རྫ་ཚེ་རིང་བཀྲ་ཤིས།
སྐད་ཆ་དྲང་མོ་བཤད་ན། ནམ་རྒྱུན་རྒྱ་ནག་གི་གཞུང་ཚབ་ཚོས་འཆར་གཞི་བཞག འགྲོ་སོང་བཏང་ནས་ཕྱི་སྡོད་བོད་པ་ཚོ་ཁོང་ཚོའི་མཛད་སྒོར་སྐད་གཏོང་གི་ཡོད་པ་རེད། ཁོང་ཚོས་ཕྱིས་བཞུགས་བོད་པ་ཚང་མ་ཏཱ་ལའི་རུ་ཚོགས་ཀྱི་ཚོགས་མི་མིན་པའི་རྣམ་པ་ཞིག་མངོན་ཐབས་བྱེད་ཀྱི་ཡོད། དེ་གཅིག་རེད། དེ་ནས་ཁོང་ཚོས་ཏཱ་ལའི་རུ་ཚོགས་ནི་ཁ་བྲལ་རང་ལུགས་པ་རེད། ཁོང་ཚོའི་གཏམ་སྤྱོད་ཀྱིས་རྒྱ་ནག་མི་མང་དུང་ཕྱུར་བཅུ་གསུམ་གྱི་སེམས་ལ་རྨ་ཁ་བཟོ་གི་ཡོད་རེད་ཅེས་སྒྲོག་གིན་ཡོད། ཐ་ན་ནུབ་ཕྱོགས་པའི་མི་སྣ་གྲགས་ཅན་ཞིག་༧གོང་ས་མཆོག་དང་མཇལ་ན་ཡང་རྒྱ་ནག་མི་མང་གི་སེམས་ལ་རྨ་ཁ་བཟོས་སོང་ལབ་ཀྱི་ཡོད། དེ་ཁོ་ཚོའི་ལག་ཆ་ཡོད་ན་མེད་ན་ཞིག་རེད།
རྒྱ་ནག་ནང་ལ་ཡང་༧གོང་ས་མཆོག་དང་བོད་ཀྱི་རྩ་དོན་གྱི་སྣང་བརྙན་དང་མི་མང་བར་དབྱེན་དཀྲུགས་བྱེད་པ་དེ་ལས་དོན་ཨང་དང་པོ་རེད། དེ་འདྲའི་གནས་སྟངས་འོག་མ་མཐའ་ཡང་ཆབ་སྲིད་ཀྱི་རྩེད་མོ་ཏོག་ཙམ་ཤེས་མཁན་ཞིག་ཡིན་ན་རང་གཞུང་དོན་གཅོད་ཀྱིས་གོ་སྒྲིག་བྱས། དེ་ལ་རྒྱ་མི་ཚོ་ཚུར་ཡོང་། མ་མཐའ་ཁོང་ཚོ་རྒྱ་ནག་རང་གི་མི་དེ་དག་གིས་རྒྱ་ནག་གིས་དུག་དང་དགྲ་ལྟར་ལྟ་བའི་གཞུང་དང་སྒྲིག་འཛུགས་ཞིག་དང་ལག་པ་གཏོང་བ་བྱུང་ན་འདི་ལ་ཚད་མཐོ་བའི་རེ་བ་བཅོལ་ས་ཡོད་མིན་གང་ལྟར་ཡང་། ཆབ་སྲིད་ཀྱི་གནད་འགག་ཅིག་དང་ཐབས་ཇུས་བརྡ་ལན་གྱི་དོན་སྙིང་ངེས་ཅན་རེ་ཡོད་པར་གོ་བ་ལེན་ཆོག་པ་རེད། ནུབ་ཕྱོགས་པའི་ཁ་གཏད་ཚོགས་པ་དེ་ཚོ་ནང་བཞིན་ཕྱོགས་གཞན་གྱིས་གང་བྱས་ཚང་མ་ཅི་བྱས་ཉེས་མཐོང་གིས་དགག་པ་རྒྱག་རྐྱང་བྱེད་པ་འདི་མ་གཞི་རང་དབང་ཡིན་ན་ཡང་། ཆབ་སྲིད་ཤེས་པ་དང་དྲང་བདེན་གྱི་གཏམ་ནི་མིན་ནོ།།
དྲང་པོར་སྨྲ་ལ་དགའ་བའི་རྫ་ཚེ་རིང་བཀྲ་ཤིས་ཀྱིས་མཆན་དུ་བཏབ།
ཁ་བྲལ་གྱི་ཚིག་ནི། རྒྱ་ནག་ལས་བྱེད་པ་ཚོས། འུ་ཐུག་པའི་རྫུན་ཚིག་དང་། ཧམ་བཤད་དང་། རང་མགོ་རང་གིས་བསྟོར་སྟངས་ཤིག་ལས་མ་འདས་སོ།།
ད་ནི། རྒྱ་གཞུང་གིས།
ནང་ཆོས་ཀྱིས། ཆེས་ཀླ་ཀློ་ལབ་ས་མ་བྱུང་བ་རེད།
ཞི་བདེ་ཡིས། ཆེས་སྡུག་རྩུབ་ལབ་ས་མེད་པ་རེད།
