ཨ་རི་གཞུང་དང་། བོད་གཞུང་གི་གཞུང་ཡིག་ལ་དཔྱད་པ། Posted on 2012-11-222012-11-23 By ཁ་བརྡ་ 9 Comments on ཨ་རི་གཞུང་དང་། བོད་གཞུང་གི་གཞུང་ཡིག་ལ་དཔྱད་པ། གཉན་གཡག་ཕྲུག ཡ་མཚན་རེད། ཡ་མཚན་རེད། ཨ་རིའི་ཕྱི་སྲིད་ལྷན་ཚོགས་ལྟ་ཞིབ་དང་ཞིབ་བཤེར་ཚོགས་ཆུང་གི་ཚོགས་གཙོས་བཏང་བའི་ཡི་གེ་དེ་ཉིན་གཉིས་ཀྱི་སྔོན་དུ་ངོ་དེབ་ནང་ད་མཐོང་བྱུང་། གཞུང་འབྲེལ་གྱིས་ཕར་བཏང་ཚུར་བཏང་བྱས་པའི་ཡི་གེ་འདི་ལྟ་བུ་ངོ་དེབ་ནང་གང་འདྲ་བྱས་ནས་ཐོན་ཐུབ་པ་རེད་དམ། མ་ཟད་དེའི་ནང་རྒྱ་རི་བློ་གྲོས་དང་། ཟམ་གདོང་རིན་པོ་ཆེའི་མིང་ཐོན་དགོས་དོན་གང་ཡིན་ནམ། ཁོང་གཉིས་ལ་བཙན་བྱོལ་བོད་མིའི་ལས་གནས་གང་ཡང་མེད་པ་ད་དུང་ཨ་རི་གཞུང་གིས་ཧ་མ་གོ་བ་མི་སྲིད།བསམ་བློ་ཡག་པོ་བཏང་ན་ཡི་གེ་དེ་གཉིས་མི་སྒེར་གཉིས་ཕན་ཚུན་བཏང་བ་འདྲ་པོ་ལས། གཞུང་གཉིས་ཀྱིས་ཕན་ཚུན་བཏང་བའི་ཡི་གེ་འདྲ་པོ་མིན་འདུག་པ་མ་ཟད། ཨ་རི་གཞུང་གིས་བཏང་བའི་ཨིན་ཡིག་དེ་ཡང་ཨ་རི་བ་ཞིག་གིས་བྲིས་པའི་ཨིན་ཡིག་འབྲི་སྟངས་འདྲ་པོ་འདུག་གམ། ཡ་རབས་བཟང་སྤྱོད་ལྡན་པའི་གཞུང་ཞབས་རྒན་པོ་རྣམས་ལ་ཀླད་རྙིང་དང་། སྐུ་དྲག་ཅེས་ཐ་འབུད་བྱས་པའི་འབྲས་བུར་ཁ་ཆགས་རྣ་རལ་མ་གཏོག་གོ་རྒྱུ་མིན་འདུག །། བོད་བསྟན་སྲིད་ཆེད་རང་སྲོག་བློས་གཏོང་མཁན་ཁྱེད་རྣམས་པའི་རེ་འདོད་དེ་སུ་ཡིས་འགྲུབ་འཐུབ་བམ། མཁྱེན་མཁྱེན་མཁྱེན། འཕགས་པ་སྤྱན་རས་གཟིགས་ཀྱིས་མཁྱེན་ཤིག ། སྐྱོབས་ཅིག ། བྱིན་གྱིས་རློབས་ཅིག ། འཁོར་བ་ལས་དྲོང་ཤིག ། འདི་དང་བར་དོ་གསུམ་དུ་ཐུགས་རྗེའི་ལྕགས་ཀྱུས་བཟུང་ཤིག ། ཁྲེལ་མེད་པོ་རྣམས་ལས་ངན་ཁ་མ་གང་། སྤྱོད་ངན་རང་གིས་སྤྱད་ནས་དུས་ངན་ཟེར། ཅི་ལ་བསམ་ཀྱང་སྙིང་རླུང་སྟོད་དུ་ཚངས། གཏིང་ནས་ཡིད་ཆད་སྐྱོ་བའི་གདུང་ཡུས་ཀྱིས། སྨྲེ་ངག་འོ་འདོད་འབོད་དགོས་འདི་བྱུང་ངོ་། ཕ་གཅིག་ཁྱེད་ལ་མི་འབོད་སུ་ལ་འབོད། བརྩེ་ཆེན་ཁྱེད་ཀྱིས་མི་གཟིགས་སུ་ཡིས་གཟིགས།། ཚིགས་བཅད་དེ་རྣམས་༧སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེའི་གསུང་ངོ་། །
