འཇིགས་མེད་ནུབ་པ།
ཀུན་ཕན་ཐེབས་རྩ་ཚོགས་པའི་ལ་རྩེ་དཔེ་མཛོད་ཁང་གིས་བོད་ཀྱི་འདྲེ་སྒྲུང་གི་སྐོར་ཞིག་གྲ་སྒྲིག་བྱེད་བཞིན་པའི་གསལ་བསྒྲགས་དེ་མཐོང་བས། ངས་ཀྱང་འདྲེ་སྒྲུང་གི་སྐོར་ལ་བསམ་བློ་གཏོང་དགོས་བྱུང་།
འདྲེ་སྒྲུང་གི་སྐོར་གླེང་ན། ཡང་ཕ་ཡུལ་འདི་སེམས་ལ་དྲན་ནས་ཡོང་གི གློག་མེད་ས་དང་ཆུ་དཀོན་སའི་ཕ་ཡུལ་གྱི་རི་གྲོང་དེ་དྲན་ཡོང་གི ཉིན་མོ་མ་ཎི་སྐོར་མཁན་དང་མཚན་མོར་འདྲེ་སྒྲུང་བཤད་མཁན་གྱི་ལོ་ལོན་དེ་ཚོ་དྲན་ཡོང་གི
ངའི་རྨོ་རྨོ(མདོ་སྨད་ཁུལ་དུ་ཨ་ཡེས་ཡང་ཟེར)འདྲེ་སྒྲུང་བཤད་པར་དགའ། ཡིན་ན་ཡང་། ངའི་རྨོ་རྨོས་འདྲེ་ཡོད་པ་ཁས་མི་ལེན། རྒྱུ་མཚན། ངའི་རྨོ་རྨོ་དགུང་ལོ་བརྒྱད་ཅུ་གྱ་བདུན་བར་དུ་བཞུགས་རུང་། འདྲེ་ཟེར་བ་ཞིག་དངོས་སུ་མཐོང་མ་མྱོང་ཟེར། གཅིག་མཐོང་མྱོང་བ་དེ་ཡང་འདྲེ་ཡིན་ནམ་མིག་འཕྲུལ་ཡིན་མོ་རང་གིས་་ཀྱང་བཤད་དཀའ་བ་འདུག་ཟེར།
སྒྲུང་དེ་འདི་འདྲ་ཞིག་ཡིན། ངའི་རྨོ་རྨོས་ “འབྲུག་མོ་ཁོག་” ཟེར་བའི་རྫ་རི་སྨུག་པོ་ཞིག་གི་འདབས་སུ་ལུག་འཚོ་བཞིན་ཡོད། ཉིན་དེར་སྨུག་པ་འཐིབས་ནས་མདུན་གྱི་ལུག་དེ་ཚོ་ཡང་མཐོང་དཀའ་སེ་འདུག ངའི་རྨོ་རྨོས་ཆར་ཁེབས་ལྟ་བུར་ཕྱང་ལྭ་ཞིག་གྱོན་ནས་ཡོད་ཅིང་། ལག་ཏུ་མ་ཎི་འདྲེན་བཞིན་ཡོད། གློ་བུར་དུ་མདུན་གྱི་ལུག་འགའ་འདྲོགས་སོང་། ངའི་རྨོ་རྨོའི་སེམས་ལ། ཕལ་ཆེར་སྤྱང་ལྟོགས་དེ་འདྲ་སླེབས་པ་མིན་འགྲོ་བསམ་ནས་ཀི་རིང་ཞིག་བཏབས་པ་ཡིན་ཟེར། འོན་ཀྱང་། ལུག་དེ་ཚོ་འདྲོགས་མཚམས་ཧོབ་སྟེ་བཞག་སོང་ཟེར། ངའི་རྨོ་མོས་མུ་མཐུད་དུ་ལུག་གི་ཕྱོགས་ལ་མིག་གཏད་ནས་མ་ཎི་སྐྱོར་དེ་བསྡད་པ་ཡིན་ཟེར། སྐབས་དེ་འདྲ་ཞིག་ཏུ། མདུན་གྱི་སྨུག་པའི་གསེང་ནས་ཨ་ཡེས་ལོ་ལོན་ལུས་ལ་རྩག་སྐྱ་གྱོན་མཁན་ཞིག་མདུན་ལ་ཐོན་ནས་སླེབས་སོང་ཟེར། ངའི་རྨོ་རྨོའི་ལུས་སེམས་གཉིས་ལ་ཚ་བེར་སེ་སོང་བ་མ་ཟད་ཅི་དྲན་འདི་དྲན་མེད་པར་ཁ་ནས། “ཁྱོད་འགྲོ་སར་མི་འགྲོ་འདི་ལ་ཡོང་ནས་ཅི་བྱེད། ཕར་རྒྱུགས་” ལབ་པ་ཡིན་ཟེར། སྨུག་གསེང་གི་ཨ་ཡེས་ལོ་ལོན་དེས་ཅི་ཡང་མི་ལབ་པར་ག་ལེར་ཕྱིར་སྨུག་གསེང་ལ་ཡལ་སོང་ཟེར།
ངའི་རྨོ་རྨོ་སྐྲག་པ་ཡིན་ནམ་གང་ལྟར། ལག་གི་ཕྲེང་བ་ཡང་ས་ལ་ཟགས་འདུག་ཟེར། ག་ལེར་སེམས་ལྷོད་ལ་བབས་ནས་བསམ་བློ་གཏོང་དུས། ད་གིན་སྨུག་གསེང་ནས་ཡོང་མཁན་གྱི་ཨ་ཡེས་ལོ་ལོན་དེ། ང་ཚོའི་སྡེ་བའི་ཨ་ཡེ་ལུ་གུ་སྐྱིད་ཟེར་མཁན་དེ་རེད་ཟེར། ཨ་ཡེས་དེ་ང་བརྒྱད་ཀྱི་རིང་ལ་སྐུ་བགྲོངས་བ་རེད་ཟེར། གང་ལྟར། ངའི་རྨོ་རྨོས་ཨ་ཡེ་དེ་འདྲེ་མ་རེད་ཟེར། རྒྱུ་མཚན། ཨ་ཡེས་དེ་སྐུ་བགྲོངས་བའི་དུས་ཚོད་ནི་ང་བརྒྱད་ཀྱི་རིང་དང་། ངའི་རྨོ་རྨོས་རྫ་འགོ་ནས་མོ་མཐོང་བའི་དུས་ཚོད་ནི་དགུ་བཅུ་གོ་གྲངས་ཀྱི་ནང་ལ་རེད་ཟེར།
རྨོ་རྨོའི་སྒྲུང་དེ་ལ་ཉན་གིན་ཉན་གིན། ངའི་སེམས་ལ་ཡང་སྐྲག་སྣང་ཞིག་སླེབས། ཕུ་བོའི་རུམ་ནས་ཀྱང་མ་བསྡད་པར་ག་ལེར་རྨོ་རྨོའི་རུམ་ལ་འཛུལ། དེ་དུས། ང་ཕལ་ཆེར་ལོ་བརྒྱད་དགུ་ཡས་མས་ཤིག་རེད།
ཟེར་དང་། ཡིན། ཡོད། རེད། འདྲ། འདུག། འདི་དག་ནི་སྒྲུང་ག་འདྲ་ཞིག་གི་ངོ་བོ་འབྲི་བཞིན་པར་དེར་འབྲི་མཁན། ཉན་མཁན། བཤད་མཁན། བཤད་ས་བཤད་དུས་སོགས་གསལ་བ་བསྟོན་པའི་ཚིག་གྲོགས་ཡིན་ན། སྦྱར་ས་མ་ནོར་བ་བྱེད་ཤེས་བ་ནི་ཁ་ཚ་དགོས་གཏུག་དུ་ཡིན་པས་སྒྲུང་བ་ཚང་མས་ཡིད་གཟབ་ན་ལེགས།
