# 53 རྨུ་ཐག་གི་བུ་རྒྱུད།་ལགས་ཀྱིས་མཆན་བཏབ་པ།:
August 13th, 2014 at 6:34 AM
ཀརྡོ་ལགས། རྫོགས་ཆེན་རྒྱ་གར་ནས་བོད་དུ་དར་ཚུལ་བཤད་ཡོང་དུས་མ་བདེ་བ་མང་པོ་ཞིག་ཡོད་པ་རེད། ་་་་་
# 56 ཨ་ཕྱི་ཆོས་སྒྲོན་ལགས་ཀྱིས་མཆན་བཏབ་པ།:
August 13th, 2014 at 8:15 AM
༄༅། །དོལ་རྒྱལ་ལམ། རྒྱལ་ཆེན་ཤུགས་ལྡན་བསྟེན་གསོལ་སྐོར་ ༡༩༧༨ ལོར་ངས་ཐོག་མར་དམ་བསྒྲགས་བྱས་པ་ནས་བཟུང་ད་ཆ་ལོ་བཅུ་ཕྲག་གཉིས་ལྷག་ཕྱིན་ཡོད། དོལ་རྒྱལ་ནི་འདས་པའི་མི་ལོ་ ༣༤༠ ལྷག་ཙམ་རིང་རྩོད་གཞི་ཅན་དུ་གནས་པའི་འཇིག་རྟེན་གྱི་དྲེགས་པ་ཞིག་ཡིན། དམ་བསྒྲགས་བྱེད་སྟངས་དེ་ཡང་མ་བརྟག་མ་དཔྱད་པར་རལ་གྲི་གནམ་གཡུག་ལྟ་བུའམ། གཞན་གྱི་ཟེར་རྗེས་སུ་ཞུགས་པ། ཡང་ན་གཞན་གྱིས་བསྐུལ་ངོ་ཙམ་བཅས་ལ་བརྟེན་ནས་བྱས་བ་ཞིག་གཏན་ནས་མིན། ་་་་་་
༸གོང་ས་མཆོག་གིས།
ལྟ་སྒོམ་སྤྱོད་འབྲས་བཅུ་གཉིས་གསུངས་འདུག བོན་ལ་ཡང་ཞང་ཞུང་སྙན་བརྒྱུད་ཟེར་བ་ཅིག་ཀྱང་འདུག
བོད་ཀྱི་རིག་གཞུང་ངམ། ཆོས་རིག་གི་ལོ་ཚད་༣༩༣༡ཕྱིན་ཟིན་པར་གསུངས།
རིན་པོ་ཆེ་ཁོ་རང་གིས།
ཐོན་མི་སམ་བྷོ་རྒྱ་གར་ལ་ཡིག་གཟུགས་ལེན་དུ་ཕྱིན་པ་རེད་ཟེར། ཧ་ཧ་ཧ། ཡིག་དཀར་ཡིག་གཟུགས་ཞིག་ལ་གསེར་དེ་འདྲ་མང་པོ་དགོས་ཡོད་དམ།
ཆབ་སྲིད་ལས་མ་མྱོང་ལ་ད་དུང་མི་ལས་ཟེར། ཧ་ཧ༌ཧ། ཆབ་སྲིད་ལས་དང་མི་ལས་ཀྱི་དྲི་བ་མེད་བཞིན་དུ་ལེན་དེ་འདྲ་གསལ་པོ་ཞིག་དགྱ་དཔོན་ཚོ་ལ་སྐུར་སོང་། དགའ་ཡོད་ཤོག་ཡིན།
ཀླད་པ་རྙིང་བ་དེ་ཚོས་སྤྱང་མདོག་བསྟན་ན། སྐྱིད་པོ་ཞེ་པོ་ཞིག་འདུག།
བོད་ལ་མི་དགའ་བོནད་ལ་དགའ།
བོནད་དེ་བོད་ཀྱི་ཕ་ཡིན་ཟེར།།
སྤྲེའི་བུ་མིན་ཞེས་ལྷའི་བུ་ཡིན།
ལྷ་ལ་ལོ་རྒྱུས་རིང་རབ་བཤད།
ཧ་ཧ་ཧ་ན་ཧ་ཧ་ཧ།།
ཁྱབ་སྲིད
བོད་ཀྱི་ལོ་རྒྱུས་རིང་པོ་ཞིག་ཡོད་ན་ཡག་པོ་འདུག་བསམས་ནས་འདི་འདྲ་བྱེད་ཀྱི་ཟེར་བ་འདིས། ཁོང་ལོ་རྒྱུས་རིག་པ་བ་དངོས་མ་ཞིག་མིན་པ་གསལ་པོ་རེད།
ལོ་རྒྱུས་རིག་པ་བ་ཞིག་གིས་བསམ་ཚུལ་དེ་འདྲ་བཟུང་ཡ་མེད།
མཁས་དབང་ཁོང་གི་ལྟ་བ་གུར་ཡང་དང་སྤྱོད་པ་ཐབ་མཁས་ཀྱིས་བོད་ཀྱི་རིག་གཞུང་ལ་དང་འདོད་་རླབས་ཆེན་གནང་་མཁན་ཞིག་རེད། ངོ་སོ་སྟོད།
ཕྱོགས་ཞེན་བྲལ་བའི་མཁས་དབང་ཞིག་རེད། ལོ་རྒྱུས་སྨྲ་བ་དངོས་མ་ཞིག་ན་འདི་འདྲ་ཡིན་དགོས་ནི་རེད།
མཁས་དབང་ནམ་མཁའི་ནོར་བུ་རིན་པོ་ཆེ་ནི། བོད་ཀྱི་རིག་གཞུང་ལ་བྱས་རྗེས་ཆེན་པོ་འཇོག་མཁན་གྱི་སྐྱེ་བུ་དམ་པ་ཞིག་རེད། ཁོང་གིས་ཕ་ཡུལ་ལ་སློབ་གྲྭ་ཆེ་ཐག་ཆོད་འགའ་ཤས་སྐྱོན་སོང་། དེ་བཞིན་ལྷ་ས་དང་། ཨ་མདོ་ལ་སོགས་ལ་རོགས་སྐྱོར་ཆེན་པོ་གནང་སོང་། ཨི་ཊ་ལིར་མེ་རི་སྒར་ལ་ཞང་གཞུང་མཐོ་སློབ་བཙུགས་ནས། བོད་ཀྱི་རིག་གནས་ཞིབ་འཇུག་ལ་བྱས་རྗེས་ཆེན་པོ་བཞག་སོང་། ས་ཕྱོགས་གང་ལ་ཕེབས་ཀྱང་། བོད་ཀྱི་ལོ་རྒྱུས་དང་རིག་གཞུང་གསལ་བཤད་གནང་བར་བྱེད། རིན་པོ་ཆེས། བོད་རྒྱ་དབར་ལ་བློ་གཟུ་བོས་བལྟས་ན། བོད་ཀྱི་རིག་གནས་ཀྱིས་རྒྱ་ཕྱོགས་ལ་ཕར་ཤུགས་རྐྱེན་ཆེ་བ་ལས་ཚུར་མིན་ཞེས། རིག་གནས་ཆེ་བ་ལྔ་ལ་དཔེ་སྦྱར་ནས། རྒྱ་བོད་ཐ་དད་ཡིན་པ་གསལ་པོ་གསུང་བར་བརྟེན། དེང་སང་རྒྱ་གཞུང་ནས་ཁོང་ལ་མི་དགའ་བ་ཆེན་པོ་བྱེད།
ཁོང་ཆོས་ལུགས་ཐོག་ནས་བཤད་ན་ངོ་མ་རིས་མེད་རེད། ཁོང་གིས་བན་བོན་དབར་ལ་ལེགས་ཉེས་ཅི་ཡང་མ་གསུང་ལ། གཞུང་གཉིས་ཀར་མཁས་པ་རེད། གསར་རྙིང་གཉིས་ཀར་མཐོང་ཆེན་མཛད། རིག་གཞུང་ཐོག་ནས་བཤད་ན། ཁོང་ལྟ་བུའི་འཚོ་བཞུགས་མཁྱེན་རྒྱ་ལྡན་པའི་བླ་མ་ཨེ་ཡོད་སྙམ་པ་ལྟ་བུ་རེད། ཅིའི་ཕྱིར་ཟེར་ན། ཁོང་ནང་དོན་རིག་པ། གསོ་བ་རིག་པ། སྒྲ་རིག་པ། དེ་བཞིན་ལོ་རྒྱུས་རིག་པ། སྐད་ཡིག་རིག་པ། དེ་བཞིན་མི་དཔྱད་རིག་པ་སོགས་ལ་ངོ་མ་མཁས་པ་རེད། ད་བླ་མ་གཞན་དང་བསྡུར་དང་། བསྟོད་པ་གཏོང་དགོས་ན། འདི་ལྟ་བུའི་བླ་མ་བསྟོད་ན་བསྟོད་རིན་འདུག་སྙམ།
རྙིང་མའི་བླ་མ་ནམ་མཁའི་ནོར་བུ་རིན་པོ་ཆེ་ནི། རྙིང་མའི་རྫོགས་ཆེན་དང་བོད་ཀྱི་རྒྱལ་རབས་ལོ་རྒྱུས་ལ་མཁས་པ་ཡིན་ས་རེད། འོན་ཀྱང་བན་བོན་གཉིས་ལ་མཁས་པ་རེད་ཟེར་ན་ཁས་ལེན་བྱེད་ཐུབ་མ་སོང་ཡང་། ཁོང་ནི་བློ་གཟུ་བོར་གནས་པའི་སྐྱེས་བུ་དམ་པ་ཞིག་ཡིན་པ་གསལ་པོ་རེད་འདུག
སྲོང་བཙན་ཡར་སྔོན་ལ་བོད་ལ་ཡི་གེ་ཡོད་པ་དང་རྫོགས་ཆེན་ཡོད་པ་གསལ་པོ་གསུངས་འདུག
དེ་མིན་བོད་ཀྱིས་མཁས་པ་མང་ཆེས་བས་ལོ་རྒྱུས་དྲང་བོར་གསུངས་མེད་པ་གསལ་པོ་རེད་འདུག །
དེ་དེ་བཞིན་ནོ། བོད་མི་རིགས་འདི་གཞན་གྱི་ལད་མོ་བྱེད་རྒྱུ་དགའ་བའམ་རང་ས་ནས་ས་སྐྱེས་རྡོ་སྐྱེས་ཀྱི་གདོད་
མའི་ཤེས་རིག་མེད་ཟེར་ནས་རང་ལ་འཇོན་ཐང་མེད་ཙང་ཕྱི་ནས་ནང་འདྲེན་བྱེད་རྒྱུར་དགའ་སོང་ནས་ད་ལྟའི་ཆག་ཆེ་ཉམས་ངའི་གནས་སྟངས་འདིར་ལྷུངས་བ་རེད། ད་དུང་རྒྱ་མོ་མནའ་མ་ལེན་གྱི་ཡིན་ཟེར་གྱི་འདུག་ག། ཧ་ཧ།
བདག་གི་བླ་མ་མཁས་དབང་ནམ་མཁའི་ནོར་བུའི་སྐུ་ཚེ་ཡུན་བརྟན་ཤོག །
