པ་རེད། དེ་འདྲའི་རྩ་མེད།
སང་ཉིན་གྱི་ཉི་མའི་དྲོ་གྲངས་མི་ཤེས་ནི།
འདས་ཕྱིན་པའི་ལོ་རྒྱུས་ལས་བསླབ་བྱ་མ་ལོན་ནི།
དེ་རང་ཁ་སང་གི་གྱོད་འདྲེ་འདི་ཚོ་ལས་སྡུག་པ་ཞིག་མི་འདུག།
དགྱའི་བཙོན་ཁང་ལ་མགོ་སྒུར་ནས་ཚེ་ལོ་དག་ཏུ་བཅུག་ནས་ལས་རྒྱུ་བྱེད་རྒྱུ་མེད་མདོག་མདོག་བྱས་ནས། ཝ་ནང་བཞིན་བསྡད།
བཙན་བྱོལ་ཡུལ་ལ་ཡོང་ནས་མགོ་བོ་མི་སྒུར་མདོག་མདོག་གིས་ཁ་བླ་མགོ་སྐོར་བཤད་ནས་ལས་རྒྱུ་བྱེད་རྒྱུ་ཡོད་མདོག་མདོག་བྱེད། བྱ་གཤོག་པ་མེད་ནི་ཞིག་གི་ཚིགས་ཀ་ག་ལ་ཡོད། ཧ་ཧ་ཧ།
ཕག་པ་གནམ་ལ་འཕུར་ཐུབ་ན་མྱི་ལྡང་གནམ་ལ་འཕུར་མི་ནི་ཞིག་ཡོད་ནི་མ་རེད། མྱི་ལྡང་ཀླུ་མིང་ཅན་པོ་གནམ་ལ་འཕུར་ཁུ་བསམས་ནས་ཕག་པའི་མཐའ་འཁོར་ན་ཡོད་པའི་བྱེའུ་དེ་དག་ཕྲག་དོག་ལངས་ཀྱི་ཡོད་ཁུ་མོ། བྱེའུ་འགའ་རེས་མཆུ་ཐོ་རྡོ་ལ་བརྡར། འགའ་རེས་སྡེར་མོ་ཤིང་ལ་བརྡར་ནས་མྱི་ལྡང་ཞིག་གི་ཐོག་ཏུ་ངར་གི་ཡོད་ཁུ།
ཡིན་ཀྱང་མྱི་ལྡང་ཀླུ་མིང་ཅན་པོ་ལྕགས་ཀྱི་གནམ་གྲུའི་ནང་ནས་ཨ་སྔོན་སྒང་ལ་འཕུར་དུས་ཕག་པ་མཆུ་ཐོ་རིང་པོ་དོག་མོའི་ས་ལ་ལྷག་ནི་མ་རེད་ན་་ཡུམ་དམ་པ། དེར་དུས་བྱེའུ་ཀླད་མེད་ཚོ་ཕག་པའི་སྒལ་གཞུང་བབ་ནས་ཕག་ཤིག་ཟ་ཞོར་ཕག་པ་ལ་སེམས་གསོའི་གླུ་རེ་ལེན་ནས་འདུག་དགོས་ནི་་་ལུང་བསྟན་ཡིན་ད།་་་་་ཧཧཧ
མགོ་སྨན་ཡོད་དམ།སྒྱུ་རྩལ་བརྩམས་ཆོས་ཀྱི་མཆན་ལ་བལྟ་རྒྱུ་མང་དྲགས་ཏེ་མགོ་ན་ནས་ཤི་གྲབས་འདུག
གསལ་ལི་རྒྱལ་གྱི་རྩོམ་ཡག་ཡ། ང་ཁོའི་རྩོམ་ཀློག་ལ་དགའ། ཡག་གི་ཡ། བདེན་པ་བདེན་རྐྱང་རེད། ད་དུང་འབྲི་སྟངས་ཡག་གི ཨ་ཁུ་ཀླུ་མཁར་བྱམས་ངོ་མ་དེ་ན་བྲིས་འདུག ཡང་བསྐྱར་ཞིག་ཕྲིས་ཤོག་ཨ། ངས་ཀློག་ཁོ་ཐག་ཡིན།
གསལ་ལེ་རྒྱལ་གྱིས་མྱི་ལྡང་ངོ་མ་བྲིས་ཡོད་ཁུ་ཡ།
རྩོམ་རིག་གི་ངོས་ནས་བལྟས་ཚེ་་་འདི་་ལྷུག་རྩོམ་ལེགས་པོ་ཞིག་རེད་ཟེར་ཆོག་་་ཚིག་གི་ཉམས་དང་དོན་གྱི་ཉམས་ཆུ་དང་འོ་མ་འདྲེས་པ་ལྟར། ངོ་མ་ཡིད་སེམས་འཕྲོག་གི ད་དུང་་མཚོན་ཐབས་ཀྱི་ཆ་ནས་ཀྱང་སྙན་ངག་ཟེར་བའི་ཁྱད་ཆོས་ཚང་ཡོད་གི
དཔེ་དོན་དེ་་་ཨ་ཚོགས་མིན་པར་་་བོད་ཀྱི་གདེངས་ཐོབ་པའི་མི་ཞིག་ཡིན་ཚེ་་ལྷུག་རྩོམ་འདི་་རྒྱལ་སྤྱིའི་རང་བཞིན་གྱི་ལྷུག་རྩོམ་ཞིག་འཁྱོངས་ཐུབ་པ་བདག་ལ་ཡིད་ཆེས་ཡོད་གི