ད་འུ་ཚོས་འདྲེ་སྒྲུང་བཞག་ནས་ཚིག་གི་རྩོད་པ་ལ་མི་འཇུ་པ། གསལ་བོར། སྟོན་པའི། དགོས་གཏུགས། ད་རུང་ཚིག་སྦྱོར་ཀྱག་ཀྱོག་འགའ་ཡང་འདུག་དེ་གནས་སྐབས་སུ་གཡུག་ཞོག
ཡག་པོ་བྲིས་འདུག་
མི་གཞི་ནས་འདྲེ་སྒྲུང་ཟེར་བ་དེ་འདྲ་ཞིག་རེད།
སྙན་པོ་བྱུང་།
ངས་ཀྱང་ཅིག་འབྲི་དགོས་བསམ་ཡོད།
ཅིལྟར་བྲིས་ན་དགའ།
ཧ་ཧ་
གཞུག་ནས་འབྲི།
འདྲེ་སྒྲུང་ཤོད་དུས་འདྲེ་ཡིད་ལ་འཆར་བ་ཞིག་དགོས། དེ་ཡིན་དུས་དྲ་མཆན་པ་རྣམས་ཀྱིས་འདྲེ་མཐོང་མ་མྱོང་ན་འདྲེ་ཡི་ངོ་སྤྲོད་ཅིག་བྱེད། གསོན་འདྲེ་དང་གཤིན་འདྲེ་གཉིས་སུ་ཡོད། གསོན་འདྲེ་ནི་ད་ལྟ་མི་ཡུལ་དུ་སཉརོག་དབུགས་དང་བཅས་ཏེ་གསོན་བཞིན་ཡོད། དེ་ནི་མཆེ་བ་དང་རལ་ཟིང་རུས་ཀེང་དེ་འདྲ་མ་ཡིན། ཕྱིར་ལྟས་ན་མི་རང་ཡིན། འོ་ན་གསོན་འདྲེ་དེ་ག་འདཉར་རེད་ཟེར་ན། ཁ་ནས་ཤི་ཤི་གསོད་གསོད་རྒྱོབ་རྒྱོབ་དང། ལག་ནས་ཀྱང་མཐོ་སྲིད་པའི་རྩེ་མོ་ནས་དམའ་ན་རག་ཡན་ཆད་ལ་ཡི་གེ་ན་གཅིག་བྲིས་ཀྱང་བསྣུབ་དང་གསོད་ཤི་སོགས་ལྟས་ངན་བརྒྱད་ཅུ་གྱ་གཅིག་མ་གཏོགས་འབྲི་མི་ཤེས་མཁན་གྱི་མི་དེ་རིགས་རེད། དེ་ནི་ཐག་རིང་ཞིག་ཏུ་མེད་ོར་ང་ཚོ་ཁ་བརྡའི་དྲ་རྒྱའི་ནང་དུའང་ཡོད་ཡོད་པ་ཡིན། ཤི་འདྲེ་ནི་མི་དེ་རིགས་ཤི་དུས་དུག་གསུམ་གསུམ་གྱིས་རང་རྒྱུད་བསྡམས་ཏེ་སྲོག་དབུགས་ཆད་དེ་སྨོན་ལམ་ཀྱང་གོང་ལྟར་བཏབ་སྟེ་ཤི་ནས། རལ་ཟིང་དང་མཆེ་བ་རྣོ་ངར་སོགས་གཙིགས་ཏེ་རྣམ་འགྱུར་འདྲ་མིན་དང་མིང་འདྲ་མིན་དུ་བརྫུས་ཏེ་ཡོང་བཞིན་ཡོད། ཁྱེད་ཚོས་གཟིགས་ཨ་ངས་འདྲེ་ཡི་སྐོར་ལ་བཤད་པ་དེ་སུ་ཡི་ཁ་སྣ་ལ་ཕོག་འདུག་དེ་རང་གསོན་འདྲེ་རེད།
འདྲེ་ཟེར་དུས། འཆི་ཁ་མར་ཁོང་ཁྲོས་དབང་གིས། ཕར་བར་སྲིད་ལ་འགྲོ་མ་ཐུབ་པའི་སྔར་གྱི་རྣམ་དྲན་པ་བརྟན་པོའི་སྒོ་ནས་ཤི་མ་ཐག རྣམ་ཤེས་སུ་ལུས་ལ་འདྲེ་ཞེས་ཟེར་བ་འདྲ།