ནམ་མཁའི་ནོར་བུ་རིན་པོ་ཆེ་མཆོག་གིས་ང་བོན་པོ་མིན་ཞེས་ཡང་ཡང་གསུངས་པས་མ་ཚད་ཁོང་ཚད་གཞི་ཅན་གྱི་བན་དེ་ཡང་མིན་ཞེས་གསུངས་ཀྱིན་འདུག ཚད་གཞི་ཅན་གྱི་བན་དེ་ཟེར་བ་དེ་ནི་ཕལ་ཆེར་འདི་འདྲ་ལ་གོ་བ་ཡིན་པར་སེམས། ང་དགེ་ལུགས་པའའའའ་ཡིན་ཟེར་བ་དང་། ང་རྙིང་མ་པའའའའ་ཡིན་ཟེར་བ་དང་། ང་ས་སྐྱ་པའའའའ་ཡིན་ཟེར་བ་དང་། ང་བཀའ་བརྒྱུད་པའའའའ་ཡིན་ཟེར་མཁན་དེ་འདྲ་ལ་གོ་གི་ཡོད་ས་གདའ། ། ཁོང་ནི་་་འགྲོ་བ་མི་་་ཞིག་ཡིན་ཞེས་ཡང་ཡང་གསུངས་ཀྱིན་འདུག ཡང་ཁོང་གིས་བྲིས་པའི་དེབ་འགར་དཔེར་ན་འཇའ་ལུས་པ་ཤར་རྫ་བཀྲ་ཤིས་རྒྱལ་མཚན་འདྲ་པོ་བྱུང་སོང་ན་ང་བོན་པོ་ཡིན་དུ་ཆུག་ཀྱང་སྐྱོན་གང་ཡང་མེད་དོ་གསུངས་ཡོད་པ་རེད། ད་ཁྱེད་ཚོས་བསམ་བློ་ཐོངས། ནམ་མཁའི་ནོར་བུ་ནམ་མཁའ་གང་བར་ཤོག །
མཁས་གྲུབ་གཉིས་ལྡན་གྱི་བླ་མ་ཁོང་མཛད་པ་རྒྱས་པར་ཤོག ཁོང་ཨ་འཛོམས་འབྲུག་པའི་ཡང་སྲིད་ལ་ངོས་འཛིན་གནང་ཡོད་པས། རྒྱུད་པ་བཀའ་བརྒྱུད་པ་རེད།
ཁོང་ཨ་འཛོམས་འབྲུག་པའི་ཡང་སྲིད་ལ་ངོས་འཛིན་གནང་ནས། རྒྱུད་པ་བཀའ་བརྒྱུད་པ་ཡིན་ན། ཡོངས་གྲགས་སུ་རྙིང་མའི་སྤྲུལ་སྐུ་རེད་ཟེར་དོན་གང་ཡིན་ནམ། ཀློང་ཆུང་ལགས།
ཆོས་ཀྱི་རྒྱལ་པོའི་མཚན་ཅན་ལ། །
ནམ་མཁའ་ལྟ་བུའི་མཁྱེན་རྒྱ་རྒྱས། །
རང་ཡོད་ནོར་བུ་ངོས་འཛིན་པའི། །
མཁས་དབང་ཁྱེད་ལ་གུས་ཕྱག་འཚལ། །
བོད་རིགས་ནི། ལྷ་ཀླུ་མཉན་གསུམ་ལས། མཉན་ལས་བོད་མིའུ་གདུང་དྲུག་བྱུང་བར་གསུངས། འོ་ན། ཕ་སྤྲེལ་རྒན་དང་མ་བྲག་སྲིན་མོ་ཡང་མཉན་ལས་མཆེད་པ་ཡིན་ནམ། ལགས།
ཞང་ཞུང་བོན་གྱི་བླ་མ་ལིག་མི་ཀྱ་དང་། སྣང་འབྱེད་བློན་པོ་གཉིས་ལ། རྫོགས་ཆེན་སྙན་རྒྱུད་དེ་དག་བོན་གྱི་རྫོགས་ཆེན་ཡིན་ནམ། ནང་པའི་རྫོགས་ཆེན་རེད། ཡང་ན། བན་བོན་གཉི་ཀའི་རྫོགས་ཆེན་ཡིན་ནམ། ལགས།
རྫོགས་ཆེན་གྱི་སྟོན་པ་དང་པོ་དེ་ནི་བསྐལ་པ་རྫོགས་ལྡན་སྐབས་སུ་བྱུང་བའི་སྣང་བ་དམ་པ་ཡིན་པ་དང་། སྟོན་པ་བཅུ་གཉིས་པ་དེ་ཤྰཀྱ་ཐུབ་པ་ཡིན་པར་འདོད་ཅེས་གསུང་བགྱིད།
སྒྲ་ཐལ་འགྱུར་རྩ་བའི་རྒྱུད། དེ་རྫོགས་ཆེན་གྱུ་དཔེ་ཆ་དང་པོ་ཡིན་པ་དང་། དེའི་འགྲེལ་པ་བི་མ་ལས་མཛད་པ་དེ་རྒྱལ་དབང་ལྔ་པའི་འབྲས་སྤུངས་དཔེ་མཛོད་ནང་ལ་བཞུགས་པར་གསུངས།
སྒྲ་ཐལ་འགྱུར་རྩ་བའི་རྒྱུད་ཀྱི་འགྲེལ་བ་བི་མ་ལས་མཛད་པ་དེ་རྒྱལ་བ་ལྔ་པའི་དཔེར་མཛོད་འབྲས་སྤུངས་ལ་ཡོད་ཚུལ་གསུངས་འདུག། འབྲས་སྤུངས་ལ་རྒྱལ་ལྔ་པའི་དཔེར་མཛོད་ཞིག་ཡོད་པར་གོ་བ་དང་པོ་ཡིན།
ཀ་རྡོ་ལགས། ནམ་མཁའི་ནོར་བུ་མཆོག་བཀའ་བརྒྱུད་པའི་སྤྲུལ་སྐུ་ཡིན་པ་དེ་ཁོང་གི་ཞལ་ལས་གསུངས་པ་དབྱིན་ཡིག་ལོ་རྒྱུས་ལས་མཇལ། སྔོན་མ་ཁོང་ཝ་ར་ན་སིར་ཆོས་རྒྱུད་ཚོགས་འདུར་ཕེབས་སྐབས་བཀའ་བརྒྱུད་པའི་ཁོངས་སུ་བཞུགས་པ་གོ་མྱོང་།
རྫོགས་ཆེན་བཤད་ན་ཐེག་པ་རིམ་དགུ་བཤད་དགོས་པ་དང་། དེ་བཤད་ན་མང་པོ་མང་པོ་ཞིག་མི་དགའ་བར་འགྱུར་འགྲོ་བགྱི་འདུག་པས་ཅམ་འཇོག་བྱེད་དོ། ཧ་ཧ་ཧ་ཧ་
མཁས་པའི་དབང་པོ་ཁོང་ནི་དིང་དུས་དང་མཐུན་པའི་རིས་མེད་ཆོས་པ་ཞིག་ལས་ཞེན་ཁོག་གིས་ཁེངས་པའི་བླ་མ་ཞིག་མིན་ བོན་པོ་ནི་དེ་བས་མིན་ནོ་
# 20 ཀློང་ཆུང་་ལགས་ཐུགས་རྗེ་ཆེ།
ཁོང་ནི་བོད་མི་རིགས་ལ་ཞེན་ཁོག་དང་ཆོས་གང་ལ་དད་མིན་སོགས་མི་ཤེས་ལ་འབྲེལ་བ་ཡང་མེད།འོན་ཀྱང་།ཁོང་གི་གློག་བརྙན་ཡང་སྲིད་ཅེས་པར་ལྟོས་དང་ཨུ་ཚུགས་བྱས་ཏེ་རང་གི་བུ་དབྱིན་ཕྲུག་དེ་བཙན་གྱིས་སྤྲུལ་སྐུ་བཟོས་སོང་།མ་གཞི་དེ་རིགས་ནི་བཀའ་རྙིང་གི་བླ་མ་སྤྱིའི་སྐྱོན་ཅིག་རེད།ཅི་ཁག
ལ་སྟོད་ལགས་ དགེ་ལུགས་པས་དགེ་བཤེས་ཚང་མ་སྤྲུལ་སྐུ་གཟོ་མཆོག་དུས་ རྙིང་མ་པས་སྤྲུལ་སྐུའི་པུ་གུ་སྤྲུལ་སྐྲུལ་སྐུ་གཟོ་མི་མཆོག་རྒྱུ་ཅི་ཡོད་ ཧཧཧཧ
དགེ་ཆོས་ཀྱིས། གོ་བར་དཀའ་བའི་རྡོ་རྗེའི་རྣམས་ལ། །གོ་ཚད་མ་ལུས་དོན་དུ་འགྲེལ་བར་བྱ། །ཞེས་པ་ལྟར་གཟི་ཕྲེང་གི་ཚིག་འགའ་ཞིག་ནི་ཡིད་དཔྱོད་ཚོད་དཔག་ལྟ་བུར་གོ། །ཏི་སེའི་འོད་ཀྱི་ཁུངས་མདོ་དྲི་མེད་གཟི་བརྗིད་སོགས་བོན་གཞུང་ལ་གཏུག་འདུག ཞང་ཞུང་དགའ་རབ་དང་ཁ་ཆེ་དགའ་རབ་གཅིག་ཏུ་འདོད་པ་སོགས་དཔྱད་བྱ་མང་། ཕྲན་ནི་ཕྱོགས་གཅིག་ནས་ཁོང་ལ་དགག་པ་བྱེད་མཁན་ཡིན། ཕྱོགས་གཅིག་ནས་གུས་པའང་བྱེད་གྱིན་ཡོད། ཁོང་རླབས་ཆེན་གྱི་མི་སྣ་ཡིན་པར་སྙོན་དུ་ཅི། སྔོན་ཆད་ཁོང་ལ་རྒྱལ་ཁ་སྤྲད་མ་མྱོང་། ད་ལྟ་དགུང་ལོ་འདི་ཙམ་དུ་སླེབས་དུས་ད་དུང་བོད་ཀྱི་ཆོས་དང་རིག་གཞུང་གི་དོན་མཛད་པ་འདི་མཐོང་དུས་ཕྲན་ནི་ཁོང་གི་སྐྲ་རྩེའི་ཆུ་ཐིག་གཅིག་ལ་འགྲན་དུ་མི་བཟོད་པ་གོ། སྐུ་ཁམས་གསལ་དྭངས་ཡིན་པས་བཅོས་མིན་གྱི་དགའ་བ་འཕེལ། མཐའ་དོན་ཁོང་སྐུ་ཚེ་ཞབས་པད་བརྟན་ཅིང་ཐུགས་བཞེད་འགྲུབ་པའི་སྨོན་ལམ་འདེབས། །
དྲི་མེད་ལགས་ཀྱི་བླ་མ་ཞ་དམར་ལས་འདིའི་སྐོར་རྩོམ་དང་བགྲོ་གླེང་བྱེད་ཐུབ་ན་ཅུང་ཕན་པ་ཆེ་བ་འདུག་སྙམ། དྲི་མེད་ལགས་ནམ་མཐའི་ནོར་བུར་གུས་པ་སྐྱེས་ནས་ཁོང་གི་བྱ་བར་ཡིད་རངས་འཕེལ་བ་འདིས་ད་ང་གཉིས་ཆོས་གྲོགས་ཆགས་སོང་། ད་ཤ་གཉེན་ཡིན་ད། ཧཧཧཧཧཧ
