ཨ་རིག་དགེ་མཐོང་།
བྱམས་སེམས་ཅན་གྱི་བོད་མིའི་དབུ་ཁྲིད་དེ་ཡང་།།
དགོང་ལོ་བརྒྱད་ཅུའི་འགག་འཕྲེང་སྣེ་མོར་སླེབས་འདུག།
རིན་ཐང་ལོ་རྒྱུས་ཅན་གྱི་རྒྱལ་ཁབ་བཙན་པོ།།
ཙི་ནའི་བཙན་འཛིན་འོག་ནས་ཐར་ས་མ་རེད།།
རྒྱུ་ཆེན་དཔོན་ཆེན་མིང་གི་གོ་གནས་ཅན་དག།
རྒྱལ་ཁབ་གཞན་ལ་སོང་ནས་སྐྱིད་ཉལ་བྱས་སོང་།།
ཅང་མེད་ལ་རྒྱ་ཅན་གྱི་བོད་མི་འགའ་རེས།།
གཅེས་པའི་རང་སྲོག་་བཏང་ཡང་ཕན་ཐོགས་མ་བྱུང་།།
བཀའ་བློན་ཁྲི་བའི་དབུ་སྐྲ་དཀར་པོར་གྱུར་ཐལ།།
བགྲང་བྱ་བཅུ་ཡི་ལས་དོན་ལེགས་འགྲུབ་མ་བྱུང་།།
བོད་མིའི་སྐུ་ཚབ་སྤྱི་འཐུས་སྐྱོ་བོ་འདི་ཚོས།།
སྒེར་དོན་བརྩད་ནས་བོད་དོན་ཕར་ལ་གཡུགས་སོང་།།
བོད་རྒྱའི་གྲོས་མོལ་ཟེར་བའི་དབུགས་བརྒྱབ་སྒང་བུ།།
ཅི་ཙམ་ཆེ་ཡང་བྱིས་པའི་རྩེད་ཆས་ཁོ་ན།།
འདི་ལ་རེ་ལྟོས་འཆའ་བའི་རང་རེའི་བོད་པ།།
རྗེས་ལུས་ཡང་ལུས་ཡིན་པའི་དན་རྟགས་ཤིག་རེད།།
སྐུ་ཚབ་ཚོགས་པ་ཟེར་ན་མྱི་རྒན་གཉིས་རེད།།
བོད་རྒྱ་གྲོས་མོལ་ལབ་ན་ཡར་འགྲོ་མར་འགྲོ།།
གྲུབ་འབྲས་ཅི་ཡོད་ཟེར་ན་མགྲོན་བསུ་ཙམ་རེད།།
འདི་ལ་སྙིང་བོ་ཨེ་འདུག་ཐུགས་བསམ་བཞེས་རོགས།།
ལྡི་ལི་ཡོང་དུས་གདེང་ཚོད་ཡོད་མདོག་སྟོན་གི།
ངྷ་སར་སླེབས་ནས་གསང་བ་ཡིན་མདོག་བྱེད་ཀི།།
བཀའ་ཤག་སྐུ་སྒེར་ཟུང་གིས་ཕེབས་བསུ་ཞུས་ཀྱང་།།
རྒྱ་མིའི་མཐོང་ཆུང་དེ་ལས་ཅི་ཞིག་ལབ་རྒྱུ།།
གྲྭ་བ་གྲྭ་སར་བཞུགས་ན་འོས་འཚམ་དེ་རེད།།
སྤྱི་འཐུས་མི་སྐྱས་བཟུང་ན་མིག་ལ་མཛེས་ཀི།།
ཆབ་སྲིད་ཆོས་པས་ཉར་ན་ཡར་རྒྱས་མི་སྲིད།།
ཆོལ་ཁ་ཆོས་ལུགས་བརྩད་ན་བོད་ཀྱི་གྱོང་རེད།།
ཆོས་ལུགས་སྤྱི་འཐུས་ཟེར་ན་ཆོལ་ཁའི་མི་རེད།།
གྲུབ་མཐའ་རིས་མེད་ལབ་ན་ཁ་གཡང་ཙམ་རེད།།
རྒྱལ་བའི་བཀའ་གསུང་ཟེར་ན་གུས་ལུགས་ཤིག་རེད།།
བླ་མ་སྤྲུལ་སྐུ་ལབ་ན་ཕལ་ཆེར་རྫུན་མ།།
