ཨ་རིའི་བོད་མིར་བཀའ་སློབ། Posted on 2013-05-20 By ཁ་བརྡ་ 9 Comments on ཨ་རིའི་བོད་མིར་བཀའ་སློབ། གློག་བརྙན་།
ཆོལ་གསུམ་ཡོངས་རྫོགས་གཅིག་གྱུར་པ། ། གངས་ཅན་པ་ཞེས་པ་གཅིག་གྱུར་པ། ། བོད་པའི་སྐད་དང་བོད་ཆོས་དང་། ། རིག་གཞུང་གོམམ་སྲོལ་གཅིག་ཉིད་དོ། །
ཆོས་རྒྱལ་མེས་དབོན་རྣམ་གསུམ་དུས། ། བོད་འབངས་ཡོངས་རྫོགས་གཅིག་ཏུ་བསྡུས། ། བསིལ་བུར་ཆགས་ནས་བླ་དཔོན་ལ། ། བོད་འབངས་མི་དབང་ཆོས་རིག་རྒྱས། །
ཚན་རིག་མཉམ་དུ་བགློ་གླེང་དུས། ། ལས་འབྲས་ཐར་པ་མ་བཤད་པར། ། ཚེ་འདིའི་ལུས་སེམས་བདེ་ཐབས་སུ། ། ནང་ཆོས་ཚན་རིག་ལྟ་གྲུབ་གླེང་། །
གཞལ་བྱ་མངོན་ལྐོག་ཤིན་ཏུ་ལྐོག ། གསུམ་པོ་གཏན་འབེབས་མངོན་གསུམ་དང་། ། རྗེས་དཔག་ཡིད་ཆེས་རིགས་ལམ་གྱིས། ། ཚུལ་གསུམ་རྟགས་ཀྱིས་གཏན་ལ་ཕོབས། །
རང་ཉིད་བོད་པ་ཡིན་ཕྱིན་ཆད། ། བོད་སྐད་ཆོས་དང་རིག་གཞུང་དག ། བོད་སྐད་ནང་ལ་རིགས་ལམ་ལས། ། གཞན་སྐད་ནང་ལ་མེད་ཕྱིར་བརྩོན། །
ཆབ་སྲིད་ལམ་སང་འགྱུར་དཀའ་ཡང་། ། རང་ཡོད་སྐད་དང་རིག་གཞུང་ལ། ། སྦྱངས་བརྩོ་ན་དང་དོད་མ་བྱས་པར། ། མགོ་སེར་ལས་ཀྱང་དམན་ན་ཞན། །
གཞན་སྐད་སྦྱོངས་དང་དཔལ་འབྱོར་གསོག ། རང་སྐད་མ་ཉམས་ཆོས་དད་སློབས། ། དུས་རབས་ཉི་ཤུ་རྩ་གཅིག་གི ། ནང་ཆོས་ཤེས་ནས་དད་ཐོབ་གྱིས། །
ཆོལ་གསུམ་ཡོངས་རྫོགས་གཅིག་གྱུར་པ། །
གངས་ཅན་པ་ཞེས་པ་གཅིག་གྱུར་པ། །
བོད་པའི་སྐད་དང་བོད་ཆོས་དང་། །
རིག་གཞུང་གོམམ་སྲོལ་གཅིག་ཉིད་དོ། །
ཆོས་རྒྱལ་མེས་དབོན་རྣམ་གསུམ་དུས། །
བོད་འབངས་ཡོངས་རྫོགས་གཅིག་ཏུ་བསྡུས། །
བསིལ་བུར་ཆགས་ནས་བླ་དཔོན་ལ། །
བོད་འབངས་མི་དབང་ཆོས་རིག་རྒྱས། །
ཚན་རིག་མཉམ་དུ་བགློ་གླེང་དུས། །
ལས་འབྲས་ཐར་པ་མ་བཤད་པར། །
ཚེ་འདིའི་ལུས་སེམས་བདེ་ཐབས་སུ། །
ནང་ཆོས་ཚན་རིག་ལྟ་གྲུབ་གླེང་། །
གཞལ་བྱ་མངོན་ལྐོག་ཤིན་ཏུ་ལྐོག །
གསུམ་པོ་གཏན་འབེབས་མངོན་གསུམ་དང་། །
རྗེས་དཔག་ཡིད་ཆེས་རིགས་ལམ་གྱིས། །
ཚུལ་གསུམ་རྟགས་ཀྱིས་གཏན་ལ་ཕོབས། །
རང་ཉིད་བོད་པ་ཡིན་ཕྱིན་ཆད། །
བོད་སྐད་ཆོས་དང་རིག་གཞུང་དག །
བོད་སྐད་ནང་ལ་རིགས་ལམ་ལས། །
གཞན་སྐད་ནང་ལ་མེད་ཕྱིར་བརྩོན། །
ཆབ་སྲིད་ལམ་སང་འགྱུར་དཀའ་ཡང་། །
རང་ཡོད་སྐད་དང་རིག་གཞུང་ལ། །
སྦྱངས་བརྩོ་ན་དང་དོད་མ་བྱས་པར། །
མགོ་སེར་ལས་ཀྱང་དམན་ན་ཞན། །
གཞན་སྐད་སྦྱོངས་དང་དཔལ་འབྱོར་གསོག །
རང་སྐད་མ་ཉམས་ཆོས་དད་སློབས། །
དུས་རབས་ཉི་ཤུ་རྩ་གཅིག་གི །
ནང་ཆོས་ཤེས་ནས་དད་ཐོབ་གྱིས། །
ཀརྡོ་གཉེར་ཕྱག་པས་ཡག་པོ་བྲིས་བྱ།
དངོས་གནས་སྙན་པོ་འདུག
ཚིག་དོན་གཉིས་ཀ་མཐུན་པོ་རེད་བསམ་སོང་།
༸གོང་ས་མཆོག་གི་ལམ་སྟོན་ནི། ། བོད་མིའི་གཏན་གྱི་འདུན་མ་ཡིན།།