དྲི་མེད་ལྷག་བསམ་ལགས། ནམ་མཁའི་ནོར་བུ་གསུངས་ལ་མོས་མཐུན་མེད་བཞིན་དུ་ད་ལྟ་ཁོང་ལ་གུས་པ་བྱེད་ཀྱིན་ཡོད་ཟེར་བ་དེ་བླུན་པོ་ཞིག་གི་གསུངས་ལྟ་བུར་ཟད། ཁོང་གིས་བོད་ཀྱི་ཤེས་རིག་ལ་ཕྱག་ལས་མི་དམན་པ་ག་ཚོད་གནང་ཀྱང་རྒྱུ་མཚན་ལྟར་སྣང་ཡིན་ཚེ་ངེས་པར་དུ་དགག་པ་བྱེད་དགོས་རེད། །
བོད་མི་གཅིག་གསུང་ཤོད་ཡག་གནོང་ན་ང་ཚོས་དགའ་དགོས་རེ་མ་ཏོག་།གཞན་ལྟ་མིག་ཡོད་ཅང་།རང་ཉིད་མཐོང་མེ་ལོང་དགོས་ཞེས་ཚིག་འདི་བསམ་ཞིབ་ཡག་པོ་གནོང་ན་ཡག་པོ་རེད་དྲན་
ཆོས་རྒྱལ་ནམ་མཁའ་ནོར་བུས་བོད་ཀྱི་ལོ་རྒྱུས་དྲང་བོར་གསུངས་པ་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུ། བོན་གྱི་རྫོགས་ཆེན་ཞང་ཞུང་སྙན་བརྒྱུད་ནི་གཏེར་དུ་མ་སོང་བའི་རྫོགས་ཆེན་ཤིན་ཏུ་བྱིན་རླབས་ཅན་ཞིག་ཡིན་པར་བོན་པོ་ཡོངས་ལ་རླུང་ལྟར་གྲགས་སོ། རྫོགས་ཆེན་འདི་ཉམས་སུ་བཞེས་མཁན་ཕལ་མོ་ཆེས་འཇའ་ལུས་སུ་གྲུབ་པའམ་ཡང་ན་དག་པ་མཁའ་སྤྱོད་དུ་ཕེབས་པ་ཤ་སྟག་བྱུང་། ཞང་ཞུང་རྒྱལ་པོ་ལིག་མི་རྐྱའི་དབུ་བླ་སྣང་བཞེར་ལོད་པོ་ཡན་ལ་འཇའ་ལུས་པ་ཉེར་བཞི་བྱུང་འདུག སྣང་བཞེར་ལོད་པོ་ནི་ཉེར་ལྔ་བ་རེད། དེའི་སྐབས་དེར་གདམས་ངག་འདི་གཅིག་ནས་གཅིག་མ་གཏོགས་གཉིས་པ་ཞིག་ལ་སྟེར་སྲོལ་མི་འདུག དེང་དུས་གདམས་ངག་འདི་རྒྱུན་མ་ཆད་པར་བོན་པོ་ཡོངས་སུ་ཉམས་བཞེས་མཛད་བཞིན་འདུག གཅིག་བརྒྱུད་མིན་པའི་སྟབས་ཀྱིས་གདམས་ངག་གི་བྱིན་རླབས་ཆུང་བར་སྙམ་མོ།།
ཆོས་རྒྱལ་ཆེན་པོ་མཁས་དབང་ནམ་མཁའ་ནོར་བུ་རིན་པོ་ཆེ་མཆོག བོན་པོ་ཡིན་ནམ་ཞེ་ན། ཡང་གཅིག་བསམ་ན་བོན་པོ་ལོས་ཡིན་དགོས་ཏེ། བོན་གྱི་རྫོགས་པ་ཆེན་པོའི་དབང་ལུང་མན་ངག་ཚུལ་བཞིན་དུ་ཞུས་ཟིན་པའི་ཕྱིར། ཕལ་ཆེར་དེ་འདྲ་གནང་མཁན་དེང་དུས་ཀྱི་བན་དེའི་བླ་མ་མང་པོའི་ནང་ནས་གཅིག་པུ་རྣམ་པར་རྒྱལ་བ་དེ་ཡིན་ངེས། །
བོན་བན་མཐུན་འབྲེལ་གོང་དུ་འཕེལ། །
བོད་ཡུལ་སྐྱིད་པའི་སྨོན་ལམ་འདེབས། །
་་་་་་་་ ཞང་ཞུང་རྒྱལ་པོ་ལིག་མི་རྐྱའི་དབུ་བླ་སྣང་བཞེར་ལོད་པོ་ཡན་ལ་འཇའ་ལུས་པ་ཉེར་བཞི་བྱུང་འདུག སྣང་བཞེར་ལོད་པོ་ནི་ཉེར་ལྔ་བ་རེད། ་་་་་་་་་
ངེས་འབྱུང་བྱང་སེམས་ཡང་ལྟ་གསུམ། །
མདོ་ལ་དགོས་པའི་ཉམས་ལེན་གསུམ། །
ཡིད་ལུས་སྒྱུ་ལུས་འཇའ་ལུས་གསུམ། །
སྔགས་ལ་ངོམས་པའི་ཉམས་ལེན་གསུམ། །
འཇའ་ལུས་པ་་་་་
http://old.himalayabon.com/article/essence/praise/2010070591.html
ནམ་མཁའི་ནོར་བུ་ནི་བཀའ་རྙིང་བོན་གསུམ་གྱི་བླ་མ་རིས་མེད་ཅིག་ཡིན་པ་འདྲ།
ནམ་མཁའི་ནོར་བུ་ནི་བོན་པོ་ནམ་ཡང་མིན། བོན་ཆོས་ལ་ཞིབ་འཇུག་བྱས་པ་ཙམ་གྱིས་བོན་པོར་མི་རྩི་ལ། འོན་ཀྱང་ཁོང་ནི་བློ་གཟུ་བོར་གནས་པའི་མཁས་དབང་ཞིག་ཡིན་པ་སུས་ཀྱང་སྙོན་དུ་མེད།།
བོད་སྤྱི་པ་ལ་དགོངས་ཞེན་ཡོདཔའི་མི་བུ་ཞིག་ཡིན་ན་དགོངས་ཚུལ་དང་གཟིགས་ཚུལ་ཇི་ལྟར་ཡིན་མིན་དང། བོད་མི་ནང་ཕན་ཚུན་དབར་མཛད་སྤྱོད་དམ་གྲུབ་མཐའ་ཕན་ཚུན་དབར་འགལ་མེད་ཀྱི་བསླབ་བྱའམ་གཅིག་ཕན་གཅིག་གྲོགས་ཀྱི་གཞུང་ལུགས་འགག་གནད་ཅན་འཇུ་སྟངས་སོགས་མདོར་ན་རིས་མེད་ཅེས་པའི་མཚན་རྟགས་དངོས་དེ་བཞེས་ན་ཇི་ལྟར་བཞེས་དགོས་མིན་མིག་ལྡན་ཀུན་གྱིས་གསལ་པོར་མཐོང་ཐུབ་ས་མ་རེད་པས་ལགས།ཧཧཧ
མཁས་དབང་ནམ་མཁའི་ནོར་བུ་མཆོག་བསྟན་འགྲོའི་དཔལ་དུ་སྐུ་ཚེ་བསྐལ་བརྒྱར་བརྟན་པར་ཤོག
མཁས་དབང་ལགས་ཁྱེད་ནི་ཕྱོགས་རིས་ཀྱི་བློ་རྒྱ་རལ་བའི་ཁྱེད་ཀྱི་བློ་སྟོབས་ལ་སུ་ཞིག་འགྲན་ནུས། ཁྱེད་ནི་བོན་པོ་དང་རྙིང་མའི་རྫོགས་ཆེན་ཉམས་སུ་བླང་ནས་རྣལ་འབྱོར་བ་ཞིག་དང་ཁྱེད་ནི་དུས་རབས་ཀྱི་འགྱུར་འགྲོས་དང་བསྟུན་ནས་དྲངས་བདེན་གྱི་ལོ་རྒྱུས་སྨྲ་བ་པོ་ཞིག་ཡིན་པ་དྲངས་བདེན་དང་ཕྱོགས་ཞེན་བྲལ་བའི་མི་རྣམས་ཀུན་གྱིས་ཁྱེད་ལ་བསྔགས་བརྗོད་དང་ཡིད་རངས་བྱེད་ཀྱི་ཡོད། འོན་ཀྱང་དེ་ལས་ལྡོག་སྟེ་སྐྱེས་པའི་ཉིན་མོ་ནས་བཟུང་སྟེ་མཐའ་མ་ཚེ་ཡི་འདུ་བྱེད་མ་གཏང་བར་དུ་ཕྱོགས་རིས་དང་རང་འདོད་ཆེན་པོ་ཅན་རྣམས་ཀྱི་སྙིང་ཁར་ཁྱེད་ཀྱིས་གསུང་བཤད་ཟབ་མོ་དེས་མདའ་བཙུག་པ་ནང་བཞིན་གྱུར་ཡོད་པ་སྨོས་ཅི་དགོས། གསེར་ས་འོག་ལ་ཡོད་ན་འོད་ནམ་མཁར་འཆར་ཞེས་པའི་དཔེ་ལྟར་དྲངས་བདེན་ཟེར་བ་འདི་གནས་སྐབས་མི་མང་ཉུང་དང་དཔལ་འབྱོར་ཡོད་མེད་ཙམ་གྱིས་མི་འཇོག་པས་སུ་ལ་དྲངས་བདེན་དང་གནས་ལུགས་ཡོད་ན་ཚང་མས་དེར་ཡིད་ཆེས་འཕེལ་ངེས་ཡིན། ད་ལྟ་་བར་དུ་སྲོང་བཙན་གོང་དུ་བོད་ཡིག་མེད་ཅེས་པ་དང་དེ་བཞིན་དེང་སང་ཡང་མང་པོ་ཞིག་གིས་བོད་ཀྱི་ཤེས་རིག་གི་ཁོངས་རྒྱ་གར་ན་ལེན་ཏྲར་གཏུགས་པ་འདི་ཚོ་དངོས་གནས་ཡིད་ཕམ་པ་ཞིག་རེད། བོད་མི་རིགས་ལ་ཅིག་ཡོད་ཚད་གཞན་ཞིག་ལ་ཁོངས་གཏུགས་པ་འདིས་རང་གི་མི་རིགས་འདི་ལ་མཐོང་ཆུང་དང་ཆེད་གསོད་་བྱས་པ་ལས་གཞན་དོན་དག་གང་ཡང་མེད། ཡང་ན་རྒྱ་གར་ནས་བྱུང་བ་རེད་ཟེར་ཡང་མིན་ན་རྒྱ་ནག་ནས་བྱུང་རེད་ཟེར་བ་འདི་དོན་དུ་ང་ཚོ་བོད་པའི་གང་ཡང་འཇོན་གི་མེད་ཅེས་པ་དང་གཅིག་མཚུངས་ཡིན། ལྷག་པར་རྫོགས་ཆེན་གྱི་གཞུང་ཐམས་ཅད་ཀྱི་ཕྱི་མོར་གྱུར་བའི་ཞང་ཞུང་སྙན་རྒྱུད་འདི་གཏེར་དུ་མ་སོང་བར་ད་ལྟ་བར་བརྒྱུད་བསྡད་པའི་དཔེ་རྙིང་འདི་དག་བོད་མི་རིགས་ཀྱི་གཟི་བརྗིད་ཅིག་ཡིན་ཞིང་། ཕྱོགས་རིས་དང་བློ་ཆུང་རྣམས་ཀྱིས་དེ་ལས་ལྡོག་སྟེ་རང་མི་རིགས་ཀྱི་་ཁྱད་ནོར་རྣམས་བཞག་ནས་ཡོད་ཚད་གཞན་ལ་གཏུགས་པ་འདིས་ཡོད་པ་མེད་པར་བཟོས་པ་ཡིན། ཁྱེད་ལྟ་བུའི་དྲངས་བདེན་དང་བློ་སྟོབས་ལྡན་པའི་མཁས་དབང་གསེར་རི་ལྟ་བུ་རྣམས་བོད་མི་རིགས་ཀྱི་གཟི་བརྗིད་ཅིག་རེད། རང་ཤར་རང་གྲོལ་ནས།
