སྤྱི་ཟླ་༥བའི་ཚེས་༣་ཉིན་འདི་ག་ཨ་མི་རི་ཀའི་རྒྱལ་སའི་མངལ་ཁུལ་གྱི་ས་གནས་མདོ་སྨད་མི་དམངས་ཚོས་གོ་སྒྲིག་བྱས་ནས། ས་གནས་བོད་མི་མཉམ་འཛོམས་ཀྱིས་ སྐུའི་གྱ་སྟོན་དང་འབྲེལ་བའི་ཞབས་རིམ་གསོག་སྒྲུབ་བྱས་ཡོད་པ་དང་། སྐབས་དེར་མདོ་སྨད་རྭ་རྒྱ་དགོན་པའི་དགོན་བདག་ཤིང་བཟའ་རིན་པོ་ཆེ་བསྟན་འཛིན་ཆོས་ཀྱི་རྒྱལ་མཚན་མཆོག་དབུ་བཞུགས་ཐོག་བཀའ་ཟུར་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་གྱི་གཙོས་ས་གནས་བོད་མི་མི་ཉུང་བ་མཉམ་ཞུགས་གནང་ཡོད།
ཨ་ལགས་ཤིང་བཟའ་མཆོག་གིས་སྐབས་དེར་གསུངས་དོན། ༧གོང་ས་མཆོག་ལ་གྱ་སྟོན་ཆེད་བརྟན་བཞུགས་ཡག་ཤོས་དང་གལ་ཆེ་ཤོས་བོད་མི་ཚོ་ལྡོག་རྩ་གཅིག་བསྒྲིལ་དང་། ༧གོང་ས་མཆོག་གི་བཀའ་གསུང་དགོངས་དོན་བསྒྲུབ་རྒྱུ་དེ་ཡིན་པ་གསུངས་ཡོད། ཞབས་རིམ་དང་མ་ཎི་གསོག་སྒྲུབ་རྗེས་ས་གནས་ཀྱི་གྱ་སྟོན་གོ་སྒྲིག་ཚོགས་མི་ཀ་བཙན་བླ་མ་སྐྱབས་དང་། བསྟན་ཆོས་རྒྱ་མཚོ། ལྷུན་གྲུབ་ལགས་བཅས་ཀྱིས་གྱ་སྟོན་ངོ་སྤྲོད་དང་འབྲེལ་བའི་གཏམ་བཤད་དང་ཞལ་འདེབས་བསྡུ་རུབ་བྱས་ཡོད་པ་རེད།
གྱ་སྟོན་ཞེས་བ་ནི་མདོ་སྨད་ཡུལ་དུ་རང་གི་བླ་མ་དང་ཕ་མ་སོགས་གལ་ཆེའི་མི་སྣ་ཚོ་དགུང་ལོ་བརྒྱད་ཅུར་ཕེབས་པར་དགའ་སྟོན་དང་། མུ་མཐུད་དུ་སྐུ་ཚེ་བརྟན་པའི་བཀྲ་ཤིས་སྨོན་འདུན་ཞུ་སྲོལ་ཡོད་པའི་འཁྲུངས་སྐར་ལས་རྒྱ་ཆེན་ལས་རྒྱ་ཆེན་བརྩི་བའི་དུས་སྟོན་གལ་ཆེན་ཞིག་ཡིན་པ་རེད། ༧གོང་ས་མཆོག་གི་གྱ་སྟོན་༢༠༡༥ཟླ་༧ཚེས་༥།༦།༧བཅས་ཉིན་གསུམ་རིང་མདོ་སྨད་ཆོལ་ཁའི་སྣེ་ཁྲོད་གོ་སྒྲིག་བྱས་ནས་རྒྱ་ཆེན་ངང་སྲུང་བརྩི་ཞུ་འཆར་ཡོད་པ་རེད།
༧གོང་ས་མཆོག་གི་ཞབས་བརྟན་རིམ་གྲོ་དངོས་ནི། བོད་མི་ཡོངས་རྫོགས་རྡོག་རྩ་གཅིག་སྒྲིལ་བྱེད་རྒྱུ་དང་། གང་གི་ཐུགས་དགོངས་དང་མི་འགལ་བའི་བྱ་སྤྱོད་སོགས་ནི་ཞབས་བརྟན་རིམ་གྲོ་ལེགས་ཤོས་དེ་རེད་ལགས། ད་ཚང་མས་༸གོང་ས་མཆོག་གི་ཐུགས་དགོངས་དང་མི་འགལ་བར་བརྩོན་པ་བྱེད་རྒྱུ་ཅིས་ཀྱང་གལ་ཆེན་རེད། ༸གོང་ས་མཆོག་སྐུ་ཚེ་ཞབས་པད་བརྟན་པའི་སྨོན་འདུན་བཅས།།
ཤིང་བཟའ་རིན་པོ་ཆེའི་མཛད་འཕྲིན་ལ་ཡི་རངས་ཡོད།
་་་་་་ ཁོང་གིས་༧གོང་ས་མཆོག་ལ་གྱ་སྟོན་ཆེད་བརྟན་བཞུགས་ཡག་ཤོས་དང་གལ་ཆེ་ཤོས་བོད་མི་ཚོ་ལྡོག་རྩ་གཅིག་བསྒྲིལ་དང་། ༧གོང་ས་མཆོག་གི་བཀའ་གསུང་དགོངས་དོན་བསྒྲུབ་རྒྱུ་དེ་ཡིན་པ་གསུངས་ཡོད། ་་་་་
