༼བོད་ཀྱི་དུས་བབ་དྲ་ཚིགས་ནས་འདྲེན་བཀོད་ཞུས།༽
ཨ་རིའི་རླུང་འཕྲིན་ཁང་གི་འགན་འཛིན་ལྷན་ཚོགས་ཀྱིས་ཨ་རིའི་རླུང་འཕྲིན་གྱི་བོད་སྐད་རླུང་འཕྲིན་སྡེ་ཚན་ཡོངས་སུ་སྒོ་རྒྱག་གཏན་འཁེལ་ཡོད་པར། འབྲེལ་ཡོད་དག་གིས་ཨ་རིའི་གཞུང་གིས་ཐག་གཅོད་དེར་རྒྱབ་སྐྱོར་མི་བྱ་རྒྱུར་འབོད་སྐུལ་ཞུ་བཞིན་ཡོད་འདུག
ཉེ་ལམ་ཨ་རིའི་རླུང་འཕྲིན་ཁང་གི་འགན་འཛིན་ལྷན་ཚོགས་(BBG)ཀྱིས་རླུང་འཕྲིན་ཁང་དེའི་འོག་ཡོད་པའི་བོད་སྐད་བརྙན་འཕྲིན་དང་རླུང་འཕྲིན་གཉིས་ལས། བདུན་ཕྲག་གཅིག་ལ་ཆུ་ཚོད་ ༤༢ ཡོད་པའི་བོད་སྐད་རླུང་འཕྲིན་ལས་རིམ་ཡོངས་སུ་སྒོ་རྒྱག་གཏན་འཁེལ་ཡོད་འདུག དེ་ནི་ཨ་རིའི་དཔལ་འབྱོར་གྱི་ཉམ་ཉེས་དང་བསྟུན་རླུང་འཕྲིན་ཁང་དེའི་ ༢༠༡༣ ལོའི་སྔོན་རྩིས་ཐད། རླུང་འཕྲིན་ཁང་དེའི་འོག་ཏུ་ཡོད་པའི་བོད་སྐད་རླུང་འཕྲིན་སྡེ་ཚན་དང་། དེ་བཞིན་སྐད་རིགས་གཞན་དག་ཁག་ཅིག་གི་རླུང་འཕྲིན་སྡེ་ཚན་བཅས་སྒོ་རྒྱག་གཏན་འཁེལ་ཡོད་པ་རེད། ཨ་རིའི་རླུང་འཕྲིན་ཁང་གི་ཐག་གཅོད་དེའི་མཐའ་མའི་ཐག་གཅོད་ནི་ཨ་རིའི་གྲོས་ཚོགས་སུ་བགྲོ་གླེང་ཐོག་གཏན་འབེབ་བྱ་དགོས་པ་ཞིག་ཆགས་ཡོད། གནས་ཚུལ་ཁ་ཚང་གཟིགས་ན་འདིར་ནོན།
བོད་ཕྱི་ནང་གི་བོད་སྐད་རླུང་འཕྲིན་ཉན་མཁན་ཚོས་གདེང་འཇོག་བྱེད་སྟངས་དང་། ཕན་ཐོགས་ཀྱི་སྐོར་ནས་ཡར་ཞུ་བྱེད་ས་ཁག་ལ་སྙན་གསན་ཞུ་རྒྱུ་གལ་ཆེ། ལོ་འགའི་གོང་ལ་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་སྒོ་རྒྱག་གི་འཆར་གཞི་དེ་རེ་སྐུལ་གྱི་ནུས་པས་ཕྱིར་འཐེན་བྱེད་ཐུབ་ཡོད། ད་ལྟ་VOAབོད་སྐད་སྡེ་ཚན་སྒོ་རྒྱག་འཆར་དེར་གྲོས་ཚོགས་ཀྱི་བགྲོ་གླེང་བརྒྱུད་པའི་ཐག་གཅོད་ཅིག་དགོས་ཀྱི་ཡོད་པ་ཡིན་འདུག་པས། གྲོས་ཚོགས་འཐུས་མི་ཚོར་སྡེ་ཚན་འདིས་བོད་ཕྱི་ནང་གི་བོད་མིར་གོ་རྟོགས་སྤེལ་བའི་གྲུབ་འབྲས་དང་། ད་དུང་ཡང་གོ་རྟོགས་སྤེལ་བའི་དགོས་མཁོ་ཆེ་བའི་སྐོར་ནས་ཞུ་སྐུལ་གང་མགྱོགས་བྱ་ཐུབ་དགོས།
གཙོ་གནད་དེ། ད་ལྟ་རླུང་འཕྲིན་ཁང་གཉིས་ཡོད་པ་ལས་གཅིག་གིས་འཐུས་པའི་ལྟ་ཚུལ་གྱི་འོག་ནས་སྒོ་རྒྱག་འཆར་གཞི་འདི་བཀོད་ཡོད་པ་ཡིན་ན། སྡེ་ཚན་གཉིས་ཀ་ནི་ཁྱད་ཆོས་མ་འདྲ་བ་དང་གཉིས་དང་། ཕན་ཐོགས་མི་འདྲ་བ་གཉིས་ལྡན་ཡིན་པའི་རྒྱུ་མཚན་བགྲངས་ནས། གཉིས་ཀ་མུ་མཐུད་གནས་པ་ཞིག་ཡོང་ཐབས་བྱ་དགོས།
བོད་ཕྱི་ནང་གི་བོད་མིའི་རེ་སྐུལ་བསམ་ཚུལ་བསྡུ་བའི་ལས་འགུལ་སྤེལ་དགོས་ཀྱང་སྤེལ་རན་རེད། བསམ་ཚུལ་བསྡུས་ནས་འབུལ་ཐུབ་པ་ཡིན་ན། ནུས་པ་ཆེ་གི་རེད།
གནས་ཚུལ་འདི་དངོས་ནས་ཡིན་ན་གཞིས་བྱེས་བོད་མི་ཡོངས་ལ་གྱོང་གུན་ཆེན་པོ་ཅིག་ཡིན་པ་མ་ཟད་བོད་མི་ཚོའི་རྣ་བའི་ཟས་སྐལ་ཅིག་འཕྲོག་པ་རེད། རླུང་འཕྲིན་ལས་བྱེད་ཚང་མས་ལོ་འདི་དག་རིང་ཧུར་ཐག་གནང་བ་རེད། ལྷག་པར་དུ་ཀུན་གླེང་དང་གསར་འགྱུར། དཔྱད་ཞིབ། དྲ་སྣང་གི་བོད་ཞེས་པའི་བརྙན་འཕྲིན་ཚན་པ་ཁག་ནི་ངེད་ལྟ་མཁན་རྣམ་པས་དགའ་བསུ་དང་རྒྱབ་སྐྱོར་ཆེན་པོ་ཐོབ་ཡོདཔ་ཞིག་དང་། གྲུབ་འབྲས་གཡུར་དུ་ཟ་བ་ཞིག་ཀྱང་རེད། དབུས་སྒྲིག་འཛུགས་དང་འབྲེལ་ཡོད་ཚན་པས་ཐབས་ཤེས་གང་ཡོད་བཏོན་ནས་ཨ་རི་གཞུང་ལ་སྙན་ཞུ་ཕུལ་ནས་གནས་ཚུལ་འདི་སྐྱོབས་གང་ཐུབ་བྱེད་དགོས།