སངས་རྒྱས་རྒྱ་མཚོས་གསུངས་པ་བཞིན་ང་ཚོས་བོད་ཀྱི་གཞུང་ལུགས་འདི་དག་དངོས་ཤུགས་གང་རུང་གི་སྒོ་ནས་དུས་ནམ་ཡང་རྒྱ་གར་ན་ལེན་ཏྲ་སོགས་ཕུགས་བསྐྱལ་ཐབས་ལ་འབད་པ་ཇི་ལྟར་བྱས་མིན་ལ་རྗེས་དྲན་རེ་བྱས་ན་ངོ་མ་བློ་ཕམ་དང་ཡ་ང་སྐྱེ་དགོས་ཡ་ལས་གཞན་གང་ཡང་ཡོད་པ་མ་རེད། མ་ཚད་ང་ཚོས་དེང་སྐབས་ཆོས་རྒྱལ་ནམ་མཁའི་ནོར་བུའི་གསུངས་ལ་ཡིད་རངས་འདོད་ཇི་ཙམ་ཞུས་ཀྱང་མ་འོང་པར་ཁོང་གིས་གསུངས་པའི་དངོས་དོན་ལ་ཡིད་རངས་ཞུ་ཐུབ་མཁན་དང་བདེན་དོན་ངོ་ལེན་གནང་ནུས་མཁན་ཤིན་ཏུ་དཀོན་པོ་ཡིན་རྒྱུ་རེད་སྙམ།
གང་ལ་ཞེ་ན། དེ་སྔོན་བདེན་དོན་དང་དཔང་རྟགས་ཇི་ཙམ་རྙེད་ཀྱང་ཨུ་ཚུགས་ཀྱི་ལམ་ནས་རིག་གནས་ཕུད་པའི་བོད་ཀྱི་གཞུང་ལུགས་ཡོ་ཚད་རྒྱ་དཀར་ནག་ཁོ་ནར་བསྐྱལ་ཐབས་བྱས་བསྡད་པ་ཡིན།་ད་དེང་རིང་ཞི་ནས་ངའི་སེམས་འགྱུར་བ་གཏང་ཐབས་ཤིག་ག་ནས་ཡོང་ཐུབ་རྩ་བ་ནས་ཡོང་ས་མ་རེད་ཡ་མཀོན་མཆོག་མཁྱེན་་་་་་་་་་་་་་་་་་ཧཧཧཧཧ
གོང་དུ་མཆན་བུ་མི་ཉུང་བ་ཞིག་གིས་ནང་ལ་རིན་པོ་ཆེ་མཆོག་བོན་དང་རྙིང་མ་བཀའ་བརྒྱུད་སོགས་ཀྱི་ལུགས་ཡིན་པར་བགྲང་མཁན་མི་ཉུང་བ་ཞིག་འདུག་ ཡིན་ཀྱང་རིན་པོ་ཆེ་ནི་དིང་དུས་དང་མཐུན་པའི་རིས་མེད་པ་ཞིག་རེད་འདུག་ ད་དུང་མཆན་ཉི་ཤུ་པའི་ནང་ལ་དེ་སྔོན་ཝ་ར་ན་སའི་ཆོས་རྒྱུད་ཁག་གི་ཚོགས་ཆེན་སྐོར་ནས་རིན་པོ་ཆེ་བཀའ་བརྒྱུད་ཁོངས་སུ་ཕེབས་པ་ཡིན་ལུགས་གསུང་འདུག་ དེ་ནི་རིན་པོ་ཆེའི་ངོས་ནས་བཀའ་བརྒྱུད་ཁོངས་བྱས་ནས་ཕེབས་པ་ཞིག་མ་རེད་འདུག་གང་ཡིན་ཟེར་ན་༧གོང་ས་མཆོག་གིས་རིན་པོ་ཆེ་ལ་ཚོགས་ཆེན་དེར་བཅར་དགོས་སྐོར་བཀའ་སློབ་ལམ་དོན་ཕེབས་པ་བཞིན་ཚོགས་ཆེན་དེར་བཅར་བ་དང་དེ་ཡང་རིས་མེད་ཞིག་གི་ངོས་ནས་ཕེབས་གནང་འདུག་ ཡིན་ན་ཡང་ཝ་ར་ན་སིར་ཕེབས་ནས་ཚོགས་ཆེན་དབུ་འཛུགས་སྐབས་སུ་སྣེ་ལེན་པ་བུ་མོ་ཞིག་གིས་རིན་པོ་ཆེ་རིས་མེད་ཡིན་གསུང་ཀྱང་ཕྱག་འཁྱེར་སྒང་ལ་བཀའ་བརྒྱུད་པའི་ཁུངས་མི་ཡིན་པ་ཞིག་ཕུལ་འདུག་དང་དེ་རིན་པོ་ཆེའི་མནམ་ཕེབས་པ་ཞིག་ལས་བཀའ་བརྒྱུད་པ་ཡིན་པའི་ཐོག་ནས་བཀའ་བརྒྱུད་ཁོངས་སུ་ཕེབས་པ་ཞིག་རྩ་བ་ནས་རེད་མིན་འདུག་
མེ་ཕར་ལ་བཏང་ནས་ཚུར་ཁ་སྤུ་འཚིག་ཞེས་བའི་དཔེ་བཞིན། ཁོས་བྲིས་པའི་དཔེ་དེབ་ཚང་མ་བལྟ་ཀློག་བྱས་ན། ད་གཟོད་གཞི་ནས་ཁོའི་ལངས་ཕྱོགས་ཀྱི་དམིགས་ཡུལ་ལ་བདེན་པའི་ཁུངས་ཇི་ལྟར་དྲངས་ཡོད་པ་གསལ་པོ་ཤེས་ཐུབ་པ་ལས། བརྙན་ཐུང་འདི་གཅིག་པུའི་ཁོའི་མི་གཤིས་དང་སེམས་ཁམས་ཀློག་མི་ཐུབ། བན་བོན་གང་ཡིན་པ་དེ་གནད་དོན་མ་རེད། ཅི་ཞིག་གླེང་གི་ཡོད་པ་དེ་གནད་དོན་རེད། ཁོ་ལྟ་བུའི་མཁས་དབང་མང་ཙམ་ཡོད་ན། བོད་ཀྱི་ལོ་རྒྱུས་དང་ཤེས་རིག་ས་སྐྱེས་རྡོ་སྐྱེས་གཡག་གི་ལྕི་བ་དང་ལུག་གི་རིལ་མ་ལྟར་མ་འཆུག་མ་ནོར་བ་བཟོ་རྒྱུར་དཀའ་ལས་ཡོད་ས་མ་རེད།
མཁས་དབང་ནམ་མཁའི་ནོར་བུ་མཆོག
ནམ་མཁའི་ནོར་བུའི་མཁྱེན་རྒྱ་ནམ་མཁའ་མཉམ། །
ནམ་མཁའི་ནོར་བུའི་ལ་རྒྱ་བོན་ཞང་ཁྱབ། །
ནམ་མཁའི་ནོར་བུའི་རྫོགས་ཆེན་ནུབ་ཕྱོགས་དར། །
ནམ་མཁའི་ནོར་བུའི་རིས་མེད་དར་བརྟན་ཤོག །
ངེས་པ་དོན་གྱི་མཁས་དབང་ནམ་མཁའི་ནོར་བུའི་མཛད་རྗེས་ལ་ཕྱི་རབས་པ་བུ་རབས་ཚ་རྒྱུད་ནས་མིག་དཔེར་བཟུང་འོས། ཁོང་གིས་བོད་ཀྱི་རིག་པའི་གཞུང་ལུགས་ལ་གཅེས་སྐྱོང་གནང་རྒྱུར་གལ་ཆེར་བཟུང་ནས་ཕྱི་ཚུལ་ལ་ཆབ་སྲིད་འགན་འཁུར་གནང་མེད་པ་ནི་མཁས་པའི་མཛད་པ་རེད།
དོན་དངོས་སུ། ཁོང་ཉིད་༧གོང་ས་མཆོག་གི་བཀའ་སློབ་སྙིང་བཅངས་ཀྱིས་ཕྱི་རྒྱལ་སློབ་མ་ཁྲི་སྟོང་མང་པོར་བོད་ཀྱི་རིག་གཞུང་ཁྱབ་སྤེལ་དང་། བོད་ཁྱབ་སྤེལ་གནང་ཡོད། སྒོས་སུ་ཁོང་གིས་རང་གི་སློབ་མ་དེ་དག་ལ་ཨེ་ཌ་ལི་རྒྱལ་ཁབ་ནང་དོལ་རྒྱལ་གྱི་དཀའ་རྙོག་ཡོད་པ་དང་། དེར་གཟབ་ནན་དགོས་སྐོར་ལམ་སྟོན་ནན་པོ་གནང་ཡོད། དེ་བཞིན་དོན་གྱི་བདག་པོ་བོད་རྒྱ་ཆེའི་མི་མང་ཆེད་སློབ་གྲྭ་དང་། སྨན་ཁང་སོགས་གསར་བཞེངས་མང་པོ་གནང་ཡོད།
བོད་ཀྱི་ལོ་རྒྱུས་ཞིབ་འཇུག་ལོ་མང་གནང་ཞིང་། ཐེངས་ཤིག་༧གོང་ས་མཆོག་གིས་ཁོང་གི་ལོ་རྒྱུས་དཔྱད་འབྲས་ལུང་འདྲེན་གནང་བའང་དྲན་གི
ང་བོད་ཡིན་ཟེར་བའི་འབོད་ཚིག་ངོ་མ་ཁོང་གིས་བསྒྲགས་སོང་།