གྲྭ་བཙུན་དགེ་འདུན་ཟེར་ན་མགོ་རིལ་འགའ་རེད།།
སྡོམ་པ་སྡོམ་པ་ལབ་ན་རྩ་བ་བཞི་རེད།།
སྒོམ་དང་ཉམས་ལེན་ཟེར་ན་སྲིད་པ་ཙམ་རེད།།
གཟན་དང་ཤམ་ཐམ་ལབ་ན་གོས་དམར་ཞིག་རེད།།
འབྲོག་པའི་སློགས་པ་མ་བརྗེས་དུས་རབས་ཉི་ཤུ།།
བཀའ་བློན་ཁྲི་བ་མ་བརྗེས་བགྲང་བྱ་བཅུ་རེད།།
སྐུ་ཚབ་ཚོགས་པ་མ་བརྗེས་མི་ཚེ་རྫོགས་སོང་།།
བོད་ཀྱི་རྩ་དོན་རྩེད་མོའི་སྲོལ་དུ་མ་འཇོག།
བཀའ་བློན་ཁྲི་བ་གཞོན་སྐྱེས་རྣམས་ལ་སྤྲོད་རོགས།།
ཆོས་རྒྱལ་སྤྱི་འཐུས་རྩ་ནས་མེད་པ་བཟོ་རོགས།།
སྒེར་དོན་མ་གླེང་རྩ་དོན་ཕྱོགས་སུ་འབད་རོགས།།
འདི་ལྟར་བྱས་ན་རེ་བ་ཅུང་ཙམ་ཡོད་སྲིད།།
ཅེས་པ་འདི་ནི་སྐུ་ཚབ་ཚོགས་པ་ཐེངས་དགུ་བ་ཐོན་རྗེས་ཀྱི་རྒྱ་ནག་གི་གསར་འགྱུར་ཁག་ཀློག་ནས་སྤྱི་ལོ ༢༠༡༠ ལོའི་ཟླ ༠༢་ཚེས་ ༠༢་ཉིན་བྲིས་པའོ།།
འཇིག་རྟེན་ཁམས་ན་འདི་འདྲའི་ཁ་ཕོ་ཅན་ཡང་ཡོད་ཁུ།
གྲྭ་བཙུན་དགེ་འདུན་ཟེར་ན་མགོ་རིལ་འགའ་རེད།།
སྡོམ་པ་སྡོམ་པ་ལབ་ན་རྩ་བ་བཞི་རེད།།
སྒོམ་དང་ཉམས་ལེན་ཟེར་ན་སྲིད་པ་ཙམ་རེད།།
གཟན་དང་ཤམ་ཐམ་ལབ་ན་གོས་དམར་ཞིག་རེད།།
ཚིག་བཅད་འདིས་ཅི་ཞིག་ཟེར་གོ་གི
ད་དུང་མི་གོ་ནི་མང་གི་ར། གོང་གི་དེ་དཔེ་མཚོན་ཙམ་ཡིན།
བོད་དོན་ཚ་ཚ་འུར་འུར་བྱེད་དུས
གནས་ཆུང་གིས་བཀའ་བབས་ཤིང
ཟམ་གདོང་གིས་བརྒྱུད་སྒྲོག་བྱེད
དེ་དུས ར་རྒྱ་རི་རྒྱ་ལ་འགྲོ་ཞིང
རྒྱ་ཡི་“བྱེད་མི་རུང་བ་བཞི”ཡི་སློབ་ཚན་སྤྲོད
སློབ་ཕྲུག་ཚོ ཐེངས་རྗེས་མའི་ཡིག་རྒྱུགས་གཟབ་ནན་ཡིན་པས
ངེས་པར་དུ་གང་ནུས་སྦྱོང་དགོས་ཡ
༈ ཨ་རིག་དང་ང་གཉིས་བར་ཀྱི་ཁ་བརྡ།
བྱམས་སེམས་ཅན་གྱི་བོད་མིའི་དབུ་ཁྲིད་དེ་ཡང་།།
དགོང་ལོ་བརྒྱད་ཅུའི་འགག་འཕྲེང་སྣེ་མོར་སླེབས་འདུག།
རིན་ཐང་ལོ་རྒྱུས་ཅན་གྱི་རྒྱལ་ཁབ་བཙན་པོ།།
