ཉེ་ཆར་ཨེ་པི་གསར་ཁང་གིས་སྤེལ་བའི་གནས་ཚུལ་ལྟར་ན། ཉིས་སྟོང་དགུ་དང་བཅུའི་སློབ་སྐབས་རིང་། ཨ་རིར་སློབ་སྦྱོང་བྱས་པའི་རྒྱའི་སློབ་ཕྲུག་གི་གྲངས་འབོར་དེ་ ༡༣༠༠༠༠ ཡིན་པ་རེད། དེ་ནི་ལོ་སྔོན་མ་དང་བསྡུར་ན་བརྒྱ་ཆ་ ༣༠ འཕར་ཡོད་པ་རེད་འདུག གྲངས་འབོར་དེ་ནི་ཨ་རིའི་ནང་སློབ་སྦྱོང་བྱེད་བཞིན་པའི་ཕྱི་རྒྱལ་གྱི་སློབ་མ་སྤྱིའི་བརྒྱ་ཆ་ ༡༩ ཟིན་ཡོད་པ་རེད། དེ་ནི་རྒྱལ་ཁབ་ཀྱི་ཆ་ནས་ཆེས་མང་ཤོས་ཀྱི་རྒྱལ་ཁབ་དེ་ཆགས་ཡོད་པ་རེད། དེའི་རྗེས་ལ་རྒྱ་གར་དང་ཀོ་རི་ཡ་གཉིས་ཡིན་པ་དང་། དེ་དག་གིས་རིམ་པ་བཞིན་སྤྱིའི་བརྒྱ་ཆ་ ༡༥ དང་ ༡༠ ཟིན་ཡོད་པ་རེད།
ཨ་རིའི་མཐོ་སློབ་གང་ཞིག་ཏུ་སོང་ན་ཡང་རྒྱ་རིགས་སློབ་ཕྲུག་མང་དྲགས་པས་བལྟས་ན་སྐྲག་སྣང་སྐྱེ་དགོས་པ་ཞིག་རེད། ད་ཁ་དར་སོང་ཟིག ངོ་མ་ཁ་དར་སོང་ཟིག ད་འབྲོ་ས་ཞིག་མི་འདུག
རྒྱ་རིགས་སློབ་མ་གྲངས་འབོར་ ༡༣༠༠༠༠ ཡི་ནང་ནས་བོད་རིགས་གྲངས་བརྒྱ་ཙམ་ཡོད་ན་ཡང་ཇི་འདྲའི་དགའབ་ལགས། གའ་སྲིད་ང་ཚོ་མ་འོངས་དབུ་མའི་ལམ་ནས་བོད་ལ་རང་སྐྱོང་ཐོབ་ན་ཡང་དེ་ལྟ་བུའི་ཐོབ་ཐང་རག་སྲིད་དམ། བོད་རང་སྐྱོངས་ལྗོང་མ་ཚུད་པའི་བོད་ཀྱི་ས་ཆ་གཞན་རྣམས་སྔ་མོར་ནས་རྒྱ་སྡེ་ཁོངས་སུ་བཅུག་ཡོད་ཀྱང་དེ་དག་གི་ཁྲོད་ནས་བོད་རིགས་གཅིག་ཀྱང་ཕྱི་ལོག་ཏུ་སློབ་སྦྱོང་གི་ཆ་རྐྱེན་མ་རག་པ་འདི་རྒྱའི་སྲིད་བྱུས་ཤིག་ཡིན་ནམ། ཡང་ན་བོད་པས་མ་འཇོན་པ་ཡིན།
འདི་ནི་བདེན་པ་ཞིག་རེད། ང་རང་ཡོད་སའི་ཨེ་མོ་རི་གཙུག་ལག་སློབ་གཉེར་ཁང་དུ་ཡང་༢༠༡༠ ལོའི་གསར་ཞུགས་སློབ་མའི་བརྒྱ་ཆ་མང་ཤོས་དེ་རྒྱ་ནག་ནས་ཡིན་པ་དང། དེ་ནས་རྒྱ་གར་དང་ཀོ་རི་ཡ་ནས་རེད་འདུག
བྱམས་པ་ལགས། ཁྱེད་ཀྱིས་བོད་རིགས་སློབ་ཕྲུག་གཅིག་ལ་ཡང་འདི་ལྟ་བུའི་གོ་སྐབས་རེག་མེད་པར་བརྗོད་འདུག དེ་འདྲ་ཞིག་མ་རེད། ཨ་རི་ན་བོད་ནས་ཡོང་བའི་བོད་པའི་སློབ་ཕྲུག་ཡོད་ཡོད་པ་རེད། ང་ལ་ངོ་ཤེས་ཤིག་ཀྱང་ཡོད། སྐབས་རེར་ངེད་གཉིས་ཀྱིས་བོད་དོན་སྐོར་ལ་གླེང་མོལ་ཡང་བྱེད་བཞིན་ཡོད།