ངའི་བརྗོད་དོན་འདི་རང་གི་ལུས་ཐོག་ནས་ཤ་ཞིག་བྲེགས་ནས་ཁྱིའི་རྔུན་དུ་གཡུགས་པ་དང་ཅིས་མི་མཚུངས་ཏེ། དེ་སྔོན་བོད་ཀྱི་མཁས་པ་ཕལ་མོ་ཆེས་རང་གི་མི་རིགས་དང་རིག་གནས་ལོ་རྒྱུས་སོགས་བཤད་སྐབས་ཡ་ཐོག་བོད་རྒྱལ་ག་གེ་མོས་ཞང་ཞུང་དེ་མིང་མེད་ཐལ་རྡུལ་ལ་བསྒྱུར་བ་མ་ཚད་བོད་དེ་ཞང་ཞུང་གི་དྲི་མ་ཙམ་མ་འགོས་པའི་རྒྱ་དཀར་ནག་ལ་བརྟེན་ནས་རང་རྐྱ་ཐུབ་པའི་བོད་ཞིག་ཆགས་རྒྱུའི་ཇུས་ངན་ཞིག་གིས་སྟ་གོན་བྱེད་ཚེ་འཁྱོགས་བཤད་ཀྱི་ལོ་རྒྱུས་མང་པོ་ཞིག་བྲིས་ཡོད་པ་སོགས་ལ་གཞི་བཅོལ་བ་དང་ཁུང་ལུང་མེད་པའི་གཞན་གྱི་ཟེར་སྒྲོས་སོགས་ལ་བརྟེན་ནས་བོད་ཀྱི་རིག་གནས་ལོ་རྒྱུས་མང་པོ་ཞིག་གླེང་སོང་། དོན་དངོས་ནི་དེ་མ་ཡིན་ཏེ་ཞང་ཞུང་དེ་ཐལ་རྡུལ་ལ་བསྒྱུར་ཐུབ་ཡོད་ཀྱང་བོད་ཀྱི་རིག་གནས་དང་གོམ་གཤིས་སོགས་ཞང་ཞུང་ལ་མ་བརྟེན་ཀ་མེད་བྱུང་ནས་ད་ལྟ་ཡང་ཞང་ཞུང་གི་དྲི་མ་དེ་བོད་ཀྱི་སྤྱི་ཚོགས་ནང་ལ་བྲོ་གིན་བྲོ་གིན་སྡོད་ཡོད། ཡིན་ནའང་དེ་སྔོན་རྒྱལ་རབས་དུ་མའི་རིང་ལ་ཞང་ཞུང་དང་བོན་ལ་མི་མོས་མིག་གི་ལིང་ཏོག་བཞིན་དུ་བརྩིས་ནས་ཟུར་ཟ་དང་ཕྲག་དོག་བྱས་པའི་ནད་གཞི་རྙིང་པ་དེས་རྐྱེན་པའི་གཞན་ཡུལ་རྒྱ་གར་དང་རྒྱ་ནག་རྐྱང་རྐྱང་སྨོས་པ་ལས་བོད་རང་ས་ནས་ས་སྐྱེས་རྡོ་སྐྱེས་ཀྱི་ཞང་ཞུང་དེ་མ་རྩ་ཡིན་པར་གླེང་ཤོར་དོགས་བྱེད་ཀྱི་ཡོད། མཁས་དབང་ཞིབ་འཇུག་པ་ཁོང་ནི་དེ་བཞིན་མ་ཡིན་ཏེ། ལ་རྒྱའི་སྙིང་སྟོབས་ཡོད་པ། མི་རིགས་ལ་ཤ་ཞེན་ཡོད་པ། ལོ་རྒྱུས་ལ་དཔྱད་མཁས་པ། བན་བོན་ཕྱོགས་རིས་མེད་པ། དྲང་བདེན་ལ་དགའ་བ་ཞིག་ཡིན་པས་ལོ་རྒྱུས་སོགས་ལ་ཞིབ་འཇུག་བྱེད་དུས་འབྲེལ་ཡོད་ཀྱི་དཔྱད་གཞི་རྙིང་པ་དག་ལ་གཞི་བཅོལ་ནས་སྨོས་པ་ཞིག་ཡིན་པས་ཁོང་གིས་གླེང་བའི་གསུང་བཤད་དེ་དག་ངའི་སྒྲ་འཛིན་དབང་པོར་གཡས་ནས་གཡོན་དུ་རྡོལ་སོང་། ཁོང་ལྟ་བུའི་ལོ་རྒྱུས་སྨྲ་བ་མི་ཉུང་བ་ཞིག་ཡོང་བའི་སྨོན་ལམ་ཡོད།
ནམ་མཁའི་ནོར་བུ་ནི་བཀའ་རྙིང་བོན་གསུམ་རིས་སུ་མེད་པའི་བླ་མ་ཁྱད་པར་བ་ཞིག་ཡིན་པ་འདྲ།
མཁས་དབང་ནོར་བུ་ལྟ་བུ་ཞིག་དུས་རབས་ཉི་ཤུ་བ་དང་ཉེར་གཅིག་པའི་ནང་དཀོན་པོ་ཡིན། ཁོང་ལ་ཁ་གཏོང་མཁན་ཚོས་ང་བླུན་པོ་ཅི་ཡང་མི་ཤེས་པ་མཁས་པ་རིག་ན་མགོ་ན་མཁན་ཞིག་མིན་ན་དཀོན་མཆོག་ཚད་བཙུགས་ཞེས་མནའ་སྐྱེལ་གི་ཡོད་རབས་ཟེར།
ད་མནའ་བསྐྱལ་ན་རེད་མ་བསྐྱལ་རེད། གང་ལྟར་ང་ནི་རྒྱ་གར་རང་ལ་གཏུགས་དགོས་ཡོད་དེ་ནི་
ཁྱོད་ཚོས་ག་རེ་བཤད་ན་བཤད་ཁྱད་པར་མི་འདུག་ངའི་རིག་གཞུང་ནི་ན་ལེན་ཏྲ་ནས་བརྒྱུད་
ཡོང་བ་ཞིག་རེད།ཧཧཧཧ
ད་མནའ་བསྐྱལ་ན་རེད་མ་བསྐྱལ་ན་རེད། གང་ལྟར་ང་ནི་རྒྱ་གར་རང་ལ་གཏུགས་དགོས་ཡོད་
དེ་ནི་ཁྱོད་ཚོས་ག་རེ་བཤད་ན་བཤད་ཁྱད་པར་མི་འདུག་ངའི་རིག་གཞུང་ནི་ན་ལེན་ཏྲ་ཁོ་ན་
ནས་བརྒྱུད་ཡོང་བ་ཞིག་རེད།ཧཧཧཧ
ཁྱེད་རྣམས་དགོངས་དག་ཞུ་ཡག་ཅིག་ལ་གཉིས་ཆ་ཤོར་ཤག་
མཁས་དབང་ནམ་མཁའ་ནོར་བུ་འདི་གཟུར་གནས་ལྷག་བསམ་ཅན་ཅིག་ཡིན་པར་མ་ཟད་བོད་ཤེས་རིག་གི་ཆེད་དུ་སྤོབས་པའང་འདུག ཁོང་གི་གསུངས་ལ་མངོན་པར་བསྟོད་དོ། གྲུབ་མཐའི་ཞེན་ཁོག་ཆེན་པོ་ཡོད་མཁན་ཚོ་ཁོང་ལ་དགའ་བོ་བྱེད་ཀྱིན་མ་རེད། འོན་ཀྱང་དུས་རབས་ཉེར་གཅིག་གི་སྐབས་འདིར་རྣམ་དཔྱོད་ཀྱི་སྤྱན་དང་ལྡན་པའི་གཟུར་གནས་མཁས་དབང་མང་བོ་ཞིག་གིས་ཁོང་གི་གསུངས་ལ་རྒྱབ་སྐྱོར་བྱེད་ངེས་རེད།།
ཞང་ཞུང་རྒྱལ་པོ་ལིག་མི་རྐྱའི་དབུ་བླ་སྣང་བཞེར་ལོད་པོ་བོན་པོ་ཡིན་ན་ཡང་། ནང་པ་མ་ཡིན་པའི་རྒྱུ་མཚན་གང་རེད། གལ་སྲིད་ནང་པ་ཡིན་ན། མེས་དབོན་རྣམ་གསུམ་གང་རུང་ཅིག་གིས་ཀྱང་། ཁོང་རྣམས་ནང་པ་ཡིན་པ། མི་མཁྱེན་པའི་དེའི་རྒྱུ་མཚན་ཅི་ཡིན་ནམ། གལ་སྲིད་ནང་པའི་རྫོགས་ཆེན་སྲོང་བཙན་ཡབ་ཀྱི་དུས་ནས་ཡོད་བཞིན་དུ། རྒྱ་གར་ནས་ནང་པའི་རྫོགས་ཆེན་སོགས་སྔར་མེད་གསར་དུ་གདན་འདྲེན་དགོས་གང་ཡིན་ནམ ལགས། དྲ་གྲོགས་ཚོ། ལགས།། །།
ཀརྡོ་ལགས། རྫོགས་ཆེན་རྒྱ་གར་ནས་བོད་དུ་དར་ཚུལ་བཤད་ཡོང་དུས་མ་བདེ་བ་མང་པོ་ཞིག་ཡོད་པ་རེད། དང་པོ་རྫོགས་ཆེན་གྱི་བླ་མ་ཤིྲསེངྷ་འམ་དཔལ་ལྡན་སེང་གི་ཟེར་བ་དེ་རྒྱ་ནག་ནས་རྒྱ་གར་ལ་རྐང་མགྱོག་སྤྱད་ནས་ཡོང་བ་དང་གཅིག བོད་ཀྱི་བཱཻ་རོ་ཙ་ནའང་རྒྱ་གར་ལ་རྐང་མགྱོག་སྤྱད་ནས་སོང་བ་དང་གཉིས། འདི་གཉིས་ཀྱི་རྒྱབ་ངོས་ནས་བལྟས་ནས་ལོ་རྒྱུས་འབྲི་བ་པོ་ཚོར་དུས་ཚོད་གུང་མ་འགྲིག་པའི་དཀའ་ངལ་ཞིག་བྱུང་བ་ཡིན་པ་ཤེས་ཐུབ་པ་དང་། རྒྱ་གར་ན་རྫོགས་ཆེན་ཟེར་བ་ཞིག་བྱུང་མྱོང་བ་བོད་ཀྱི་ནང་པ་ཚོ་མ་གཏོགས་ཁས་མི་ལེན་ཞིང་། བོད་ཀྱི་ནང་པ་ཚོའང་དེར་གཅིག་མཐུན་གྱི་ལྟ་སྟངས་ཤིག་མེད་པ། བོད་ལ་ཡོང་བའི་རྒྱ་གར་གྱི་བཎྡེ་ཚོས་རྒྱ་ནག་ཧ་ཤང་གི་ལྟ་བ་ལ་དགག་པ་རྒྱག་སྟངས་སོགས་ལ་བལྟས་པས་ཀྱང་ཤེས་ནུས། འདི་རོབ་ཙམ་ཡིན། གསལ་ཁ་འདོན་དགོས་ན་དེ་ལུགས་གསུང་ལན་ཡོད་པར་ཞུ།
༡༽ བོད་ཀྱི་རིགས་གཞུང་ཁུངས་རྒྱ་དཀར་ནག་ལ་བཏུག་པ་དང་གཞུང་ལ་བཏུག་པ་གཉིས་ལ་ཁྱེད་གང་ཡོད་རེད་དམ། མདོར་ན་བོད་མིན་པ་ཞིག་ཏུ་ཁུངས་བཅོལ་དགོས་པ་འདྲ་འདྲ་རེད། ༢༽ སྙན་རྒྱུད་ཟེར་བ་ཉུང་ངུ་ཞིག་ལས་མེད་རབས་གསུངས་འདུག་པས་ཞང་གཞུང་སྙན་རྒྱུད་སོགས་པོ་ཏི་ཆེ་ལོང་འདི་དག་སྙན་བརྒྱུད་འགྲོ་བར་དོགས། ༣༽ དགའ་རབ་རྡོ་རྗེ་སོགས་ཀྱི་གོང་དུ་རྫོགས་ཆེན་དཔེ་མེད་ན་སྒྲ་ཐལ་འགྱུར་རྩ་བའི་རྒྱུད་ནི་དགའ་རབས་ལ་གེ་སར་བབ་སྒྲུང་ནང་བཞིན་བབ་ཡོང་བ་ཞིག་ཡིན་ནམ།