ཤིང་བཟའ་སྤྲུལ་སྐུ་བར་སྐབས་གོ་རྒྱུ་ཐོས་རྒྱུ་མི་འདུག་པས་དེ་རིང་གྱ་སྟོན་ཞབས་བརྟན་གསོག་སྒྲུབ་དང་ལྷན་དུ་མཇལ་པར་དགའ་བོ་བྱུང་།
སྐུ་ཡི་ཞབས་རིམ་མི་མང་རང་ངོས་ནས་དང་བླང་གིས་བསྒྲུབ་པ་དང་དམ་ཚིག་གཅིག་མཐུན་༧ གོང་ས་མཆོག་གི་ཐུགས་དགོངས་དང་མི་འགལ་བར་གནང་རྒྱུ་ནི་བརྟན་བཞུགས་མཆོག་ཏུ་གྱུར་པ་ཡིན་དུས་་་་་་་ཡང་ཞལ་འདེབས་བསྡུ་རུབ་གནང་བ་དེར་མི་ཚོས་བསམ་འཆར་ཡོང་ངེས་རེད། དེང་སང་ཕྱི་རྒྱལ་དུ་ཞལ་འདེབས་བསྡུ་རུབ་བྱེད་སྟངས་ནི་དང་པོ་བོད་དོན་སྐོར་དྲིལ་བསྒྲགས་དང་ངོ་སྤྲོད་སོགས་བོད་དོན་ལས་འགུལ་སྤེལ་བར་ཕེབས་ཤོག་ཟེར་ནས་མི་མང་འཛོམས་པ་དང་ཞལ་འདེབས་བསྡུ་བའི་ལས་འགུལ་བརྩམས་དུས་མི་མང་པོ་ཞིག་བོད་དོན་ལས་འགུལ་སྤེལ་སར་འགྲོ་ཕོད་ཀྱི་མི་འདུག་ཟེར། ཕྱི་རྒྱལ་ཁག་ཏུ་དཔལ་འབྱོར་བསྡུ་རུབ་བྱེད་སྟངས་ནི་དེ་འདྲ་ཞིག་རེད་འདུག
རེད། དེང་སྐབས་ཞབས་རིམ་འདི་ཡང་སྒོར་མོ་བཟོ་སྤྱད་དགའ་ཟིག་ཡིན་ཚོད་རེད། རྒྱལ་བས་བཀའ་གསུངས་དང་ལེན་བྱས་ན་དེ་ལས་གཞན་ཞབས་རིམ་ཞིག་དགོས་གལ་ཡོད་ན་་་་་་
༄༄། ཞབས་རིམ་ངོ་མ་ནི་ཆོལ་གསུམ་ཆིག་སྒྲིལ་བརྟེན་བཞུགས་རེད། ད་ཤིང་བཟའ་སློབ་གཉེར་མཐར་མ་ཕྱིན་གོང་ནས་བྱེད་རྐང་མང་དྲག་ན་ཡག་པོ་མི་འདུག།
“༧གོང་ས་མཆོག་གི་ཞབས་བརྟན་རིམ་གྲོ་དངོས་ནི། བོད་མི་ཡོངས་རྫོགས་རྡོག་རྩ་གཅིག་སྒྲིལ་བྱེད་རྒྱུ་དང་། གང་གི་ཐུགས་དགོངས་དང་མི་འགལ་བའི་བྱ་སྤྱོད་སོགས་ནི་ཞབས་བརྟན་རིམ་གྲོ་ལེགས་ཤོས་དེ་རེད་ལགས།” ཟེར་བ་ཁོག་ལ་དྲན་པ་ཁ་ནས་བཤད་པ་ཨེ་ཡིན། ཡིན་ན་ཁྱོས་འདོད་པ་དེ་དབུ་མའི་ལམ་ཨེ་ཡིན་་་་་དེ་གཞོན་ནུའི་ངོ་སྲུང་དང་རང་ཉིད་ལ་འཁྲབ་སྟེགས་ཤིག་རག་རྒྱུའི་དོན་ཟེར་བ་རྫུན་ཡིན་ནམ་་་་་ཨ་་་་་
ཡག་པོ་འདུག་ ཞལ་འདེབས་འབུལ་ཀྱང་ཡིན། རྒྱལ་བ་རིན་པོ་ཆེར་ཐུགས་རྗེ་ལེགས་འབུལ་ཞུ་རྒྱུར་གང་ཡང་བྱེད་རྒྱུ་ཡིན།
ཡིན་ནའང་ལས་འགུལ་འདི་ཆོལ་ཁ་གསུམ་གྱི་ངོ་བོའི་ཐོག་ཡིན་ན་ལེགས། ད་ལྟ་ལས་འགུལ་དེ་གཙོ་བོ་ཨ་མདོ་བ་ཚོའི་ངོ་བོའི་ཐོག་གནས་པ་ལྟ་བུ་འདུག གཟབ་གཟབ་མབྱས་ན་ལས་འགུལ་འདིས་ཆོལ་གསུམ་ཁ་གཏོར་བའི་ཉེན་ཁ་འདུག གྱད་སྟོན་བཏང་ནས་ང་ཚོ་ཁག་ཁག་བྱེད་རྒྱུ་ཡིན་མི་སྲིད་པས། ཁམས་པ་དང་དབུས་གཙང་ནང་ལ་ཏོག་ཙམ་བཅུག་ན་ལེགས།
དཔར་དེ་ལ་བལྟས་ན་ ཨ་རིའི་རྒྱལ་སར་ཨམ་མདོ་བ་བཅུ་དྲུག་ལས་མེད་པ་འདྲ་་ དེ་འདྲ་ཡིན་ན་ད་ཁྱེད་ཚོ་བདེ་མོ་བྱེད་