འདི་འདྲའི་རྒྱ་ཕྲུག་་གྲངས་འབོར་བཞིན་དུ་ང་ཚོ་བོད་ཕྲུག་ཚོ་ཡང་མཐོ་སློབ་ཆེད་ཏུ་ཨ་རིའི་ཕྱོགས་ལ་གཏོང་ཐུབ་ན་ཅི་མ་རུང་། ། ཨུ་ཤུ་རེ་ཁོ།
ཟླ་བ་ཚེ་རིང་ལགས། ཨེ་མོ་རིའི་མཐོ་སློབ་ནང་དུ་བོད་ནས་སླེབས་པའི་བོད་རིགས་སློབ་མ་ཞིག་ཡོད་པ་གོ་ཐོས་བྱུང་སྐབས་དགའ་པོ་བྱུང། ཁྱེད་ཀྱི་མཐོ་སློབ་གཞན་གྱི་ནང་དུ་བོད་རིགས་ཡོད་པ་ཨེ་ཤེས། ཕལ་ཆེར་ཨོས་ཊིརི་ལེ་ཡའི་མཐོ་སློབ་ནང་དུ་ཡོད་ཤས་ཆེ། གང་ཡིན་ཟེར་ན་དེའི་ནང་དུ་རྒྱ་རིགས་སློབ་མ་མང་པོ་ཡོད།
མཆན་བུ་རྣམ་པ་སེམས་ཁྲལ་མ་གནང་རོགས། རྒྱའི་སློབ་མ་དང་ཡུལ་བསྐོར་བ་ཅི་ཙམ་གྱིས་ཨ་རིའི་རང་དབང་གི་འཚོ་བ་དང་དམངས་གཙོའི་ཁྱད་ཆོས་མཐོང་ཐུབ་ན་ཁོང་ཚོའི་ཀླད་པ་ཅི་འདྲའི་མཁྲེགས་རུང་འགྱུར་བ་ཞིག་ཐེབས་མདོག་ཁ་བོ་རེད།
དྲ་གྲོགས་རྣམས་ལ་རེ་བསྐུལ་ཞིག
དཔལ་ན་ལེནྡྲའི་གཙུག་ལག་ཁང་དང་བི་ཊ་མ་ཤི་ལིའི་གཙུག་ལ་ཁང་ཞེས་རྒྱ་གར་གྱི་གནའ་བོའི་མཐོ་སློབ་ཁང་ཆེན་མོ་གཉིས་ཡོད་པར་ང་ཚོའི་རྒྱལ་རབས་དང་ཆོས་འབྱུང་ཁག་དག་ལས་ཡོངས་སུ་གྲགས་ན། ད་ལྟའི་སྐབས་བི་ཊ་མ་ཤི་ལིའི་གཙུག་ལག་ཁང་དེ་ཉིད་དེང་དུས་ཀྱི་རྒྱ་གར་མངའ་སྡེ་གང་དང་ས་ཆ་གང་ལ་ངོས་འཛིན་བཞིན་ཡོད་པ་དང་། དེའི་རྨང་ཤུལ་འདྲ་མཇལ་རྒྱུ་ཡོད་མེད་ཤེས་མཁན་ཡོད་ན་གསལ་བཤད་ཅིག་ཅི་ནས་ཀྱང་གནང་རོགས་ཞུ།
ངང་དཀར་ལགས། གཙུག་ལག་ཁང་དེའི་སྐོར་དགེ་འདུན་ཆོས་འཕེལ་གྱི་རྒྱ་གར་གནས་ཡིག་དང་གཏམ་རྒྱུད་གསེར་ཐང་གཉིས་ཀའི་ནང་ཏོག་ཙམ་རེ་འཁོད་ཡོད་པས་དེར་གཟིགས་ན་ལེགས། གསེར་ཐང་དུ་རྡོ་རྗེ་གདན་ནས་ཐག་རིང་པོ་མེད་པའི་བྱང་ཕྱོགས་ཀྱི་རི་ཆུང་ཞིག་གི་སྟེང་དུ་ཡོད་ལུགས་གསུངས་ཡོད་བསམས་ཀྱང་ཞིབ་ཆ་མི་དྲན་གི