འདྲེ་ཡི་ངོ་བོ་ལ་འདོད་ཚུལ་མང་ཡང་མདོར་བསྡུས་ན་གཉིས་ཡིན། ཤི་འདྲེ་དང་གསོན་འདྲེ་གཉིས་ཡིན། ཤི་འདྲེ་དེ་ལ་ཡང་གཉིས་ཡོད་པས་བར་སྲིད་ལ་གནས་པའི་བར་དོ་བ་དང་མི་ཤི་ནས་མི་མ་ཡིན་དུ་སྐྱེ་བའོ། ཤི་འདྲེའི་ངོ་བོ་འཇོག་ཚུལ་ལ་མཁས་པ་རྣམས་བཞེད་ཚུལ་མི་མཐུན། དེ་གཉིས་ཀས་གཞུང་གི་ལུང་དྲངས་ཏེ་སྒྲུབ་པར་བྱེད།
ཡང་ལ་ལས་འདྲེ་ཟེར་བའི་འགྲོ་བའི་རིགས་ཤིག་གཏན་ནས་མེད་པ་དང་མི་མ་ཡིན་ཚོས་ཤི་བོ་ཚོ་ཡིན་པའི་སྲོལ་གྱིས་ཕྱིར་ཡོང་ནས་མི་ལ་གནོད་པ་བྱེད་པར་རྫུ་བཞིན་ཡོད་པར་འདོད།་
མི་གནག་སེམས་ཅན་ལ་གསོན་འདྲེ་ཡི་མིང་གིས་བཏགས་ནས་སྡིགས་མོལ་བྱེད་སྲོལ་ཡོད་ཀྱང་གསོན་འདྲེ་དངོས་མིན།
གསོན་འདྲེ་ནི་མི་མ་ཡིན་གྱིས་རིགས་ཤིག་ཡིན་ཡང་མིའི་ཁོག་ལ་ཞུགས་ནས་གཞན་ལ་གནོད་པར་བྱེད་མཁན་ཞིག་ལ་གོ་བ་ཡིན།
གསོན་འདྲེ་ནི་ཤི་འདྲེ་ལས་ཅུང་ཉེན་ཁ་ཆེས་པར་གཙིས་པ་རེད།
སྟོན། ཚིག་སྐྱོན། བར། ཕྲད་སྐྱོན། ཀྱག་ཀྱོག། སྦྱོར་སྐྱོན། སྐྱོན་ཆེན་གསུམ་གྱི་སྒོ་ནས། འཇིགས་མེད་ནུབ་པས་འདྲེ་མི་བཏུལ་བར་ང་བཏུལ་ནས་འདུག་པ་ལ་དགའ་བསུ་ཡོད། ཧ་ཧ།
ཨ་རོགས་འཇིགས་མེད་ནུབ་པ། འདྲེ་སྒྲུང་དང་བྱིས་སྒྲུང་ལ་ཁྱད་པར་ཡོད་པ་རེད། ཁྱེད་ཀྱིས་བྲིས་པ་བྱིས་སྒྲུང་ཞིག་རེད།
ངས་གོང་གི་འདི། མདང་དགོང་སེམས་ལ་གློ་བུར་དུ་དྲན་པ་ཞིག་ཡིག་ཐོག་ལ་བརྡལ་བ་ཙམ་ཡིན་མ་གཏོགས། བསམ་བློ་ཞིབ་ཕྲ་བཏང་ནས་བྲིས་བ་ཞིག་མིན། རྩོམ་འདི་ཡང་འདྲེ་སྒྲུང་བཤད་མཁན་རྣམས་ལ་གླེང་སློང་གི་ཆེད་དུ་ཡིན།