ཡིད་སྐྱོ་གནས་ཚུལ་རེད་རང་དབང་དང་དམངས་གཙོས་རྒྱལ་ཁབ་འདི་འདྲས་འོས་མིན་གྱི་བྱ་བ་སྒྲུབས་ན་རྒྱ་ནག་དམར་ཤོག་པ་ཚོ་དགའ་བཞིན་པ་ཡིན་རྒྱུ་རེད། ཨ་རིའི་རླུང་འཕྲིན་ཁང་བརྒྱུད་གཞིས་བཞུགས་བོད་མི་ཚོར་གོང་ས་མཆོག་གི་ད་ལྟའི་གནས་ཚུལ་དང་འཛམ་གླིང་སྤྱིའི་འཕོ་འགྱུར་སོགས་བརྙན་འཕྲིན་འདི་བརྒྱུད་མིག་ལམ་དུ་ལྟོན་ཐུབ་པའི་གསལ་ལམ་ཞིག་རེད་ང་ཡང་བོད་ནང་དུ་ཡོད་དུས་རླུང་འཕྲིན་འདི་ལ་ལྟ་རྒྱུར་ང་ཅང་དགའ་བོ་ཡོད། བོད་མི་མང་དག་ཅིག་གི་འདི་ལ་ལྟ་རྒྱུར་དགའ་མོས་དང་ེར་བ་ཡོད་པ་གསལ་བོ་ཡིན། མགོ་སེར་ཚོས་ཅི་བྱེད་བསམ་པ་རེད་ཁོང་ཚོས་དམིགས་ཡུལ་རྒྱ་ནག་ལ་ངོ་འཛིན་པའི་ཆེད་མིན་ནམ་དེ་ཡིན་ད་ནས་ཨ་རིར་ལ་མགོ་བསྒུར་བ་དོན་མེད་རེད་ཨོ་བྷ་མས་དྲང་བདེན་དང་ཉམ་ཆུང་ལ་འདི་ལྟར་བྱེད་འོས་སམ།
སེམས་པ་སྐྱོ་བོའདུག འདི་ཡང་བོད་ཀྱི་གནད་དོན་ཆེ་བ་ཅིག་ཡིན་རྒྱུ་རེད་ད་རང་གཞུང་ནས་ཀྱང་སྙན་ཞུ་རེ་ཕུལ་ན་ཡག་པོ་མེད་དམ།
ཧྲ་ཀི་ཧྲ་ཀི
ཨ་རི་སྟོབས་ཆེན་རྒྱལ་ཁབ་ཅིག་ལ་མཚོན་ན།་གློག་འཕྲིན་ཁང་ཞིག་གི་འགྲོ་གྲོན་གཏོང་མི་ཐུབ་པ་ཡིན་མི་སྲིད་ཅིང།་དེ་ལས་ཆེ་བའི་གནད་དོན་ཏེ།་འདི་ནི་རྒྱ་ནག་ལ་སྤྲེལ་ལད་དང།་ཨ་རི་བཙན་རྒྱལ་རིང་ལུགས་དོན་དངོས་བོད་དོན་ལ་ཤ་ཚ་མེད་པའི་སྐབས་འཚོལ་བའི་རང་མདོག་སླར་ཡང་མངོན་པ་སྟེ།་དེ་སྔོན་ཕྱི་ལོ་བདུན་ཅུ་དོན་གྲངས་ལ་གློ་དམག་སྒར་གྱི་འགྲོ་གྲོན་བཀག་པ་བཞིན་ཡིན་ངེས།་་་་་འོན་ཀྱང་ད་དུང་ཡང་ང་ཚོས་འདིའི་ཐད་ཉམས་ཞིབ་དང།་ཞུ་འབོད་དགོས་གལ་མཐོང།་་་འདི་ལྟར་ང་ཚོས་རྒྱ་ནག་ལ་ངོ་སྲུང་ཇི་ལྟར་བྱས་ཀྱང།་དགྲ་བོ་ནི་དགྲ་བོ་སྟེ།་ཕྱོགས་སྣ་མང་ནས་ང་ཚོར་མགོ་གནོན་བྱ་ངེས་པས།་རང་མགོ་རང་འདོན་དང་རང་གཅེས་རང་སྲུང་དགོས་པ་གལ།
བོད་རིགས་ཨ་རིའི་མི་སེར་བ་དང་། བོད་དོན་རྒྱབ་སྐཡབ་སྐྱོར་བ་དང། མི་རིགས་གཅིག་གི་འགྲོབ་མིའི་ཐོབ་ཐང་དང་སྐད་ཡིག་ལེགས་གཞུང་སོགས་རྒྱུན་གནས་ཕྱིར་དུ་བོད་སྐད་རླུང་འཕྲིན་འཚམས་འཇོག་གི་རེ་འབོད་མུ་མཐུད་བྱ་དགོས་པའི་དུས་ལ་བབ་པ་རེད། དེས་ན་་ཀུན་གྱིས་་་་་་་་་་་
ཨ་རིའི་བོད་སྐད་རླུང་འཕྲིན་ལ་ཉན་མྱོང་མེད་མོད། བོད་ནང་དུ་ཉན་གྱི་ཡོད་ཚོད་འདུག གང་ལྟར་མེད་པ་ལས་ཡོད་པ་བཟང་བས། ཚང་མས་ཨ་རི་གཞུང་མང་ལ་འབོད་སྐུལ་ཞུ་དགོས། ཀུན་གླེང་ལ་ལྟ་མཁན་མང་པོ་རེད་ལ་ཕན་ཐོགས་ཀྱང་ཆེན་པོ་རེད། ཡིན་ཡང་རྣམ་རྒྱལ་དང་ཚེ་རིང་སྐྱིད་གཉིས་ཀྱི་གཙོ་འོག ཕྱོགས་གཅིག་ཁོ་ནར་བསྟོད་བསྔགས་རིགས་མེད་ན་བཟང་གི།
༸གོང་ས་མཆོག་བོད་ཀྱི་དབུ་འཁྲིད་མི་བའི་རྗེས་ནས་བོད་ཀྱི་ཆབ་སྲིད་ལ་སྨན་པའི་ལས་ཁུང་ཐ་དག་སྒོ་རྒྱབ་ངེས་རེད། རང་ངོས་ནས་ཀྱང་བོད་གཞུང་གི་མཚན་སྙན་ཡང་མེད་པ་བཟོས། བལ་ཡུལ་ལའང་བོད་གཞུང་གི་ལས་ཁུང་ནི་མིང་ཙམ་ལས་སྒོ་རྒྱབ་ཟིན་པ་དང་ཁྱད་མེད།
འདི་ཚང་མ་རྒྱ་ཡིས་ངན་གཡོ་དང་དཔལ་འབྱོར་གྱི་སྟོབས་ཤུགས་ཁོ་ན་ལས་བྱུང་བ་ནི་ཚང་མས་ཤེས།
དཔལ་འབྱོར་གྱི་འགྲོ་གྲོན་ལ་ཁ་གཡར་ནས་ང་ཚོའི་རྒྱུད་ལམ་ཡག་ཤེས་དེ་སྒོ་རྒྱག་ངེས་ཡིན་པ་འདྲ། གཙོ་བོ་འདིའི་ལྐོག་ན་པེ་ཅིང་གི་ལག་ངན་བསྲིངས་པའང་བཤད་མི་དགོས་པ་རེད། གང་ལྟར་ང་ཚོའི་ངོས་ནས་གཞུང་འབྲེལ་ཡིན་མིན་ཚང་མས་ཨ་རིའི་གྲོས་ཚོགས་ལ་ཞུ་སྐུལ་བྱ་རྒྱུ་ལས་ཐབས་གཞན་མི་འདུག