གོང་གསལ་འདི་ཡག་པོ་བྲིས་འདུག་ཡིན་ཡང་ཁ་བྱང་དུ་ཨ་རི་གཞུང་དང་བོད་གཞུང་གི་གཞུང་ཡིག་ལ་དཔྱད་པ་ཞིག་བྲིས་འདུག་པར་འདི་ཏག་ཏག་ཞིག་འགྲིག་གི་མི་འདུག་ཞུ་རྒྱུ་ཡིན། གཞི་མེད་བསྐྱོན་འཛུགས་ཀྱིས་ཡིག་ཉོག་དེ་ཨ་རི་གྲོས་ཚོགས་འཐུས་མི་ཞིག་གིས་མིང་ཐོག་ནས་ཡིན་པར་ལས། ཨ་རི་གྲོགས་ནས་མིན་ལ་ཨ་རི་གཞུང་གི་མིན་པར་མཁྱེན་དགོས་
༄༅།། དྲ་གྲོགས་རྣམས་པ་ཚོ། ཨ་རི་གཞུང་གི་ཡེ་གེ་ཡིན་པ་ནི་ལས་ཤོག་སྟེང་ཨ་རི་གཞུང་གི་ལས་རྟགས་གསལ་པོར་འཁོད་འདུག་པ་མ་ཟད། ཨ་རིའི་ཕྱི་སྲིད་ལྷན་ཚོགས་ལྟ་ཞིབ་དང་ཞིབ་བཤེར་ཚོགས་ཆུང་། ཞེས་གསལ་པོར་འཁོད་འདུག་ན། དེ་མི་སྒེར་ཞིག་གི་ཡི་གེ་མིན་པ་ཤེས་ཐུབ་པ་མ་ཟད། གཞུང་ཡིག་ཏུ་བེད་སྤྱོད་བྱེད་པའི་ལས་ཤོག་མི་སྒེར་པ་ཞིག་གིས་བེད་སྤྱོད་བཏང་གི་ཨེ་ཡོད། །
ཨ་རི་གཞུང་གི་རྒྱ་གར་ལྟ་བུ་ལ་ལོ་རེ་ཨ་སྒོར་ས་ཡ་་༡༢༦་རོགས་བསྐྱོར་ཆེད་གནང་བཞིན་ཡོད་པ་དང་རྒྱ་ནག་གཞུང་ལ་ལོ་ལྟར་ཨ་སྒོར་ས་ཡ་༦༥་གནང་སྟངས་ལ་ཞིག་ན་བོད་མི་ཚོར་དེའི་རྒྱ་ཆ་སྟོང་མེད་ཙམ་ཞིག་གནང་བཞིན་ཡོད་པ་དེ་ལའང་ཐུགས་རྗེ་ཆེ་ཞུ་རྒྱུ། ཡིན་ཡང་ཨ་རི་གྲོས་ཚོགས་ཚོགས་མི་ཞིག་གིས་བོད་དང་བོད་མི་ཚོར་རོགས་བསྐྱོར་བྱེད་པ་དེའི་ཨ་རིའི་གསང་དམིགས་གྲུབ་དགོས་ཡོད་ཞེས་ཁྱབ་བརྡ་ཤུགས་ཆེ་བྱས་པ་དེའི་རྒྱུ་མཚན་ཅི་ནམ། ད་བར་རྒྱ་ནག་གཞུང་གིས་༸གོང་ས་མཆོག་ཨ་རི་དང་ནུབ་ཕྱོགས་རྒྱལ་ཁབ་ཀྱི་རྒྱུག་ཁྱི་རེད་ཞེས་མཚན་སྨད་ཞུ་་བཞིན་པ་དེ་ལ་བདེན་དཔང་ཞུ་ཆེད་དུ་སྤེལ་ཡིན་ནམ།