སྤྱོད་མཛེས་ཀྱིས། ཆེས་རྗེས་ལུས་ལབ་ས་མི་འདུག་ག
ལེགས་བྱང་གིས། ཆེས་མུན་ནག་དེ་རྫུན་ཚིག་ཆགས་པ་རེད།
ད་ཁ་བྲལ་གྱི་རྫུན་ཚིག་འདི་ཡང་་་་་་་་
བོད་པའི་དཀའ་ངལ་དེ་གང་ཟག་དང་གང་ཟག་བར་གྱི་དཀའ་ངལ་མ་རེད་བོད་དང་རྒྱ་ནག་བར་གྱི་དཀའ་ངལ་དེ་ཆབ་སྲིད་ཀྱི་དཀའ་ངལ་རེད་ལ་ཆོས་ལུགས་ཀྱི་དཀའ་ངལ་ཡང་རེད་དེ་འདྲའི་དཀའ་ངལ་དེ་བོད་རྒྱ་གཉིས་ཀྱི་འགོ་འཁྲིད་མི་སྣ་ཕན་ཚུན་མི་དང་མི་ཐུག་ནས་ཕར་བཤད་ཚུར་ཉན་དང་ཚུར་བཤད་ཕར་ཉན་གྱི་རྒྱུད་ནས་བོད་རྒྱའི་དཀའ་ངལ་སེལ་དགོས་པ་ལས་ཨ་རིའི་མཚོན་པའི་ནུབ་ཕྱོགས་དང་ཤར་ཕྱོགས་ཀྱིས་རྒྱལ་ཁབ་ག་འདྲ་ཞིག་ལ་རེ་བ་བཅོལ་ཀྱང་བོད་ཀྱི་དཀའ་ངལ་སེལ་བའི་ཚབ་ཏུ་དུས་ཚོད་སྐྱེལ་རྒྱུའི་ཆབ་སྲིད་ཁ་སྟོང་ལག་སྟོང་ཞིག་ལ་ང་ཚོ་རེ་བ་བཅོལ་ནས་མི་ལོ་བཅུ་ཕྲག་ལྔ་ལྷག་ཙམ་འདས་ཟིན་པ་ད་དུང་མི་ལོ་བཅུ་ཕྲག་ལྔ་ལ་རྒྱང་བལྟ་བྱ་འདོད་མ་རེད་དམ་?
ཨམ་མིན་ཁམས་མིན་གྱི་རྫ་ཚེ་རིང་བཀྲིས་ལགས་ནས་དེ་རིང་གཏམ་དྲང་པོ་ཞིག་གསུངས་འདུག་པས་རྒྱབ་སྐྱོར་དང་རྗེས་སུ་བདག་ཡིད་རངས།
རྫ་ཚེ་ཁོང་གི་བཤད་ནི་རེད་་་་བཤད་པ་ལ་སུན་ནི་མ་རེད་་
རྒྱ་གྲ་འདི་ཚོས་ཅང་ཤེས་ནི་མ་རེད་ཡིན་ཡང་ཤེས་མདོག་བྱེད་ནི་རེད།
བོད་པ་དོལ་ཚོགས་པ་དེ་ཚོ་ལས། ཨ་རིའི་རྒྱ་རིགས་དེ་ཚོའི་རིགས། ད་ལྟའི་བོད་མིར་བཀའ་དྲིན་ཆེ་བ་ཆགས་བཞིན་པ་ནི། མངོན་སུམ་ཚད་གྲུབ་འདི་ཡིས་ག་རེ་བསྟན་བཞིན་པ་རེད་དམ། ལགས།། །།
དེ་འདྲ་འཛོམས་འཛོམས་དེ་ནི་རྒྱ་མི་དང་བོད་མི་གོ་བསྒྲིགས་པ་ཚོར་ཨ་རི་གཞུང་ལ་དངུལ་ཐོབ་ཐབས་རང་དོན་མ་གཏོགས་གཞན་གང་ལ་ཡང་མི་ཕན་ནོ།
མདོ་ཁམས་ཟུང་འབྲེལ་ཕ་ཡུལ་ཅན།།
གསར་རྙིང་ཟུང་འབྲེལ་ཆོས་ལུགས་ཅན།།
ཆོས་སྲིད་ཟུང་འབྲེལ་ལྟ་བ་ཅན།།
རྒྱ་བོད་ཟུང་འབྲེལ་འབྲེལ་བ་ཅན།།
རྫ་ཚེ་མེད་ན་ཁ་བརྡའང་མེད།།
ཁ་བརྡའི་བློན་པོ་ཅན་ལ་བསྟོད།།
སྔོན་མ་བོད་པ་རྒན་རབས་པ་ཚོས་བོད་རྒྱ་འབྲེལ་མཐུད་བྱེད་མ་ཐུབ་ཞིག་གཞིས་ཆགས་བུ་གུ་སྤེབ་ཚེ་ལྟ་བུའི་བྱེད་ཐུབ་ལེ་མིན།
མཆན་ཚང་མ་བཀླགས་ཡོད་དོ།།
བླུན་པོ་སྨྲ་བ་ཉུང་ན་མཛེས་ཞེས་པའི་སྐད་ཆ་འདི་རྫ་ཚེ་ལྟ་བུའི་སྐྱ་མིན་སེར་མིན་ཚོར་བཤད་པ་ཡིན་ཚོད་རེད།