རླུང་འཕྲིན་ཁང་དེ་ཉན་མྱོང་མ་མྱོང་གལ་ཆེན་པོ་མ་རེད། དེ་ལས་ཨ་རིའི་ཆབ་སྲིད་ཀྱི་འགྱུར་བ་དང་ཨ་རིས་བོད་དོན་ལ་ལྟ་སྟངས་དང་། རྒྱ་ནག་དང་ཨ་རིའི་འབྲེལ་བ་ག་འདྲ་ཆགས་མིན་གྱི་སྔོན་བརྡ་མིན་འགྲོ། ཨ་རིའི་འགྱུར་ལྡོག་ལ་བརྟེན་ནས་བོད་པ་རང་གིས་ལམ་ཁ་གང་འདྲ་ཞིག་བཙལ་དགོས་མིན་ལ་བསམ་བློ་གཏོང་དགོས་པ་རེད་དྲན། རྒྱ་ནག་ང་ཚོའི་དགྲ་བོ་རེད། ཨ་རི་ནི་འགྲོ་བ་མའི་ཐོབ་ཐང་གི་ནག་འཚོང་བརྒྱག་མཁན་གྱི་སྲིད་གཞུང་ཞིག་རེད། རླུང་རྟ་གུད་པའི་བོད་མི་རིགས་དགྲ་བོ་དང་ནག་ཚོང་མཁན་གཉིས་ཀྱི་བར་ལ་ལྷུང་ཡོད་རེད། གནས་སྟངས་སྐྱོ་འདི་བོད་པ་ཚོས་ཆོས་ལུགས་དང་ཆོལ་ཁ་གལ་ཆེར་རྩིས་ནས་ནང་ཁུལ་ལ་འབུར་འཇོམ་བྱས་བསྡད་པའི་མཇུག་འབྲས་རེད། ད་ནི་སྐྱིད་པའི་ཉི་མ་ཞིག་ཤར་རྒྱུ་ཡོད་མེད་བཤད་ཁག་པོ་རེད། ད་ས་ཆ་ཕྱིར་མ་ལོན་ཡང་། རྒྱ་མི་མཐོང་ཚད་ལ་མི་ཤིའི་དགྲ་ཤ་ཨེ་ལོན་ལྟོས་ན་ཡག་ཤོས་རེད། ད་ནི་མི་མེད་བདག་མེད་བཟོ་ཨེ་ཐུབ་ལྟ་རྒྱུ་ལས་ལྷག་མེད་པར་མཐོང་།
ཨ་རིར་དངུལ་གྱི་དཀའ་ངལ་ཡོད་ན་ཐབས་ཤེས་ག་རེ་ཡོད་པ་རེད། བོད་ཀྱིས་དངུལ་གྱི་རོགས་སྐྱོར་ནི་བྱེད་མི་ཐུབ། སྐྱབས་འཇུག་ཞུ རྒྱུ་ལས་ཐབས་གཞན་ཅི་ཡོད།
ཨ་རི་ནི་སྤྱོང་གྲུང་འཛམས་པའི་གཡོ་ཅན་གྱིས་འཁྲབ་བསྟོན་པ་རང་རེད་ཡང་འདི་ནས་རྒྱ་མིར་ངོ་བསྟོད་ཀྱི་ཚུལ་དུ་འཁྲབ་གྲལ་བྱེད་ཀྱི་འདུག་ག་ང་ཚོས་འོ་དོད་་གང་འབོད་ཀྱང་ཁ་སེམས་ན་རོགས་རང་རེད།
ཨ་རིའི་རླུང་འཕྲིན་ནི་བོད་ནང་གི་བོད་མིའི་འཛམ་གླིང་ལ་ཉན་པའི་རྣ་བ་ཡིན་པས་སྒོ་གཏན་ནས་རྒྱབ་མི་ཉན།
སྔོན་ཆེད་བཀའ་ཟུར་བསྟན་འཛིན་རྣམ་རྒྱལ་སོགས་ཀྱི་སྐབས་སུ་མེད་པ་ནས་ཡོད་པ་བཟོ་བ་རེད།
ད་ལྟ་མཁས་དབང་བློ་བཟང་སེང་གེའི་ལག་ནས་ཡོད་པ་ནས་མེད་པ་གྱུར་ན་ངོ་ཚ་རེད།
ནང་སྲིད་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་ལ་བཅར་འདྲི།
ནང་སྲིད་ལས་ཁུངས་ཀྱིས་སྤྱིར་ལས་དོན་བྱེད་ཕྱོགས་ངོ་སྤྲོད་དང། ཉམ་ཐག་ལ་ལྟ་སྐྱོང་བྱེད་ཕྱོགས། གཞིས་ཆགས་སྲ་བརྟན་དང་བོད་མིའི་འཚོ་རྟེན་ཆེད་ཁྲོམ་རའི་སྐོར་སྐོར་བཅས་ལ་བཅར་འདྲི།
སྤྱིར་ནང་སྲིད་ལས་ཁུངས་ཀྱི་ལས་དོན་བྱེད་ཕྱོགས་ངོ་སྤྲོད།
དྲི་བ། ནང་སྲིད་ལས་ཁུངས་ཀྱི་ངོས་ནས་ནམ་རྒྱུན་མང་ཚོགས་ཁྲོད་ལས་དོན་བྱེད་ཕྱོགས་སྐོར་ངོ་སྤྲོད་མདོས་བསྡུས་ཤིག་གནང་རོགས།
ལན། ནང་སྲིད་ལས་ཁུངས་ཀྱི་ལས་དོན་བྱེད་ཕྱོགས་ས་གནས་ཀྱི་ཁྱབ་ཁོངས་ལྟར་བྱས་ན། བོད་མི་བཙན་བྱོལ་བ་རྒྱ་བལ་འབྲུག་གསུམ་ལ་གཙོ་བོ་ཆགས་ཡོད་རེད། རྒྱ་བལ་འབྲུག་གསུམ་གྱི་ཕྱི་རུ་ཡོད་པའི་བོད་མི་ཚོ་ལ་ང་ཚོས་ད་ལྟའི་ཆར། དམིགས་བསལ་གྱི་ལས་འཆར་དེ་འདྲ་ཡོད་པ་མ་རེད། རྒྱ་བལ་འབྲུག་གསུམ་ལ་ལས་དོན་བྱེད་ཕྱོགས་དེ་ཡང་། བོད་མི་ཚོའི་སྡོད་གནས་ལ་འགན་ཁུར་དགོས་པ་རེད། ལས་དོན་དེའི་ཐོག་ལ་ཡང་དབྱེ་བ་གསུམ་ཡོད། གཅིག་དེ་སོ་ནམ་གཞིས་ཆགས་ཁག་དང་། གཉིས་པ་དེ་བཟོ་ལས་གཞིས་ཆགས་ཁག