ཙི་ནའི་བཙན་འཛིན་འོག་ནས་ཐར་ས་མ་རེད།།
༼འདི་ཡང་དོགས་པས་ཕུངས་འགོ་ཚུགས་པའི་སྐད་ཆ་སྙན་མོ་ཞིག་རེད།༽
རྒྱུ་ཆེན་དཔོན་ཆེན་མིང་གི་གོ་གནས་ཅན་དག།
རྒྱལ་ཁབ་གཞན་ལ་སོང་ནས་སྐྱིད་ཉལ་བྱས་སོང་།།
ཅང་མེད་ལ་རྒྱ་ཅན་གྱི་བོད་མི་འགའ་རེས།།
གཅེས་པའི་རང་སྲོག་་བཏང་ཡང་ཕན་ཐོགས་མ་བྱུང་།།
༼འདི་ནི་རེ་བས་ཕུངས་པའི་ལོ་རྒྱུས་དངོས་རེད།༽
བཀའ་བློན་ཁྲི་བའི་དབུ་སྐྲ་དཀར་པོར་གྱུར་ཐལ།།
བགྲང་བྱ་བཅུ་ཡི་ལས་དོན་ལེགས་འགྲུབ་མ་བྱུང་།།
བོད་མིའི་སྐུ་ཚབ་སྤྱི་འཐུས་སྐྱོ་བོ་འདི་ཚོས།།
སྒེར་དོན་བརྩད་ནས་བོད་དོན་ཕར་ལ་གཡུགས་སོང་།།
༼དེ་ཚོ་ལ་རྒྱ་བོར་བའི་དན་རྟགས་དངོས་རེད།༽
བོད་རྒྱའི་གྲོས་མོལ་ཟེར་བའི་དབུགས་བརྒྱབ་སྒང་བུ།།
ཅི་ཙམ་ཆེ་ཡང་བྱིས་པའི་རྩེད་ཆས་ཁོ་ན།།
འདི་ལ་རེ་ལྟོས་འཆའ་བའི་རང་རེའི་བོད་པ།།
རྗེས་ལུས་ཡང་ལུས་ཡིན་པའི་དན་རྟགས་ཤིག་རེད།།
༼འདི་ནི་འུ་ཐུག་ཐབས་ཟད་ཀྱི་སྐད་ཆ་ཞིག་རེད།༽
སྐུ་ཚབ་ཚོགས་པ་ཟེར་ན་མྱི་རྒན་གཉིས་རེད།།
བོད་རྒྱ་གྲོས་མོལ་ལབ་ན་ཡར་འགྲོ་མར་འགྲོ།།
གྲུབ་འབྲས་ཅི་ཡོད་ཟེར་ན་མགྲོན་བསུ་ཙམ་རེད།།
འདི་ལ་སྙིང་བོ་ཨེ་འདུག་ཐུགས་བསམ་བཞེས་རོགས།།
༼སྙིང་པོ་ཡོད་ཀྱང་མངོན་གྱུར་ཡིན་གྱི་མ་རེད།༽
ལྡི་ལི་ཡོང་དུས་གདེང་ཚོད་ཡོད་མདོག་སྟོན་གི།
ངྷ་སར་སླེབས་ནས་གསང་བ་ཡིན་མདོག་བྱེད་ཀི།།
༼འདི་ཡང་སྲིད་དོན་གྱི་ལས་སྟངས་འོག་མི་མང་ལ་སྔངས་སྐྲག་སློང་སྟངས་ཞིག་རེད།༽
བཀའ་ཤག་སྐུ་སྒེར་ཟུང་གིས་ཕེབས་བསུ་ཞུས་ཀྱང་།།
རྒྱ་མིའི་མཐོང་ཆུང་དེ་ལས་ཅི་ཞིག་ལབ་རྒྱུ།།
༼དྲང་པོའི་སྐད་ཆ་གླེང་པར་སྐྱོན་ཆ་ཅི་ཡོད།༽
གྲྭ་བ་གྲྭ་སར་བཞུགས་ན་འོས་འཚམ་དེ་རེད།།
སྤྱི་འཐུས་མི་སྐྱས་བཟུང་ན་མིག་ལ་མཛེས་ཀི།།
༼མིག་ངོར་མཛེས་པས་ཅི་ལ་ཕན། ད་བར་གྲྭ་པས་བཟུང་པ་མཐོང་ཆེས་པས་མིག་ལ་མི་མཛེས་པ་གང་ཡང་མི་འདུག ད་གཟོད་མི་སྐྱས་བཟུང་ན་མིག་ངོར་མ་གོམས་པས་མི་མཛེས་པ་དངོས་གནས་དེ་ཆགས་རྒྱུ་རེད། ༽
ཆབ་སྲིད་ཆོས་པས་ཉར་ན་ཡར་རྒྱས་མི་སྲིད།།
༼འདི་ནི་བཀའ་དྲིན་བསམ་ཤེས་མེད་པའི་སྐད་ཆ་རེད། འོ་ན་འཇོན་ཐང་མེད་པ་ཚོས་བཟུང་དགོས་སམ།༽
ཆོལ་ཁ་ཆོས་ལུགས་བརྩད་ན་བོད་ཀྱི་གྱོང་རེད།།
༼ད་བཟོད་ཤེས་པ་ཡ་མཚན་ཆེ། ཆོལ་ཁ་ཆོས་ལུགས་ཀྱི་གནད་དོན་འོག་བོད་ཡུལ་གྱི་བདེ་སྐྱིད་རླུང་ལ་བསྐུར་ནས་ལོ་རབས་མང་པོ་སོང་ཟིན་པ་རེད། ད་ཅི་ཞིག་ལྷག་ཡོད་དམ།༽
ཆོས་ལུགས་སྤྱི་འཐུས་ཟེར་ན་ཆོལ་ཁའི་མི་རེད།།
གྲུབ་མཐའ་རིས་མེད་ལབ་ན་ཁ་གཡང་ཙམ་རེད།།
རྒྱལ་བའི་བཀའ་གསུང་ཟེར་ན་གུས་ལུགས་ཤིག་རེད།།
བླ་མ་སྤྲུལ་སྐུ་ལབ་ན་ཕལ་ཆེར་རྫུན་མ།།
༼མི་སྒེར་གྱི་གླེན་གཏམ་ཁོ་ན་ལས་རྒྱུ་མཚན་ཅན་གྱི་སྐད་ཆ་ཡིན་དོག་མེད།༽
གྲྭ་བཙུན་དགེ་འདུན་ཟེར་ན་མགོ་རིལ་འགའ་རེད།།
༼དེ་ལྟར་ན། དེང་རབས་ནུབ་ཕྱོགས་རྒྱལ་ཁབ་ཀྱི་མི་རིགས་ནག་པོ་ཕལ་ཆེ་བའི་ཁྲོད་མགོ་རིལ་མང་བས་དེ་ཚོ་གྲྭ་བཙུན་དང་དགེ་འདུན་པ་ཁོ་ན་ཡིན་འགྲོ། ད་དུང་རྐང་རྩེ་སྤོ་ལོ་རྩེད་མཁན་གྱི་གྲགས་ཅན་མི་སྣ་རོ་ནལ་གྲོ་ནི་བཙུན་པའི་ནང་ནས་བཙུན་ཤོས་སུ་གདམས་པ་མིན་ནམ།༽
སྡོམ་པ་སྡོམ་པ་ལབ་ན་རྩ་བ་བཞི་རེད།།
༼དེང་སང་དེ་ཙམ་བྱུང་ན་དྲག་ཤོས་རེད། དགེ་སློང་མའི་སྡོམ་པ་བོད་ལ་མ་དར་ཙང་རྩ་བཞི་ཙམ་མ་གཏོགས་གཞན་གྱིས་སྡོམ་པ་བཏང་བའི་ལོ་རྒྱུས་དགེ་ཚུལ་སློང་གི་གླེང་གཞིའི་ཁྲོད་བྱུང་མྱོང་ཡོད་དམ།༽
སྒོམ་དང་ཉམས་ལེན་ཟེར་ན་སྲིད་པ་ཙམ་རེད།།
༼རང་ངོ་ནས་མ་འཇོན་པའི་སྐད་ཆ་སྤྱི་ཚོགས་སུ་བསྒྲགས་པ་བདེན།༽
གཟན་དང་ཤམ་ཐམ་ལབ་ན་གོས་དམར་ཞིག་རེད།།
༼གོས་དཀར་ལྕང་ལོའི་སྡེ་ཚོས་བསྣམས་པའི་ཤམ་ཐབ་དཀར་པོ་དེ་དག་མཐོང་རྒྱུ་མི་འདུག་གམ།༽