གསལ་ལེ་་་ཆབ་སྲིད་དང་མ་འདྲེས་པའི་སྙན་ངག་ལ་་ད་གཟོད་་སྙན་ངག་རང་སྟེང་གི་མཛེས་པ་དང་བདེན་པ་དེ་མཐོང་ཐུབ་གི་རེད། ལངས་ཕྱོགས་ལ་ལྷན་པ་རྒྱག་དོན་ཅི། ངོ་མ་ཡིན་་རྩོམ་རིག་ཟེར་ན་ཆེ་དྲག་འདུག་མོད། སྙན་ངག་གི་ཕྱོགས་ནས་ཁྱེད་ལ་རེ་བ་རྒྱག་མཁན་ཞིག་ཡིན་པའི་ཆ་ནས་་་རྗེས་སོར་སྙན་ངག་རེ་ཕྲིས་དང་དེ་ཡག་གི་མ་རེད་པས།
མཆན་བུ་བ་གནམ་ལགས་ཀྱི་སྐད་ཆ་དེ་བདེན། དགྲ་ཕྱི་རུ་བཞག་སྟེ་རང་གི་མགོན་སྐྱབས་ལ་ཟུར་ཟ་བྱེད་པ་ནི། ཡོན་ཏན་ཅན་གྱི་ཁྱད་ཆོས་སུ་མ་མཐོང་། ཡོན་ཏན་ཡོད་ཀྱང་ཡོད་པའི་གོའང་མ་ཆོད།
དྲྭ་རྒྱ་འདི་དག་ཏུ་མཆན་བུ་བ་འགའ་རེའི་བསམ་བློའི་གོ་རྟོགས་བཟང་། འགའ་རེས་དུས་ཚོད་མ་འཁྱོལ་ཏེ་སྣང་བ་གང་དྲན་བྲིས་ཏེ་རང་ཉིད་ལ་བརྙས་པའི་ངོར་མཐོང་། འགའ་རེ་རྒྱའི་ཕོགས་ཟན་པའམ་བོད་མིའི་ལས་ངན་དུ་བྱུང་བའི་གདོན་འདྲེས་བརླམས་ཏེ་རང་གི་ཁེ་ཕན་ཁོ་ནའི་ཆེད་དུ་རྒྱུགས།
ཨ་ཚོགས་ཀླུ་མཁར་བྱམས་འདི་རང་བཙན་གྱི་དར་ཆ་ཞིག་དང་། མི་གདམ་པའི་མང་གཙོ་ནས་ཤོག་ཁག་མང་གཙོར་ཁྲིད་མཁན་དེ་རེད། མང་གཙོ་གསོལ་རེས་བསྩལ་བ་འདི་སྟོང་ཟད་དུ་མི་གཏོང་མཁན་ཞིག་རེད། ལ་ལས་གོང་ས་མཆོག་གིས་ལོ་མང་རིང་བཙལ་བཞིན་པའི་མི་དྲག་ག་དེ་རེད་ཟེར། ལ་ལས་ཐང་སྟོང་དུ་ལྷག་པའི་རྒོད་ཅིག་རེད་ཟེར། གཅིག་གྱུར་གྱི་ལྟ་སྟངས་ནི་རང་བཙན་གྱི་དར་ཆ་གསར་པ་དེ་རེད། སྲིད་དོན་པ་ཚོ་ཞེད་དོན་གཙོ་བོ་ནི་ལོ་ལྔ་རེ་མཚམས་ནས་འོས་འདེམས་རེ་ཡོད་པ་དེ་རེད་ཟེར།
ཧ་ཧ འབྲི་རྩལ་མི་ཆོག་རྒྱུ་མི་འདུག སྐྱིད་པོ་ཞིག་བྲིས་འདུག འོས་འཕེན་ལ་ཉེ་སྐབས་ཕྲག་དོག་དང་ཞེ་སྡང་ཁོ་ནས་སྐད་ཆ་བཤད་པ་དེ་ཚོ་སྙིང་བོ་མི་འདུག དེ་ལས་འདི་ལྟར། རྩལ་ལ་བཏོན་ནས་འབྲི་བ་དེ་ཁྱད་ཆོས་ཤིག་རེེད་འདོད། འོན་ཀྱང་རྩོམ་རྩལ་མ་ཟེར་མཆན་བུ་ཐ་ཐོར་རེའང་འབྲི་མི་ཤེས་མཁན་གྱི་ཕྱོགས་ཞེན་པ་ཚོ་སྙིང་རེ་རྗེ།
དྲྭ་འབུ་ཚོ་ས་སོའི་བསམ་ཚུལ་བཤད་ན་ལོས་ཆོགས་མོད་མི་དང་མིའི་བར་ལ་དབྱེན་མ་བཅུག་ན་ལེགས་ཕག་པས་གཤོག་ཟུང་བརྐྱངས་དང་རྫི་བོས་གཤོག་ཟུང་བརྐྱངས་དང་ཀླུ་མིང་བས་གཤོག་ཟུང་བརྐྱངས་སུ་དང་གང་གིས་བཤད་ཚོད་མི་ཐུག གང་ལྟར་ཡང་རང་རེ་ལ་སྲིད་ཁྲིར་ཕེབས་པའི་སྤོབས་པ་ཡོད་མཁན་ཚོར་རྫེས་ཡི་རངས་ཞུ།