ཅོག་མྱིའི་བསམ་ཚུལ་དེར་ང་ལ་ལན་མེད། རྒྱུ་མཚན། ངས་འདྲེ་སྒྲུང་དང་བྱིས་སྒྲུང་གི་སྐོར་ལ་ཞིབ་འཇུག་བྱས་མ་མྱོང་། དེ་གཉིས་ཀྱི་ས་མཚམས་ཆུ་མཚམས་དེ་ཡང་གསལ་བོ་མི་ཤེས།
གཅིག་བྱས་ན། ངས་བྲིས་བ་འདི་གཉིས་ཀ་ཡིན་ན་ཐང་། གཅིག་བྱས་ན། གཉིས་ཀ་མིན་ན་ཡང་ཐང་།
གང་ལྟར། ངས་མི་ཤེས།
བྱིས་སྒྲུང་ཡིན་ན་འདྲེ་སྒྲུང་ཡིན་ཆོག་ལ། འདྲེ་སྒྲུང་ཡིན་ན་བྱིས་སྒྲུང་ཡང་ཡིན་ཆོག་པ་ཞིག་རེད་འདོད།
འདྲ་སྒྲུང་འདྲེ་སྒྲུང་རང་རེད། དེར་བྱུང་བ་ཞིག་ཡོད་པ་དེ་ཇི་བཞིན་བྱས་པས་འཐུས།
བྱིས་སྒྲུང་ལ་འགན་ཆེན་པོ་ཞིག་ཡོད་པ་རེད། སེམས་ཅན་རི་དྭགས་སོགས་མི་སྣ་བྱས་པའི་སྒྲུང་ཐུང་ཞིག་བྱས་ན་དེ་བྱིས་སྒྲུང་ཡིན་སྙམ་བྱེད་མཁན་ང་ཚོ་བོད་ཀྱི་མཁས་པ་འགར་མ་གཏོགས་ཡོད་ནི་མ་རེད།
བྱིས་སྒྲུང་དེ་བྱིས་པའི་སེམས་ཁམས་དང་མཐུན་པ། སྤྲོད་སྣང་སྤྲོད་ཐུབ་པའི་ནུས་པ་ལྡན་པ། བྱིས་པའི་སེམས་ཁམས་འཚར་ལོངས་ལ་རོགས་རམ་དང་ཁ་ཕྱོགས་སྟོན་པའི་ནུས་པ་དང་ཁྱད་ཆོས་ཡོད་སོགས་ཡིན་དགོས།
བྱིས་སྒྲུང་འབྲི་པར་བྱིས་པའི་སེམས་ཁམས་དང་བསྟུན་ཤེས་ཤེས་དགོས་མཐུན་དགོས་པ་ནི་དེ་བས་ཀྱང་གལ་ཆེ། དེས་ན། བྱིས་སྒྲུང་རྩོམ་པ་པོ་ཞིག་ཡིན་ཚེ་བྱིས་པའི་སེམས་ཁམས་རིག་པ་བ་ཞིག་ཡིན་དགོས་སྙམ།
འདྲ་སྒྲུང་བྱིས་སྒྲུང་རེད་ཟེར་བ་དང་བྱིས་སྒྲུང་འདྲེ་སྒྲུང་ཡིན་སྙམ་ནི་ཆེར་འཁྱམས་པའི་བློ་རེད་སྙམ། འདྲེ་སྒྲུང་ནི་ངག་རྒྱུན་ནས་བཤད་པའི་འདྲེ་སྒྲུང་དང་། ས་ཆ་གང་ཞིག་ན་འདྲེ་རྒོད་བཏུལ་མི་ཐུབ་པ་ཅིག་ཅིག་མིག་མིག་ཡོད་རབས་དང་དེས་ཅིག་ཅིག་མིག་མིག་བྱས་རབས་བྱུང་རིམ་རྒྱུན་མཚན་དང་ལྡན་པ་ཞིག་ང་ཚོའི་དམངས་ན་རླུང་གིས་འཁུར་འགྲོ་བ་དེ་ཚོ་རེད།
ཡ་ཡ། ད་ཡང་འགྲོ་རན་སོང་། རྗེས་ནས་ཞུ།