གསུམ་པ་དེ་ཁ་འཐོར་དུ་གནས་ཡོད་པའི་མི་མང་ཁག་བཅས་རེད། སྤྱིར་བཏང་གཞིས་ཆགས་ཁག་ནང་ལ་དགོན་སྡེ་ཁག་དང་། ཤེས་ཡོན་གྱི་སྡེ་ཚན་ཁག་ཡོད་པ་རེད། དེ་ཚོ་ཚང་མའི་ནང་ལ་ནང་སྲིད་ལས་ཁུངས་ཀྱི་ངོས་ནས་ལས་ཀ་བྱེད་སྟངས་དེ། ས་གནས་ཆེ་ས་དེ་ཚོ་ལ་ས་གནས་འགོ་འཛིན་རེ་དང་། ས་གནས་འགོ་འཛིན་མེད་ས་དེ་ཚོ་ལ་ཡང་དེའི་ཁྱབ་ཁོངས་སུ་དགོས་ངེས་ཅན་ཡིན་ན། འབྲེལ་མཐུད་པ་བསྐོས་ནས་ལས་ཀ་བྱེད་ཀྱི་ཡོད། བཅའ་ཁྲིམས་རིན་པོ་ཆེ་གཏན་འབེབས་བྱས་ཚར་པའི་རྗེས་སུ། ས་གནས་འགོ་འཛིན་ས་གནས་རང་ནས་མི་མང་གིས་ཐད་ཀར་འོས་འདེམས་བྱེད་ཕྱོགས་ཀྱི་ཐོག་ལ། མང་གཙོའི་འགྲོ་སྟངས་དང་མཐུན་པའི་ལམ་སྟོན་དང་སློབ་གསོ་བྱས་ནས་འོས་འདེམས་བྱ་སའི་ལམ་ཁ་ཞིག་ཡོད་པ་རེད། ས་གནས་རེ་ཟུང་ནས་མི་མང་རང་གིས་འོས་འདེམས་བྱས་པ་ཡང་ཡོད་རེད། དེ་ཚོས་ཀྱང་ལས་ཀ་བྱེད་སྟངས་དེ་ནང་སྲིད་ལས་ཁུངས་ཀྱི་སྐུ་ཚབ་ཀྱི་ངོ་བོའི་ཐོག་ནས་ཕྱག་ལས་གནང་གི་འདུག དེར་བརྟེན། ས་གནས་ས་ཐོག་གི་ངོ་ཚབ་དེ་ཁོང་ཚོ་ཆགས་ཡོད་པ་རེད། ཁོང་ཚོའི་ལས་དོན་དེ་ཡང་གཙོ་བོ་བོད་མིའི་བདེན་མཐའ་གསལ་ཐབས་རེད། དེ་ནང་བཞིན་འཕྲལ་སེལ་གྱི་མི་མང་གི་ཉིན་རེའི་འཚོ་བའི་ནང་གི་དཀའ་ངལ་དང། བདེ་སྡུག་དེ་ཚོའི་ཐོག་ལ་ཡང་གཞུང་གི་སྐུ་ཚབ་ཀྱི་ཐོག་ནས་ལམ་སྟོན་དང་རོགས་རམ་བྱེད་དགོས་པ་ཞིག་ཆགས་ཡོད་པ་རེད། དབུས་ནང་སྲིད་ལས་ཁུངས་ཀྱི་ལས་བྱེད་ལ་ཆ་བཞག་ན། ས་གནས་རང་དང་ཐད་ཀར་འགན་ཁུར་མཁན་ཚན་པ་སོ་སོར་ཡོད་རེད། གཞིས་ཆགས་སོ་སོར་སྡོད་མཁན་གྱི་མི་མང་དང་འབྲེལ་བ་ཡོད་པའི་ལས་གཞི་ཡང་ཁག་ཁ་ཤས་ཤིག་ཡོད་རེད། གཅིག་དེ་སྤྱི་ཚོགས་ནང་གི་ཉམ་ཐག་སྐྱོ་པོའི་རིགས་ལ་གཟིགས་སྐྱོང་གི་ལས་གཞི་སྔོན་མ་ནས་ཡོད་རེད། ལས་དོན་བྱེད་སྟངས་དེ་ཡང་ས་གནས་སོ་སོར་ཉམ་ཐག་ཚོགས་ཆུང་དང། དབུས་ནས་ཉམ་ཐག་བསྐྱར་ཞིབ་ཚོགས་ཆུང་། དེའི་ནང་ལ་ནང་སྲིད་གཙོས་པའི་འཕྲོད་བསྟེན་དང་ཤེས་རིག་ལྷན་འཛོམས་ཀྱིས་བསྐྱར་ཞིབ་བྱས་ཏེ། ཉམ་ཐག་གཟིགས་སྐྱོང་ལས་གཞི་དེར་ནང་སྲིད་ལས་ཁུངས་ནས་གཟིགས་རྟོགས་བྱེད་ཀྱི་ཡོད་པ་རེད། དེ་ནས་ན་གཞོན་ཡིན་ན་ལས་མེད་ཀྱི་རིགས་དེ་ཚོ་ལ། རང་ཁ་རང་གསོ་ཡོང་ཐབས་དང་འཚོ་བའི་མདུན་ལམ་བསྐྲུན་ཆེད་བྷེང་ལོར་གྱི་ཉེ་འཁྲིས་སུ་སྐྲ་གཏུབ་པ་དང་། མཛེས་བཟོ། ཤིང་བཟོ་སོགས་ལག་ཤེས་ཀྱི་སྦྱོང་བརྡར་བྱེད་ས་ཞིག་ཡོད་པ་རེད། དེར་ན་གཞོན་གྱི་ནུས་སྟོབས་སྤེལ་བའི་ལས་གཞི་ཟེར་གྱི་ཡོད་རེད།
དེ་ནས་མི་མང་གི་འཚོ་བ་དང་འབྲེལ་བ་ཆེ་ཤོས་སོ་ནམ་ལས་གཞི་དེ་རེད། ཐོག་མར་ང་ཚོ་བོད་ནས་སླེབས་དུས་རྒྱ་གར་གཞུང་དང་། རྒྱལ་ཁབ་གཞན་མང་པོ་ཞིག་གིས་ང་ཚོ་ལ་སྐྱབས་བཅོལ་གྱི་ངོ་བོའི་ཐོག་ནས་སྐྱོབ་གསོ་གནང་བ་རེད། དེའི་རྗེས་ནས་རྒྱ་གར་གཞུང་གིས་ང་ཚོ་ལ་ས་ཆ་སྤྲད་པ་ནང་བཞིན། རང་ཁ་རང་གསོ་ཡོང་བའི་ཐད་ལ་ལས་ཀ་བྱས་པ་རེད། དེར་བརྟེན་ང་ཚོའི་འཚོ་ཐབས་སོ་ནམ་ཞིང་ལས་ཆགས་ཡོད་རེད། ༢༠༠༢ ལོ་ནས་སྐྱེས་ལྡན་སོ་ནམ་གྱི་ཐོག་ལ་སོང་ཡོད་རེད། དེ་བཞིན་སྔོན་མ་ཡིན་ན་མཉམ་འབྲེལ་ཚང་མའི་ཚོགས་གཙོ་དེ་ས་གནས་འགོ་འཛིན་ཚོས་གནང་གི་ཡོད་རེད། དེ་ནས་ཡང་ས་གནས་འགོ་འཛིན་གྱིས་མཉམ་འབྲེལ་ཚོགས་གཙོ་བྱེད་མི་དགོས་པ་བྱས་ནས། མི་མང་གིས་མཉམ་འབྲེལ་གྱི་ཚོགས་གཙོ་དང་རྒྱུན་ལས་འོས་འདེམས་བྱེད་ཀྱི་ཡོད་རེད། ཡིན་ན་ཡང་ང་ཚོ་དང་མཉམ་འབྲེལ་ཐུན་མོང་གི་ཐོག་ནས། མི་མང་གི་ལས་དོན་བསྒྲུབ་ཕྱོགས་གཙོ་བོ་གཅིག