རིག་འབྱུང་དོན་གྲུབ་བཀྲ་ཤིས། ཡོ་རོབ།
—————-
ངེད་ཀྱི་དཔལ་འབྱོར་རིག་པའི་རྒན་ལགས་ཀྱིས་ཐེངས་འགར་སྐད་ཆ་འདི་འདྲ་ཞིག་གླེང་སོང་། ཁྱེད་ཚོས་དཔལ་འབྱོར་རིག་པ་སྦྱང་བའི་དུས་ཚོད་འདི་ཧ་ཅང་ཡག་པོ་ཞིག་ལ་འཁེལ་འདུག་ཟེར། གང་ཡིན་ཞེ་ན། ཨ་རི་གཙོ་བྱས་བའི་ཡོ་རོབ་དང་ཨ་ཤེ་ཡ་བཅས་སུ་དཔལ་འབྱོར་ཉམས་རྒུད་བྱུང་བ་འདིས་ཁྱེད་ཅག་གི་འཁྲིད་གཞིའི་སློབ་ཚན་དངོས་ཡོད་གནས་སྟངས་དང་ཉེ་བར་སྦྱར་བ་རེད་ལ་དེས་ཁྱེད་ཅག་ལ་དཔལ་འབྱོར་རིག་པ་སྦྱངས་བའི་སྐུལ་མ་ཡང་གསར་བ་ཞིག་གཏོང་གིན་ཡོད་པ་རེད་ཟེར། ཕལ་ཆེར་རྒན་ལགས་ཀྱི་སྐད་ཆ་དེ་བདེན་པ་འདྲ། ངེད་ཀྱི་སློབ་གྲོགས་ཚོས་ཀྱང་དེ་ལྟར་བསམ་འདུག ཨ་རིའི་དཔལ་འབྱོར་ཉམས་རྒུད་ཀྱི་སྐོར་ནས་རྩོམ་ཐུང་ཞིག་འབྲི་དགོས་བསམ་བའི་བསམ་བློ་དེ་ཟླ་གཅིག་གཉིས་ཀྱི་སྔོན་ནས་འཁོར། དེ་དང་འབྲེལ་ནས་ཚགས་དེབ་ཀྱང་བཅུ་གྲངས་ཤིག་བསྟུད་མར་བྐླགས། གནས་ཚུལ་གལ་ཆེན་འགའ་ཟིན་བྲིས་སུ་བཏབས། སྒྱིད་ལུག་དང་ལེ་ལོའི་དབང་གིས་ཟིན་བྲིས་དེ་ཚོ་ཡང་བོར། རྩོམ་ཐུང་འབྲི་རྒྱུའི་སེམས་ཤུགས་དེ་ཡང་རེ་ཞིག་བརླགས། དེ་རིང་ཡང་བསྐྱར་རྩོམ་ཐུང་དེ་སེམས་ལ་འཁོར། ཨུ་ཚུགས་ཀྱིས་མནན་ཏེ་འབྲི་མགོ་བརྩམས།
དཔལ་འབྱོར་ཉམས་ཞིབ་པ་དང་ཞིབ་འཇུག་པ་མང་པོ་ཞིག་གིས་ཐེངས་འདིའི་ཨ་རིའི་དཔལ་འབྱོར་ཉམས་རྒུད་ཀྱི་འབྱུང་རྩ་གཙོ་བོ་ནི་ཁང་པ་ཉོ་ཚོང་དང་དངུལ་ཁང་ཆེ་ཁག་གི་དངུལ་གྱི་འཁོར་རྒྱུག ནང་འདྲེན་དངུལ་རྩའི་འཁོར་རྒྱུག་གསུམ་རེད་བརྗོད་ཀྱི་ཡོད། ད་དུང་ཉམས་ཞིབ་པ་གཞན་ཁག་ཅིག་གིས་བརྗོད་ན། གནད་དོན་འདི་གསུམ་པོ་རྐྱང་བ་མ་ཡིན་པར་རྒྱུ་རྐྱེན་གཞན་པ་ཡང་ཡོད་རེད་ཟེར། གང་ལྟར། དེ་དག་མཐའ་གཅིག་ཏུ་མ་རེད་ཟེར་ག་ལ་ཐུབ། ཁང་པ་ཉོ་ཚོང་དང་དངུལ་ཁང་གི་དངུལ་གྱི་འཁོར་རྒྱུག ནང་འདྲེན་དངུལ་རྩའི་འཁོར་རྒྱུག་གསུམ་ནི་གཅིག་རྒྱབ་གཅིག་ལངས་ལྟ་བུ་ཆགས་འདུག་སྙམ། ཨ་རིར་མཚོན་ན་ཁང་པ་ཉོ་ཚོང་གི་ཐད་ནས་བུན་གཏོང་བྱེད་མཁན་གཙོ་བོ་གཉིས་ནི་ Fanny Mae དང Freddie Mac ཞེས་བའི་བཟོ་ཚོང་ཁང་འདི་གཉིས་ཡིན་ལ། བཟོ་ཚོང་ཁང་འདི་གཉིས་ཀྱིས་གཙོ་བོ་ཁང་པ་ཉོ་ཚོང་གི་ཁྲོམ་རའི་ཐོག་ཏུ་མི་མང་ལ་བུན་གཏོང་གི་ལས་ཀ་དག་བརྒྱུད་ནས་བྱེད་ཀྱི་ཡོད། བཟོ་ཚོང་ཁང་འདི་གཉིས་ཀྱི་ཚོང་ལས་ཀྱི་དམིགས་གཏད་གཙོ་བོ་གསུམ་ནི་མི་ཚང་སྒེར་བའི་ཁང་པ་ཉོ་ཚོང་དང་སྤྱི་ཚོགས་དང་ཚོགས་པ་ཁག་གི་ཁང་བ་ཉོ་ཚོང་དང་དེའི་འཛུགས་བསྐྲུན། གཞན་མ་རྩའི་ཁྲོམ་ར་གསུམ་ཡིན། ནམ་རྒྱུན་དངུལ་ཁང་ནས་མི་མང་ལ་ཁང་པ་ཉོ་བར་དངུལ་གཡར་བ་དེ་ལ་ Mortgage ཟེར་གྱི་ཡོད་ཅིང་། ཐེངས་འདིའི་དཔལ་འབྱོར་གྱི་ཉམས་ཉེས་ནི་དངུལ་གཡར་བ་དེ་གཅིག་པོ་མིན་པར་དངུལ་གཡར་བ་དེའི་བུ་ལོན་ཕྱིར་་སྤྲོད་མ་ཐུབ་དེ་ཡིན་ལ་དེ་ལ Subprime Mortgage ཟེར་གྱི་ཡོད། དངུལ་ཁང་ནས་ཁང་ཉོའི་ཆེད་དུ་དངུལ་གཡར་བ་དེའི་བུ་ལོན་ཕྱིར་སྤྲོད་མ་ཐུབ་པའི་རྒྱུ་རྐྱེན་ཅི་རེད་ལབ་ན། མང་པོ་ཞིག་གིས་འདི་ལྟར་འགྲེལ་བཤད་རྒྱག་གིན་ཡོད། དངུལ་ཁང་ཁག་གིས་མི་མང་ལ་ཁང་པ་ཉོ་བའི་བུ་ལོན་གཡར་བའི་གྲངས་ཚད་མང་དུ་ཕྱིན་པ་རེད། བུ་ལོན་ཅི་ཙམ་མང་པོ་གཡར་བ་དེ་ཙམ་གྱིས་ཁང་པ་ཉོམཁན་ཡང་མང་དུ་ཕྱིན་པ་རེད། ཁང་པ་ཉོ་མཁན་མང་དུ་ཕྱིན་པ་ན། ཁང་པ་ཉོ་ཚོང་གི་ཁྲོམ་རའི་ཐོག་ཏུ་ཁང་པའི་གོང་ཚད་ཀྱང་མཐོ་རུ་ཕྱིན་པ་རེད། དེར་བརྟེན།་ཁང་པའི་གོང་ཚད་མཐོ་རུ་ཕྱིན་པ་ལ་བརྟེན་ནས་ཐོག་མའི་ཆར་ཁང་པ་ཉོ་མཁན་མང་པོ་ཞིག་གིས་བུ་ལོན་ཕྱིར་སྤྲོད་བྱེད་མ་ཐུབ་པ་རེད། བུ་ལོན་ཕྱིར་སྤྲོད་བྱེད་མ་ཐུབ་ཙང་། དངུལ་ཁང་ཁག་གིས་བུ་ལོན་གཡར་གཏོང་བྱེད་ས་དེའི་རྩ་ནས་ཁང་པ་གཞུང་བཞེས་བཏང་ཏེ་ཁང་པ་དེ་ཕྱིར་ཁྲོམ་རའི་ཐོག་བཙོང་བ་རེད། ཁང་པ་དེའི་གོང་ཚད་སྔར་ལས་ལྡབ་འཕར་བྱུང་ཡོད་ཙང་དངུལ་ཁང་ཁག་ལ་ཁེ་ཕོག་ཆེན་པོ་རེག་ཡོད་པ་རེད། འོན་ཀྱང་། མཐའ་མར་ཁང་བའི་གོང་ཚད་མཐོ་ནས་མཐོ་རུ་ཕྱིན་པ་ལ་རྐྱེན་བྱས་ནས་མི་མང་དཀྱུས་མ་མང་པོ་ཞིག་གིས་ཁང་པའི་བུ་ལོན་སྤྲོད་མ་ཐུབ་རེད་ལ་དངུལ་ཁང་ཁག་ནས་བུ་ལོན་གཡར་མཁན་ཡང་ཉུང་དུ་འགྲོ་བའིགནས་སྟངས་ཆགས་པ་རེད། བུ་ལོན་ཕྱིར་སྤྲོད་མ་ཐུབ་པའི་གནས་སྟངས་འོག་དངུལ་ཁང་མང་པོ་ཞིག་གི་མ་རྩ་རྡུབ་འགོ་ཚུགས་པ་རེད། དཔེར་ན། ཨ་རིའི་དངུལ་ཁང་ཆེ་ཁག་ལ་མཚོན་ན་བུ་ལོན་བརྒྱ་ཆ་གསུམ་ཙམ་ཕྱིར་མ་རེག་པ་ཡིན་ན། དེས་དངུལ་འབོར་ཐེར་འབུམ་༤༠༠ཙམ་ཟིན་གྱི་ཡོད།