ཞང་གཞུང་།
༄༅། །དོལ་རྒྱལ་ལམ། རྒྱལ་ཆེན་ཤུགས་ལྡན་བསྟེན་གསོལ་སྐོར་ ༡༩༧༨ ལོར་ངས་ཐོག་མར་དམ་བསྒྲགས་བྱས་པ་ནས་བཟུང་ད་ཆ་ལོ་བཅུ་ཕྲག་གཉིས་ལྷག་ཕྱིན་ཡོད། དོལ་རྒྱལ་ནི་འདས་པའི་མི་ལོ་ ༣༤༠ ལྷག་ཙམ་རིང་རྩོད་གཞི་ཅན་དུ་གནས་པའི་འཇིག་རྟེན་གྱི་དྲེགས་པ་ཞིག་ཡིན། དམ་བསྒྲགས་བྱེད་སྟངས་དེ་ཡང་མ་བརྟག་མ་དཔྱད་པར་རལ་གྲི་གནམ་གཡུག་ལྟ་བུའམ། གཞན་གྱི་ཟེར་རྗེས་སུ་ཞུགས་པ། ཡང་ན་གཞན་གྱིས་བསྐུལ་ངོ་ཙམ་བཅས་ལ་བརྟེན་ནས་བྱས་བ་ཞིག་གཏན་ནས་མིན།
ཐོག་མར་༸གོང་ས་ལྔ་བ་ཆེན་པོའི་སྐུ་དུས་སུ་བྱུང་བའི་གནས་ཚུལ་ཡོང་རྐྱེན་དང་། བར་དུ་ཚད་ཐུབ་རྩོད་མེད་ཀྱི་ཡོངས་གྲགས་བླ་མ་དུ་མའི་དགོངས་ཚུལ། བར་སྐབས་ངོས་རང་ཐོག་དངོས་བྱུང་གི་གནས་ཚུལ་མང་པོ་ཞིག་བཅས་གཞི་རྩར་བཟུང་སྟེ། བོད་ཀྱི་བསྟན་སྲིད་མི་རིགས་སྤྱི་སྒོས་ཀྱི་འཕྲལ་ཡུན་གྱི་བདེ་རྩར་ཕན་ཐབས་ཁོ་ནར་དམིགས་ཏེ། བརྟག་དཔྱད་དོ་བརྟན་ལོ་བསྟུད་བྱས་པའི་མྱོར་ཚོར་དངོས་ར་འཕྲོད་པའི་གནས་ཚུལ་ནས། དོལ་རྒྱལ་བསྟེན་གསོལ་བྱེད་པ་འདི་སྤྱི་སྒེར་ཡོངས་ལ་ཕན་ལས་གནོད་ཆེ་བ་དང་། དགེ་ལས་སྐྱོན་ཆེ་བ། ཁེ་ལས་གྱོང་ཆེ་བ་མཐོང་བ་དང་། བཀྲ་མ་ཤིས་པའི་གནས་ཚུལ་མང་པོ་ཞིག་ཡོང་བར་བརྟེན་བསྟེན་གསོལ་མི་རུང་བའི་སྐོར་བླང་དོར་ལམ་སྟོན་སྔ་ཕྱིར་བགྱིས་པར་གཞིས་བྱེས་བོད་མི་སེར་སྐྱ་མང་ཚོགས་དང་། ཕྱི་རྒྱལ་ནང་ཆོས་དོན་གཉེར་ཅན་བློ་གཟུ་བོར་གནས་པ་ཕལ་མོ་ཆེ་བཅས་ཀྱིས་དགེ་སྐྱོན་གནས་ལུགས་གསལ་པོ་རྟོགས་ཏེ་ངོས་ལ་ཡིད་ཆེས་ཀྱིས་བླང་དོར་འཇུག་ལྡོག་འཛོལ་མེད་བྱས་ཡོད།
དོལ་རྒྱལ་བསྟེན་གསོལ་དམ་བསྒྲགས་བྱེད་དོན་གཙོ་བོ་ནི།
༡༽ སྟོན་པ་བཅོམ་ལྡན་འདས་ཀྱིས་གཞི་བདེན་པ་གཉིས་དང་། བདེན་པ་བཞི་ལ་བརྟེན་ནས་ནང་པའི་ཆོས་ཀྱི་རྣམ་གཞག་གསུངས་ཏེ་སྐྱབས་འགྲོ་དང་ལས་འབྲས་ཀྱི་རྣམ་གཞག་བསྟན་ཡོད། འོན་ཀྱང་དེང་སང་སྙིགས་ལྔའི་དུས་འདིར་ལུས་ལ་ཆོས་གོས་གྱོན་ནས་རྩོད་གཞི་ཅན་གྱི་འཇིག་རྟེན་དྲེགས་པ་ཞིག་ལ་གློ་སྙིང་བྲང་གསུམ་གཏད་དེ་འདི་ཕྱིའི་སྐྱབས་གནས་སུ་བཅོལ་བ་དང་། བདེ་སྡུག་ཅི་འབྱུང་ལྷ་ཀླུ་རྒྱལ་བཙན་འཇིག་རྟེན་དྲེགས་པས་བྱས་པར་སྨྲ་བ་འདིས་ནང་པའི་ལྟ་བ་དང་རྒྱབ་འགལ་ཡིན་པ་དང་།
༢༽ ངོས་ནས་འཛམ་གླིང་ཞི་བདེ་དང་། སྤྱི་ཚོགས་ཀྱི་བདེ་འཇགས་སླད་དུ་ཆོས་ལུགས་འདྲ་མིན་ཁག་ཕན་ཚུན་བར་གུས་བརྩི་དང་མཐུན་པོ་བྱེད་དགོས་བརྗོད་པ་དང་། བོད་ལ་ཆ་མཚོན་ན་ཡང་། སྔ་འགྱུར་རྙིང་མ་དང་། གསར་མ་ས་སྐྱ། བཀའ་བརྒྱུད། དགེ་ལུགས་བཅས་པའི་རྩ་བའི་ཆོས་ཀྱི་འབྱུང་ཁུངས་སྟོན་པ་ཐུགས་རྗེ་ཅན་ལ་ཐུག་པ་གཅིག་གྱུར་ཡིན་པ་དང་། སངས་རྒྱས་ཀྱི་བཀའ་ཐེག་པ་ཆེ་ཆུང་སྔགས་དང་བཅས་པ་ཆ་ཚང་ཉམས་སུ་ལེན་པའི་ཐབས་ལམ་བཞེངས་སྲོལ་མི་འདྲ་བ་ཙམ་ལས་མཐར་ཐུག་གི་བསྒྲུབ་བྱ་གཅིག་གྱུར་ཡིན་པས་ཆོས་བརྒྱུད་ནང་ཕན་ཚུན་མཐུན་ལམ་འོ་ཆུ་གཅིག་འདྲེས་དགོས་པའི་བསྐུལ་མ་སྔ་ཕྱི་རིམ་པ་བྱས་ཡོད། འོན་ཀྱང་། དོལ་རྒྱལ་བསྟེན་མཁན་ཚོས་ཆོས་བརྒྱུད་གཞན་དག་གི་དགོན་སྡེ་དེ་འཛིན་དང་བཅས་པར་བརྙས་སྨོད་སྐུར་འདེབས་ཀྱིས་ཆོས་སྤོང་གི་ལས་ངན་བསགས་པའི་ཁར། དགེ་ལུགས་པ་ཞིག་གིས་རྙིང་ཆོས་ཉམས་ལེན་བྱས་ཚེ་དོལ་རྒྱལ་གྱིས་ཚར་བཅད་བྱེད་ཚུལ་བཤད་དེ་འཇིགས་སྐུལ་གྱིས་ཆོས་བརྒྱུད་ནང་ཁུལ་དམ་ཚིག་མི་མཐུན་པའི་འགལ་བ་བཟོས་ཡོད།
༣༽ སྨོན་ལམ་ལོག་པའི་དབང་གིས་༸རྒྱལ་མཆོག་ལྔ་བ་ཆེན་པོའི་སྐུ་དུས་སུ་ཐོག་མར་འགལ་བ་བྱུང་བ་ནས་བཟུང་༸རྒྱལ་བ་སྐུ་ཕྲེང་རིམ་བྱོན་གྱིས་འགོ་འཁྲིད་པའི་དགའ་ལྡན་ཕོ་བྲང་པའི་ཆབ་སྲིད་སྐྱོང་ཚུལ་ལ་མི་དགའ་བའི་ཞེ་འཁོན་སྡང་འཛིན་གྱིས་གནོད་འཚེ་བྱེད་པ་བཅས་རྒྱུ་མཚན་གཙོ་བོ་གསུམ་དང་།
དེ་བཞིན་བོད་མི་འདུ་སྡོད་གང་སར་ཉམ་ཐག་རྒན་རྒོན་དང་། ནད་གཅོང་། ཕྲུ་གུ་བཅས་མང་པོ་ཞིག་ངོས་ཀྱི་མཇལ་ཁར་ཡོང་བའི་སྐབས་སུ་མང་པོ་ཞིག་གིས་དོལ་རྒྱལ་གྱི་གནོད་པས་ནད་ན་ཚ་ཕོག་ལུགས་དང་། དོལ་རྒྱལ་ལ་ཕོག་ཐུག་སོང་བས་གནོད་འཚེ་བར་ཆད་མང་པོ་ཡོང་གི་འདུག་པ་དེ་བཟློག་ཐབས་བརྟག་པ་དང་སྐྱབས་ཞུ་ཞུ་མཁན་མང་བས་ཉམ་ཆུང་མི་མང་ལ་ཐུབ་ཚོད་གནོད་སྐྱེལ་བྱེད་མཁན་གྱི་དྲེགས་པ་དེ་ལྟ་བུ་བསྟེན་གསོལ་བྱ་རྒྱུ་ནང་པའི་ཆོས་དང་མི་མཐུན་པ་ཡིན།
གཞུང་བསྟེན་གྱི་སྲུང་མ་དམར་ནག་གཉིས་ཏེ་དཔལ་ལྡན་ལྷ་མོ་དང་། རྒྱལ་པོ་སྐུ་ལྔ། སྐྱེས་བུ་གསུམ་གྱི་སྲུང་མ། བོད་སྐྱོང་ལྷ་སྲུང་དམ་ཅན་རྒྱ་མཚོ་བཅས་པའི་ཐུགས་དགོངས་འགལ་འཁྲུག་གི་རྣམ་པ་ཆེན་པོ་ཡོད། ཡང་སྒོས་ཡབ་རྗེ་ཙོང་ཁ་པ་ཆེན་པོའི་བསྟན་པ་གསེར་སྦྱངས་བཙོ་མ་ལྟ་བུ་འདི་ཉིད་དྭངས་གཙང་མིང་དོན་མཚུངས་པ་ཞིག་འབྱུང་ཐབས་སོགས་དགོས་པ་རྒྱུ་མཚན་དུ་མ་ལ་བརྟེན་ནས་དོལ་རྒྱལ་བསྟེན་གསོལ་མི་རུང་བའི་དམ་དྲག་བྱས་པ་ཡིན།