དེ་རིང་ནས་བཟུང་གཅན་བཟོད་རྒྱམ་ཞེས་པའི་འབྲི་ཚུལ་དེར་ཅུང་འགྱུར་བ་བཏང་སྟེ་གཅན་ཚ་བཟོད་རྒྱམ་ཞེས་འབྲི་གི་ཡིན། འདི་ཡང་མཁས་པ་ཞིག་གི་དགོངས་གཞི་ལྟར་འགྱུར་བཅོས་བྱ་འདོད་བྱུང་།
གཅན བཟོད་རྒྱམ། ནས་གཅན་ཚ བཟོད་རྒྱམ། ཞེས་པར་བསྒྱུར་ཡོད།
དེ་རིང་ནས་བཟུང་གཅན་བཟོད་རྒྱམ་ཞེས་པའི་འབྲི་ཚུལ་དེར་ཅུང་འགྱུར་བ་བཏང་སྟེ་གཅན་ཚ་བཟོད་རྒྱམ་ཞེས་འབྲི་གི་ཡིན། འདི་ཡང་མཁས་པ་ཞིག་གི་དགོངས་གཞི་ལྟར་འགྱུར་བཅོས་བྱ་འདོད་བྱུང་།
གཅན བཟོད་རྒྱམ། ནས་གཅན་ཚ བཟོད་རྒྱམ། ཞེས་པར་བསྒྱུར་ཡོད།
འུ་ཚང་ལྷ་འདྲེའི་སྒྲུང་གི་རིག་གཞུང་ཐད་བཤད་ན་འཛམ་གླིང་ནང་དབུལ་བོའི་གྲལ་དུ་ཡེ་ནས་སྡོད་མི་དགོས།
བྱིས་པ་སྐྲག་ནས་ངུ་བ་ཙམ་ལ་་བྱིས་སྒྲུང་ཟེར། (cartoon)
གཞོན་པ་སྐྲག་ནས་འདར་བར་བྱེད་ལ་འདྲེ་སྒྲུང་ཟེར།(ghost)
རྒན་རྣམས་ཞེད་ནས་འཆི་བར་བྱེད་ལ་ཞེད་སྒྲུང་ཟེར།(horror)
མི་ཡི་སྙིང་ཁྲག་གསོན་པོར་འཇུབ་ལ་ཁྲག་འཐུང་སྒྲུང་།(vampire)
ཤི་ལོག་རྣམས་ཀྱིས་གསོན་པོར་ར་མདའ་རོ་ལངས་སྒྲུང་།(zombie)
ཨ་རོགས་བྱི་ལེ་མང་ནི་རེད་ཡ།
ཅོག་མྱི་རྒན།
བོད་མི་རིགས་ཀྱི་སེམས་ཁམས་དང་སྒྲུང་བཤད་སྐབས་ཅོག་མྱི་བླ་རྒན་འདིས་ཁོ་རང་གི་འདོད་ཚུལ་ཅིག་བཤད་ནས་བསྡད་འདུག
ཁོའི་སྐད་ཆ་འདི་ཚོ་བོད་པའི་རིག་གཞུང་དང་འབྲེལ་བ་མེད་པ་ཤ་སྟག་རེད།
ས་སྒོ་གནམ་སྒོ་ཟེར་ཡ་དེ་ཚོ་བོན་པོའི་སྐད་ཆ་རེད་ད། །
འཇིག་རྟེན་ཁམས་ཚང་མ་བོན་པོས་ཡིན་གི་མ་རེད། ས་སྒོ་ནི་ཁྱིམ་ཚང་གི་མིང་རེད། ལྷོ་ཁ་ན་འདི་འདྲའི་འདོགས་སྲོལ་ཡོད་རེད། ངའི་ཕ་ཡུལ་ན་བོན་པོ་ཡོད་མ་རེད་ལོ།
སྒྲུང་། story:
་་་་་་་་་་་་་་་་་་་་་་་་་་་་་་་་་་་་་
cartoon story = རབ་བཏགས་རི་མོའི་སྒྲུང་།