འབྱུང་རྐྱེན་འདིའི་རྒྱབ་ལྗོངས་ཀྱི་གནས་ཚུལ་ཤེས་རྟོགས་ཐུབ་རྒྱུ་ནི་ཧ་ཅང་གལ་ཆེན་པོ་ཆགས་ཀྱི་ཡོད། དངུལ་ཁང་ཆེ་ཁག་ཕལ་ཆེ་བར་ Fractional reserve system ཟེར་བའི་དངུལ་གྱི་ཟུར་འཇོག་ཆ་བགོས་ལམ་ལུགས་ཤིག་ཡོད་ལ་ལམ་ལུགས་འདིའི་ལག་ལེན་འོག་ཁེ་ཕོག་ཕོན་ཆེ་རེག་སྲིད་པ་ཞིག་རེད་ལ་གྱོང་གུད་ཀྱང་ཕོན་ཆེ་ཡང་རེག་སྲིད་པ་ཞིག་རེད། ཁེ་ཕོག་རེག་དང་གྱོད་གུད་རེག་མིན་གཙོ་བོ་ལམ་ལུགས་འདིའི་སྟངས་འཛིན་ལ་རག་ལས་ཀྱི་ཡོད། ལམ་ལུགས་འདི་ནི་དངུལ་ཁང་ཁག་གི་དངུལ་ཟུར་འཇོག་གི་གྲངས་ཀ་ནི་དངུལ་ཁང་ཁག་གི་དངུལ་ཕྱིར་གཏོང་གི་གྲངས་ནས་ལྡབ་འགྱུར་གྱིས་ཆུང་བ་ཡོད་པ་དེ་རེད། དཔེར་ན། དངུལ་ཁང་ཞིག་ལ་ཨ་སྒོར་༣༠༠བཅོལ་བ་ཡིན་ན་དངུལ་ཁང་དེས་ཨ་སྒོར་༣༠༠ལས་༡༠ ཟུར་འཇོག་དང་གཞན་ཚང་མ་ཕྱིར་གཏོང་བྱེད་ཀྱི་ཡོད། གལ་སྲིད་དངུལ་ཁང་དུ་དངུལ་བཅོལ་མཁན་རྣམས་ཀྱིས་སྡེབས་གཅིག་ལ་དངུལ་རྣམས་དངུལ་ཁང་ནས་ཕྱིར་བཏོན་པ་ཡིན་ན། དངུལ་ཁང་གིས་དངུལ་བཅོལ་འཇོག་བྱས་བ་ཆ་ཚང་སྤྲོད་མི་ཐུབ། རྒྱུ་མཚན་། དངུལ་ཁང་རང་གི་ལག་པར་ཟུར་འཇོག་གི་དངུལ་མ་གཏོགས་མེད། ཕྱིར་གཏོང་གི་ཁོངས་སུ་བུ་ལོན་གཏོང་བ་དང་མ་རྩ་འཛུགས་པ། མ་ཤེར་ཉོ་བ་སོགས་ཁེ་གཉེར་སྣ་མང་འདུས་ཀྱི་ཡོད་པ་རེད། ཕྱི་ལོ་༢༠༠༧ལོའི་ལོ་མཇུག་ཏུ་ཤེས་རྟོགས་བྱུང་བར་གཞིགས་ན་། ཨ་རིའི་དངུལ་ཁང་ཕལ་མོ་ཆེས་ཟུར་འཇོག་དང་ཕྱིར་གཏོང་གི་བསྡུར་ཚད་ནིཨ་སྒོར་༡༈༣༠ཡིན་འདུག
དེར་བརྟེན། གཙོ་བོ་དངུལ་གྱི་ཟུར་འཇོག་ཆ་བགོས་ལམ་ལུགས་འདིར་སྟངས་འཛིན་ཚུལ་ལྡན་ཞིག་བྱེད་ཐུབ་མིན་ལ་རག་ལས་ཀྱི་ཡོད། འོ་ན། དངུལ་གྱི་འཁོར་རྒྱུག་ལམ་ལུགས་འདིར་སྟངས་འཛིན་ཡག་པོ་ཞིག་བྱས་ཡོད་དམ་མེད་ལབ་ན། ཡོད་པ་མ་རེད། མེད་པའི་རྐྱེན་གྱིས་ཨ་རིའི་དཔལ་འབྱོར་སྤོ་ལུགས་པའི་གནས་ཚུལ་འདི་བྱུང་བ་རེད། དེ་ཡང་དངུལ་ཁང་གི་དངུལ་གྱི་ཟུར་འཇོག་ཆ་བགོས་ལམ་ལུགས་འདི་གཅིག་པོ་མ་ཡིན་པར་དངུལ་ཁང་ནང་གི་ལས་བྱེད་ཁག་གི་བྱ་སྤྱོད་དང་ཡང་འབྲེལ་བ་ཆགས་ཀྱི་ཡོད། དངུལ་ཁང་ནང་གི་ཁང་པ་ཉོ་ཚོང་གི་སྒང་ན་ལས་ཀ་བྱེད་མཁན་ཚོས་ཁང་པ་ཅི་ཙམ་གྱིས་མང་བ་ཁྲོམ་རའི་ཐོག་ལ་བཙོང་ཐུབ་ན་ཡིན་ན་དེ་ལ་སོ་སོའི་ཟླ་རེའི་གླ་ཆའི་སྒང་ལ་གླ་འཕར་མ་རེག་གི་ཡོད་པ་རེད། ལས་བྱེད་མང་པོ་ཞིག་གིས་སྒེར་གྱི་ཁེ་ཕན་གཙོ་བཟུང་གིས་བྱ་བཞག་གཉེར་བ་ཡིན་ཙང་དེས་ཀྱང་དཔལ་འབྱོར་ཉམས་རྒུད་ལ་རྐྱེན་བྱས་ཡོད། གོང་དུ། ཞིབ་འཇུག་པ་ཁག་ཅིག་གིས་ཨ་རིའི་དཔལ་འབྱོར་ཉམས་རྒུད་ཀྱི་འབྱུང་རྩ་གཙོ་བོ་ནི་ཁང་པ་ཉོ་ཚོང་དང་དངུལ་ཁང་ཆེ་ཁང་ཁག་གི་དངུལ་གྱི་འཁོར་རྒྱུག ནང་འདྲེན་དངུལ་རྩའི་འཁོར་རྒྱུག་གསུམ་པོ་རྐྱང་བ་མ་ཡིན་པར་རྒྱུ་རྐྱེན་གཞན་ཇི་སྙེད་ཅིག་ཡོད་རེད་ཟེར་མཁན་ཚོས། གནད་དོན་གཞན་གཅིག་ནི་བཟང་སྤྱོད་ཟེར་བ་དེ་རེད་ལབ་གྱི་ཡོད། རྒྱུ་མཚན། དངུལ་ཁང་དུ་ལས་ཀ་བྱེད་མཁན་རྣམས་ལ་ཉོ་ཚོང་དང་ཁེ་ཕན་གཙོ་གཉེར་གྱི་རིག་པ་མ་གཏོགས་བཟང་སྤྱོད་མེད་ཙང་ཨ་རིའི་དཔལ་འབྱོར་ཚད་འདི་ལ་སྐྱེལ་བ་རེད་ལབ་ཀྱི་ཡོད། ཨ་རིའི་དངུལ་ཁང་ཆེ་ཁག་གི་མ་རྩ་བརྡུབས་འགོ་ཚུགས་པ་ལ་བརྟེན་དངུལ་ཁང་ཁག་གི་མ་ཤེར་བདག་པོ་དང་མ་འཇོག་བདག་པོ་གཉིས་ཀར་གྱོད་གུད་རེག་འགོ་ཚུགས་པ་རེད། དཔེར་ན། ཨ་རིའི་དངུལ་ཁང་ཆེ་ཤས་ སྐྲདྲྤདྲ ལྟ་བུར་མཚོན་ན་བསྡོམས་དངུལ་གྱི་བརྒྱ་ཆ་༡༦ འཇོག་མཁན་ཨ་རིའི་ནང་ཁུལ་དང་ལྷག་མ་བརྒྱ་ཆ་༨༤དེ་ཕྱིའི་རྒྱལ་ཁབ་ཁག་ནས་ཡིན། དེར་བརྟེན།
ཨ་རིའི་དངུལ་ཁང་ཆེ་ཁག་ལ་དངུལ་བཅོལ་འཇོག་བྱེད་མཁན་གྱི་མི་སྒེར་དང་ཚོང་ཤག བཟོ་གྲ་ཆེ་ཁག་སོགས་ལ་གྱོང་གུད་ཚབས་ཆེན་ཐེབས་པ་མ་ཟད་དེ་དང་དེ་ལ་འབྲེལ་བའི་སོ་སོའི་རྒྱལ་ཁབ་ཀྱི་དཔལ་འབྱོར་ལ་ཡང་གྱོང་གུད་ཐེབས་པ་རེད། དཔེར་ན། ཡོ་རོབ་ཀྱི་ Iceland ལྟ་བུར་མཚོན་ན་གཞུང་གི་དངུལ་ཁང་ཆེ་ཁག་མང་པོ་ཞིག་གིས་ཨ་རིའི་དངུལ་ཁང་ཆེ་ཁག་ལ་མ་རྩ་བཅོལ་འཇོག་བྱས་ཡོད་ཙང་། ཨ་རིའི་དངུལ་ཁང་ཁག་གི་མ་རྩ་བརྡུབས་འགོ་ཚུགས་པ་ལ་བརྟེན་ནས་ Iceland དངུལ་ཁང་ཆེ་ཁག་ལ་ཡང་དཀའ་ངལ་ཅིག་ཅར་ཏུ་འཕྲད་པ་རེད།
ད་ཕན་ཨ་རིའི་དངུལ་ཁང་ཁག་ནས་ཁྱོན་མ་དངུལ་ཨ་སྒོར་ཐེར་འབུམ་༣༣༥ཙམ་བརླགས་ཡོད། དཔེར་ན། Bank Of America ཡི་མ་དངུལ་ཨ་སྒོར་ཐེར་འཐུམ་༡༥༩་༧ ནས་ཨ་སྒོར་ཐེར་འབུམ་༣༧་༡ བར་མར་ཆགས་པ་དང་ JP morganchase ཡི་མ་དངུལ་ཨ་སྒོར་ཐེར་འབུམ་༡༧༤་༡ནས་ཨ་སྒོར་ཐེར་འབུམ་༡༠༣་༣ བར་མར་ཆགས་ཡོད་། སྐྲདྲྤདྲདེ་མ་དངུལ་ཨ་སྒོར་ཐེར་འབུམ་༡༡༠་༤ ནས་ཨ་སྒོར་ཐེར་འབུམ་༢༢་༩བར་མར་ཆགས་འདུག
WELLSFARGO དེ་མ་དངུལ་ཨ་སྒོར་ཐེར་འབུམ་༡༢༤་༧ ནས་ཨ་སྒོར་ཐེར་འབུམ་༧༠་༥ བར་མར་ཆགས་ཡོད་འདུག
ད་ཕན་ཨ་རིའི་དཔལ་འབྱོར་ཉམས་རྒུད་ཁྲོད་ཀྱི་དཀའ་ངལ་ཆེ་ཤོས་དེ་ལས་མེད་ཀྱི་དཀའ་ངལ་དེ་ཆགས་ཀྱི་ཡོད། ན་ནིང་གི་ཕྱི་ཟླ་དགུ་བ་ནས་ད་ལྟ་བར་གྱི་ཨ་རིའི་ལས་མེད་ཀྱི་ ༨% ཟིན་གྱི་ཡོད་ལ་ཞིབ་འཇུག་པ་མང་པོ་ཞིག་གིས་ཚོད་དཔག་བྱས་བར་གཞིགས་ན་ཉིས་སྟོང་བཅུ་ལ་ལས་མེད་ཀྱི་གྲངས་དེ་བརྒྱ་ཆ་བཅུ་ཟིན་གྱི་རེད་བརྗོད་ཀྱི་ཡོད།