དེ་སྔ་དོལ་རྒྱལ་བསྟེན་མཁན་ཁོངས་ནས་མི་འགའ་རེ་ལ་བསྟེན་གསོལ་མཚམས་འཇོག་བྱས་ན་དོལ་རྒྱལ་གྱིས་གནོད་འཚེ་བར་ཆད་མི་ཡོང་ངམ་བསམ་ནས་བློ་ཆུང་རྣམ་རྟོག་གི་སེམས་ཁྲལ་ཡོང་གི་ཡོད་ཚོད་འདུག དེ་འདྲའི་རི་བོང་གནམ་རྡིབས་ཀྱི་སེམས་ཁྲལ་ངལ་མི་བདེ་དགོས་དོན་མེད། དེ་སྔ་བརྟེན་མཁན་བརྒྱ་ཕྲག་སྟོང་ཕྲག་མང་པོས་བསྟེན་མཚམས་གཙང་མ་བཞག་པ་དེ་ཚོར་གནོད་འཚེ་བྱུང་ཡོད་མེད་བལྟས་ན་ཤེས་ཐུབ། ད་དུང་བློ་མི་བདེ་བ་དང་། ཞེད་སྣང་ཡོང་གི་འདུག་ན། སྤྱིར་བཏང་ང་ལ་རྟོགས་པ་གང་ཡང་མེད་ཀྱང་། དོལ་རྒྱལ་ལྟ་བུས་གནོད་འཚེ་བར་ཆད་མི་ཐུབ་པའི་འགན་ངས་ལེན་ཆོག་ཅེས་བརྗོད་ཀྱི་ཡོད།
ཡང་། དོལ་རྒྱལ་བསྟེན་བཞིན་དུ་ངའི་ས་ནས་དགེ་ཚུལ་སློང་གི་སྡོམ་པ་ཞུ་བ་དང་། བཀའ་ཆོས་ཞུ་བར་ཡོང་ན་བླ་སློབ་དམ་ཚིག་མི་གཙང་བའི་དབང་གིས་བླ་མའི་ཚེ་ལ་གནོད་རྒྱུ་དང་། དམ་ཚིག་ཉམས་ན་སློབ་མ་རང་ཉིད་དམ་ཚིག་ཉམས་པའི་ཉེས་པས་ཚེ་རབས་མང་པོར་སྡུག་བསྔལ་མི་བཟད་པ་མྱོང་དགོས་པ་འདི་ནི་རྒྱུད་སྡེའི་དགོངས་པ་ཡིན། དཔེར་ན་མེས་འཚིག་པའི་ས་བོན་ལ་མྱུ་གུ་སྐྱེ་བའི་ནུས་པ་དང་བྲལ་བ་ཇི་བཞིན་འདི་ཕྱིའི་ལེགས་ཚོགས་ཐམས་ཅད་ཀྱི་སྒོ་འགག་རྒྱུ་ཡིན་པས་དེའི་གནད་ཤེས་དགོས།
དོལ་རྒྱལ་བསྟེན་གསོལ་བྱས་ན། དགེ་སྐྱོན་ཕན་གནོད་གང་ཡོད་པ་ངས་གསལ་པོ་ཤེས་བཞིན་དུ་མང་ཚོགས་ལ་འགྲེལ་བརྗོད་གསལ་བཤད་མ་བྱས་ན་ངའི་ནོར་འཁྲུལ་རེད། བཤད་ནས་བདག་སྤྲོད་བྱས་དང་མི་བྱེད་དང་། ཉན་དང་མི་ཉན་སོ་སོའི་ལག་པར་ཡོད། དགེ་སྐྱོན་ཡོང་བསྲང་ཡོངས་ཐབས་བྱེད་རྒྱུ་ངའི་ལས་འགན་ཡིན། འོན་ཀྱང་གནོད་ཤུགས་སྤྲད་དེ་བཙན་གནོད་གཏོང་མཁན་སུ་ཡང་མེད་པ་ཚང་མས་ཤེས་གསལ་ཡིན།
དབུ་མེད་ནི་དང་པོ་ནས་ཆེད་དུ་བཟོས་པ་མིན་པར་དབུ་ཅན་མགྱོགས་པར་བྲིས་པ་་ལས་རང་བཞིན་གྱིས་བྱུང་།
—དགེ་འདུན་ཆོས་འཕེལ།
# 53 རྨུ་ཐག་གི་བུ་རྒྱུད།་ལགས་ཀྱིས་མཆན་བཏབ་པ།:
August 13th, 2014 at 6:34 AM
ཀརྡོ་ལགས། རྫོགས་ཆེན་རྒྱ་གར་ནས་བོད་དུ་དར་ཚུལ་བཤད་ཡོང་དུས་མ་བདེ་བ་མང་པོ་ཞིག་ཡོད་པ་རེད། ་་་་་
# 56 ཨ་ཕྱི་ཆོས་སྒྲོན་ལགས་ཀྱིས་མཆན་བཏབ་པ།:
August 13th, 2014 at 8:15 AM
༄༅། །དོལ་རྒྱལ་ལམ། རྒྱལ་ཆེན་ཤུགས་ལྡན་བསྟེན་གསོལ་སྐོར་ ༡༩༧༨ ལོར་ངས་ཐོག་མར་དམ་བསྒྲགས་བྱས་པ་ནས་བཟུང་ད་ཆ་ལོ་བཅུ་ཕྲག་གཉིས་ལྷག་ཕྱིན་ཡོད། དོལ་རྒྱལ་ནི་འདས་པའི་མི་ལོ་ ༣༤༠ ལྷག་ཙམ་རིང་རྩོད་གཞི་ཅན་དུ་གནས་པའི་འཇིག་རྟེན་གྱི་དྲེགས་པ་ཞིག་ཡིན། དམ་བསྒྲགས་བྱེད་སྟངས་དེ་ཡང་མ་བརྟག་མ་དཔྱད་པར་རལ་གྲི་གནམ་གཡུག་ལྟ་བུའམ། གཞན་གྱི་ཟེར་རྗེས་སུ་ཞུགས་པ། ཡང་ན་གཞན་གྱིས་བསྐུལ་ངོ་ཙམ་བཅས་ལ་བརྟེན་ནས་བྱས་བ་ཞིག་གཏན་ནས་མིན། ་་་་་་
༸གོང་ས་མཆོག་གིས།
མཁས་དབང་ནམ་མཁའི་ནོར་བུས། དད་སའི་རྫོགས་ཆེན་དེ། དགའ་རབ་རྡོ་རྗེ་ནས་བརྒྱུད་པ་འདི་ལ་མིན་ནམ། དགའ་རབ་རྒྱ་གར་ནང་གི་རེད་དམ། རྒྱ་གར་གྱི་ཕྱི་རོལ་དུ་རེད། ལགས། རྨུ་ཐག་ལགས།། །།
ཀ་རྡོ་ལགས།
ངས་རྫོགས་ཆེ་སྐོར་ལ་ཞིབ་འཇུག་མང་པོ་བྱས་པ་ཡིན། ད་བར་བརྙེད་སོན་བྱུང་བའི་ཡིག་ཆ་དང་ཞིབ་འཇུག་རྩོམ་ཡིག་ཁག་ནས་ཁུངས་བརྟན་ཤོས་དང་། ཚན་རིག་དང་ཁུངས་མཐུན་ཤོས་ནི་གཤམ་གྱི་དྲ་རྒྱ་འདི་རེད།
http://earlytibet.com/2011/08/03/early-dzogchen-iv/
གོང་གི་ཞིབ་འཇུག་ལྟར་ན། རྫོགས་ཆེན་གྱི་དཔེ་ཆ་བོད་ཡིག་ཐོག་སྤར་བ་རྙིང་ཤོས་དེ་དུས་རབས་བརྒྱད་པའི་ནང་རེད། དེ་བོད་ཡིག་ལས་ཞང་ཞུང་ཡི་གེ་མིན། དེ་བཞིན་ཨ་ཏི་ཡོ་ག་ཞེས་པའི་ཐ་སྙད་དེ་ཡང་དུས་རབས་བརྒྱད་པའི་གོང་ལ་རྒྱ་གར་གྱི་ལེགས་སྦྱར་སྐད་ཡིག་ནང་ལ་མཐོང་རྒྱུ་མིན་འདུག་ཟེར།
རྩོམ་པ་པོ་ཁོང་གི་བཞེད་པར། རྫོགས་ཆེན་དེ་ཞང་ཞུང་གི་རིག་གཞུང་ནས་ཚུར་ལེན་ནས། ནང་པའི་གསང་སྔགས་དང་མཐུན་པར་བྱས་པའི་དཔང་པོ་མང་པོ་ཞིག་བཏོན་འདུག
གོང་གི་རྩོམ་པ་པོ་ཁོང་ནི་གསང་སྔགས་རྙིང་མའི་རྫོགས་ཆེན་ཉམས་ལེན་པ་ཞིག་དང་། བློ་གཟུ་བོར་གནས་པའི་ཞིབ་འཇུག་པ་ཞིག་རེད། ཁོང་རྫོགས་ཆེན་ཉམས་ལེན་པ་མ་ཟད། རྫོགས་ཆེན་སྐོར་ལ་ཞིབ་འཇུག་རྒྱ་ཆེར་བགྱིས་འདུག ཁོང་དང་ནམ་མཁའི་ནོར་བུ་རིན་པོ་ཆེ་གཉིས་ཀྱི་བཞེད་པ་འདྲ་བོ་འདུག
གལ་ཏེ་གོང་གི་ཞིབ་འཇུག་དེ་གནད་ལ་ཕོག་ཡོད་ན། རྫོགས་ཆེན་ནི་ང་ཚོ་བོད་མིའི་ས་སྐྱེས་རྡོ་སྐྱེས་ཀྱི་རྣམ་དཔྱོད་ནས་བཞེངས་པའི་ཟབ་ཆོས་གང་ཞིག་རྒྱ་གར་གྱི་གསང་སྔགས་ཀྱི་འཁོར་ལོའི་ནང་ལ་སྣུམ་ལྟ་བུར་ཕར་ཞལ་འདེབས་བརྒྱབ་ནས། བོད་རྒྱུད་གསང་སྔགས་ཀྱི་བསྟན་པ་འདི་རྒྱས་པར་བྱས་པ་ལྟ་བུ་རེད་འདུག གོང་ས་མཆོག་གི་དྲུང་ནས་ཀུན་བཟང་བླ་མའི་ཞལ་ལུང་ཐེངས་འགའ་ཤས་ཐོབ་མྱོང་བས། ད་ལྟ་རྫོགས་ཆེན་གྱི་གཞུང་ལ་ཐོས་པ་ཁམ་གང་ཙམ་བྱེད་ཁུལ་ལགས།
# 61 བསམ་ཤེས།་ལགས་ལ་ཐུགས་རྗེ་ཆེ་ཞེས་ཞུའོ།།
བསམ་ཤེས་ཟེར་བ་འདིས་གོང་ས་མཆོག་གི་རྫོགས་ཆེན་བརྒྱུད་པ་དེ་བོན་སྒྲུང་ལྟ་བུ་འདོད་པ་ཁྱི་སྤྱང་གིས་ཤན་ཞུགས་པ་མིན་ནམ། ཨ་ཏི་ཡོ་ག་དང་ཨ་ནུ་ཡོ་ག་དང་མ་ཧྰ་ཡོ་ག་ཞེས་པ་ལེགས་སྦྱར་སྐད་ཡིག་ཡིན་པར་མཁྱེན་འཚལ།།