ང་རང་ཚོས་ལང་ཕྱོགས་དེ་དབུ་མའི་ལམ་དེ་རེད། དེ་ནི་རྒྱ་ནག་མི་མངསྤྱི་མཐུན་རྒྱལ་ཁབ་ནང་དུ་གྲང་ཉུང་མི་རིགས་བོད་མངོ་དབུས་ཁམས་གསུམ་མངའ་སྡེ་གཅིག་ནང་ཆོས་དང་རིག་གཞུང་རང་དབང་ངུ་ལོངས་སུ་སྤྱོད་རྒྱུ། ང་ཚོ་ཀྲུང་རྒྱལ་ཁབ་ལས་ཐ་དད་རང་བཙན་དགོས་དགོས་ཟེར་རྒྱི་རྩ་ནས་མ་ཡིན་པ་དང་མཁྱེན་དགོས་པ་དེ་ཡིན། རང་དབང་དག་རང་བཙན་གེིས་ལ་མ་ནོར་བ་དགོས་གལ་ཆེ། དེ་ལུགས་གཞི་ལུས་བོད་མི་རྣམས་ཀྱིས་རང་ལུས་མེ་མཆོད་ཕུལ་བའང་གཙོ་བོ་དེ་རེད་། དེའི་ལས་དོན་ལ་ད་ཨ་རིས་ཀྱང་བློ་ལ་བབ་ཡོད་མ་རེད། སྡིག་རའི་ཡི་གེ་གང་འདྲ་བཏང་འདུག་དེ་འདྲ་རང་དང་གནང་དགོས་ཡག་ཡོད་མ་རེད། ཁོང་ཚོས་སྐབས་རེ་གསེར་གྱི་གཟིངས་རྟགས་ཕུལ་ས་བོད་ཀྱི་ཆོས་དབུ་ཁྲིད་ཆེན་པོ་ཡང་བཞུགས་ཡོད་པ་ཐུགས་བསམ་མ་གནང་བ་བློ་ཕམ་གྱི་ཡུལ་ལས་འདས། ཁོང་ཚོས་དགོས་རྒྱུ་རང་བཙན་དང་ཀྲུང་ཧང་རྒྱལ་ཁབ་ལས་ཁ་གྱེར་འདོད་དགོས་པ་དེ་རེད། བྱས་དུས་ཐོག་མར་ཡིག་གེའི་མགོ་བརྗོད་ལའང་་prime minister .. བྲིས་འདུག་པ་དོན་དག་དེ་རེད། འོན གས་བསམ་ཚུལ་བོད་མའི་སྒྲིག་འཛུག་གི་སྲིད་སྐྱོང་ལ་་prime minister exile འགྱུར་བ་ཟིན་པ་རེད། ད་དུང་མ་མཁྱེན་པ་མི་སྲིད་དེ་དོན་ཁོ་ཚོས་ལ་སྔོན་ཆོས་གཞིའི་གློ་སྒྲིག་འཛུག་ལྟ་བུ་དགོས་པ་རེད། དེ་བཞིན་རྒྱ་གར་གཞུང་གིའང་དོན་ངོ་ཐོག་ཨ་རིས་བཞིན་འདོད་མོས་ལྟར་རེད། དུས་ད་ལྟའང་ཧི་མ་ལཡསི་ས་མཚམས་སུ་indo tibet border police (ITBP) སྐོར་སྲུང་བའི་ཚོགས་ཁག་གི་མིང་ལའང་དེ་ལྟར་ཡིན་པསི་རྒྱུ་མཚན་དེ་རེད། ད་རང་རེ་རྣམས་ལ་ཨ་རྒྱ་གཉིས་བཀའ་དྲིན་ཆེ་ནའང་སྐབས་ཚབ་གནང་དོན་དེའང་མ་སཁྲུགས་པ་ཤེས་དགོས། རང་རེསི་བོད་མའི་རྩམ་ཟན་ལ་སྐྱབས་མགོན་ཏ་ལིའི་བླ་མ་ལས་ལྷག་འཇིག་རྟེན་འདིར་མེང་པ་ཡིད་ཆེས་དགོས། ཁོང་གི་དགོངས་གཞི་ཀྲུང་ཧང་མི་དམངས་སྤྱི་ནཐུན་རྒྱལ་ཁབ་ལས་མ་བྲལ་བའི་ངོར་གཉིས་ཕན་དབུ་མའི་་དེ་ལ་དོན་ངོ་མར་ཨ་རི་དག་རྒྱ་གཏ་གཉིས་བློ་ལ་བབ་ཡོད་མ་རེང་ཀྱང་ཁ་ནས་དུ་བ་མ་ཐོན་ནསང་ཁོག་ལ་མེ་འབར་བཞིན་ཡོད་རེད། དེ་ནི་བོད་ལ་དགའ་ཆེ་དྲག་པས་རེད། སྐུ་མདུན་གྱིས་བོད་ཀྱི་དགེ་རྒན་ནི་རྒྱ་གར་ཡིན་གསུངས་པས་དོན་ལའང་མགུ་བ་དེ་བས་ཀྱང་མ་ཡིན། ཨ་རྒྱ་གཉིས་ཀྱིས་ཁོང་ཚང་ཀྱང་འགྲན་རྩོད་སོགས་ཀྱིས་རེད། དེ་དོན་ང་ཚོ་བཙན་བྱོལ་སྒྲིག་འཛུག་་རྒྱ་ཆེ་མི་མང་ཡིད་མངོན་འདོད་༧གོང་ས་མཆོག་གཏན་ལ་ཕབ་པའི་ལམ་དེར་གནས་ན་ཡག་གོ། ཀྲུང་ཧ་དམར་ཤོག་ཚོགས་པ་ཁོ་རང་ཞིབ་གཤེར་གནང་ནས་འུ་བུ་ཁག་འབྲེལ་ལམ་གནང་ན་མི་དགེ་འམ།
དྲངས་པོ་ཞུ་ན་་་་་་ཨ་རི་གཞུང་གི་ལོ་རེ་ཨ་སྒོར་ཚད་ལས་རྒལ་བ་ཞིག་བཏོང་འདུག་་་་་་དེང་སང་ཨ་སྒོར་དེ་ཚོ་ག་སོང་ཆགས་མེད་རེད་འདུག་་་་་་བསམ་གྱི་མི་ཁྱབ་པ་རེད་འདུག་་་་་་་
་་་་་་་ ཨ་རི་གཞུང་གི་རྒྱ་གར་ལྟ་བུ་ལ་ལོ་རེ་ཨ་སྒོར་ས་ཡ་་༡༢༦་རོགས་བསྐྱོར་ཆེད་གནང་བཞིན་ཡོད་པ་དང་རྒྱ་ནག་གཞུང་ལ་ལོ་ལྟར་ཨ་སྒོར་ས་ཡ་༦༥་གནང་སྟངས་ལ་ཞིག་ན་བོད་མི་ཚོར་དེའི་རྒྱ་ཆ་སྟོང་མེད་ཙམ་ཞིག་གནང་བཞིན་ཡོད་པ་དེ་ལའང་ཐུགས་རྗེ་ཆེ་ཞུ་རྒྱུ། ་་་ཟེར།
གོང་གསལ་འདི་ཡག་པོ་བྲིས་འདུག་ཡིན་ཡང་ཁ་བྱང་དུ་ཨ་རི་གཞུང་དང་བོད་གཞུང་གི་གཞུང་ཡིག་ལ་དཔྱད་པ་ཞིག་བྲིས་འདུག་པར་འདི་ཏག་ཏག་ཞིག་འགྲིག་གི་མི་འདུག་ཞུ་རྒྱུ་ཡིན། གཞི་མེད་བསྐྱོན་འཛུགས་ཀྱིས་ཡིག་ཉོག་དེ་ཨ་རི་གྲོས་ཚོགས་འཐུས་མི་ཞིག་གིས་མིང་ཐོག་ནས་ཡིན་པར་ལས། ཨ་རི་གྲོགས་ནས་མིན་ལ་ཨ་རི་གཞུང་གི་མིན་པར་མཁྱེན་དགོས་
རེད། ཨ་རིའི་འཐུས་མི་སྒེར་ལས་གཞུང་གིས་མིན་པ་དང་། དེའི་ཁ་གཏད་བོད་གཞུང་མཇུག་བསྡུས་ནས་ལོ་སོང་ཟིན་པས་་་