ལས་མེད་ཀྱི་དཀའ་ངལ་ཐུག་ས་དེ་བཟོ་གྲ་ཁག་ལ་ཐུག་གི་ཡོད། གནད་དོན་འདིའི་རྒྱུ་རྐྱེན་འདི་ཕུགས་དེད་ན་བཟོ་གྲ་ཁག་དང་དངུལ་ཁང་བར་གྱི་འབྲེལ་བར་འཁེལ་གྱི་ཡོད།
དེ་ནི་ནམ་རྒྱུན་བཟོ་གྲ་ཆེ་ཁག་མང་ཆེ་བས་དངུལ་ཁང་གི་རྩ་ནས་དངུལ་སྔ་གཡར་བྱས་ཏེ་ཚོང་ལས་གཉེར་གྱི་ཡོད་ཅིང་དེ་ལ་ Revoral creditline ཟེར། དངུལ་ཁང་ཁག་ལ་དཀའ་ངལ་འཕྲད་པ་ལ་བརྟེན་ནས་བཟོ་གྲ་ཁག་དང་དངུལ་ཁང་དབར་གྱི་དངུལ་གཡར་གཏོང་གི་འཁོར་རྒྱུག་དེ་འགག་པ་རེད། དངུལ་གཡར་གཏོང་གི་འཁོར་རྒྱུག་འགག་པ་ལ་བརྟེན་ནས་བཟོ་གྲ་ཁག་གི་ཅ་དངོས་ཉོ་འཚོང་གི་འཁོར་རྒྱུག་འགག་པ་རེད། ཅ་དངོས་ཉོ་འཚོང་གི་འཁོར་རྒྱུག་འགག་པ་ལ་བརྟེན་ནས་ཅ་དངོས་ཐོན་སྐྱེད་ཀྱི་གྲངས་འབོར་མར་ཆགས་པ་རེད། ཅ་དངོས་ཐོན་སྐྱེད་ཀྱི་གྲངས་འབོར་མར་ཆགས་པ་ལ་བརྟེན་ནས་ལས་བཟོ་བའི་དགོས་མཁོ་ཉུང་དུ་ཕྱིན་ཅིང་དེ་ལ་བརྟེན་ནས་ལས་མེད་ཀྱི་གྲངས་ཀ་འཕར་བ་རེད། དེར་བརྟེན་ཨ་རིའི་རླངས་འཁོར་གྱི་བཟོ་གྲ་ཆེ་ཤོས་གསུམ་སྟེ་ GM དང་ Ford Chrysler བཅས་ལ་དཀའ་ངལ་འཕྲད་འགོ་ཚུགས་པ་རེད། GM ཡི་ཕྱིར་འཚོང་ ༤༡% ཆགས་ཡོད་པ་དང་ Ford ཡི་ཕྱིར་འཚོང་ ༣༡% མར་ཆགས་འདུག Chrysler ཡི་ཕྱིར་འཚོང་ ༤༧% ཆགས་ཡོད། བཟོ་ཁང་འདི་དག་གི་ཕྱིར་གཏོང་ཐོན་སྐྱེད་ཀྱི་གྲངས་འབོར་མར་འཕྲི་བ་ལ་བརྟེན་ནས་ལས་མེད་ཀྱི་གྲངས་འབོར་མང་དུ་འཕེལ་བ་རེད། ཨ་རིའི་གཞུང་གིས་ཕྱི་ལོ་༢༠༠༨ལོའི་ཕྱིཟླ་༡༠པའི་ཚེས་༣ཉིན་ཨ་སྒོར་ཐེར་འབུམ་༣༥༠དང་སྤྱི་ལོ་༢༠༠༩ལོའི་ཟླ་༡པའི་ཚེས་༡༥ཉིན་ཨ་སྒོར་ཐེར་འབུམ་༣༥༠བཅས་ཁྱོན་ཨ་སྒོར་ཐེརའབུམ་༧༠༠དཔལ་འབྱོར་སླར་གསོའི་ཆེད་དུ་བཏང་ནས་ཁོངས་ནས་བཟོ་གྲ་འདི་གསུམ་གྱིས་ཨ་སྒོར་ཐེར་འབུམ་༣༤སློང་དགོས་ཆགས་ཡོད།
ལྷག་པར་དུ་ཉེ་བའི་ཟླ་འགོ་ནས་བཟུང་དེ་ GM ལ་དཀའ་ངལ་ཤུགས་ཆེར་འཕྲད་ཏེ་ད་ནི་བདུན་ཕྲག་་གཉིས་སམ་གསུམ་གྱི་ནང་ཚུན་ལ་སྒོ་རྒྱག་དགོས་བའི་གནས་སྟངས་ལ་ལྷུང་ཡོད།
དེ་ཡང་འདིར་ཞོར་འཕྲོས་ཙམ་བརྗོད་ན། ཉམས་ཞིབ་པ་མང་པོ་ཞིག་གིསཨ་རིའི་དཔལ་འབྱོར་ཉམས་རྒུད་འདི་དངུལ་ཁང་དང་བཟོ་ཚོང་ཁག་གི་གནད་དོན་གཅིག་པོ་མ་ཡིན་པར་དགུ་བའི་བཅུ་གཅིག་གི་དོན་རྐྱེན་གྱིས་དབུ་བསླངས་ཏེ་ཨ་རི་གཙོ་བྱས་ནས་འཛམ་གླིང་ཡོངས་ལ་འཇིགས་སྐུལ་རིང་ལུགས་པར་ཁ་གཏད་གཅོག་པའི་ཆེད་དུ་དམག་འཁྲུག་འགོ་བསླངས་བ་དང་ཕྱི་ལོ་༢༠༠༣ལོའི་ཟླ་དང་པོ་ནས་བཟུང་ཏེ་ཨི་རག་ལ་བཙན་འཛུལ་བྱས་ཏེ་མི་རྒྱུའི་འགྲོ་སོང་ཕོན་ཆེ་བཏང་བ་གཉིས་ཀྱང་འབྲེལ་བ་ཡོད་ཟེར། འབྲེལ་བ་ཁྱོན་ནས་མེད་པ་ཅི་ལ་ཡིན་དེ། འབྱུང་རྩ་གཙོ་བོ་དེ་ཕལ་ཆེར་མ་རེད།
ཉམས་ཞིབ་པ་མང་པོ་ཞིག་གི་རྩོད་གླེང་ནི་ཨི་རག་ལ་དམག་རྒྱག་རྒྱུའི་འགོ་འདྲེན་བྱེད་གཏེ་དང་ WMDཡི་དོན་རྐྱེན་སློང་མཁན་གཉིས་ད་ལྟའི་སྲིད་འཛིན་ཟུར་བ་བྷུའུ་ཤུ་ཡིན་མིན་དེ་རེད། མང་པོ་ཞིག་གིས་སྲིད་འཛིན་བྷུའུ་ཤུ་ཡི་འདས་བའི་ལོ་ངོ་བརྒྱད་རིང་གི་འཛིན་སྐྱོང་གི་ལས་དོན་མང་པོ་ཞིག་ནང་ཁུལ་ནས་ཧ་ཅང་གསང་བ་ཡིན་པ་རེད་ཟེར་ལ་སྲིད་འཛིན་ཁོང་ནི་ལས་དོན་མང་པོ་ཞིག་གི་སྣེ་འདྲེན་མཁན་མ་རེད་ཟེར། ལས་དོན་ཇི་སྙེད་ཅིག་གི་ཇུས་འདོན་མཁན་དང་སྣེ་འདྲེན་མཁན་གཙོ་བོ་ནི་སྲིད་འཛིན་གཞོན་པ་ Dick cheney དང་བདེ་སྲུང་དྲུང་ཆེ་ Donald Rumsfeld ། རྒྱལ་སྲིད་དྲུང་ཆེ་ Condoleezza Rice སྲིད་འཛིན་སློབ་སྟོན་ཚོགས་པའི་ཚོགས་མི་རྒན་པ་ Karl Rove བཅས་རེད་ཟེར།་ ལྷག་པར་དུ་ WMD ཡི་དོན་རྐྱེན་བསླངས་མཁན་གཙོ་བོ་རྒྱལ་སྲིད་དུང་ཆེ་ལྕམ་ Condoleezza Rice དེ་རེད་ཟེར། ཨི་རག་ལ་དམག་གི་མགོ་འདྲེན་བྱེད་མཁན་གཙོ་བོ་སྲིད་འཛིན་གཞོན་པ་རེད་ཟེར། རྒྱུ་མཚན་དེ་ལ་བརྟེན། ཕྱི་ལོ་༢༠༠༦ནས་བཟུང་སྲིད་འཛིན་བྷུའུ་ཤུ་སྲིད་འཛིན་གཞོན་པར་ཡིད་ཆེས་བརླགས་ཡོད་པ་མ་ཟད་ཁོང་གི་རྩ་ནས་བསམ་ཚུལ་ལེན་རྒྱུ་ཡང་མཚམས་བཞག་པ་རེད་ཟེར། ད་དུང་ཨི་རག་ལ་དམག་རྒྱག་རྒྱུའི་གནད་དོན་ཐད་ཀྱང་སྲིད་འཛིན་རང་ངོས་ནས་ཕྱི་ལོ་༢༠༠༣ལོའི་ཟླ་༡པོར་ཐག་གཅོད་གནང་ཡོད་ཀྱང་། ཁོང་གི་ཉེ་འཁོར་གྱི་སྲིད་སྐྱོང་གི་ལས་དོན་སྒྲུབ་མཁན་ཚོའི་ནང་ཁུལ་དུ་ཐག་གཅོད་དེ་ཕྱི་ལོ་༢༠༠༢ལོའི་དབྱར་ཁ་ནས་བྱུང་འདུག་ཟེར།
ད་འདི་ཚོ་བཤད་ནས་ཅི་བྱེད། དེ་ལས་སྐབས་བབ་ཀྱི་གནད་དོན་སྒང་ལ་འབབ།
ཨ་རིས་རྒྱལ་སྤྱིའི་དཔལ་འབྱོར་གྱི་ཚོང་ཤག་གི་ ༤༠% ཟིན་གྱི་ཡོད་པར་བརྟེན། ཨ་རིའི་དཔལ་འབྱོར་ཉམས་རྒུད་བྱུང་བ་ལ་བརྟེན་ནས་ཨེ་ཤ་ཡ་དང་ཡོ་རོབ་གཙོ་བྱས་བའི་ལྷོ་ཨ་མེ་རི་ཀའི་རྒྱལ་ཁབ་ཁག་ཅིག་གི་དངུལ་ཁང་དང་བཟོ་གྲ་ཁག་ལ་ཡང་དེ་མཚུངས་དཀའ་ངལ་འཕྲད་འགོ་ཚུགས་ཡོད།