ghost story = གདོན་འདྲེའི་སྒྲུང་།
horror story = འཇིགས་དངངས་ཀྱི་སྒྲུང་།
vampire story = དུར་ལངས་གསོན་ཁྲག་འཇིབ་པའི་སྒྲུང་།
zombie story = རོ་སྔགས་ཤི་ལོག་གི་སྒྲུང་།
vampire story རོ་ལངས་ཀྱི་སྒྲུང་ཟེར་བ་ཡིན། རོ་ལངས་ཟེར་བ་འདི་བོད་ཁམས་ཡོངས་ལ་ཁྱབ་ཆེན་པོ་རེད།
རོ་ལངས་བྱེད་སྟངས་འདི་ལ་ཡང་སྣ་མང་ཡོད་ས་རེད། དེའི་སྐོར་ནས་གཅིག་ཤོད་དང་།
ཀ་རྡོ་ལགས།
རོ་ལངས་ལ་ཁག་གསུམ་ཡོད་རེད།
གཅིག ཁྲག་ལངས།
གཉིས། རུས་ལངས།
གསུམ། སྨེ་ལངས།
ཁྲག་ལངས་ཀྱི་རོ་ལངས་དེ། ལུས་ཀྱི་བོང་ཚད་རོ་ངོ་མ་ལས་ཧ་ཅང་ཆེ་བར་གྱུར་ནས། མཚོན་གྲི་སོགས་ཀྱིས། ཁྲག་ཡོད་ཚད་བཏོན་ནས་སྐམ་ཐག་ཆོད་པ་བྱས་ནས་བཏུལ་དགོས་པ་དང་། རུས་ལངས་ཡིན་ན་། རུས་པ་གནད་ཆེ་བ་རྣམས་བཅག་ནས་བཏུལ་དགོས་པ་ལྟ་བུར། རྒྱལ་དབང་ཚངས་རྒྱ་མཚོའི་གསང་རྣམ་ནང་ལ། ཁོང་གི་རྡོ་རྗེ་ཕྱག་ལ་བཟུང་ནས་བཏུལ་སྟངས་ཅིག་གསུངས་ཡོད་སྙམ་པ་ཅིག་དྲན། སྨེ་ལངས་འདི་བཏུལ་བ་རྙོག་ཁྲ་ཤིནད་ཏུ་ཆེ་སྟེ། རོ་ལངས་དེའི་ལུས་ཀྱི་སྨེ་བ་དག ཕུག་ནས་གསོད་དགོས་སྟངས་ཅིག་ང་ཅུང་བྱིས་པའི་སྐབས་ལ་གོ་མྱོང་ཡང་ད་ལྟ་འདི་འདྲ་བཤད་ན་སུས་ཡོད་ཆེས་བྱེད། ཧཧཧ།
མིའི་རོའི་འཁྲིས་ལ། ཞི་མི་བཏང་མི་ཉན། གལ་སྲིད་མི་རོ་འཇོག་སར་ཞི་མི་འཛུལ་ན་རོ་ལངས། ལངས་སྲིད་པ་རེད་ཅེས་ཀྱང་ཟེར་སྲོལ་འདུག
རོ་ལངས་ཞེས་པ་བྱུང་ཡོད་དང་མེད་ངས་མི་ཤེས། གལ་སྲིད་བྱུང་ཡོད་པ་ཡིན་ན། རོ་གསར་པ་དེའི་རྣམ་ཤེས་བར་དོ་སོགས་ལ་ཕྱིན་མ་ཐག་ན། ང་ཚོའི་ད་ལྟའི་མི་གསོན་པོར་ལྷ་དང་འདྲེ་བཞུགས་པ་ལྟར། རོ་གསར་པ་ད་ག་རང་བེད་སྤྱད་ནས། ཡུལ་དེའི་འདྲེ་རྙིང་པ་ཅིག་བཞུགས་ནས་ཡར་ལངས་དགོས་ཚད་ཅིག་འདུག་ཀྱང། དངོས་གནས་ཡིན་མིན་སུས་ཤོད་ཐུབ།