ནང་པའི་རྫོགས་ཆེན་རྒྱ་གར་ནས་དར་བ་ལ་རྩོད་པ་མི་འདུག འོནད་ཀྱང་། བོན་གྱི་རྫོགས་ཆེན་ག་ནས་དར་བ་ངས་མི་ཤེས་སོ།།
བོད་ཀྱི་ཚིག་མཛོད་ཆེན་མོ་ལས།
རྫོགས་པ་ཆེན་པོ། སྔགས་རྙིང་མའི་ཆོས་སྐད་དེ། སེམས་ཀྱི་རང་བཞིན་ལ་ངོ་བོ་སྟོང་པ་ཆོས་སྐུ། རང་བཞིན་གསལ་བ་ལོངས་སྐུ། ཐུགས་རྗེ་ཀུན་ཁྱབ་སྤྲུལ་སྐུ་སྟེ། སྐུ་གསུམ་གྱི་ཡོན་ཏན་ཐམས་ཏན་ཐམས་ཅད་ལྷུན་གྱིས་གྲུབ་པར་རྫོགས་པ་ནི། ཆོས་ཐམས་ཅད་ཀྱི་གནས་ལུགས་ཡིན་པས་ཆན་པོོའོ།།
སྔགས་རྙིང་མའི་རྒྱ་དཔེ་རྣམས་རྒྱ་གར་ལ་མི་འདུག ཟེར་དུས། ལན་ལ་། རྒྱ་དཔེ་ཡོད་ཚད་རྒྱ་གར་3། ཡོད་མི་དགོས། ཨོ་རྒྱན་མཁའ་འགྲོའི་གླིང་ལ་ཡོད་རེད། ཟེར་སྲོལ་ཅིག་ཀྱང་གོ་མྱོང་བས། ད་དུང་དཔྱད་པར་འཚལ།
རྙིང་མའི་ཐེག་པ་རིམ་པ་དགུ་དང་། བོན་ལུགས་ཀྱི་ཐེག་པ་རིམ་དགུ་གཉིས་ལ་མི་མཐུན་པའི་ཆ་ཤིན་ཏུ་མང་ངོ་།།
ཀ་རྡོ་ན་རེ། ཨུ་རྒྱན་མཁའ་འགྲོའི་ཡུལ་ལ་ཡོད་ཟེར། ཨོ་རྒྱན་ནི་ཁ་ཆེའི་ཡུལ་ཡིན་པས་གསང་སྔགས་ཀྱི་ཁུངས་ཁ་ཆེར་བཏུགས་པ་དེ་མཁས་པ་འགའི་དགོངས་པ་ཡིནནོ། དྲི་མེད་ལྷག་བསམ་གྱིས་ནམ་མཁའི་ནོར་བུ་མཆོགས་གིས་རྫོགས་ཆེན་ཁ་ཆེར་བཏུགས་པའི་རྒྱུ་མཚན་ཡང་དེ་མིན་འགྲོ་སྙམ།
༸གོང་ས་མཆོག་དང་། ངས་དད་པའི་རྫོགས་ཆེན་ནི།
https://www.youtube.com/watch?v=gO7RQi55asY
བོད་བཙན་པོའི་རྒྱལ་ཁབ་ཅེས་པ་གཡེར་གྲགས་ཅན་དེ་ཐོག་མར་ཇི་ལྟར་བྱུང་བ་ཡིན་ནམ་བསམ་ན། དེ་ནི་ཞང་ཞུང་རྒྱལ་ཁབ་ཀྱིས་གཟིགས་སྐྱོང་འོག་ནས་འཚར་ལོངས་བྱུང་བའི་རྒྱལ་ཁབ་ཅིག་ཡིན་པ་རེད། རྒྱལ་ཁབ་ཅེས་པ་འདི་གསར་འཛུགས་བྱེད་དུས་དེ་ལ་རྒྱབ་དཔུང་རང་ལས་ཀྱང་ནུས་པ་ཆེའི་བ་ཞིག་ངེས་པར་དུ་དགོས་པའི་སྲོལ་ལུགས་ཡོད་པ་བཞིན། དེ་དུས་བོད་རྒྱལ་ཁབ་གསར་པ་དེའི་རྒྱབ་དཔུང་དངོས་གནས་དེ་ནི་ཞང་ཞུང་སྟོབས་ཆེན་རྒྱལ་ཁབ་གཅིག་པུ་ཡིན་པ་ལོ་རྒྱུས་ཀྱིས་ར་སྤྲོད་གཙང་མ་བྱས་ཡོད། གནས་ཚུལ་འདི་ཚོ་ཤེས་པའི་ཐོག་ནས་སྐད་ཆ་ཤོད་དགོས་པ་རེད་དོ། ། བོད་ཕྲུག་ཚོས་བསམ་བློ་ཡང་ནས་ཡང་དུ་ཐོངས་ཤིག །
ཀ་མད་སུམ་བཅུའི།
ཙ་ཚ་ཛ་ཝ།
ཞ་ཟ་འ་ཡ།
ཡི་གེ་བརྒྱད་པོ།
ཞང་ཡིག་ཡིན་སྲིད།
མགོ་ཅན་འདོགས་ཅན།
ལ་དོན་མང་པོ།
གཞན་དབང་ཕྲད་མང་།
ཞང་ཡིག་འཕྲོ་ལུས།
ཡིནད་ཀྱང་སྲིད་ལ།
ཀ་རྡོ་ལགས།
སྐུ་ཉིད་རྣམ་དཔྱོད་ཡངས་ཤིང་། གསན་རྒྱ་ཆེ་བ། དྲང་ཚུགས་ཆེ་ལ་ལྷག་བསམ་ཡང་དག་པར་སྣང་། གལ་ཏེ་༧གོང་ས་མཆོག་གིས་རྫོགས་ཆེན་འདི་ཞང་ཞུང་བརྒྱུད་ནས་ནང་ཆོས་ལ་ཤན་བཞུགས་པར་ཡིད་ཆེས་གནང་ན། ཉིད་ལ་དགོངས་པ་གང་ཤར་རམ། དེ་ཁས་ལེན་ཐུབ་བམ། ཡང་ན་དེ་ལ་དགག་གཞག་སྤོང་གསུམ་གནང་རྒྱུ་ཡིན་ནམ།
བསམ་ཤེས་ལགས།
ཕྱི་རོལ་མུ་སྟེགས་པས། སྟོན་པ་བཅོམ་ལྡན་འདས་གོ་ཏ་མ་དོན་གྲུབ་སངས་རྒྱས་ཁོང་། ཁྱབ་འཇུག་གི་འཇུག་བཅུའི་ནང་གི་འཇུག་པ་དགུ་པར་དད་ཅིང་། བོད་ཀྱི་བོན་པོས། སངས་རྒྱས་ཤཀྱྰ་ཐུབ་པ་དེ། བོན་པོའི་སྟོན་པ་བཅུ་གཉིས་པར་འདོད་པ་ལྟར་ན། ང་ལ་བོན་དད་དང་། ཕྱི་དད་གཉིས་ཀར་ཐག་རིང་དུ་སོང་ཉེན་འདུག་པས། ད་ཅི་བྱ། སྙམ་ནས་བསྡད་ཡོད། བསམ་ཤེས་ལགས།
ཀ་རྡོ་ལགས།
ཧ་ཧ་ཧ་
ད་ཁྱེད་རང་དབུ་བརྙེས་པོ་བྱུང་བཞག
མཁས་དབང་ནམ་མཁའི་ནོར་བུ་མཆོག་གིས་གསུངས་བཞིན་པའི་སྲོང་བཙན་སྒམ་པོ་དང་ཁྲི་སྲོང་ལྡེ་བཙན་གཉིས་ཀྱི་དུས་སྐབས་སུ་བྱུང་བའི་བོན་གྱི་ལོ་རྒྱུས་དེ་ཚོ་ཏོག་ཙམ་དབུ་འཁྲུགས་གནང་གི་ཡོད་ས་རེད། དཔེར་ན་བོན་ལུགས་ལྟར་ན་་་གྱེར་སྤུངས་སྣང་བཞེར་ལོད་པོ་་་་ཞུ་བའི་ཞང་ཞུང་རྒྱལ་པོའི་དབུ་བླ་རྫོགས་ཆེན་བསྟན་པའི་མངའ་བདག་ཁོང་ནི། ཁྲི་སྲོང་གི་སྐུ་དུས་སུ་ཕེབས་པ་རེད་མ་གཏོགས་སྲོང་བཙན་གྱི་སྐུ་དུས་སུ་ཕེབས་པའི་བླ་མ་ཞིག་ཡིན་པར་མི་གླེང་། དེ་ཚོའི་སྐོར་ལ་གཟིགས་འདོད་ན་་་རྫོགས་པ་ཆེན་པོ་ཞང་ཞུང་སྙན་བརྒྱུད་ཀྱི་བོན་མ་ནུབ་པའི་གཏན་ཚིགས་་་་ཅེས་པའི་དཔེ་ཆ་དེར་གསལ་ཐག་ཆོད་བྲིས་ཡོད་རེད་བསམ་སོང་། །
ཞང་ཞུང་ཟེར་བའི་ཡུལ་འདི་བོད་ཀྱི་ཆ་ཤས་ཤིག་རེད། རྒྱལ་ཕྲན་སིལ་མའི་སྐབས་སུ་བོད་ཅེས་པའི་ཐ་སྙད་དེ་བོད་སིལ་པོའི་ཡུལ་ཁམས་ཐམས་ཅད་ལ་གོ་བ་ཡིན་པ་ལས་ཡར་ལུང་གཅིག་པུར་གོ་བ་མིན། དེར་བརྟེན་ཞང་ཞུང་ནས་བྱུང་བ་ན་བོད་ནས་བྱུང་བ་མ་ཡིན་པར་འགྱུར་སྙམ་པའི་ལོག་རྟོག་དེ་བཤིག་པར་འཚལ། ༢ཞང་ཞུང་སྙན་རྒྱུད་ལ་ཉུང་ཉུང་ཞིག་མ་གཏོགས་མེད་པ་དེ་བདེན་པ་རེད། དཔེ་ཆ་ཁྱི་ལྕེ་ཙམ་གྱིས་ཀྱང་སེམས་ངོ་སྤྲོད་ཐུབ་པའི་རྫོགས་ཆེན་གྱི་གདམས་པ་ཡོད་པ་རེད། ད་ལྟ་ཡོད་པའི་རྫོགས་ཆེན་གྱི་དཔེ་ཆ་ཚང་མ་ཞང་ཞུང་སྙན་རྒྱུད་མ་རེད། བླ་མ་མང་པོ་ཞིག་གིས་ཟུར་རྒྱན་ལྟ་བུའི་འགྲེལ་བ་མང་པོ་མཛད་ཡོད་པ་རེད། དེ་ཡང་ཐུགས་ལ་འཇག་འཚལ།
་་་་་་་་་་ བོན་ལུགས་ལྟར་ན་་་གྱེར་སྤུངས་སྣང་བཞེར་ལོད་པོ་་་་ཞུ་བའི་ཞང་ཞུང་རྒྱལ་པོའི་དབུ་བླ་རྫོགས་ཆེན་བསྟན་པའི་མངའ་བདག་ཁོང་ནི། ཁྲི་སྲོང་གི་སྐུ་དུས་སུ་ཕེབས་པ་རེད་མ་གཏོགས་སྲོང་བཙན་གྱི་སྐུ་དུས་སུ་ཕེབས་པའི་བླ་མ་ཞིག་ཡིན་པར་མི་གླེང་། ་་་་་་་་་་་་་་་