འདིར་ཨ་རིའི་དཔལ་འབྱོར་ཉམས་རྒུད་ལས་འཕྲོས་ཏེ་རྒྱ་ནག་གི་དཔལ་འབྱོར་གནས་སྟངས་ཐད་ཅུང་ཟད་གླེང་ན། ཨ་རི་གཙོས་བའི་འཛམ་གླིང་སྤྱིའི་དཔལ་འབྱོར་ཉམས་རྒུད་དུ་ཕྱིན་པ་བརྟེན་ནས་རྒྱ་ནག་གི་ཚོང་ཟོག་ཕྱིར་གཏོང་ཁྱོན་ ༢༥་༧% མར་ཆགས་ཡོད་པ་དང་ཚོང་ཟོག་ནང་འདྲེན་ཁྱོན་ ༤༣% མར་ཆགས་ཡོད་འདུག ཕྱི་ལོ་༢༠༠༨ལོར་རྒྱ་ནག་གིས་རིན་འབབ་ཨ་སྒོར་ཐེར་འབུམ་༥ ཡི་རྩེད་ཆས་རིགས་རྒྱལ་སྤྱིའི་ཁྲོམ་རའི་སྒང་ལ་ཕྱིར་གཏོང་ཐུབ་ཡོད་ཅིང་སྔ་ལོ་དང་བསྡུར་ན་་ད་ལོར་རྩེད་ཆས་རིགས་ཕྱིར་གཏོང་དེ་ ༢༡་༨% མར་ཆགས་ཡོད་འདུག ཨ་རི་གཅིག་པོར་ཡང་ཕྱིར་གཏོང་ ༥་༢% ཆགས་འདུག རྒྱ་ནག་རྒྱལ་སྤྱིའི་ཐོག་གི་རྩེད་ཆས་རིགས་ཕྱིར་གཏོང་བྱེད་མཁན་རྒྱལ་ཁབ་ཆེ་ཤོས་དེ་ཡིན་མོད། ད་ཕན་ཁྱོན་རྒྱ་ནག་གི་རྩེད་ཆས་བཟོ་ཁང་ཁག་༣༦༣༡ལྷག་སྒོ་རྒྱག་དགོས་བྱུང་འདུག་ལ་དེ་དག་གིས་རྒྱ་ནག་གི་རྩེད་ཆས་བཟོ་གྲ་སྤྱིའི་ཕྱིར་གཏོང་གི་ ༥༢་༧% ཟིན་གྱི་ཡོད་འདུག རྩེད་ཆས་རིགས་ཀྱི་བཟོ་ཚོང་མང་པོ་ཞིག་སྒོ་རྒྱག་དགོས་ཐུག་དོན་འདི་ཡང་གནད་དོན་གཉིས་ལ་ཐུག་ཡོད་། གནད་དོན་དང་པོ་དེ་རྒྱ་ནག་གི་ཕྱིར་འཚོང་ཁྲོམ་ར་ཆེ་ཤོས་ཡོ་རོབ་དང་ཨ་རིའི་དཔལ་འབྱོར་ཉམས་རྒུད་ལ་ཕྱིན་པར་རྐྱེན་བྱས་བ་དང་། གནད་དོན་གཉིས་པ་དེ་རྩེད་ཆས་རིགས་ཀྱི་སྤུས་ཚད་སྐྱོ་རུ་སོང་བའི་རྐྱེན་གྱིས་རེད། རྒྱ་ནག་གི་བཟོ་ཚོང་ལས་རིགས་ཁག་ཅི་སྙེད་སྒོ་བརྒྱབ་དགོས་ཐུག་པ་ལ་བརྟེན་ནས་ད་ཕན་རྒྱ་ནག་ཁྱོན་ཡོངས་ལ་ད་ཕན་ལས་མེད་ཀྱི་གྲངས་འབོར་ས་ཡ་༢༠ ཆགས་འདུག་ ལས་མེད་ཀྱི་གྲངས་འབོར་མང་དུ་ཕྱིན་ན་ལས་མེད་ཚོས་གཞུང་ལ་ངོ་རྒོལ་ཤུགས་ཆེར་བྱེད་མི་སྲིད་པ་མིན་པས། དེ་རིང་སང་ཉིན་རྒྱ་ནག་སྲིད་གཞུང་གིས་སེམས་ཁྲལ་བྱེད་ས་གཙོ་བོ་ནི་སྤྱི་ཚོགས་བདེ་འཇགས་རེད། བོད་རིགས་རྩོམ་འབྲི་བ་ཚོའི་ནང་ན་ཨ་རི་གཙོ་བྱས་བའི་རྒྱལ་སྤྱིའི་དཔལ་འབྱོར་ཉམས་རྒུད་འདིས་བོད་ལ་ཤུགས་རྐྱེན་ཅི་ཞིག་ཐེབས་ཡོད་མེད་ཀྱི་སྐོར་ནས་གླེང་སློང་བྱེད་མཁན་རེ་ཟུར་ད་ཕན་འདུག་མོད། ངེད་ཀྱི་རྨོངས་འཆར་ནི། འདིས་བོད་རང་ལ་ཐད་ཀར་ཤུགས་རྐྱེན་ཐེབས་ཟེར་བ་འདི་བཤད་དཀའ་བའི་ཚོད་རེད། སྤྱིར་བཏང་ནས་བོད་ལ་དཔལ་འབྱོར་གྱི་ཡོངས་ཁུངས་ཡོད་ན་ཡང་དེའི་ཁེ་ཕན་ཟ་མཁན་རྒྱ་མི་ཡིན་པ་ནི་གསལ་བོ་རེད། ་བོད་ཁུལ་གྱི་ཐོན་སྐྱེད་རྒྱུ་ཆ་རིན་གོང་དམའ་བོའི་སྒོ་ནས་རྒྱ་ནག་ལ་ནང་འདྲེན་བྱེད་ཀྱི་ཡོད་པ་དང་རྒྱ་ནག་གིས་ཐོན་སྐྱེད་བྱས་བའི་དངོས་ཟོག་བོད་ནང་དུ་རིན་གོང་མཐོ་བོའི་སྒང་ནས་ཉོ་དགོས་བ་འདི་དངོས་ཡོད་གནས་སྟངས་ཤིག་རེད། དེ་མིན་བོད་དུ་ཅ་དངོས་དང་བཟའ་བཅའི་རིགས་ཀྱི་རིན་གོང་མཐོ་རུ་འགྲོ་གི་ཡོད་པ་ཡང་དངོས་ཡོད་གནས་སྟངས་རེད། གཞན་རྒྱ་ནག་ཏུ་ལས་མེད་ཀྱི་གྲངས་འབོར་མང་དུ་འཕེལ་བ་ལ་བརྟེན་ནས་བོད་ཁུལ་དུ་མི་འབོར་སྤོ་ཤུགས་མང་དུ་འགྲོ་སྲིད་པ་ཞིག་རེད་ལ་། རྒྱ་ནང་གི་བཟོ་གྲ་ཁག་ཏུ་ལས་རིགས་ཤོར་བའི་ལས་མེད་འདི་དག་བོད་ཁུལ་དུ་སྤོ་ཞུགས་བྱས་བ་ཡིན་ན། ལས་བཟོ་བ་འདི་དག་གི་ལག་རྩལ་དང་ཉམས་མྱོང་། ཤེས་ཡོན་སོགས་བོད་ཁུལ་གྱི་ལས་བཟོ་བ་ལས་ལྡབ་འཕར་གྱིས་ཡག་པ་ཡོད་ཙང་།བོད་ཁུལ་གྱི་བོད་རིགས་ལས་བཟོ་བའི་ལས་ཀ་འདི་དག་གི་ལག་ཏུ་ཤོར་སྲིད་པ་ཞིག་རེད། ད་དུང་ཉེ་བའི་ལོ་ཤས་ནས་བོད་ཁུལ་གྱི་བོད་རིགས་སློབ་ཆེན་སློབ་མ་མང་པོ་ཞིག་ལ་སློབ་མཐར་ཕྱིན་རྗེས་ལས་གནས་རེག་གི་མེད་པའི་དཀའ་ངལ་ཞིག་བྱུང་གི་ཡོད་ལ་དཀའ་ངལ་དེའི་རིགས་ཆེ་རུ་འགྲོསྲིད་པ་ཞིག་རེད། གཞན་བཙན་བྱོལ་མཚོན་ན། དཔལ་འབྱོར་ཉམས་རྒུད་འདིས་གཞུང་ལ་ཤུགས་རྐྱེན་ཐེབས་མིན་བརྗོད་དཀའ་མོད། ཚོང་ལས་སྡེ་ཁག་སྒེར་བ་ཚོའི་ནང་ན་ཕྱི་རྒྱལ་ཁག་ལ་ཅ་དངོས་ཕྱིར་གཏོང་བྱེད་མཁན་གྱི་རིགས་ཡོད་ན་ཅ་དངོས་ཕྱིར་གཏོང་གི་གྲངས་འབོར་མར་ཆགས་སྲིད་པ་རེད་ལ་། ཡང་ཨ་རི་གཙོ་བྱས་བའི་ཡོ་རོབ་ཁག་གི་ཡུལ་མི་དཀྱུས་མ་ཚོར་ལག་པ་བསྲིངས་མཁན་གྱི་ཚོགས་སྡེ་སྒེར་བ་ཁག་ལ་ཡང་དོ་ཕོག་ཅུང་ཟད་རེ་འགྲོ་སྲིད་པ་ཞིག་རེད། གང་ལྟར། ངེད་ཀྱི་བསམ་ཚུལ་ནི་བོད་ཕྱི་ནང་གཉིས་སུ་རང་གི་ངོ་བོ་མ་བརླགས་པའི་སྒོ་ནས་དཔལ་འབྱོར་རང་ཁ་རང་གསོ་ཐུབ་དགོས་རྒྱུ་གལ་ཆེ་གི། དེས་ན། ཇི་ལྟར་རང་གི་ངོ་བོ་མ་བརླགས་པར་དཔལ་འབྱོར་རང་གསོ་རང་གསོ་ཐུབ་དགོས་སམ་ཞེས་བའི་དྲི་བ་འདི་ནི་ཡོང་སྲིད་པ་ཞིག་རེད་ལ་ཡོང་དགོས་བ་ཞིག་ཀྱང་རེད། དེར་བརྟེན། བོད་ཕྱི་ནང་གཉིས་སུ་བོད་མིའི་དཔལ་འབྱོར་རང་ཁ་རང་གསོ་བྱེད་སྟངས་ཀྱི་སྐོར་ལ་རྨོངས་འཆར་གཞན་ཞིག་འབྲི་ཨེ་ཐུབ་བལྟ་གི་ཡིན།
བརྗོད་གཞི་འདིའི་ཕྱོགས་ན་མ་ཚང་བ་དང་མ་འཐུས་བ་ཡོད་ན་ཁ་བསྣོན་རྒྱག་་རོགས། རྩོམ་འབྲི་བ་ཚོའི་བསམ་ཚུལ་དང་མ་མཐུན་པ་ཡོད་ན་བགྲོ་གླེང་བྱེད་རོགས།
ྐློག་མཁན་རེ་གཉིས་ལ་ཕན་རེ་ཐོགས་སོང་ན་རྩོམ་ཐུང་འདིའི་དགོས་དམིགས་འགྲུབ་པ་ཡིན།