ཁ་རྒྱུན་གྱི་ལོ་རྒྱུས་ནང་ལ། རོ་ལངས་ཀྱི་ལག་པ། མི་གསོན་པོ་ཅིག་གི་མགོ་ལ་བཞག་ན། དེ་ཡང་རོ་ལངས་སུ་གྱུར་པ་དང་། ཡང་རོ་ལངས་ཞེན་པ་ཅིག་ཡོད་པ་ནི། རོ་ལངས་ཀྱི་སྐེད་ཚིགས་འགུག་འགུག་བྱེད་མི་ཐུབ་པར་འགྱེད་འགྱེད་རང་ལ་འགྲོ་དགོས་པས། མི་རྣམས་ཀྱིས་རོ་ལངས་ཀྱི་འཇིགས་པ་ལས་བསྲུང་བའམ་སྐྱོབ་ཕྱིར། ཁང་པའི་སྒོ་དམའ་བོ་བཟོ་དགོས་པའི་རྒྱུ་མཚན་དུ་ཤོད་མཁན་ཡང་ཡོད་རེད།
༢༢༽ གཅན་ཚ་བཟོད་རྒྱམ་ལགས།
ད་ངའི་རོ་ལངས་ཀྱི་སྒྲུང་རྫོགས་སོ།། །།
ད་དུ་རྩ་ལངས་ཟེར་བ་ཞིག་ཡོད། དེ་ནི་ཕོ་ལ་མ་གཏོགས་མོ་ལ་མེད། དེ་ནི་ཤི་རྗེས་མཇེ་ར་ལྟར་ལངས་པ་དེའོ།།
བཙན་པོ་དབང་ཡོད་ཀྱིས་མཇེ་ལས་མེད་དུ་འཇོག་ཚེ་ཤི་དུས་འདྲ་ཡོང་སྲོལ་ཡོད་དར་ཟེར།
མ་གཞི་སྒྲོལ་མས་བོད་ཀྱི་ཡིན་ལུགས་གནས་སྟངས་ཅི་ཤེས། ཏ་ར་་་རེད་བ། ཡང་ས་སྒོ་གནམ་སྒོའི་བཅོས་ཀ་ཡག་མོ་ཞིག་བྱེད་དགོས་ཀྱི་ཡོད་པ་འདྲ། ས་སྒོའི་དོན་གང་ཡིན་ནམ། ཁུངས་ལུང་ཞིག་གཏན་གཏན་ཡོད་མདོག་ཁ་པོ་རེད། །
བཤད་སྲོལ་ལ་སྔ་མོ་ང་ཚོའི་ནང་མ་ཆམ་པས་སོ་སོར་བསྡད་པ་རེད་ཟེར། ངའི་ཁྱིམ་ཚང་དེ་གསར་བ་ཆགས་སྐབས་སྒོ་ཡོད་མ་རེད། ས་སྒོ་རང་བྱས་ནས་ཡུན་རིང་འགོར་བས་མི་ཚང་མས་ས་སྒོ་ཚང་ལབ་པ་རེད། འདི་ནི་མི་ཐོག་ལྔ་དྲུག་སྔོན་གྱི་སྐད་ཆ་རེད། དེ་སང་ངེད་ཚང་ལ་སྒོ་ཡོད། ཡིན་ཡང་མིང་རང་འཇགས་གནས་ཡོད་རེད། དེ་ལ་ངོ་ནོངས་དགོས་པ་གང་ཡང་མེད་ལགས། ་ད་དུང་ལྷ་ས་ན་ཁང་བ་ཆེན་པོ་ཞིག་ཡོད་པ་ལ་ལྕགས་སྒོ་ཆེན་པོ་ཞིག་ཀྱང་ཡོད།
བོན་པོ་ལགས་གོ་སོང་ངམ། ཧེ་ཧེ་ཧེ།
གོ་སོང་ལགས་སྙན་པོ་དཔེ་འདུག། །