འབྲོག་པའི་སློགས་པ་མ་བརྗེས་དུས་རབས་ཉི་ཤུ།།
༼མཐོ་སྒང་གི་གྲང་ངར་ལ་འགྱུར་བ་མ་བྱུང་བར་དུས་རབས་བརྒྱ་ལ་བརྒལ་ཀྱང་སློག་པ་བརྗེས་དགོས་དོན་ཅི་ཞིག་ཡོད་དམ། སྐུ་མཁྱེན། སློག་མ་མ་གཡུགས་མ་གཏོགས་འཁྱག་ཤི་ཐེབས་ཡོང་།༽
བཀའ་བློན་ཁྲི་བ་མ་བརྗེས་བགྲང་བྱ་བཅུ་རེད།།
༼བོད་མིའི་ཁྲོད་བཀའ་བློན་ཁྲི་པའི་གོ་གནས་ལ་འོས་འཚམས་ལྡན་པའི་མིི་ཞིག་འཇོག་པོའི་གཙུག་ནོར་ལས་ཀྱང་དཀོན་པས་ལན་པ་རེད། འུ་མ་ཐུག མུ་མཐུད་ནས་འཚོལ་རོགས༽
སྐུ་ཚབ་ཚོགས་པ་མ་བརྗེས་མི་ཚེ་རྫོགས་སོང་།།
༼མི་ཚེ་རྫོགས་ན་བརྗེས་དགོས་དོན་ཅི་ཡོད། ད་གཞན་ཞིག་འཚོལ་རོགས།༽
བོད་ཀྱི་རྩ་དོན་རྩེད་མོའི་སྲོལ་དུ་མ་འཇོག།
བཀའ་བློན་ཁྲི་བ་གཞོན་སྐྱེས་རྣམས་ལ་སྤྲོད་རོགས།།
ཆོས་རྒྱལ་སྤྱི་འཐུས་རྩ་ནས་མེད་པ་བཟོ་རོགས།།
སྒེར་དོན་མ་གླེང་རྩ་དོན་ཕྱོགས་སུ་འབད་རོགས།།
འདི་ལྟར་བྱས་ན་རེ་བ་ཅུང་ཙམ་ཡོད་སྲིད།།
༼འོ་ཡ། ད་ཡང་དོན་མེད་ཀྱི་ལ་རྒྱ། འབྲས་བུ་མེད་པའི་སྐད་ཆ། སྙིང་པོས་དབེན་པའི་ཁ་ཏ་ཞིག་གླེང་འགོ་ཚུགས་སོང་།༽
ཆབ་སྲིད་ཆོས་པས་ཉར་ན་ཡར་རྒྱས་མི་སྲིད།།
ཟེར་ན་ལོ་ངོ་ལྔ་བཅུའི་རིང་དུ་༧གོང་ས་མཆོག་གིས་དབུ་ཁྲིད་པའི་དམངས་གཙོའི་ལམ་ལུགས་ལ་ཡར་རྒྱས་མེད་པ་རེད་དམ། ད་དུང་འདྲི་རྒྱུ་མང་པོ་ཡོད་དེ་དྲ་ཐོག་ནས་གཡེང་བསྡད་ན་དོན་འབྲས་མི་འདུག་པས་འགྲོ་ནི་ཡིན།
ཁ་བརྡའི་ནང་ནས་ཁ་སྟོང་མ་བཤད་ལོ། །
རང་གིས་འབྱོན་ན་ལམ་ཁ་མང་ནི་རེད། །
མཛུབ་མོ་རང་ལ་བཙུགས་ནས་འདང་ཟི་རྒྱོགས། །
ཚིག་གསུམ་འདི་ནི་ཕ་མའི་སྙིང་གཏམ་ཡིན། །
ཨ་རིག་དགེ་མཐོང་།
ཨ་ཙི་ཁྱེད་རང་ཆོས་དད་ཞེན། །
རིག་གཞུང་དྲི་མ་དེ་བས་དབེན། །
དགེ་སེམས་དགའ་སེམས་ཉུང་བའི་སྐྱོན། །
མཐོང་རྒྱ་ཐོས་རྒྱ་ཕྱོགས་གཅིག་ཙམ། །