རྩོམ་ཐུང་འདི་འབྲི་བའི་སྐབས་སུ། ངེད་ཀྱི་སེམས་སུ་ངལ་དུབ་དང་སྐྱོ་སྣང་གི་ཚོར་བ་ཞིག་སླེབས། དེ་ནི་དཔལ་འབྱོར་རིག་པའི་སྐོར་གྱི་ཐ་སྙད་ཇི་སྙེད་ཅིག་རང་རེའི་སྐད་དུ་མེད་པ་དེ་རེད།
རང་རེའི་སྐད་དུ་བསྒྱུར་མེད་པ་དེ་རེད། ཞིབ་ཏུ་བསམ་ན། རང་རེའི་གནས་སྟངས་ཀྱང་ཚད་འདི་འདྲ་ཞིག་ལ་ལྷུང་ཡོད་པ་པ་འདྲ། གང་ལྟར། བོད་རིགས་ཤེས་ལྡན་པ་ཚོས་གནད་དོན་འདི་ཚོའི་རིགས་ལ་ཐུགས་བསམ་བཞེས་ནས་ལག་ལེན་ལ་འཇུག་པའི་དུས་བ་བབ་འདུག་སྙམ།
ཧ་ཅང་ཡག་པོ་འདུག མུ་འཐུད་ནས་སྤེལ་རོགས་ཞུ།
ྐློག་མཁན་རེ་གཉིས་ལ་ཕན་ཐོགས་བྱུང་ན། རྩོམ་ཐུང་རེ་འབྲི་ཨེ་ཐུབ་བལྟ་རྒྱུ་ནི་ངེད་ཀྱི་འོས་འགན་རེད།
དེ་རིང་སང་ཉིན་མང་པོ་ཞིག་གིས་ཐེངས་འདིའི་དཔལ་འབྱོར་ཉམས་རྒུད་ཀྱི་འབྱུང་རྩ་དེ་མ་རྩ་རིང་ལུགས་སམ་ཁྲོམ་རའི་དཔལའ་འབྱོར་གྱི་ལམ་ལུགས་འདིས་ལན་པ་རེད་ཟེར། འོན་ཀྱང་།
དཔལ་འབྱོར་ལམ་ལུགས་ཀྱི་སྐད་ཆ་འདི་རྩོད་གཞི་ཅན་རེད། ཕྱི་ལོ་༡༩༧༠ཡས་མས་ཀྱི་བར་ལ་འཛམ་གླིང་འདི་དཔལ་འབྱོར་གྱི་སྡེ་ཁག་ཆེན་པོ་གཉིས་སུ་གྱེས་ཡོད་འདུག དེ་ནི་མ་རྩའི་ལམ་ལུགས་སམ་ཁྲོམ་རའི་དཔལ་འབྱོར་དང་གཞུང་འཛིན་དཔལ་འབྱོར་ལམ་ལུགས་འདི་གཉིས་རེད། དེའི་རྗེས་སུ་ནུབ་ཕྱོགས་རྒྱལ་ཁབ་ཁག་གཙོ་བྱས་བའི་འཛམ་གླིང་གི་རྒྱལ་ཁབ་མང་དག་ཅིག་ཁྲོམ་རའི་དཔལ་འབྱོར་ལམ་ལུགས་ཀྱི་ཕྱོགས་སུ་ཕྱིན་པ་རེད་ལ་། མང་པོ་ཞིག་གིས་མཉམ་བསྲེས་དཔལ་འབྱོར་ལམ་ལུགས་ལག་ལེན་བསྟར་འགོ་ཚུགས་པ་རེད། དེ་རིང་སང་ཉིན་རྒྱལ་ཁབ་ཕལ་ཆེ་བའི་དཔལ་འབྱོར་ལམ་ལུགས་དེ་མཉམ་བསྲེས་དཔལ་འབྱོར་ལམ་ལུགས་རེད། ཐེངས་འདིའི་ཨ་རིའི་དཔལ་འབྱོར་ཉམས་རྒུད་ཀྱི་རྐྱེན་དེ་ཁྲོམ་རའི་དཔལ་འབྱོར་ལམ་ལུགསཀྱིས་བྱས་བ་རེད་ཟེར་མཁན་ནི་དཔལ་འབྱོར་རིག་པའི་ལྟ་གྲུབ་འཛིན་མཁན་དག་རེད། ཉམས་ཞིབ་པ་མང་པོ་ཞིག་གིས་ཐེངས་འདིའི་ཉམས་རྒུད་ཀྱི་རྐྱེན་གཙོ་བོ་དེ་ཁྲོམ་རའི་དཔལ་འབྱོར་ལམ་ལུགས་མ་ཡིན་པར་ཁྲོམ་རའི་དཔལ་འབྱོར་ལམ་ལུགས་ཚུལ་བཞིན་ཏུ་ལག་ལེན་མ་བསྟར་བའི་ལན་པ་རེད་ཟེར།
ཚུལ་བཞིན་ཏུ་ལག་ལེན་བསྟར་མ་བསྟར་འདི་གཙོ་བོ་དངུལ་ཁང་ཆེ་ཁག་ལ་རག་ལས་ཀྱི་ཡོད་པ་རེད། དངུལ་ཁང་ཁག་གི་དངུལ་གྱི་འཁོར་རྒྱུག་ཚུལ་བཞིན་ཏུ་ཡོང་མ་ཡོང་འདི་དངུལ་ཁང་གི་བྱེད་ལས་པའི་བྱ་སྤྱོད་དང་འབྲེལ་བ་ཆགས་ཀྱི་ཡོད་པ་རེད། དངུལ་ཁང་གི་ལས་བྱེད་པའི་བྱ་སྤྱོད་འདི་བཟང་སྤྱོད་དང་འབྲེལ་བ་འདུག ལྷག་པར་དུ། དེ་རིང་སང་ཉིན་མང་པོ་ཞིག་གིས་དཔལ་འབྱོར་རིག་པའི་གཞུང་ལུགས་ཀྱི་ཁོངས་སུ་བཟང་སྤྱོད་དགོས་བ་གལ་ཆེར་བརྩི་བཞིན་ཡོད། རྒྱུ་མཚན། དཔལ་འབྱོར་རིག་པའི་གཞུང་ལུགས་འདི་འགྲོ་བ་མིའི་འཚོ་སྡོད་ཀྱི་དགོས་མཁོའི་ཆེད་དུ་བྱུང་བ་ཡིན་ཙང་། གཞུང་ལུགས་དེར་བཟང་སྤྱོད་ཀྱི་ཆ་ཅུང་ཙམ་ཡང་མེད་ན། དེས་འགྲོ་བ་མིའི་སྤྱི་ཚོགས་ལ་ཁ་ཡོད་ལག་ཡོད་ཀྱིས་ཞབས་འདེགས་ཞུ་ཐུབ་རྒྱུ་ཁག་པོ་རེད་སྙམ།
བརྗོད་གཞི་ཡིད་འཕྲོག་པོ་ཞིག་བསྐྲུན་འདུག་ཀྱང་ཕྱིས་དྲགས་སོང་། ཁོ་བོ་མཆན་བུ་འབྲི་རྒྱུར་ཡིད་ཆད་ཚར་བ་དང་སླེབས་སོང་། གླེང་རོགས་བྱེད་ཐུབ་མ་སོང་།
ཡ་ཡ་སྟག་སྨྱོན། མི་ཆོ་མེད་བསམ་གཏན་ཟེར་བ་འདིའི་གྲིབ་མ་ཙམ་ཡང་གཤིབ་ན་མི་འདོད་པས་དྲ་ཁང་འདི་ནས་གཡོལ་གྱི་ཡོད་ཨེ། ཁྱོས་སྐྱག་རྫུན་དི་མོས་དི་སོ་བཤད་དགོས་ནི་མ་རེད། ང་བསམ་གཏན་འདིར་སླེབས་ནས་ཉི་མ་གཉིས་མ་གཏོགས་སོང་མེད། འོན་ཀྱང་ཁྱོད་བདུན་ཕྲག་གཅིག་གཉིས་ཤིག་གི་སྔོན་གདོང་དམར་ཟེར་བའི་འུག་པ་དེ་སླེབས་པ་ནས་བཟུང་ཁྱོད་མེད་རྡ་ཟེར། དི་མི་ཤེས་ནི་ཟིག་ཡོད་ནི་མ་རེད། ད་དུང་དྲ་ཁང་འདིའི་ནང་གི་མི་ཐམས་ཅད་ལ་རིན་གོང་འདྲ་རེ་བརྒྱབ་ཁ་ཡས། ཁྱོད་ངོ་ཨི་ཚ་གི དུས་བབ་ནང་གི་ཟིན་བྲིས་དེ་སྒོ་རྒྱག་དགོས་དོན་ཡང་རྙོག་དྲ་ལ་ཐུག་ནི་ཡིན་ན་ཟེར། དྲ་ཁང་ནང་གི་མི་ཐམས་ཅད་སྡུག་ཅག་རེད་ཨེ། ངས་བལྟས་ན་ཁྱོད་རྡ་འགྲན་ཟླ་མེད་པའི་སྡུག་ཅག་ཅིག་རེད་ཡ། ཁྱོས་མཐོ་༧རྒྱལ་བ་པན་ཆེན་ནས་དམའ་དྲ་གྲོགས་ཚོ་ཡན་ཆད་ལ་ཚོད་མེད་པའི་སྐད་ཆ་རྐྱང་རྐྱང་ལབ་བསྡད་ན་མི་ཐམས་ཅན་ཁྱོད་ལ་མི་དགའ་བ་ཆོས་ཉིད་ལོས་ཡིན། ཁར་ཉིན་གདོང་དམར་གྱི་མིང་ཐོག་ནས་བདེ་མོ་འདྲ་ཞིག་བཞག དེ་རིང་སྟག་སྨྱོན་གྱི་མིང་ཐོག་ནས་བདེ་མོ་འདྲ་ཞིག་འཇོག་ཁ་ཡས། དོན་ལ་སྟག་སྨྱོན་དང་གདོང་དམར་གཉིས་ལ་ཁ་དགེ་བཀྲ་ཤིག་མ་ཡོང་བས། ཕྱིན་ཆད་མིང་དེ་གཉིས་བཀོལ་མཚམས་བཞག་ནས་ཡང་མིང་གཞག་ཞིག་གི་ཐོག་ནས་ཡོང་རྩིས་ཡིན་ན་ཟེ། དི་མི་ཤེས་ནི་ཟིག་ཡོད་ནི་མ་རེད།