༄༅།། དྲ་གྲོགས་རྣམས་པ་ཚོ། ཨ་རི་གཞུང་གི་ཡེ་གེ་ཡིན་པ་ནི་ལས་ཤོག་སྟེང་ཨ་རི་གཞུང་གི་ལས་རྟགས་གསལ་པོར་འཁོད་འདུག་པ་མ་ཟད། ཨ་རིའི་ཕྱི་སྲིད་ལྷན་ཚོགས་ལྟ་ཞིབ་དང་ཞིབ་བཤེར་ཚོགས་ཆུང་། ཞེས་གསལ་པོར་འཁོད་འདུག་ན། དེ་མི་སྒེར་ཞིག་གི་ཡི་གེ་མིན་པ་ཤེས་ཐུབ་པ་མ་ཟད། གཞུང་ཡིག་ཏུ་བེད་སྤྱོད་བྱེད་པའི་ལས་ཤོག་མི་སྒེར་པ་ཞིག་གིས་བེད་སྤྱོད་བཏང་གི་ཨེ་ཡོད། །
ཨ་རི་གཞུང་གི་རྒྱ་གར་ལྟ་བུ་ལ་ལོ་རེ་ཨ་སྒོར་ས་ཡ་་༡༢༦་རོགས་བསྐྱོར་ཆེད་གནང་བཞིན་ཡོད་པ་དང་རྒྱ་ནག་གཞུང་ལ་ལོ་ལྟར་ཨ་སྒོར་ས་ཡ་༦༥་གནང་སྟངས་ལ་ཞིག་ན་བོད་མི་ཚོར་དེའི་རྒྱ་ཆ་སྟོང་མེད་ཙམ་ཞིག་གནང་བཞིན་ཡོད་པ་དེ་ལའང་ཐུགས་རྗེ་ཆེ་ཞུ་རྒྱུ། ཡིན་ཡང་ཨ་རི་གྲོས་ཚོགས་ཚོགས་མི་ཞིག་གིས་བོད་དང་བོད་མི་ཚོར་རོགས་བསྐྱོར་བྱེད་པ་དེའི་ཨ་རིའི་གསང་དམིགས་གྲུབ་དགོས་ཡོད་ཞེས་ཁྱབ་བརྡ་ཤུགས་ཆེ་བྱས་པ་དེའི་རྒྱུ་མཚན་ཅི་ནམ། ད་བར་རྒྱ་ནག་གཞུང་གིས་༸གོང་ས་མཆོག་ཨ་རི་དང་ནུབ་ཕྱོགས་རྒྱལ་ཁབ་ཀྱི་རྒྱུག་ཁྱི་རེད་ཞེས་མཚན་སྨད་ཞུ་་བཞིན་པ་དེ་ལ་བདེན་དཔང་ཞུ་ཆེད་དུ་སྤེལ་ཡིན་ནམ།
ལ་དོ་ད་ཡིན་ན་དཀའ་ལས་རེད་འདུག
ང་རང་ཚོས་ལང་ཕྱོགས་དེ་དབུ་མའི་ལམ་དེ་རེད། དེ་ནི་རྒྱ་ནག་མི་མངསྤྱི་མཐུན་རྒྱལ་ཁབ་ནང་དུ་གྲང་ཉུང་མི་རིགས་བོད་མངོ་དབུས་ཁམས་གསུམ་མངའ་སྡེ་གཅིག་ནང་ཆོས་དང་རིག་གཞུང་རང་དབང་ངུ་ལོངས་སུ་སྤྱོད་རྒྱུ། ང་ཚོ་ཀྲུང་རྒྱལ་ཁབ་ལས་ཐ་དད་རང་བཙན་དགོས་དགོས་ཟེར་རྒྱི་རྩ་ནས་མ་ཡིན་པ་དང་མཁྱེན་དགོས་པ་དེ་ཡིན། རང་དབང་དག་རང་བཙན་གེིས་ལ་མ་ནོར་བ་དགོས་གལ་ཆེ། དེ་ལུགས་གཞི་ལུས་བོད་མི་རྣམས་ཀྱིས་རང་ལུས་མེ་མཆོད་ཕུལ་བའང་གཙོ་བོ་དེ་རེད་། དེའི་ལས་དོན་ལ་ད་ཨ་རིས་ཀྱང་བློ་ལ་བབ་ཡོད་མ་རེད། སྡིག་རའི་ཡི་གེ་གང་འདྲ་བཏང་འདུག་དེ་འདྲ་རང་དང་གནང་དགོས་ཡག་ཡོད་མ་རེད། ཁོང་ཚོས་སྐབས་རེ་གསེར་གྱི་གཟིངས་རྟགས་ཕུལ་ས་བོད་ཀྱི་ཆོས་དབུ་ཁྲིད་ཆེན་པོ་ཡང་བཞུགས་ཡོད་པ་ཐུགས་བསམ་མ་གནང་བ་བློ་ཕམ་གྱི་ཡུལ་ལས་འདས། ཁོང་ཚོས་དགོས་རྒྱུ་རང་བཙན་དང་ཀྲུང་ཧང་རྒྱལ་ཁབ་ལས་ཁ་གྱེར་འདོད་དགོས་པ་དེ་རེད། བྱས་དུས་ཐོག་མར་ཡིག་གེའི་མགོ་བརྗོད་ལའང་་prime