དཔེར་ན་སོ་ནམ་གཞིས་ཆགས་ཁག་ཡིན་ན། སོན་གོང་བདེ་པོ་བྱས་ནས་བཙོང་རྒྱུ་དང་ལོ་རེའི་སྟོན་ཐོག་གི་རིན་གོང་ཚད་ལྡན་རག་ཐུབ་པ་བྱ་རྒྱུ་དེ་རེད། དེ་ནས་ཡང་གཞིས་ཆགས་ཁག་ཏུ་མི་མང་ལ་བཟའ་ཆས་དེ་གོང་མར་བཅགས་ནས་གཏོང་ཐབས་དང་། དེ་མིན་ཡང་གོང་ཚད་རན་པ་ཞིག་གི་ཐོག་ནས་མི་མང་ལ་གཏོང་རྒྱུ་དེ་ང་ཚོའི་ངོས་ནས་གལ་ཆེན་པོ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད། ལས་གཞི་དེ་སྔོན་མ་ནས་འགྲོ་ཡི་ཡོད་རེད་ལ་ངའི་ངོས་ནས་ཀྱང་། སོ་ནམ་པའི་ཡོང་འབབ་མཐོ་རུ་གཏོང་ཐབས་དང་། དེ་ནང་བཞིན་གཞིས་ཆགས་ཁག་གི་བཟའ་ཆས་གོང་བཅགས་ནས་གཏོང་རྒྱུ་བཅས་ཀྱི་སྐོར་ལ། མཉམ་འབྲེལ་དང་ཐུན་མོང་གིས་ཐོག་ནས་མི་མང་ལ་ཕན་ཐོགས་ཡོང་ཆེད་ཤུགས་རྒྱག་རྒྱུ་ཡིན།
ནང་སྲིད་ཀྱི་ཉམ་ཐག་ལ་ལྟ་སྐྱོང་།
དྲི་བ། ཉམ་ཐག་དེ་ཚོ་ལ་ནང་སྲིད་ལས་ཁུངས་ཀྱིས་སྐྱོབ་གསོ་གནང་གི་ཡོད་རེད། ཉམ་ཐག་ཡིན་མིན་གྱི་ཚད་དེ་ག་འདྲ་རེད།
ལན། དེའི་སྐོར་ལ་གྲོས་ཚོགས་ཀྱི་ནང་ནས་བཀའ་མོལ་རིམ་པ་མང་པོ་བྱུང་བ་རེད། ཉམ་ཐག་ལ་གཟིགས་སྐྱོང་གནང་བ་དེ་སྔོན་མ་ནས་ཡོད་རེད། སྤྱིར་རྒྱལ་ཁབ་ཁ་ཤས་ནང་ལ་ཆ་བཞག་ན། ཉི་མ་རེ་ལ་ཨ་རིའི་སྒྲོ་ལར་༡ ལས་ཡོང་འབབ་ཉུང་བ་ཡོད་ན་ཉམ་ཐག་རེད་ཟེར་བ་དང་། ཉམ་ཐག་བརྩི་སྟངས་འདྲ་མིན་འདུག དེ་ཡིན་དུས་ང་ཚོས་ཀྱང་དངོས་གནས་ཟ་རྒྱུ་འཐུང་རྒྱུ་ལ། དཀའ་ངལ་ཡོད་མཁན་གྱི་རིགས་དེ་ཚོ་ཉམ་ཐག་ཡིན་པའི་ངོས་འཛིན་བྱས་ནས་ཡོང་བ་རེད།
དྲི་བ། དཔེར་ན་བོད་ནས་ཡོང་མཁན་གཞིས་ཆགས་དང་སློབ་གྲྭ སྒྲིག་འཛུགས་གང་གི་ཡང་ཁོངས་སུ་མེད་པར་འཚོ་རྟེན་ལ་དཀའ་ངལ་ཡོད་མཁན་ཡོད་པ་རེད། དེ་ཚོ་ཡིན་ན་ཉམ་ཐག་ཁོངས་སུ་ཚུད་ཀྱི་ཡོད་རེད་དམ།
ལན། ཉམ་ཐག་གི་དཀའ་ངལ་ཡོད་མཁན་ཞིག་ཡིན་ན་བོད་མི་སྤྱི་མཚུངས་ལྟར་ཉམ་ཐག་གི་ཁོངས་སུ་བརྩི་དགོས་ཀྱི་ཡོད་པ་རེད། གནད་དོན་དེར་སྔོན་མ་ནས་རིང་ཐུང་མང་པོ་ཞིག་འདུག དེའི་ཐོག་ལ་བཀའ་ཤག་གི་ལམ་སྟོན་ཞིག་གི་ནང་ལ་གསར་འབྱོར་དང་རྙིང་འབྱོར་གྱི་དབྱེ་བ་མེད་པ་གསལ་པོ་རེད། ཡིན་ན་ཡང་ལག་བསྟར་བྱེད་ཕྱོགས་ཀྱི་ཐད་ནས་ས་གནས་སོ་སོ་ལ་གོ་བརྡ་འཕྲོད་མ་འཕྲོད་དང་། ལས་ཀ་བྱེད་མཁན་གྱི་ཐོག་ནས་གསལ་པོ་བྱུང་མ་བྱུང་ཞིག་ཏན་ཏན་བྱུང་ཡོད་ས་རེད། དེ་ཡིན་དུས་ང་ནང་སྲིད་དུ་སླེབས་ཚར་བའི་རྗེས་ལ་ས་གནས་འགོ་འཛིན་ཚང་མ་ལ་བཀོད་ཁྱབ་བཏང་ཡོད། གཟིགས་སྐྱོང་དང་། འཕྲོད་བསྟེན། ཤེས་ཡོན་དེ་ཚོའི་ཐོག་ནས་ཐོབ་ཐང་འདྲ་མཉམ་རེད། ཁྱད་པར་གང་དུ་ཡོད་པ་རེད་ཟེར་ན། གཞིས་ཆགས་ཁ་ཤས་ཀྱི་ནང་ལ་ཁང་པ་གླས་ནས་བསྡད་ཡོད་མཁན་དེ་ཚོའི་རིགས་ཡིན་ན། རྩ་བའི་གཞིས་ཆགས་ཀྱི་ཁོངས་གཏོགས་མིན་པས། གཞིས་སྐལ་གྱི་ཐོབ་ཐང་རང་ཡིན་ན་ཡོད་པ་མ་རེད། སྔོན་མ་སྦིར་ནས་ཉམ་ཐག་ཞིབ་འཇུག་ནང་ལ་ཚུད་ཀྱི་མི་འདུག་ཟེར་ནས་གནས་ཚུལ་ཞིག་བྱུང་པ་རེད། སྐབས་དེར་ངས་བཀའ་ཤག་ལ་ཞུས་པ་ཡིན་ལ། བཀའ་ཤག་གིས་ལམ་སྟོན་ཞིག་གནང་ཡོད་རེད། ང་ཚོའི་ངོས་ནས་ལམ་སྟོན་ཞིག་བཏང་ཡོད ས་གནས་འགོ་འཛིན་གྱི་ཚོགས་འདུའི་སྐབས་སུ་ཁ་གསལ་པོ་བྱས་ནས་ཞུ་འཆར་ཡོད།
དྲི་བ། ཟ་ཁང་ནང་དུ་ལག་གཡོག་བྱེད་མཁན་ལྟ་བུ་ཡིན་ན། འཚོ་རྟེན་དེ་ལས་མེད་ན། ཉམ་ཐག་ནང་དུ་ཚུད་ཀྱི་རེད་དམ།
ལན། སྤྱིར་བཏང་ཡོང་འབབ་ཡོད་ན། ཉམ་ཐག་ནང་ཕལ་ཆེར་ཚུད་ཀྱི་མ་རེད། ཟ་ཁང་ནང་གི་ལས་གཡོག་ཡིན་ནའང། ཁ་ཤས་ལ་ཡོང་འབབ་ཡག་པོ་ཡོད་མཁན་ཡོད་པ་རེད། སུ་ཡིན་ཡང་ཡོང་འབབ་མེད་པ་ཆགས་ན་ཉམ་ཐག་ནང་ཚུད་ཀྱི་རེད།