བློས་ཐུབ་ཟེར་བ་དེ་ད་ནངས་ཐོན་ནི་ཡིན་རུང་། ཐོན་པ་དང་མཉམ་དུ་རྫས་དུག་མ་རུང་བ་ཞིག་དང་འདྲ་བར་སྐད་ཅིག་གཅིག་ལ་བོད་གཞུང་དང་སྒེར་བ་མི་ཉི་ཤུ་ནང་ཞིག་ནག་པོ་བཟོས་འདུག་པས་ང་ངོ་མ་ཧ་ལས་སོང་། ཨེ། འདི་རྡ་ཡང་སྟག་སྨྱོན་ནམ་གདོང་དམར་ཟེར་བ་དེ་རེད་ཀོ་བསམ་བྱུང་། ངས་ད་རུང་བརྟག་དཔྱད་བྱེད་ཀྱི་ཡིན། ངས་མི་སུ་ཡང་དྲ་ཁང་ནས་ཕུད་ཐབས་བྱེད་མ་མྱོང་མོད། རང་ཡུལ་ཤོར་བའི་བོད་མི་ཉམ་ཆུང་ཚོ་འདུ་འཛོམས་བྱེད་སའི་དྲ་ཁང་ཁག་གི་ནང་ཁྱོད་དང་ཁྱོད་འདྲ་བའི་མི་རྫས་དུག་ཞིག་དང་འདྲ་བ་དེ་ཚོ་མ་ཡོང་ན་ངོ་མ་དགའ་གི་ཡོད།
ངས་རྫས་དུག་ཞིག་དང་འདྲ་བ་ཟེར་དོན་ཁྱོས་ཨི་ཤེས། མི་སུ་ཡིན་རུང་བསམ་ཚུལ་མི་མཐུན་པ་དང་དགའ་ཕྱོགས་མི་འདྲ་བ་རེ་ལོས་ཡོད། འོན་ཀྱང་མི་གཅིག་གིས་བོད་གཞུང་དམངས་གཉིས་ཡོངས་རྫོགས་ནག་པོ་བཟོ་གི་ཡིན་ཟེར་ན་ད་རྫས་དུག་མ་གཏོགས་དཔེ་འཇོག་ས་ཞིག་ཁྱོན་ནས་རག་གི་མི་འདུག གལ་ཏེ་ཕྱིན་ཆད་ཁྱོད་མ་ཡོང་ན་ང་ལ་རྒྱལ་ཁ་ཐོབ་པ་ཡིན་ལ། གལ་ཏེ་ཡོང་ན་ག་དུས་ཡོང་ཡང་འོག་གི་མཆན་རིང་པོ་དེ་ཁྱོད་གར་ཐོན་ས་ལ་ལུས་དང་གྲིབ་མ་བཞིན་དུ་འགྲོགས་ངེས་ཡིན་པ་སེམས་ལ་ཟུངས། དེ་ནས་འོག་གི་མཆན་རིང་པོ་དེ་ཆ་ཚང་ཞིག་ཀློག་དང་། གཅིག་བྱས་ན་མཚམས་ཤིག་ནས་ཁྱོད་ཀྱིས་རང་གིས་རང་ལ་འགྲམ་ལྕགས་རེ་གཞུ་དགོས་ཐུག་ན་ཡང་ཐང་།
མེ་རི་སླེབས་དུས་སྟག་སྨྱོན་མེད།།
གདོང་དམར་སླེབས་དུས་མེ་རི་མེད།།
དོན་ལ་ཤི་འདྲེ་ཁོག་ཞུགས་ཀྱི།།
གོ་སྐབས་རྩོད་པའི་ཆོ་འཕྲུལ་ཙམ།།
ཕ་མེས་རྣམས་ཀྱི་བརླ་བཙོང་ཞིང་།།
ཉེ་བ་རྣམས་ཀྱི་མཚང་རྫོད་པོ།།
ཆོས་དང་བླ་མའི་རྐང་འདྲེན་མཁན།།
ཁ་བ་ཅན་གྱི་མྱི་གླུད་ཁྱོད།།
གངས་བལ་རྒྱ་བོའི་མཆིལ་མ་འཐུང་པ་ཡིས།།
གངས་རིའི་ལ་རྒྱ་རྫོད་པའི་སྐྱུགས་རྒན་ཁྱོད།།
གངས་ལྗོངས་གཞིས་བྱེས་འཛོམས་པའི་དྲ་ཐོག་འདིར།།
གངས་རིའི་སྲོག་ལ་བརྙབ་པའི་དྲ་འདྲེ་དངོས།།
ཆོས་ལ་ལོག་ལྟ་བྱེད་པས་ལྟ་བ་ལོག།
བཙུན་པའི་འདུལ་ཁྲིམས་རལ་བས་གྲྭ་བ་ལོག།
ཤི་འདྲེའི་བྲན་དུ་གྱུར་བས་སྤྱོད་པ་ལོག།
ཞེ་ཕུག་འདྲེ་ལ་བཅོལ་བས་འདུན་མ་ལོག།
སྐྱབས་གནས་བླ་སྤྲུལ་རྣམས་ལ་དད་པ་མེད།།
དཔལ་ལྡན་རང་གི་གཞུང་ལ་ཡིད་ཆེས་མེད།།
རང་མཚང་ཕྱི་རུ་སྟོན་ལ་ངོ་ཚ་མེད།།
དྲིན་ལན་ལོག་འཇལ་བྱེད་དུས་ཁྲེལ་གཞུང་མེད།།
རང་ལ་ཁྱི་ངན་ཞིག་གི་འཇོན་ཐང་མེད།།
གཞན་ལ་སྐྱོན་བརྗོད་བྱེད་དུས་ངོ་ཚ་མེད།།
ཉིན་རེ་མིང་རེ་བརྗེ་ལ་ཐོགས་པ་མེད།།
ཡར་དཀྲུགས་མར་དཀྲུགས་བྱེད་དུས་གཉིད་རྒྱུ་མེད།།
ལེགས་ཉེས་བདེན་རྫུན་དཔྱོད་པའི་བློ་གྲོས་མེད།།
འདྲ་འདྲའི་མི་ལ་བལྟ་བའི་མིག་གཉིས་མེད།།
གཞན་གྱིས་ཅི་ཟེར་ཉན་པའི་རྣ་བ་མེད།།
གྲོགས་ཀྱིས་སློབ་གསོ་བྱས་རུང་གོ་བ་མེད།།
ཤི་འདྲེའི་སྒོར་མོ་ལེན་རྒྱུའི་ལག་པ་ཆེ།།
གསོན་འདྲེའི་རྐུབ་ལ་རྒྱུགས་དུས་གུས་ཞབས་ཆེ།།
ནང་ཁུལ་དཀྲུགས་ཤིང་བྱེད་རྒྱུའི་འགན་ཁུར་ཆེ།།
དམ་སྲི་སྐྱབས་སུ་འཛིན་དུས་དད་པ་ཆེ།།
འཛིན་ཁང་ནང་དུ་ཐོན་དུས་གཏི་མུག་ཆེ།།
རིགས་པའི་གནས་ལ་སྦྱངས་དུས་ལེ་ལོ་ཆེ།།
གྲོད་ཁོག་ཐུག་པས་བརྒྱག་དུས་ཁ་ཕོ་ཆེ།།
མཚན་མཐུན་ཆགས་སྤྱོད་གཟེད་དུས་སྐྱག་ཁུང་ཆེ།།
དམ་པའི་སྐྱེས་བུ་འཇམ་མགོན་ཡབ་སྲས་ཀྱིས།།
དམ་ལྡན་སྲུང་མར་བསྐོས་པའི་མཐུ་བོ་ཆེ།།
དམ་ཅན་ཆོས་རྒྱལ་འབར་བའི་ཕྱག་མཚན་ཅན།།
དམ་ཉམས་འདི་ཡི་སྲོག་གི་གཤེད་མ་མཛོད།།
དྲ་གྲོགས་ཚོ། ཁྱོད་ཚོས་ངའི་སྐད་ཆ་འདི་དག་ཆོ་མེད་ཅིག་རེད་བསམ་མི་ཉན། མི་འདིའི་རྒྱུས་ང་ལ་ཡོད་པས་ཤེས་ནས་གནས་ལུགས་བཤད་པ་ཡིན། ཉེ་བའི་ཆར་ཤིས་ཚང་མཁྱེན་རབ་རྒྱ་མཚོའི་རྩོམ་ཞིག་གི་ནང་དུ། ངེས་གཏན་མེད་པའི་སྨྱུག་མིང་འདྲ་མིན་བེད་སྤྱོད་ཀྱིས་འགན་ཁུར་མེད་པའི་སྐད་ཆ་སྦོམ་བཤད་དང་དཀྲུགས་ཤིང་རྒྱག་མཁན་རྣམས་ལ་གདོང་འབག་ཅན་གྱི་སྙུག་ཐོགས་པ་ཞེས་བཏགས་འདུག་པ་ཅི་མ་བདེན། དེང་སང་མི་ཁོག་དུག་ཅན་འགའ་ཞིག་གིས་དྲ་རྒྱ་འདྲ་མིན་གྱི་ཐོག་ཏུ་མིང་དངོས་མ་སྦས་ཏེ་མིང་རྫུན་མའི་གདོང་འབག་གི་འོག་ནས། ཆོས་ལུགས་ཀྱི་སྙིང་ནད་དང་། ཆོལ་ཁའི་སྙིང་ནད། ཆབ་སྲིད་ཀྱི་སྙིང་ནད། ཐ་ན་མི་སྒེར་གྱི་སྙིང་ནད་ཡན་ཆད་རྩོད་རྒྱུའི་དམིགས་ཡུལ་དམ་འཛིན་བྱས་ཏེ། གོ་སྐབས་ཡོད་ཚད་ལ་སྙིང་དམར་པོ་ཚ་བསྔོགས་བྱེད་པའི་རྩོམ་དང་མཆན་འདྲ་མིན་སྣ་དགུ་བྲིས་ནས་རང་ལ་ནུས་པ་ཡོད་ཚད་ཀྱིས་ཡར་དཀྲུགས་མར་དཀྲུགས་གང་ཐུབ་བྱེད་ཀྱི་ཡོད་ལ། སྟག་སྨྱོན་དང་གདོང་དམར་ཟེར་བ་འདི་ཡང་དེའི་ནང་གི་གཙོ་གྲས་གཅིག་ཡིན། མི་འདིས་ད་བར་མིང་རྫུན་མ་འདྲ་མིན་བེད་སྤྱོད་ཀྱིས་༧རྒྱལ་བ་པཎ་ཆེན་དང་། ཞིང་གཤེགས་པད་ནོར་རིན་པོ་ཆེ། བཀའ་བློན་མཁས་དབང་ཟམ་གདོང་རིན་པོ་ཆེ། བོད་མི་མང་སྤྱི་འཐུས་ཡོངས་རྫོགས། བོད་གཞུང་བཀའ་ཤག བོད་ཀྱི་བླ་སྤྲུལ་ཕལ་མོ་ཆེ། སྐུ་ཚབ་རྒྱ་རི་རིན་པོ་ཆེ་སོགས་གང་ན་བོད་མིའི་ཆོས་སྲིད་ཀྱི་སྲོག་རྩ་ཡོད་པ་དེ་ན་མཚན་སྨོད་དང་སྐྱོན་བརྗོད། སྙིང་ཚིམ་དང་གཞི་མེད་སྐུར་འདེབས་སོགས་ཡིད་ལ་དྲན་ཚད་དྲ་ཐོག་ཏུ་གཏོང་གི་ཡོད་པར་མ་ཟད། སྐབས་རེ་གསོད་འདོད་ཡོད་པའི་ཐ་ཚིག་ཀྱང་སྐད་གསེང་མཐོན་པོས་སྒྲོག་གི་ཡོད་ཅིང་། ད་དུང་ངོ་ཚ་མེད་པར་དུས་བབ་ཀྱི་ཟིན་བྲིས་ས་མིག་ཏུ་ཡང་ཟིན་བྲིས་པའི་ཆ་ཤས་བླངས་ནས་བསྡད་ཡོད། ཁོས་ད་བར་བསམ་བློའི་ཁྱེར་སོ་གང་ཞིག་གི་ཐོག་ནས་རྩོམ་དང་མཆན་ཇི་ཞིག་བྲིས་པ་ཐམས་ཅད་འདིར་འགོད་དགོས་ན་ཁྱེད་ཀློག་པ་པོ་རྣམས་ཧ་ཅང་སུན་པར་འགྱུར་མོད། འོག་ཏུ་ཁོས་ད་བར་བྲིས་པ་རྣམས་ཀྱི་ནང་ནས་དཔེ་མཚོན་ཁག་ཅིག་ཟུར་བཀོད་བྱས་ཡོད་པས་ཀུན་གྱིས་གཟིགས་རོགས་དང་། དེ་ལུགས་ཀྱིས་རྗེས་སུ་མི་འདིའི་རྩོམ་དང་མཆན་རྣམས་ལ་དོ་སྣང་གཟབ་ནན་གནང་རོགས་ཞུ་རྒྱུ་ཡིན།