minister .. བྲིས་འདུག་པ་དོན་དག་དེ་རེད། འོན གས་བསམ་ཚུལ་བོད་མའི་སྒྲིག་འཛུག་གི་སྲིད་སྐྱོང་ལ་་prime minister exile འགྱུར་བ་ཟིན་པ་རེད། ད་དུང་མ་མཁྱེན་པ་མི་སྲིད་དེ་དོན་ཁོ་ཚོས་ལ་སྔོན་ཆོས་གཞིའི་གློ་སྒྲིག་འཛུག་ལྟ་བུ་དགོས་པ་རེད།
དེ་བཞིན་རྒྱ་གར་གཞུང་གིའང་དོན་ངོ་ཐོག་ཨ་རིས་བཞིན་འདོད་མོས་ལྟར་རེད། དུས་ད་ལྟའང་ཧི་མ་ལཡསི་ས་མཚམས་སུ་indo tibet border police (ITBP) སྐོར་སྲུང་བའི་ཚོགས་ཁག་གི་མིང་ལའང་དེ་ལྟར་ཡིན་པསི་རྒྱུ་མཚན་དེ་རེད། ད་རང་རེ་རྣམས་ལ་ཨ་རྒྱ་གཉིས་བཀའ་དྲིན་ཆེ་ནའང་སྐབས་ཚབ་གནང་དོན་དེའང་མ་སཁྲུགས་པ་ཤེས་དགོས། རང་རེསི་བོད་མའི་རྩམ་ཟན་ལ་སྐྱབས་མགོན་ཏ་ལིའི་བླ་མ་ལས་ལྷག་འཇིག་རྟེན་འདིར་མེང་པ་ཡིད་ཆེས་དགོས། ཁོང་གི་དགོངས་གཞི་ཀྲུང་ཧང་མི་དམངས་སྤྱི་ནཐུན་རྒྱལ་ཁབ་ལས་མ་བྲལ་བའི་ངོར་གཉིས་ཕན་དབུ་མའི་་དེ་ལ་དོན་ངོ་མར་ཨ་རི་དག་རྒྱ་གཏ་གཉིས་བློ་ལ་བབ་ཡོད་མ་རེང་ཀྱང་ཁ་ནས་དུ་བ་མ་ཐོན་ནསང་ཁོག་ལ་མེ་འབར་བཞིན་ཡོད་རེད། དེ་ནི་བོད་ལ་དགའ་ཆེ་དྲག་པས་རེད། སྐུ་མདུན་གྱིས་བོད་ཀྱི་དགེ་རྒན་ནི་རྒྱ་གར་ཡིན་གསུངས་པས་དོན་ལའང་མགུ་བ་དེ་བས་ཀྱང་མ་ཡིན། ཨ་རྒྱ་གཉིས་ཀྱིས་ཁོང་ཚང་ཀྱང་འགྲན་རྩོད་སོགས་ཀྱིས་རེད། དེ་དོན་ང་ཚོ་བཙན་བྱོལ་སྒྲིག་འཛུག་་རྒྱ་ཆེ་མི་མང་ཡིད་མངོན་འདོད་༧གོང་ས་མཆོག་གཏན་ལ་ཕབ་པའི་ལམ་དེར་གནས་ན་ཡག་གོ། ཀྲུང་ཧ་དམར་ཤོག་ཚོགས་པ་ཁོ་རང་ཞིབ་གཤེར་གནང་ནས་འུ་བུ་ཁག་འབྲེལ་ལམ་གནང་ན་མི་དགེ་འམ།
༼དེ་ནི་བོད་དགའ་ཆེ་དྲག་མ་རེད་༽བཅོས་