དྲི་བ། ལས་ཀ་གཅིག་ཀྱང་བྱེད་ཀྱི་མེད་མཁན་ཞིག་དཀོན་པོ་རེད། ཡིན་ཡང་བོད་མི་ཟ་ཁང་ནང་གི་ལས་གཡོག་མང་ཆེ་བའི་ལས་གླ་ག་ཚོད་ཡིན་ང་ཚོས་ཤེས་ཀྱི་རེད། ཉམ་ཐག་ནང་དུ་ཚུད་རྒྱུར་ཡོང་འབབ་ཀྱི་ཚད་འཛིན་ས་ཞིག་ཡོད་པ་རེད་དམ།
ལན། ཡོང་འབབ་ལ་ཚད་གཞི་ཞིག་འདུག ཟ་ཁང་ནང་གི་ལས་གཡོག་ལ་རག་མིན་ངས་བཤད་ཤེས་ཀྱི་མི་འདུག་མོད། དངོས་གནས་དཔལ་འབྱོར་གྱི་དཀའ་ངལ་ཡོད་མཁན་ཞིག་ཡིན་ན། གཟིགས་རྟོགས་བྱེད་རྒྱུ་རེད།
གཞིས་ཆགས་སྲ་བརྟན་གྱི་ལས་གཞི།
དྲི་བ། སྔོན་མ་ནས་གཞིས་ཆགས་སྲ་བརྟན་དགོས་པ་བཤད་ཀྱི་ཡོད་པ་རེད། དེའི་ཐོག་ལས་གཞི་གསར་པ་ཡོད་དམ།
ལན། ང་ལས་ཁུངས་ལ་སླེབས་ནས་ཟླ་བ་༦ འགྲོ་གྲབས་ཡོད་པ་རེད། ས་གནས་ཁག་ཅིག་ལ་འགྲོ་ཞོར་དུ་སླེབས་སོང་། གྲོས་ཚོགས་འཐུས་མི་ཚོ་ཕྱོགས་བསྐྱོད་བྱས་ནས་བསམ་ཚུལ་ཞིག་ཁྱེར་ཡོང་གི་རེད། དེ་ཚོར་བལྟ་རྒྱུ་ཡིན། ལྷག་པར་དུ་འཆར་འགོད་ཀྱི་ཐོག་ནས་ལོ་ལྔའི་མཚམས་ཀྱི་ལས་འཆར་ཞིག་འགྲོ་བཞིན་པ་རེད། དེར་བརྟེན། གསར་པ་རང་ཆགས་ཀྱི་ཡོད་པ་མ་རེད། ཡིན་ན་ཡང་ང་ཚོས་ཤུགས་རྒྱག་ས་གཙོ་བོ་དེ། ང་ཚོ་གཞིས་ཆགས་སྲ་བརྟན་ཡོང་ཐབས་ལ་གལ་ཆེ་ཤོས་ཏེ། ས་ཆ་དེ་བརྟན་པོ་དགོས་ཀྱི་རེད། དེར་བརྟེན། སྔོན་མ་ནས་བཀའ་བློན་རིམ་པས་དེའི་ཐོག་ལ་ལམ་སྟོན་བྱས་འདུག ཡིན་ན་ཡང་ང་ཚོས་སྔར་ལས་ལྷག་པའི་དོ་སྣང་ཤུགས་ཆེ་རུ་གཏོང་ཐུབ་ན་བསམས་ཏེ། ས་ཆའི་བདག་དབང་དེ་བརྟན་པོ་བཟོས་ཐབས་རེད། ང་ཚོས་ལོ་༥ ནང་གི་མཐའ་མ་དེ་ལ་གྲོས་ཚོགས་ནང་ལ་ས་ཆ་འདི་འདྲ་ཞིག་འདུག་ཅེས་ཡིག་ཆ་ཞིག་འབུལ་ཐུབ་པའི་རེ་བ་ཡོད། རྒྱ་གར་གཞུང་བཀའ་དྲིན་ཆེན་པོ་ཞེ་དྲག་རེད། དེར་བརྟེན། ཁྱེད་རང་ཚོ་ལ་ས་ཆའི་ཡིག་ཆ་མི་འདུག སོང་ཟེར་མཁན་དེ་འདྲ་ཡོང་གི་མ་རེད། ཡིན་ན་ཡང་ས་ཆ་བརྟན་པོ་ཡོད་ན། ཟུར་ནས་ས་ཆ་ཟ་མཁན་དེ་འདྲའི་དཀའ་ངལ་ཡོང་ནས། ཁྲིམས་གཏུགས་དེ་འདྲ་བྱ་དགོས་བྱུང་ཚེ་བརྟན་པོ་རེད། ལས་གཞི་དེ་ང་ཚོ་བཀའ་ཤག་གི་ངོས་ནས་གལ་ཆེན་པོར་བརྩི་ཡི་ཡོད། གཞིས་ཆགས་ཁག་གི་ད་ཡོད་ས་ཆ་བརྟན་པོ་བཟོ་རྒྱུ་དང་། ས་ཆ་དེ་དག་བེད་སྤྱོད་ཡག་པོ་ཞིག་གཏོང་དགོས་པ་དེ་ཡང་གལ་ཆེན་པོ་རེད།
དེར་བརྟེན། ཁ་འཐོར་མི་མང་ནང་དེ་སྔོན་གཞིས་ཆགས་ཀྱི་ཐོབ་ཐང་མ་རག་པ་ཡིན་ན་ཡང་འདྲ། མ་བླངས་པ་ཡིན་ན་ཡང་འདྲ། དེ་ཚོ་ཚང་མ་གཞིས་ཆགས་ནང་གཏོང་དགོས་བསམ་གྱི་ཡོད། ཡིན་ན་ཡང་ཐོག་མར་བྲེལ་བ་བྱེད་ཀྱི་མིན། ས་ཆ་དང་མི་གྲངས་ཚང་མ་ལ་ཞིབ་བཤེར་བྱེད་ཀྱི་ཡོད་རེད། ཡང་གཞིས་ཆགས་མ་རག་མཁན་དེ་ཚོ་ཡིན་ན་ཡང་གཞིས་ཆགས་གང་དུ་བཏང་ན་འགྲོ་ཡི་རེད་དང་མ་རེད། སོ་སོའི་འདོད་པ་ནང་བཞིན་གྱིས་འགྲོ་དགོས་ཟེར་ན་ཡང་ཁག་པོ་རེད།
དེ་ནས་ན་གཞོན་རོགས་སྐྱོར་བུན་གཏོང་ཟེར་བའི་ལས་གཞི་ཞིག་ཡོད་པ་རེད། ཡིན་ན་ཡང་ས་གནས་མང་པོ་ཞིག་གིས་དེའི་ཚོགས་ཆུང་བཙུགས་མི་འདུག ལོ་གཞོན་པ་དེ་འདྲས་སོ་སོའི་ཚོང་དང་ལས་ཀ་དེ་འདྲའི་འགོ་བཙུགས་དགོས་བསམ་མཁན་ཡོད་ན། འབུམ་༡ དང་༢ དེ་འདྲ་གཞུང་གིས་སྐྱེད་ཀ་ཉུང་ཉུང་ཐོག་ནས་གཡར་ཆོག་གི་ཡོད་པ་རེད། གནས་ཚུལ་དེ་མི་མང་གིས་ཤེས་དགོས་ཀྱི་ཡོད་རེད། དེར་བརྟེན། དེའི་ཐོག་ལ་ང་ཚོས་ཤུགས་རྒྱག་གི་ཡོད་ལ་ས་གནས་འགོ་འཛིན་ཚོ་ལ་ཡང་ཞུས་ཡོད། གང་ཡོད་པ་དེ་བེད་སྤྱོད་གཏོང་ཐུབ་དགོས་པ་རེད། ཟུར་དུ་དངུལ་འཇོག་དགོས་པ་དེ་བུན་གཏོང་གི་ཆེད་རེད། ཡིན་ན་ཡང་དངུལ་གཡར་མཁན་དེ་ཚོས་ཀྱང་དངུལ་དེ་བེད་སྤྱོད་ཡག་པོ་གཏོང་རྒྱུ་དང་། དུས་ཐོག་ལ་ཚུར་སྤྲད་དགོས་པ་དེ་ཡང་གལ་ཆེན་པོ་རེད། ང་ཚོས་ལས་གཞི་དེའི་ཐོག་ཤུགས་ཆེན་པོ་རྒྱག་གི་ཡོད། ཡིན་ན་ཡང་ང་ཚོས་མི་མང་ལ་བུ་ལོན་གཏོང་རྐྱང་བྱས་ན། ཡང་མི་མང་གིས་ཚུར་མ་སྤྲད་པའི་སྐད་ཆ་མང་པོ་ཡོད་པ་རེད། ཁོང་ཚོས་ཚང་མ་གཡར་ཚར་པ་རེད་ཅེས་ལབ་གླེང་འདྲ་མིན་ཡོང་གི་རེད། ཡིན་ན་ཡང་མིས་ག་རེ་ལབ་ཀྱི་འདུག་ཟེར་ནས་སྐྲག་ཚོད་ཡོད་པ་མ་རེད། ལས་ཀ་བྱེད་དགོས་པ་དང། ང་ཚོས་ཤུགས་རྒྱག་གི་ཡིན། ཡིན་ཡང་གཞིས་ཆགས་ཁག་ཏུ་མང་པོ་ཞིག་གིས་ཤེས་ཀྱི་མི་འདུག ང་ཚོས་ལས་གཞི་དེ་མི་མང་ལ་གསལ་པོར་བཟོ་འཆར་ཡོད། གཞུང་གི་བུན་དངུལ་དེ་ལེན་དུས་ཁག་ཐེག་གི་ཐད་ནས་དཀའ་ངལ་ཡོང་གི་ཡོད་རེད། བུ་ལོན་ལེན་མཁན་གཅིག་ལ་ཁག་ཐེག་མི་གཉིས་མེད་ན་བུ་ལོན་གཏོང་རྒྱུ་ཁག་པོ་རེད། ཡིན་ན་ཡང་ད་ལྟའི་ཆར་ང་ཚོས་སྒྲིག་གཞིར་འགྱུར་བ་གཏོང་རྒྱུ་ཁག་པོ་རེད་འདུག ཁ་སང་ང་ཚོས་མི་ཞིག་ལ་བུ་ལོན་གཏོང་ཐུབ་ཡོད་པ་མ་རེད། གང་ཡིན་ཟེར་ན་ཁོ་རང་ལ་ཁག་ཐེག་བྱེད་མཁན་མི་འདུག དེ་ཡིན་དུས་ང་ཚོས་བསྐྱར་ཞིབ་བྱེད་དགོས་ས་རེད་དང་། ཡང་ན་ལམ་ཁ་གཞན་ཞིག་འདེམས་དགོས་ས་རེད་བལྟ་རྒྱུ་གལ་ཆེན་པོ་འདུག
དྲི་བ། དཔེར་ན་བལ་ཡུལ་དང་དེ་མིན་གྱི་གཞིས་ཆགས་ཁུག་ཀྱོག་དེ་འདྲ་ལ་བོད་གཞུང་གི་ངོས་ནས་གཟིགས་སྐོར་དང་དེ་འདྲ་མ་ཐུབ་ས་མང་པོ་ཡོད་ས་རེད། དེ་ཚོའི་ཐོག་ལ་མ་འོངས་པར་འབྲེལ་བ་དང་ལམ་སྟོན་གནང་འཆར་ཡོད་དམ།
ལན། ད་ལོར་སྤྱི་འཐུས་རྣམ་པ་འབྲུག་ལ་ཡང་ཕེབས་ཐུབ་ཡོད་པ་དང། དེ་ཡག་པོ་ཞེ་དྲག་བྱུང་འདུག རྒྱ་གར་དང་འབྲུག བལ་ཡུལ་བཅས་ལ་གཅིག་མཚུངས་ཀྱིས་བལྟ་དགོས་ཀྱི་ཡོད་པ་རེད། ལྷག་པར་དུ་དཀའ་ངལ་ཆེ་བའི་ས་ཁུལ་དེ་དག་ལ་ང་ཚོ་སླེབས་ཐུབ་དགོས་ཀྱི་འདུག ཡིན་ན་ཡང་ཆབ་སྲིད་ཀྱི་གནས་སྟངས་མང་པོ་ཞིག་གི་ཐད་ནས་ལྷག་ཡོད་པ་རེད། ནང་སྲིད་ངོས་ནས་ཏན་ཏན་འབད་བརྩོན་བྱེད་རྒྱུ་ཡིན།
བོད་མིའི་འཚོ་རྟེན་ཆེད་ཁྲོམ་རའི་སྐོར།
དྲི་བ། མ་འོངས་པར་བཀའ་ཤག་གི་ལས་གཞིའི་ནང་ལ། གཞིས་ཆགས་དེ་ཚོའི་ནང་དུ་བོད་མི་ཚོ་འདུས་སྡོད་ཐུབ་ཆེད། ཁྲོམ་ར་དེ་འདྲ་འཛུགས་འཆར་ཡོད་དམ། སྔོན་མ་བཀའ་ཁྲིས་ལས་གཞི་དེ་འདྲའི་ཐོག་ནུས་ཤུགས་འདོན་རྒྱུ་ཡིན་སྐོར་གསུངས་འདུག
ལན། དེ་ང་ཚོའི་ལས་གཞིའི་ནང་དུ་གལ་ཆེན་པོ་བརྩི་ཡི་ཡོད། དེར་བརྟེན། ང་ཚོའི་གྲོས་བསྡུར་ཁ་ཤས་ཤིག་གི་ནང་ལ། གཞིས་ཆགས་དེ་ཚོའི་ནང་གིི་ཚོང་ཁང་ཆེ་རུ་གཏོང་རྒྱུ་དེ་ཚོའི་སྐོར་ལ་གྲོས་བསྡུར་བྱུང་སོང་། དེ་ནས་ཡང་ང་རང་ཚོའི་གཞིས་ཆགས་ཁག་ཏུ་ཡུལ་སྐོར་སྤྲོ་འཆམ་པ་ཡོང་སའི་ས་ཆ་དང་མགྲོན་ཁང་དེ་འདྲ་བཟོ་ཐུབ་ན་ག་འདྲ་ཡོད་མེད་ལ་ཉམས་ཞིབ་བྱེད་ཀྱི་ཡོད།
དྲི་བ། གཞིས་ཆགས་ཁག་ཏུ་སྐྱེ་ལྡན་སོ་ནམ་ཞིང་ལས་ཡོད་ས་དེ་ཚོ་ལ་ཁྲོམ་རའི་དཀའ་ངལ་ཡོང་གི་ཡོད་པ་རེད། དེ་ཚོའི་ཐོག་མཉམ་འབྲེལ་གྱི་ངོས་ནས་ཀྱང་ཆེན་པོ་ཞིག་བྱེད་ཐུབ་ཀྱི་མེད་ཚོད་འདུག མ་འོངས་པར་ཁྲོམ་རའི་དཀའ་ངལ་དེ་ཚོ་སེལ་ཐབས་ཀྱི་ལས་འཆར་དེ་འདྲ་ཡོད་རེད་དམ།