ཁོ་བོ་ཤི་ཡང་བོད་གཞུང་དང་བོད་ཡིག་གིས་ཕན་སྲིད་པའི་རེ་བ་མེད། འོན་ཀྱང་རང་བཙན་ལག་དེབ་ཀྱི་དངུལ་མ་སྤྲད་ཐབས་མེད་རེད། དེ་མ་སྤྲད་ན་གུང་གསེང་ལ་འགྲོ་རྒྱུའི་ལམ་ཁ་བཀག་འདུག ཟམ་གདོང་རིན་པོ་ཆེ་ལ་དགོས་པ་ནུབ་ཕྱོགས་ཀྱི་བོད་མི་སྐྱབས་བཅོལ་བ་ཚོ་མ་ཡིན་པར། ཁོ་ཚོའི་དངུལ་གཅིག་པོ་རེད། ཁོང་གིས་ནུབ་ཕྱོགས་ཀྱི་བོད་མི་ཚོ་ཁྲིམས་འགལ་བ་དང་ནག་ཅན་པ་རེད་ཟེར་བ་དེ་ནས་བཟུང་ངས་བོད་གཞུང་ལ་རེ་བ་བཅད་པ་ཡིན།
༢༠༠༩ ༠༣ ༡༣ལ་བྲིས་པའི་དུས་བབ་ནང་གི་ཟིན་བྲིས།་་་་་་་་་་་་་་་་་་་་་་་་་་་་
ཟམ་སྟོང་བླ་མ་མང་འོས་བཀའ་ཁྲི་དང་པོར་འདེམས་པ་དང་། བོད་གཞུང་བཀའ་ཤག་གི་རྩེ་ལ་ཐོག་བརྒྱབ་ནས་བོད་ཀྱི་རྒྱལ་དར་གཏོར་བ་རེད། དེ་ནི་ཁོང་གི་བྱས་ཉེས་རྐྱང་བྱས་ནས་བོད་དང་བོད་ཀྱི་རྒྱལ་དར་རྩ་མེད་འགྲོ་རྒྱུ་ཡིན་པའི་ངན་ལྟས་ཚོད་འདུག དེ་ནི་ལྷ་སྲུང་མངོན་ཤེས་ཅན་ཞིག་ཁྲོས་པའི་སྔོན་བརྡ་ཡང་ཡིན་པ་འདྲ། ཁ་བརྡའི་ནང་གི་བཀའ་བློན་ཁྲི་པ་ལགས་ཞེས་པའི་བརྗོད་གཞིའི་འོག་གི་མཆན་༦པ།་་་་་་་་་་་་་་་་་་་་་་་་་་་་་་་་
ཟམ་གདོང་རིན་པོ་ཆེས་ངེས་པར་དུ་ཁ་ཞེ་གཉིས་མེད་དང་ངོ་ནས་དྲང་ནས་བོད་ཀྱི་རྩ་དོན་རྩོད་ཀྱི་ཡོད་པ་ང་ཚོ་བོད་རིགས་མི་དམངས་ལ་ཡིད་ཆེས་འཕེར་བའི་སྒོ་ནས་གསལ་བོ་བཟོ་དགོས་ཡོད། དེ་མིན་ན་རྩ་དགོངས་ཞུས་ནས་བོད་དོན་བོད་མི་ལ་རྩིས་སྤྲོད་དགོས། ཁ་བརྡའི་ནང་གི་བཀའ་བློན་ཁྲི་པ་ལགས་ཞེས་པའི་བརྗོད་གཞིའི་འོག་གི་མཆན་༡༡པ།་་་་་་་་་་་་་་་་་་་་
དང་པོ་བོད་པ་ཚོས་བླ་མ་ཟེར་ནས་སྒང་ལ་བཞག་ཁྱོད་མཁྱེན་ཞུས་ནས་འབྱོར་ཚད་ཕུལ་མྱོངས་ས་ཞིག་ཡིན་རྒྱུ་རེད། དེ་ནས་ཁོ་རང་གིས་ཀྱང་མི་མཁྱེན་མཁྱེན་ཁུལ་གྱི་གཡོ་འཁྲབ་སྟངས་དང་བྱིན་རླབས་མེད་ནའང་ཡོད་མདོག་གིས་ཕྱག་མཇལ་གནང་སྟངས་བོད་མའི་མགོ་ལ་སྦྱངས་ཚར་བའི་རྗེས་ནུབ་ཕྱོགས་སུ་ཆོས་ཚོང་བརྒྱབ་ནས་འབྱོར་ལྡན་ཆགས་མཁན་ཞིག་མིན་འགྲོ། ཁ་བརྡ་དྲ་ཁང་གི་སྔ་འགྱུར་རྙིང་མའི་དབུ་ཁྲིད་དགོངས་པ་ཆོས་དབྱིངས་སུ་ཐིམ་འདུག་ཅེས་པའི་འོག་གི་མཆན་༡༢པ།་་་་་་་་་་་་་་་་་་་་་་་་་་
མ་གཞི་ནས་པད་ནོར་ཆེན་པོ་ཅང་འགོར་གི་མ་རེད། མགྱོགས་པོ་འཁྲུངས་ཡོང་གི་རེད། གང་ཡིན་ཟེར་ན་ཁོང་གིས་སྒོར་མོ་མང་བསགས་ཡོད་པ་ཚང་མ་ཤུལ་དུ་ལུས་ཡོད་པས་དེ་བརླག་འགྲོ་གི་རེད་བསམ་ནས་ཐག་རིང་པོ་ལ་ཕེབས་ཐུབ་ཀི་མ་རེད། མགྱོགས་པོ་ཕྱིར་ཡོང་གི་རེད། ཁ་བརྡ་དྲ་ཁང་གི་སྔ་འགྱུར་རྙིང་མའི་དབུ་ཁྲིད་དགོངས་པ་ཆོས་དབྱིངས་སུ་ཐིམ་འདུག་ཅེས་པའི་འོག་གི་མཆན་༡༣དང་༡༤པ།་་་་་་་་་་་་་་་་་་་་་་་་་་་
བླ་མ་ཚོ་བཤན་པ་ཞིག་དང་འདྲ་ཞིང་ནང་ཆོས་ནི་ཁོ་ཚོའི་ལག་གི་རལ་གྲི་དང་འདྲ་བར་བོད་ཆེན་པོ་དུམ་བུ་བཞི་རུ་བཏང་བ་རེད། བླ་མ་འདི་ཚོ་རང་རང་གི་རུ་སྣེ་འདྲེན་མཁན་གྱི་དམག་དཔོན་ཤར་སྟག་རེད། སྔ་འགྱུར་རྙིང་མའི་དམག་དཔོན་ཆེན་མོ་སྐུ་གཤེགས་པར་སེམས་གསོ་ཡོད། ཁ་བརྡ་དྲ་ཁང་གི་སྔ་འགྱུར་རྙིང་མའི་དབུ་ཁྲིད་དགོངས་པ་ཆོས་དབྱིངས་སུ་ཐིམ་འདུག་ཅེས་པའི་འོག་གི་མཆན་༡༥པ།་་་་་་་་་་་་་་་་་་་་་་་་་་་་་་་་
གསེར་གྱི་ལྷ་ཁང་བཞེངས་པའི་ཚོང་དཔོན་ཡང་།།
ཞིང་ཁམས་གཞན་དུ་ཕེབས་པའི་དོགས་མ་བྱེད།།
ཚེ་གཅིག་འབད་པས་བསྐྲུན་པའི་ནོར་དྲན་ནས།།
ཉེ་བའི་འགྲམ་ན་ལྡིང་སྐོར་བརྒྱག་བཞིན་ཡོད།།
ཉམས་ཆུང་བོད་མི་མཐོང་འདོད་མེད་པ་ལས།།
མགོ་སེར་ཕྱུག་བདག་ཚོ་ལ་ཞལ་གཟིགས་སྟོན།།
འབྱོར་མེད་བོད་མིས་མིག་གིས་མི་མཐོང་ཡང་།།
འབྱོར་ལྡན་ཀུན་ལ་པད་ནོར་སྒོ་ཉན་ཡོད།། ཁ་བརྡ་དྲ་ཁང་གི་སྔ་འགྱུར་རྙིང་མའི་དབུ་ཁྲིད་དགོངས་པ་ཆོས་དབྱིངས་སུ་ཐིམ་འདུག་ཅེས་པའི་འོག་གི་མཆན་༢༥པ།་་་་་་་་་་་་་་་་་་་་་་་་
ཁོང་རྒྱ་གར་ནང་གི་བླ་མ་ཕྱུག་ཤོས་རེད་ཟེར། ཨ་རི་དང་ཐེ་ཧན་སོགས་ན་སྦྱིན་བདག་དང་ཆོས་ཚོང་ཁང་མང་ཤོས་ཀྱི་བླ་མ་དེ་ཡིན་པ་རེད། ལྷོ་ཕྱོགས་ན་གསེར་གྱི་ལྷ་ཁང་བཞེངས་ཡོད་པ་རེད། བོད་མི་རྣམས་འུ་ཐུགས་ཐབས་ཟད་ཀྱི་སྐབས་འདིར་ཁོང་ལ་གསེར་གྱི་ལྷ་ཁང་བཞེངས་སྤྱད་དེ་འདྲ་ཡོད་ན་བོད་ཕྲུག་ཚོའི་ཆེད་དུ་སློབ་གྲྭ་ཁ་ཤས་བརྒྱབ་ཆོག་མོད། ཡོད་ཚད་ཁོ་རང་གི་ཆོས་ཚོང་ཁང་གི་མཛེས་རྒྱན་དང་མཚན་སྙན་གྱི་ཆེད་གཏོང་བ་མ་ཟད། གསེར་གྱི་ལྷ་ཁང་བཞེངས་པ་དེའི་ནང་སླར་ཡང་ཁོ་རང་སྐྱེས་འདོད་པ་མིན་འགྲོ། ཁ་བརྡ་དྲ་ཁང་གི་སྔ་འགྱུར་རྙིང་མའི་དབུ་ཁྲིད་དགོངས་པ་ཆོས་དབྱིངས་སུ་ཐིམ་འདུག་ཅེས་པའི་འོག་གི་མཆན་༡༨པ།་་་་་་་་་་་་་་་་་་་་་་་་་་་་་
