བན་ལོག ༼འབྲུག་ཡུལ༽
ལས་དབང་ཞེས་པའི་ཐ་སྙད་སྐམ་པོ་འདིའི་བང་རིམ་ནས།
ངེད་ཚང་ཨ་ཞང་ཚང་གི་གཡོག་པོ་ཡིན།
ངེད་ཚང་གི་ཨ་ཞང་ལ་ལྕགས་ཀྱི་མཆུ་ཏོ་མེད་ཀྱང་།
ཐ་ན་ཤིང་དང་རྡོ་སོགས་ཀྱང་ལས་སླ་བོར་མི་འཇོག
ངེད་ཚང་གི་ཨ་ཞང་མིག་སྟོང་བདག་པོ་མིན་ཀྱང་།
ཐ་ན་གཙང་སྤྱོད་ནང་གི་རྐང་རྗེས་ཀྱང་མཐོང་ཡོད།
ཨ་ཇོ་རྒྱང་ལ་བཞུད་དུས་ནི།
ཨ་ཞང་གིས་ངེད་ཚང་གི་ཁྱིམ་ཚང་གཏོར་བའི་ཉིན་མོ་ཡིན།
ཨ་ཞང་གིས་ངེད་ཚང་གི་ཨ་མར་བཙན་གཡེམ་བྱས་འདུག
ཨ་ཞང་གིས་ངེད་ཚང་གི་ཨ་ཕར་གཉའ་གནོན་བྱས་འདུག
ཨ་ཞང་གིས་ངེད་ཚང་གི་སྦྲ་སྒོ་བཤིག་སོང་།
ཨ་ཞང་གིས་ངེད་ཚང་གི་ཐབ་ཀ་བཤིག་སོང་།
ཨ་ཞང་གིས་ངེད་ཚང་གི་ཐང་རྙིང་འཁྱེར་སོང་།
ཨ་ཞང་གིས་ངེད་ཚང་གི་ཆོས་དཔེ་བསྲེགས་སོང་།
ཐ་ན། ཨ་ཞང་གིས་ངེད་ཚང་གི་སྒོ་ཁྱི་ཡང་བསད་སོང་།
དེ་བས་བསྐལ་བ་ནས་བསྐལ་བའི་བར་ཏུ།
ཨ་ཞང་ནི་ངེད་ཚང་གི་དགྲ་བོ་ཡིན།
ངེད་ཚང་གི་ལག་དམར་ཡིན།
ང་ཨ་ཞང་ལ་གཏན་ནས་མི་དགའ།
བཀླགས་ཡོད།
ཁྱོད་ལ་ཁག་མེད་ཀི་་་ཡ།
ང་དང་ཨ་ཞང་གི་བར་ལ་འཁོན་འཛིན་རྩོད་རྒྱུ་ཅི་ཡང་མེད་མོད། ང་ཡང་ཨ་ཞང་ལ་གཏན་ནས་མི་དགའ་བའི་ཆ་ནས་ཁྱེད་དང་འདྲ་འདྲ་ཡིན། ཧཧཧཧཧ
ལྟས་ངན་།
ཁྱོད་ཀྱི་ཨ་ཞང་ནི་དེ་འདྲ་ཡིན་ཐང་།
ངེད་ཚང་གི་ཨ་ཞང་དེ་འདྲ་ཞིག་གཏན་ནས་མིན།
ཧ་ཧ་ཀུ་རེ་ཡིན་ལོ།
ག་རེ་ཨ་ཞང་་་་རང་གི་དགྲ་བོ་ཞིག་ལ་ཨ་ཞང་ཟེར་ན་ཅི་རེད་་་་དེང་སང་ཀླད་གསར་ཡིན་མདོག་མདོག་ཅན་མཚོ་སྔོན་པ་སྐོར་ཞིག་གིས་རྒྱ་མི་ལ་ཨ་ཞང་ཡིན་ན་ཅིག་ཟེར་ནས་ལབ་རྒྱག་གི་་་་་ང་ནི་རྣམ་རྟོག་འདྲ་ཞིག་ལངས་ཡོང་གི