ལན། དངོས་གནས་ཁྲོམ་རའི་དཀའ་ངལ་ཞིག་རེད། བཤད་ཚོད་ལ་བལྟས་ན་དཀའ་ངལ་དེ་ཚོར་རིགས་ཁ་ཤས་ཤིག་འདུག ཁ་ཤས་ལ་ང་ཚོས་སྤྲད་པའི་མཐུན་འགྱུར་ཉུང་སོང་བ་དང་། ཡང་ཁ་ཤས་ལ་ཁྲོམ་རའི་ས་ཐག་རིང་དྲགས་པ་སོགས་ཀྱི་དཀའ་ངལ་ཡོང་གི་ཡོད་པ་རེད་ཟེར། ཡིན་ན་ཡང་ད་ལོར་ང་ཚོ་ལ་ཨ་རི་གཞུང་ངོས་ནས་ཌོོ་ལར་ས་ཡ་༢ སྤྲད་ཡོད་པ་རེད། ལས་གཞི་དེའི་ནང་དུ་ཡང་ང་ཚོས་ཁྲོམ་རའི་སྐོར་ལ་ཉམས་ཞིབ་བྱས་ནས་ལས་ཀ་བྱ་འཆར་ཡོད།
དྲི་བ། དྷ་རམ་ས་ལ་རུ་ཆ་བཞག་ན་ཕྱི་ལོག་ནས་ཐང་ཁྲོམ་སྟོན་མཁན་མང་པོ་ཞིག་ཡོད་རེད། དེ་ཚོ་ལ་འཚོ་བའི་མཐུན་རྐྱེན་དེ་མ་གཏོགས་གཞན་པ་ཡོད་མ་རེད། ཁྲོམ་སའི་དཀའ་ངལ་ཆེན་པོ་རེད། དེའི་གནས་སྟངས་ཚང་མ་སྐུ་ཉིད་ཀྱིས་མཁྱེན་གྱི་ཡོད་པས། དེ་ཚོའི་དཀའ་ངལ་སེལ་ཐབས་ཀྱི་ལས་གཞི་གསར་པ་དེ་འདྲ་ཡོད་དམ།
ལན། མི་མང་ཁོ་རང་ཚོ་ལ་ག་རེ་དགོས་ཀྱི་ཡོད་པ་རེད། དེར་བལྟ་དགོས་པ་གལ་ཆེན་པོ་ཞེ་དྲག་རེད། དེའི་སྐོར་ངས་ཏོག་ཙམ་ཤེས་ཀྱི་ཡོད་པ་རེད། ང་ཚོའི་མི་མང་གི་འདོད་པ་ད་ལྟ་ནང་བཞིན་བྱས་ནས་འདུག་རྒྱུ་དེ་རེད། ཡིན་ཡང་ས་གནས་གཞུང་གི་ངོས་ནས་ཕྱི་ལོག་ཏུ་ཐང་ཁྲོམ་སྟོན་རྒྱུའི་ཆོག་མཆན་ནམ་ཡང་གནང་ས་མ་རེད། ང་ཚོས་ཉེ་འཁྲིས་སུ་ཡོད་པའི་ས་གནས་ཤིག་ཏུ་སྤོས་ནས། གཏན་འཇགས་ཤིག་བྱུང་ན་བསམ་ནས་སྐད་ཆ་མང་པོ་བྱུང་། ཡིན་ན་ཡང་གནས་སྤོ་རྒྱུར་མི་མང་གི་འདོད་པ་ཡོད་པ་མ་རེད། ཁག་ཀྱང་མི་འདུག གང་ཡིན་ཟེར་ན། མང་ཆེ་ཤོས་དེ་ཉིན་རེའི་ཚོང་གི་ཁེ་བཟང་ཟོས་ནས་འདུག་རྒྱུ་ལས། ཡོང་འབབ་གཞན་མེད་པས། ས་ཆ་སྤོས་ན་ལམ་སང་ཚོང་ཏག་ཏག་ཡོང་མིན་གྱི་དཀའ་ངལ་ཞིག་ཡོད་པ་རེད། དེར་བརྟེན་ཐག་གཅོད་ཐུབ་མི་འདུག ས་གནས་འགོ་འཛིན་དང་། ཡང་མི་མང་གི་ངོས་ནས་འདི་འདྲ་ཞིག་དགོས་ཀྱི་འདུག་ཅེས་འཆར་གཞི་ཡོད་ན། བཀའ་ཤག་གིས་མཉམ་རུབ་བྱེད་རྒྱུ་རེད། དེ་མིན་གཞུང་ངོས་ནས་བཀའ་བཏང་ན་འགྲིག་གི་མི་འདུག གནས་སྐབས་རིང་ཁོ་རང་ཚོ་འདུག་ཐུབ་ཙམ་བྱུང་ཡོད་པ་རེད། ཡིན་ན་ཡང་འདི་བརྟན་པོ་མ་རེད། ཉིན་གཅིག་ཡང་བསྐྱར་དཀའ་ངལ་འཕྲད་ཀྱི་རེད། དེའི་སྐབས་ཡང་བསྐྱར་གདོང་ལེན་བྱེད་རྒྱུ་རེད།
དྲི་བ། གལ་སྲིད་གནས་སྤོ་རྒྱུ་བྱུང་ན། ས་ཆ་རག་ཐུབ་པའི་རེ་བ་ག་ཚོད་ཡོད་རེད།
ལན། དེ་ད་ལྟ་ལབ་ཐུབ་ཀྱི་མ་རེད། སྔོན་མ་ཡིན་ན་རྒྱ་གར་ས་གནས་གཞུང་གིས་ང་ཚོ་ལ་ས་ཆ་བཏོན་པ་རེད། སྤྲད་པ་མ་རེད་མོད། བེད་སྤྱོད་གཏོང་ཆོག་གི་རེད། ཚོང་ཁང་རྒྱག་རྒྱུར་རོགས་པ་བྱེད་རྒྱུ་རེད། སྔོན་མ་རྫོང་དཔོན་དེས་དེ་འདྲ་བྱས་པ་རེད། ཡིན་ཡང་དུས་ཚོད་ལ་འགྱུར་བ་འགྲོ་སྲིད་པ་རེད། དེ་རིང་ཚགས་པར་ཐོག་ས་ཆ་སྤྲོད་ཀྱི་འདུག་ལབ་ནའང། སང་ཉིན་ས་ཆ་གང་དུ་ཡོད་ཟེར་དུས་འགྱུར་བ་འགྲོ་སྲིད་པ་རེད། དེའི་སྐབས་སྐད་ཆ་ཞིག་བྱུང་བ་རེད་ལ། འཆར་གཞི་ཞིག་ཀྱང་བཟོས་པ་རེད། དེའི་བར་ནས་མི་མང་ལ་དེའི་འདོད་པ་དེ་ཙམ་མེད་པས་ འགག་པ་རེད།།
༢༠༡༢ ལོའི་ཕྱི་ཟླ་༣ ཚེས་༣ ཉིན་བཅར་འདྲི་བྱས།
ཡག་པོ་རེད། སྒོ་བརྒྱབས་ན་དགའ་བསུ་བྱེད། སྤྱིར་ང་ཚོའི་བཀའ་ཤག་གསར་བ་ལ་མཚོན་ན་དབྱིན་སྐད་དང་། དབྱིན་ཡིག་མ་གཏོགས་བོད་ཡིག་ཡག་པོ་ཤེས་མཁན་མེད་ལ་དགོས་མཁན་ཡང་མི་འདུག དེ་བཞིན་བཙན་བྱོལ་བོད་མིའི་སྤྱི་ཚོགས་སུ་བོད་ཡིག་དགོན་མཁན་ཤིན་ཏུ་དཀོན་པོ་རེད། བོད་ནང་ནས་རྒྱ་སྐད་ཐོག་ཉན་ཆོག ཕྱི་ལོག་ནས་དབྱིན་སྐད་ཐོག་ཉན་ཆོག བོད་སྐད་དགོས་པ་མི་འདུག
སྒོ་གཏན་ནས་རྒྱབ་མི་ཉན།