པད་ནོར་མི་འགོར་སླར་ཡང་འཁྲུངས་པར་ངེས།།
གསེར་གྱི་ལྷ་ཁང་ནང་ལ་བཞུགས་མཛད་དེ།།
རིན་ཆེན་ཆོས་ཀྱི་ཚོང་ལས་བྱེད་དུ་འོང་།།
སྦྱིན་བདག་ཕྱུག་པོ་ཚོ་ལ་མཇལ་བར་ངེས།། ཁ་བརྡ་དྲ་ཁང་གི་སྔ་འགྱུར་རྙིང་མའི་དབུ་ཁྲིད་དགོངས་པ་ཆོས་དབྱིངས་སུ་ཐིམ་འདུག་ཅེས་པའི་འོག་གི་མཆན་༢༥པ།་་་་་་་་་་་་་་་་་་་་་་་་་་་་་་་་
པད་ནོར་མི་འགོར་སླར་ཡང་འཁྲུངས་པར་ངེས།།
གསེར་གྱི་ལྷ་ཁང་ནང་ལ་བཞུགས་མཛད་དེ།།
རིན་ཆེན་ཆོས་ཀྱི་ཚོང་ལས་བྱེད་དུང་འོང་།།
ནུབ་ཕྱོགས་སྦྱིན་བདག་ཚོ་ལ་མཇལ་དུ་འོང་།།
འབྱོར་ལྡན་ཀུན་ལ་པད་ནོར་སྒོ་ཉན་ཡོད།། ཁ་བརྡ་དྲ་ཁང་གི་སྔ་འགྱུར་རྙིང་མའི་དབུ་ཁྲིད་དགོངས་པ་ཆོས་དབྱིངས་སུ་ཐིམ་འདུག་ཅེས་པའི་འོག་གི་མཆན་༡༩དང་༢༠པ།་་་་་་་་་་་་་་་་་་་་་་་་་
བཙན་པོའི་རྒྱུད་ནས་ཆེད་པའི་གདོང་དམར་བོད་མི་དགོས་པ་བོད་ས་ཡིན།
སྤྲུལ་སྐུ་འབོད་པའི་རྒྱག་རྒན་འདི་ཚོ་དགོས་བ་རྒྱུ་དང་ཐོབ་ས་ཡིན།
བླ་སྤྲུལ་འདི་ཚོའི་བླ་བྲང་ཤོར་དུས་རང་ས་སྐྱུར་ནས་གཞན་ལ་ཤོར།
གཞན་གྱི་གཤེད་དམག་ནང་དུ་དྲངས་ནས་གདོང་དམར་བོད་མི་སྡེབ་གསོད་བྱེད། ཁ་བརྡ་དྲ་ཁང་གི་སྔ་འགྱུར་རྙིང་མའི་དབུ་ཁྲིད་དགོངས་པ་ཆོས་དབྱིངས་སུ་ཐིམ་འདུག་ཅེས་པའི་འོག་གི་མཆན་༤༡པ།་་་་་་་་་་་་་་་་་་་་་་་་་་་་་་་་
ཀ་ཡེ་རྒྱུ་འབྲས་མེད་པའི་ལྕི་འཐུས་ཚོ།།
ཁ་བ་ཅན་གྱི་སྤྱི་དོན་མི་གླེང་ཞིང་།།
ག་ལེར་ཆུ་ཚོད་བསྐྱལ་བའི་ཉེས་ཅན་ཚོ།།
ང་ལ་དབང་ཞིག་ཡོད་ཚེ་གསོད་ན་འདོད།།
དུས་བབ་ཟིན་བྲིས་ནང་གི་གྲོས་ཚོགས་ཁང་ནང་དུ་བྲིས་པའི་སྙན་ངག་བཀླགས་རྗེས་ཞེས་པར།
ཚེ་ཟད་ཁྱོད།་་་་་་་་་་་་་་་་་་་་ བསམ་གཏན་ཟེར་བ་ཚེ་ཟད་་་་་་་་་་་ཁ་་བརྡའི་ནང་གི་གདོན་འཕྲུལ་གྱིས་བསླུས་པ་ལྟ་བུའི་ལོ་རྒྱུས་ཞེས་པའི་འོག་གི་མཆན་༢༩དང་༣༢པ་་་་་་་་་་་་་་་་་་་་་་
ཅ་ཅོའི་ཚིག་རྙོག་མང་པོ་གླེང་མཁས་པའི།།
ཆ་ཡོད་སྤྱི་འཐུས་འདི་ཚོ་སྐྱུགས་རེ་བྲོ།།
ཇ་ཆང་ཐུགས་སྤྲོ་བསམ་ནས་ཡོང་བ་ལས།།
བོད་ཀྱི་སྤྱི་དོན་བསམ་མཁན་གཅིག་ཀྱང་མེད།།
དུས་བབ་ཟིན་བྲིས་ནང་གི་གྲོས་ཚོགས་ཁང་ནང་དུ་བྲིས་པའི་སྙན་ངག་བཀླགས་རྗེས་ཞེས་པར།་་་་་་་་་་་་་་་་་་་་་་་་་་་
དང་པོ་བླ་མ་བྱིན་རླབས་ཅན།།
བར་དུ་བླ་མ་འབྱོར་ཕྱུག་ཅན།།
མཐའ་མ་བླ་མ་སྲོག་འཕྲོག་མཁན།།
ཕྱི་མ་བླ་མས་དམྱལ་བར་འཕེན།། ཁ་བརྡ་དྲ་ཁང་གི་བོད་ཀྱི་སྤྲུལ་སྐུའི་སྐོར་ལ་བསམ་འཆར་ཡོད་ན་འདིར་ཤོད་ཅེས་པའི་འོག་གི་མཆན་༡་་་་་་་་་་་་་་
ངས་རྒྱལ་བ་པན་ཆེན་གྱི་ལམ་ལུགས་དེས་ངེད་ཚོའི་སྤྱི་ཚོགས་ལ་སྐྱོན་ག་ཚོད་རྒྱག་གི་ཡོད་པ་འདི་ཤོད་རྒྱུ་ཡིན། ཁ་བརྡ་དྲ་ཁང་གི་བོད་ཀྱི་སྤྲུལ་སྐུའི་སྐོར་ལ་བསམ་འཆར་ཡོད་ན་འདིར་ཤོད་ཅེས་པའི་འོག་གི་མཆན་༥༠པ་་་་་་་་་་་་་་་་་་་་་
ངས་བླ་མ་ཚོ་ལ་ཚོང་བ་ཞིག་འདུ་ཤེས་ལས་འཇོག་གི་མེད་ལ། འདི་ནི་བླ་མ་ཚོས་ང་ལ་བཞག་པའི་བག་ཆགས་རེད། ཁ་བརྡའི་ནང་གི་གདོན་འཕྲུལ་གྱིས་བསླུས་པ་ལྟ་བུའི་ལོ་རྒྱུས་ཞེས་པའི་འོག་གི་མཆན་༢༩པ་་་་་་་་་་་་་་་་་་་་་་་་་་
བཙན་བྱོལ་ནང་གི་བླ་མ་བརྒྱ་ཆ་དགུ་ཅུ་ལ་ཚོང་བ་རེ་རེའི་འདུ་ཤེས་ལས་མེད། དེ་ནི་དེ་འདྲ་ཚབས་ཆེན་ཞིག་རེད་དམ། ཁ་བརྡའི་ནང་གི་གདོན་འཕྲུལ་གྱིས་བསླུས་པ་ལྟ་བུའི་ལོ་རྒྱུས་ཞེས་པའི་འོག་གི་མཆན་༣༥པ་་་་་་་་་་་་་་་་་་་་་་་་་
གྲོགས་པོ་ཚོ། ད་དུང་མི་འདིས་ད་ནས་བཟུང་རང་བཙན་ལག་དེབ་ལ་སྒོར་མོ་རྡོག་གཅིག་སྤྲད་ན་དཀོན་མཆོག་གསུམ་ཟེར་བའི་མཆན་རྒྱས་པ་ཞིག་ཡོད་ཀྱང་དེ་རིང་འཚོལ་ཐུབ་མ་སོང་། རྗེས་སུ་ཁྱེད་ཚོར་སྟོན་ཆོག ད་དུང་ཤིས་ཚང་མཁྱེན་རབ་ཀྱིས་མི་འདིའི་རིགས་ལ་གདོང་འབག་ཅན་གྱི་སྨྱུག་ཐོག་པ་དང་། ཡང་ལྷ་ཆབ་སྦྱིན་པས་མི་འདིའི་རིགས་ལ་དྲ་འབུ་ཞེས་བཏགས་འདུག་མོད། ཁོ་བོས་མི་འདིའི་རིགས་ལ་དྲ་འདྲེ་ཞེས་བཏགས་པ་ཡིན། གང་ཡིན་ཟེར་ན་བོད་མིའི་སེམས་ནང་ན་ཡོད་པའི་གདོན་འདྲེ་ཞིག་གི་བྱེད་ལས་ཡོངས་རྫོགས་ཚང་ཡོད་པས་རྒྱུ་མཚན་གྱིས་སོ།།
ཤི་ཕྲུག་ཚོ། སྙན་ངག་དང་རྙོག་དྲ་མ་གཏོགས་མཆན་རྒྱག་མི་ཤེས་ནོ་ཅི་རེད།
དཔལ་འབྱོར་གྱི་སྐོར་ལ་། ྐླུ་སྨྱོན་ཟེར་བ་དེ་ཡང་ཁ་ཚུམས་ནས་བསྡད་འདུག་ག།
གཞན་པ་ཚོ་གང་ནས་གང་ནས། ཤི་ཕྲུག་འདི་ཚོ། ཞེ་དྲག་སྐྱོ་བོ་འདུག་ལོ།
དངུལ་ཁང་ན་སྒོར་མོ་མང་པོ་ཡོད་མཁན་བོད་མི་ག་ཚོད་ཡོད། ཚང་མས་ལག་པ་ཡར་ཁྱོགས
ཧ་ཧ་ཧ་ཧ་ཧ་།